སྒོམ་སྡེ་ལྷ་རམས་པ།
————————-
ཡོངས་གྲགས་སུ་རླུང་རྟ་ཞེས་པ་སྲོག་ཆགས་རྣམ་ལྔའི་གཟུགས་བརྙན་ལྡན་པའི་དར་ལྕོག་ལ་རླུང་རྟ་ཟེར།
རླུང་རྟ་དངོས་ནི། བསོད་ནམས་དང་བདེ་སྐྱིད་ལམ་འགྲོ་སོགས་ལ་གོ་དགོས་པ་ཡིན། རླུང་རྟ་ནི་སྐྱེ་བོ་གང་ཞིག་གི་འབྱུང་བའི་ཁམས་སྙོམས་པ་དང་།
ཉེས་པ་ནས་ལེགས་པར་འགྲོ་བ། ཉམས་དམའ་བ་ནས་ཉམས་དགའ་བའི་གནས་སུ་འགྲོ་བ། ལྟས་ངན་པ་ནས་བཀྲ་ཤིས་པར་འགྲོ་བ། འདོད་པའི་དོན་ཀུན་མྱུར་དུ་ལྷུན་གྱིས་གྲུབ་པའི་མཚོན་བྱེད་ཅིག་ཡིན་ཏེ། དེ་ཡང་དར་མཚོན་སྣ་ལྔས་ནང་གི་འབྱུང་བ་ལྔ་མཚོན་པ་ཡིན་ལ།དབུས་ཀྱི་རྟ་ནི་འདོད་དོན་མྱུར་དུ་འགྲུབ་པའི་མཚོན་བྱེད་དོ། །དེ་གནས་མཐོན་པོར་བཙུགས་ན་བདེ་སྐྱིད་དང་བྱ་བ་ལམ་འགྲོ་བསམ་དོན་མྱུར་དུ་འགྲུབ་པ་སོགས་ལ་ཕན་རླབས་ཆེན་པོ་འབྱུང་བར་བཤད། འདི་ལ་རླུང་རྟ་དང་ཀླུང་རྟ་ཞེས་འབྲི་སྲོལ་གཉིས་ཡོད་ཀྱང་། རླུང་རྟ་ཞེས་བྲིས་ན་ལེགས་པར་སེམས་ཏེ།
རླུང་རྟའི་ཐ་སྙད་ཀྱང་དབུས་ཀྱི་རྟ་མཆོག་ཅང་ཤེས་དེ་ལས་ཐོགས་པར་སེམས་ཤིང་། རླུང་ལྟར་ཧ་ཅང་མགྱོགས་པ་དང་མྱུར་བའི་ཆ་ནས་བོད་ཀྱི་ངག་རྒྱུན་དུ་རྟ་མཆོག་ལ་རླུང་གི་གཤོག་པ་ཅན་ཞེས་འབོད་པས་དེ་ལ་བརྟེན་ནས་རླུང་རྟ་ཞེས་པའི་ཐ་སྙད་འདི་བྱུང་བར་སེམས་སོ། །ཞིབ་ཏུ་བརྟགས་ན་ཀླུང་རྟ་ཞེས་བྲིས་པ་ནི་མ་དག་རྒྱུན་འབྱམས་སུ་སོང་བ་ཡིན་གྱི་འདི་ལ་ཁུངས་ལྡན་གྱི་འགྲེལ་བཤད་གཤའ་མ་ཞིག་ཡོད་པར་ནི་མི་སྣང་སྟེ། འཇུ་མི་ཕམ་གྱིས་ཀྱང་ཀླུང་རྟ་ཞེས་བྲིས་ན་མི་མཛེས་པས་རླུང་རྟ་ཞེས་བྲིས་ན་ལེགས་པར་གསུངས་སོ། །དཀྱིལ་གྱི་རྟ་མཆོག་ཅང་ཤེས་དང་དེའི་སྟེང་གི་ནོར་བུ་གཉིས་ནི་བསམ་དོན་བདེ་བླག་ཏུ་འགྲུབ་པའི་མཚོན་དོན་དང་། དེ་ཡང་རྟ་མཆོག་ནི་མྱུར་བའི་མཚོན་དོན་དང་།
