བོད་ནས་ལྷམ་ཀོག་གིས་སྤྱི་ལོ་གསར་བའི་བྱེས་གྱུར་དག་ལ་ལེགས་སྐྱེས་སུ་ཕུལ་བ་ཡིན་ཟེར་་་་་་་་་་་་་་་་་
རླུང་གི་རྒྱུ་བ་ནི་ངའི་སྙིང་ལ་སྐྱེས་ཤིང
ལྗོན་ཤིང་གི་འདབ་མ་ནི་རླུང་གི་རྩེ་མོར་སྨིན
རླུང་ནང་ན་བཞུར་བའི་ཁྱེད རླུང་ལྡང་ཚུལ་གྱི་གོ་རིམ་ཞིག་རེད
མིག་ཀོང་ལས་ཅི་ཡང་སྣང་ཞིང་གང་ཡང་འགྲུབ་ཀྱིན་པ་དེ་དག་རླུང་ཡིན་ལ
རྨི་ལམ་ལས་ཕྱོད་ཀྱིས་སོང་བ་དེ་ཡང་རླུང་ཡིན་ཞིང
རླུང་ནི་ཁྱེད་དྲན་ཚུལ་གྱི་མེ་ལྕེ་ཞིག
ཆབ་ཆབ་ནི་ཕ་རོལ་ནས་རླུང་ལྡང་དུས
ཡར་ཆབ་ནི་ཕ་རོལ་ནས་རླུང་ལྡང་དུས
བརླ་བརྡུང་ཞིང་སྤུར་འདེབས་མཁས་པའི་ཁྱེད་རང
རླུང་བུ་ཞིག་ཡིན་ཞིང
སྐུ་འབུམ་དགོན་པའི་ཉེ་འགྲམ་ན་ཙན་དན་གྱི་ལོ་མ་རླུང་གིས་ཁྱེར་ཞིང
ལྷ་སའི་སྐྱིད་ཆུའི་འགྲམ་ནས་པོ་ཏ་ལ་ཡོམ་ཡོམ་བསྒུལ་ཚེ
དབུས་ཀྱི་རྡོ་རིང་ངོས་ཀྱི་ཡིག་ནོར་དག
དཀར་བོ་དང་དམར་པོ སེར་བོ་དག་གིས་གྲུབ་ཅིང
དབྱིན་ཇི་བ་དང་མ་ཧ་ཙི་ན་བ་དག་གི་གློ་ཁུག་ཏུ་འཛར་བའི་ཐིགས་པ་ཞིག
རླུང་ལྡང་བའི་མཚན་མོ་ཞིག་ལ
སྲིན་མོ་གྱེན་དུ་ལྡོག་པ་ལྟ་བུའི་ས་གཞི་ལག་མཐིལ་ཙམ་གྱི་དབུས་སུ
སུ་ཞིག་གི་མིག་འོད་ནི་རྡོ་བ་བཞིན་འཁྱགས་ཤིང
སུ་ཞིག་གི་སྨྲ་བརྗོད་ནི་ཀོ་བ་ལྟར་སྐམ་འདུག་གམ
རླུང་བུ་དེ་ང་ཡི་སྙིང་ཁ་རུ་སྦྲུལ་ནག་བཞིན་འཁྱུགས་ཤིང
ཁྱེད་ཀྱི་གློ་བ་རུ་སྡིག་སྲིན་ལྟར་ཟུག་ཡོད་ཨང
གལ་ཏེ་རླུང་བུ་དེ་ནི་ཨང་ཀི་ཞིག་ཡིན་པའི་དབང་དུ་བཏང་ན
ཉིས་སྟོང་བརྒྱད་ཡིན་ཞིང
དམར་འཚུབ་འཚུབ་ཀྱི་མེ་མདའ་ཞིག་དང་མཚུངས་པར
ཕྱོགས་བཞིའི་ས་མིག་ཅིག་ཏུ་བསྐུངས་ནས་ཡོད་བཞག
རླུང་བུ་དེ་མྱ་ངམ་ཐང་གི་རོལ་དབྱངས་ཤིག་ཏུ་གྲུབ་ཅིང
རླུང་བུ་དེ་དུར་རྡོའི་ངོས་ཀྱི་གསེར་ཡིག་ཅིག་དང་མཚུངས
རླུང་བུ་དེ་ངའི་མལ་ཁྲིའི་འགྲམ་ན་འཇའ་རིས་ཤིག་ཏུ་གྲུབ་ཅིང
མཇའ་རིས་དེ་ཡི་སྣེ་མོ་ན
གསང་བ་ཡང་གསང་གི་གཏེར་ཆོས་ཤིག་རྒྱས་བཏབ་འདུག
གཏེར་ཆོས་དེའི་གུ་གི་ཕྱིར་ཁོར་དག་གིས་ཅི་ཞིག་སྟོན་ནམ
ཕྱྭ་དང་གཡང་ངམ དམོད་དང་གཏོ
ཡང་ན་གསར་རྗེ་དང་དམག་མི
གང་ལྟར་མེ་ལ་བསྲིངས་ན་གསུར་སྒྲ་དང
ཆུ་ལ་བསྲིངས་ན་ཆོབ་སྒྲ་གྲག་ངེས་པ་ཡིན་ནམ
རླུང་བུ་དེའི་ཁྲོད་ནས་ངས་རྨི་ལམ་ཞིག་རྙེད་ཡོད
རྨི་ལམ་དེ་སང་ཉིན་རེད
རྨི་ལམ་དེ་ཧ་མི་ལེ་ཐི་རེད
རྨི་ལམ་དེ་ཡང་ཆོས་བཞིན་འགྲུབ་པར་ཤོག །
ཕྻི་ལོ་ལོ་གསར་ལ་བྼེལ་བས་བོད་རིགས་བདག །
ང་ལ་མདང་མཚན་ལ་གཉིད་དང་རམི་ལམ་མེད། །
ཉི་སཏོང་དགུ་དང་བཅུའི་ས་མཚམས་ཤིག་དཔྻད་པས། །
བར་མཚམས་མི་འདུག་གོ་རང་རིགས་བོད་རིགསཚོ། །
སགེར་དོན་སཔྻི་དོན་དེ་ད་སགྼུབ་རན་འདུག་གོ །