ཁྲོ་གཏུམ།
དལ་བུར་བསྐྱོད་པའི་རླུང་བུ་དེས་ལན་ནམ
སྡོང་ལོ་འགུལ་བའི་གྲིབ་གཟུགས་དེའི་སྐྱོན་ནམ
གང་ལྟར་བསམ་པའི་བརྩིགས་ལྡེབ་ཀྱི་ངོས་སུ
གསལ་བོར་མ་ངེས་པའི་སྙུག་རྗེས་འགའ་ལད་ཀྱི་འདུག
ལྗོན་ཤིང་གི་ནེམ་ལོས་བྱ་བྱེའུ་བཀུག་ཅིང
བྱ་སྐད་སྣ་ཚོགས་ཀྱིས་ཁོར་ཡུག་བཀང་དུས
གཉིད་སད་པའི་རྣམ་ཤེས་ཀྱི་སྣང་བ
ཆག་གྲུམ་ཤོར་བའི་གཟུགས་མེད་ཀྱི་རྒྱུད་སྐུད་ལ་ཐིམ
ཕྱི་ལོ་༢༠༢༣ ཟླ་ ༥ ཚེས་ ༣༡ ཉིན།