ནོར་བུ་ནི་བསམ་དོན་ཡིད་བཞིན་དུ་སྩོལ་བའི་མཚོན་དོན་ནོ། །བོད་ཀྱི་ལོ་གསར་ཚེས་གཉིས་སམ་གསུམ་ཉིན་བོད་མིའི་གྲོང་ཁྱིམ་ཚང་མས་རང་རང་གི་ཁང་ཐོག་ཏུ་བསྐྱོད་ནས་གསངས་གསོལ་བྱེད་ཅིང་། དར་ལྕོག་རྙིང་པ་རྣམས་མར་ཕབ་ནས་གསར་པ་བརྗེ་བ་ཡིན། དར་ལྕོག་ནི་གོང་ཞུས་ལྟར་ཁང་པའི་ཡང་ཐོག་དང་། རི་མཐོན་པོ། ལའི་རྩེ་མོ། བྲག་གཡང་གཟར་པོ། ཤིང་མཐོན་པོ་སོགས་ལ་འཛུགས་ཤིང་། ལྷག་པར་རྟེན་འབྲེལ་ཆེན་པོ་བྱེད་པའི་ཚེ་ཁམས་མཐུན་གྱི་དར་ལྕོག་འཛུགས་པ་དང་། དར་གྱི་ལྡ་ལྡི། བཀྲ་ཤིས་ཁྲ་རིང་འཕྱང་བ། སྒོ་འགྲམ་དུ་དར་ཆེན་འཛུགས་པ་སོགས་བྱེད། དར་ལྕོག་འཛུགས་པ་ནི་བོན་པོའི་ལུགས་ཡིན་པར་གྲགས། དར་ལྕོག་ལ། དར་ལྡི་དང་། བ་དན། དར་ཆེན་བཅས་ཡོད།
<དར་གྱི་ལྡ་ལྡི་ནི> ཤིང་སྣེ་ཕན་ཚུན་གྱི་བར་དུ་ཐག་སྐུད་རིང་པོའི་ངོས་སུ་ཚོན་སྣ་ལྔ་ལྡན་གྱི་དར་ལྕོག་འཕྲེད་སྟབས་སུ་བཏགས་པ་དེ་ལ་ཟེར།
<དར་ལྕེ་ནི>དར་ལྕོག་དངོས་གཞིའི་མཐའ་ཟུར་གྱི་དར་ལྷེབ་ཆུང་ཆུང་དེ་ལ་ཟེར།
<བ་དན་ནི>ཚོས་གཞི་གཅིག་རང་ཡིན་པའི་རས་གྲུ་བཞི་དཀྱུས་སུ་རིང་ལ་མཐའ་འགྲིལ་དང་ལྡན་པའི་ངོས་སུ་སྟག་སེང་ཁྱུང་འབྲུག་གི་རི་མོ་དང་།
དབུས་སུ་རྟ་མཆོག་ཅང་ཤེས་ཀྱིས་ནོར་བུ་མེ་འབར་འཁུར་བའི་རི་མོ་དང་ལྡན་པ་དང་། དེའི་སྟོང་ཆ་རྣམས་སུ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སོགས་རྒྱལ་བའི་བཀའ་སྤར་དུ་བཏབ་པ་དེ་ལ་བ་དན་ཟེར། འདི་ནི་ཡོངས་གྲགས་ཀྱི་ཁང་པའི་མདུན་དུ་འཛུགས་རྒྱུའི་དར་ཆེན་དེ་ཡིན། བ་དན་གྱི་སྐོར་“བ་དན”ཞེས་པའི་ཐད་དུ་གཟིགས།
<རླུང་རྟའི་སྲོག་ཆགས་རྣམས་ཀྱི་མཚོན་དོན་ནི>འདི་ལ་བཤད་ཚུལ་མང་དུ་འདུག་པ་འདི་ལྟར། རྟ་མཆོག་ནི་གར་ཡང་ཁྱབ་པས་ནམ་མཁའ་མཚོན།
སྟག་ནགས་ཚལ་དུ་གནས་པས་འབྱུང་བ་ཤིང་ཁམས་སམ་རླུང་ཁམས་མཚོན། སེངྒེ་རི་ངོས་སུ་གནས་པས་སའི་ཁམས་མཚོན། ཁྱུང་བར་སྣང་དུ་གནས་ཤིང་རྭ་ལས་མེ་མཆེད་པས་མེ་ཁམས་མཚོན། འབྲུག་རྒྱ་མཚོར་གནས་པས་ཆུའི་ཁམས་མཚོན། ཡང་བཤད་ཚུལ་གཞན་ཞིག་ལ། སྐར་རྩིས་སུ་རླུང་རྟའི་ནང་དོན། སྲོག་དང་། ལས་དང་། དབང་། ཁེ་ལས་བཅས་བཞིའི་མཚོན་དོན་དུ་གསུངས་པར་བཤད་ཅིང་། དེ་ཡང་ཁྱུང་ནི་སྲོག་གམ་ཚེ་རིང་དུ་བསྲིང་བ་མཚོན་བྱེད། སྟག་ནི་ལས་སམ་ལུས་ཁམས་བདེ་ཐང་དང་འཚར་ལོངས་ལེགས་པོ་འབྱུང་བའི་མཚོན་དོན། འབྲུག་ནི་དབང་ཆ་དང་ཐོབ་ཐང་གོ་གནས་བཅས་གོང་དུ་འཕེལ་བའི་མཚོན་དོན། སེངྒེ་ནི་བསོད་ནམས་དང་བཀྲ་ཤིས་པ་མཚོན་བྱེད་ཡིན་ཞེས་གསུང་མཁན་ཡང་འདུག ཡང་བཤད་ཚུལ་གཞན་ཞིག་ལ། དཀྱིལ་གྱི་ནོར་བུ་མེ་འབར་འཁུར་བའི་རྟ་མཆོག་ཅང་ཤེས་ཀྱིས་བྱ་བ་གང་ཡང་འགྲུབ་ནུས་པའི་བརྩོན་འགྲུས་མཚོན། སེངྒེས་སྙིང་སྟོབས་དང་གཟི་བརྗིད། འབྲུག་གིས་སྲོང་པོར་སྨྲ་བའི་ངག་བཙུན་པ། སྟག་གིས་བློ་རྒྱ་ཆེ་བའམ་ལྷག་བསམ། བྱ་ཁྱུང་གིས་བྱ་བ་དེ་དག་འགྲུབ་པའི་སྟོབས་དང་ནུས་པ་མཚོན་པ་སྟེ། དེ་ཡང་ཐོག་མར་ཡོན་ཏན་ཀུན་གྱི་གཞི་མ་བརྩོན་འགྲུས་དགོས། དེ་ཙམ་གྱིས་མི་ཆོག་པར་སྙིང་སྟོབས། དེས་མི་ཆོག་པར་བདེན་པར་སྨྲ་བའི་ཚིག་བཙུན་པ། དེས་མི་ཆོག་པར་བློ་རྒྱ་ཆེ་བ། དེ་ཙམ་གྱིས་མི་ཆོག་པར་སྟོབས་དང་ནུས་པ་དགོས་སོ། །དེ་ཡང་བྱ་བ་འགངས་ཆེན་པོ་ཞིག་འགྲུབ་པ་ལ་བརྩོན་འགྲུས་སོགས་ལྔ་པོ་དེ་དག་ཐམས་ཅད་དགོས་ཀྱི་དེ་དག་ལས་གཅིག་མ་ཚང་ན་བྱ་བ་དེ་དག་འབད་མེད་དུ་འགྲུབ་མི་ནུས་པས། སྲོག་ཆགས་ལྔའི་རི་མོ་ཡོད་པའི་གནད་འགག་དེ་ལྟར་ཡིན་ཞེས་གསུང་མཁན་ཡང་ཡོད། སྲོག་ཆགས་ཀྱི་མཚོན་དོན་ལ་འགྲེལ་བཤད་བྱེད་ཚུལ་མི་འདྲ་བ་ད་དུང་མང་དུ་སྣང་ཡང་འདིར་མ་བཀོད།
གོང་གི་རླུང་རྟའི་སྲོག་ཆགས་རྣམ་ལྔའི་གྲས་ཀྱི་སེང་གེ་དེ་དུས་རབས་བཅུ་གསུམ་གྱི་ཡས་མས་སུ་བརྩམས་པར་གྲགས་པའི་དཔེ་ཆ་འབུ་ནག་མིའུ་འདྲ་ཆགས་ནང་རླུང་རྟའི་རི་མོ་སེང་གེ་མ་ཡིན་པར་གཡག་བྲིས་ཡོད་ཚུལ་འཁོད་ཡོད་པ་དང་། དུས་རབས་བཅོ་ལྔའི་ཡར་སྔོན་གྱི་བོད་ཀྱི་བྲིས་ཐང་རྙིང་པ་དག་གི་ངོས་ནའང་ལྷ་གཡག་བྲིས་པ་མང་ལ་སེང་གེ་བྲིས་ཡོད་པ་ནི་འདམ་སེང་དེ་འབྲི་སྲོལ་དར་མེད་ཅིང་། འདས་པའི་དུས་གང་ཞིག་གི་ཚེ་སེང་གེས་བོད་མི་རིགས་ཀྱི་མཚོད་བྱེད་དུ་སྲོལ་དར་བ་ནས་བཟུང་། སེང་གེས་གཡག་གི་ཚབ་བྱས་ཏེ་རི་ལྷ་གཞི་བདག་དང་ཡི་དམ་སྲུང་མ་སོགས་ལ་བསང་གི་ཆོ་ག་གཏོང་སྐབས་རླུང་རྟ་གྲངས་མང་ནམ་མཁའི་དབྱིངས་སུ་གཏོར་བའི་སྲོལ་མ་ཉམས་པར་ད་ལྟའི་བར་གནས་ཡོད་པ་དང་།
<ཁམས་མཐུན་གྱི་དར་ལྕོག>ཁམས་མཐུན་གྱི་དར་ལྕོག་འཛུགས་ཞེས་པ། རང་གི་འབྱུང་བའི་ཁམས་དང་བསྟུན་ནས་དར་ལྕོག་བཟོ་དགོས་པ་སྟེ།
དེ་ཡང་རང་གི་ཁམས་ལྕགས་ཡིན་ན། བ་དན་ཚོས་གཞི་དཀར་པོ། ཁམས་ས་ཡིན་ན་ཚོས་གཞི་སེར་པོ། ཁམས་ཤིང་ཡིན་ན་ལྗང་ཁུ། ཁམས་མེ་ཡིན་ན་དམར་པོ། ཁམས་ཆུ་ཡིན་ན་སྔོན་པོ་བཅས་བཟོ་དགོས་པ་ཡིན། གོ་བདེ་བར་བཤད་ན། རང་སྐྱེས་དུས་ཀྱི་ལོ་ཁམས་ཀྱི་ཚོས་གཞི་དང་བསྟུན་དགོས་པ་དཔེར་ན། རང་ཉིད་ཕྱི་ལོ་༡༩༦༥ལོར་སྐྱེས་པ་ཡིན་ན་ཤིང་མོ་སྦྲུལ་གྱི་ལོར་སྐྱེས་པས། ལོ་ཁམས་ཤིང་ཡིན་ལ། དེར་བརྟེན་དེས་གཟུགས་རྒྱུའི་རླུང་རྟའི་ཚོས་གཞི་ནི་ལྗང་ཁུ་ཡིན་དགོས་པ་ལྟ་བུ་ཡིན། ཕྱི་ལོ་༡༩༥༨ལོར་སྐྱེས་པ་ཡིན་ན། ས་ཕོ་ཁྱི་ལ་སྐྱེས་ཤིང་། ལོ་ཁམས་ས་ཡིན་པས། ཚོས་གཞི་སེར་པོ་དང་། ཕྱི་ལོ་༡༩༧༡ལོར་སྐྱེས་པ་ཡིན་ན། ལྕགས་མོ་ཕག་ལ་སྐྱེས་ཤིང་། ལོ་ཁམས་ལྕགས་ཡིན་པས། ཚོས་གཞི་དཀར་པོ། ཕྱི་ལོ་༡༩༨༢ལོར་སྐྱེས་པ་ཡིན་ན། ཆུ་ཕོ་ཁྱི་ལ་སྐྱེས་ཤིང་། ལོ་ཁམས་ཆུ་ཡིན་པས། ཚོས་གཞི་སྔོན་པོ་དང་། ཕྱི་ལོ་༡༩༨༦ལོར་སྐྱེས་པ་ཡིན་ན། མེ་ཕོ་སྟག་ལ་སྐྱེས་ཤིང་། ལོ་ཁམས་མེ་ཡིན་པས། ཚོས་གཞི་དམར་པོ་ཡིན་དགོས་པ་ལྟ་བུའོ། །བ་དན་གྱི་མཐའ་འགྲིལ་གྱི་ཚོས་གཞི་ནི། བོད་ཀྱི་འབྱུང་རྩིས་ནས་བསྟན་པའི་མ་བུ་དགྲ་གྲོགས་ཀྱི་རྣམ་གཞག་གཞིར་བཟུང་།
སྐབས་འདིར་མ་བུ་འཕྲོད་པ་གཙོ་བོར་བཟུང་ནས་ཚོས་གཞི་བསྒྲིག་དགོས།
དཔེར་ན་རང་གི་འབྱུང་བའི་ཁམས་ཤིང་ཡིན་པའི་བ་དན་གྱི་གཞི་ལྗང་ཁུ་ལ་མཐའ་འགྲིལ་སྔོན་པོ་དགོས་པ་དང་། འབྱུང་ཁམས་མེ་ཡིན་པའི་བ་དན་གྱི་གཞི་དམར་པོར་མཐའ་འགྲིལ་ལྗང་ཁུ། འབྱུང་ཁམས་ས་ཡིན་པའི་བ་དན་གྱི་གཞི་སེར་པོ། འབྱུང་ཁམས་ཆུ་ཡིན་པའི་བ་དན་གྱི་ཚོས་གཞི་སྔོན་པོ་ལ་མཐའ་འགྲིལ་དཀར་པོ་བྱེད་དགོས་པ་ལྟ་བུའོ། །
<མཚོན་སྣ་ལྔའི་མཚོན་དོན>དར་ལྡི་དང་བ་དན་གྱི་ཚོས་གཞི་སོ་སོར་མཚོན་དོན་རེ་ཡོད་པས་ཞིབ་ཏུ་བཤད་ན་དར་ལྡིའི་ཚོས་གཞི་སྔོན་པོས་ནམ་མཁའ།
དཀར་པོས་སྤྲིན་ནམ་རླུང་། དམར་པོས་མེ། ལྗང་ཁུས་ཆུ། སེར་པོས་ས་མཚོན་པ་བཅས་སོ། །དེ་དག་གི་གོ་རིམ་མ་འཁྲུགས་པ་བྱེད་དགོས།
བ་དན་གྱི་ཚོས་གཞི་ནི་ཁྱིམ་བདག་གི་འབྱུང་ཁམས་གང་ཡིན་དང་བསྟུན་ནས་བཟོ་དགོས། མདོར་ན་སྲོག་ཆགས་ལྔ་དང་མཚོན་སྣ་ལྔས་ནང་གི་འབྱུང་བ་ལྔ་མཚོན་ཞིང་། འབྱུང་བ་ལྔ་པོ་དེ་དར་རྒུད་དམ་ཆ་མ་སྙོམས་པའི་དབང་གིས་ཁམས་བདེ་མིན་སོགས་འབྱུང་ཞིང་།
དེ་དག་དར་བའི་རྟེན་འབྲེལ་དུ་རི་དང་གནས་ཁང་སོགས་གནས་མཐོན་པོར་དར་ལྕོག་འཛུགས་པའི་ལུགས་སྲོལ་དར་བར་སེམས།
<དར་ཆེན>ནི་དར་ཤིང་འདྲོང་ལ་རིང་ཞིང་སྦོམ་པ་ཞིག་གི་ངོས་དར་ལྕོག་བཏགས་པ་དེ་ལ་ཟེར།
དེ་ནི་གཙོ་བོ་གཙུག་ལག་ཁང་དང་དགོན་པ་གྲྭ་ཚང་གི་མདུན་དུ་འཛུགས་པ་ལས་སྒེར་སོ་སོར་འཛུགས་སྲོལ་ཆེར་མེད་ཅེས་ཞྭ་སྒབ་པ་གསུང་།
རླུང་རྟའི་སྐོར་འདི་བཀའ་བརྒྱུད་གཏེར་སྟོན་རོལ་པའི་རྡོ་རྗེ་སྐུ་ཕྲེང་དང་པོས་གཏེར་ནས་བཞེས་པས་གཏེར་ཆོས་ཤིག་ནང་རྒྱས་པར་གསུངས་ཡོད་ཅིང་།
དུས་འཁོར་གྱི་རྒྱུད་ནས་ཀྱང་བཤད་ཅེས་བཀའ་བརྒྱུད་པའི་མཁན་ཆེན་ཁྲ་འགུ་རིན་པོ་ཆེས་གསུངས་པ་ཞིག་ལམ་ཙམ་ཞིག་མཇལ།
(མཁན་ཆེན་ཁྲ་འགུ་རིན་པོ་ཆེས་རླུང་རྟའི་སྐོར་འདི་དུས་འཁོར་ནས་གསུངས་ཞེས་ཤམྦྷ་ལའི་ཆོས་ཚོགས་ཀྱི་ཕྱི་ལོ་༢༠༠༢ཟླ་བ་༨པའི་དུས་དེབ་“Banner”“རྒྱལ་དར”ཞེས་པའི་ནང་འཁོད་འདུག
དེ་ནི་ང་ཚོའི་འབྱུང་ལུས་རགས་པ་འདི་འབྱུང་བ་ལྔའམ་དྲུག་ལས་གྲུབ་ཚུལ་གསུངས་པ་ལ་དགོངས་ནས་དེ་ལྟར་གསུངས་པ་ཙམ་ལས།
ཡོངས་གྲགས་ཀྱི་རླུང་རྟའི་འགྲེལ་བཤད་ཅིག་ཡོད་གསུངས་པ་ཨེ་ཡིན་སྙམ་ཡང་དངོས་སུ་བཅར་འདྲི་ཞུ་རྒྱུའི་གོ་སྐབས་མ་བྱུང)
དར་ལྕོག་སོགས་དུས་ཚོད་ནམ་ཡིན་ལ་འཛུགས་མི་རུང་བར།
བ་དན་ཁྲ་བོ་ཤར་མིན་བརྟག་དགོས་པ་གཤམ་གསལ།
ས་བདག་བ་དན་ཁྲ་བོ་ཟླ་ཚེས་སོ་སོར་འཆར་ཚུལ་བཻ་དཀར་ཤོག་གྲངས་༤༦༧བཤད་པ་ལྟར་འགོད་པ་ནི།
ཟླ་བའི་གྲངས 1 2 3 4 5 6 7 8 9 10 11 12
ཡར་ངོའི་ཚེས་གྲངས 10 7 4 1 10 7 4 1 10 7 4 1
མར་ངོའི་ཚེས་གྲངས 22 19 16 13 22 19 16 13 22 19 16 13
མར་སྨད་ཚེས་གྲངས 28 28 28 25 28 25
གོང་གསལ་ཚེས་གྲངས་རྣམས་ལ་བ་དན་ཁྲ་བོ་ཤར་བའི་སྐབས་འཁེལ་བས་དར་ལྕོག་འཛུགས་མི་རུང་བར་བཤད། བ་དན་ཁྲ་བོ་ཤར་མིན་གོང་གི་རེའུ་
མིག་ལ་བལྟ་དགོས་པ།
དཔེར་ན་བོད་ཟླ་དང་པོའི་ཚེས་བཅུ་ལ་བ་དན་ཁྲ་བོ་ཤར་བས་དེ་ཉིན་དར་ལྕོག་འཛུགས་མི་རུང་། དེས་དུས་ཚེས་གཞན་ལའང་རིགས་འགྲེ།
བ་དན་ཁྲ་བོ་ཤར་ཚེ་དར་ལྕོག་བཙུགས་ན་ཕན་ལས་གནོད་པ་ཆེ་བ་བཻ་དཀར་ལས་གསུངས་པར་བཤད་དོ། །
སྒོམ་སྡེ་ལགས།
ཕྲན་གྱིས་ཉིད་ལ་གློག་འཕྲིན་ཁ་ཤས་བསྐུར་མོད་ལན་འབྱོར་མ་བྱུང་། དེ་བས་མཆན་འདི་འཇོག་དགོས་བྱུང་། དུས་ཚོད་ཀྱིས་ལྕོགས་ཚེ་ལན་ཞིག་གནང་རོགས།
རབ་གསལ་གྱིས་ཕུལ།
རབ་གསལ་ལགས།
ཕྱི་བཤོལ་གྱི་ལེ་ལོའི་དབང་དུ་སོང་བར་དགོངས་འགལ་མེད་པར་ཞུ།
ལྷག་པར་གློག་འཕྲིན་ཐ་མ་དེར་ལན་ཇི་ལྟར་འདེབས་དགོས་ཡིན་ནམ་སྙམ་སྟེ་བསྡད་ཡོད།
གང་མྱུར་ལན་འབུལ་ཆོག
སླར་ཡང་དགོངས་སེལ་ཞུ།
སྒོམ་སྡེ་ལྷ་རམས་པས།
སྒོམ་སྡེ་ལྷ་རམས་པ་ལགས།
སྐུ་ཉིད་ཀྱིས་བྲིས་པའི་རླུང་རྟའི་སྐོར་ལ་མོས་མཐུན་མེད་པ་མིན་མོད། དེ་སྔོན་ངས་ཆོས་གྲོགས་ཞིག་གི་ངོར་ཅུང་ཟད་བྲིས་པ་གཤམ་དུ་བཀོད་ཡོད་པས་དང་པོ་དེར་ཡིད་ཙམ་གཟིགས་རོགས།
དེ་ནས་རླུང་རྟའི་ཚོན་མདོག་སོགས་བོད་ཀྱི་རྩིས་གཞུང་དང་གཏན་ནས་མི་མཐུན་པ་ཡང་གསུངས་འདུག་པས་དེའི་ཐོག་ག་ལེར་བགྲོ་གླེང་ཞུ་ཆོག་པའི་རེ་བ་ཡོད།
༄༅།། རླུང་རྟའི་སྟག་སེང་ཁྱུང་འབྲུག་སྐོར་ལ་ཅུང་ཟད་དཔྱད་པ།
བོད་ཀྱི་དར་ལྕོག་ནི་སྤྱིར་བཏང་བོད་ཀྱི་དམག་དར་འཕྱར་སྲོལ་ལས་བྱུང་བ་ཡིན་ལ། དེ་ཡང་སྔོན་བཙན་པོ་རིམ་བྱོན་གྱི་སྐབས་དམག་དཔུང་ངམ་རུ་ཁག་སོ་སོར་ཁ་དོག་དང་མཚོན་རྟགས་མི་འདྲ་བའི་དམག་དར་དུ་མ་ཡོད་ཅིང་། དེ་ལ་རལ་གྲིའི་ཡུ་བ་ཅན་དང་མདའི་ཡུ་བ་ཅན་སོགས་མང་དུ་ཡོད། གང་ལྟར་བར་སྐབས་ཤིག་ནས་ས་གནས་གང་དུ་བོད་ཀྱི་དམག་དཔུང་ཡོད་པ་མཚོན་བྱེ ད་དུ་རི་རྩེ་དང་ལ་ཁ་རྣམས་སུ་དམག་དར་བསྒྲེང་འཛུགས་བྱས་པས་ལ་རྩེ་འམ་ལབ་ཙེ་ཞེས་གྲགས། དེའི་ཕྱིར་དེང་དུས་ལབ་ཙེའི་ནང་དུ་མདའ་མདུང་དར་གྱིས་བརྒྱན་ནས་འཛུགས་ཀྱིན་ཡོད་པའི་རྒྱུ་མཚན་དེ་རེད།
བར་སྐབས་ཤིག་ནས་དམག་དར་དེ་གྲོང་དང་ཁྱེར་དུ་འཛུགས་སྲོལ་དར་བ་མ་ཟད། དར་ལྕོག་གི་ངོས་སུ་གཟུངས་སྔགས་སོགས་གསུང་རབ་དཔར་བྲིས་བྱས་ཏེ་ཁྱིམ་ཚང་རེ་རེའི་ཁང་ཐོག་དང་འབྲོག་པའི་སྦྲའི་ཐོག་ཏུ་འང་འདོགས་སྲོལ་བྱུང་བས། ད་ལྟ་བོད་ཨ་མདོའི་ཁུལ་དུ་ཅོ་དར་དང་དར་མདུང་ཟེར་ཞིང་། དབུས་ཕྱོགས་དང་ས་ཁུལ་གཞན་ནས་དར་ལྕོག་གམ་རླུང་རྟ་ཞེས་གྲགས་ལ། ད་ལྟའི་ཆར་རྒྱལ་ཁབ་གཞན་པའི་ནང་དུ་མཚོན་ན་དར་ལྕོག་ནི་བོད་མིའི་ངོ་བོ་མཚོན་བྱེད་ཞིག་ཏུ་གྱུར་ཡོད་པ་དཔེར་ན། དར་ལྕོག་ཞིག་གང་ན་ཡོད་ན་དེ་གར་བོད་མི་ཞིག་ཡོད་པའམ། ཡང་ན་བོད་མི་དང་འབྲེལ་ཡོད་ཞིག་ཡོད་པ་གསལ་སྟོན་ཐུབ་ཀྱི་ཡོད།
དེ་ལྟར་རིམ་གྱིས་འགྱུར་བ་སོང་གིན་སོང་གིན་མཐར་འབྱུང་རྩིས་ནས་བསྟན་པའི་གང་ཟག་སྒེར་སོ་སོའི་སྲོག་ལུས་དབང་ཐང་རླུང་རྟ་བཞི་དང་། འབྱུང་བའི་ཁམས་ཉམས་པ་གསོ་ཕྱིར། དར་ལྕོག་གི་ངོས་སུ་རླུང་རྟའི་སྟག་སེང་ཁྱུང་འབྲུག་ཟེར་བའི་གཟུགས་བརྙན་དང་། རླུང་རྟ་བསྐྱེད་པའི་ཤིས་ཚིག་བཅས་དཔར་ཏེ་འཛུགས་པ་དང་། ཤོག་བུའི་ངོས་སུ་དཔར་བཏབ་ནས་རླུང་ལ་བསྐུར་བས་རླུང་རྟ་ཞེས་གྲགས་པ་ཡང་བྱུང་། གང་ལྟར་རླུང་རྟ་ལ་ར་རླུང་དང་ཀ་ཀླུང་སྟེ་འབྲི་ཚུལ་མི་འདྲ་བ་གཉིས་ཡོད་མོད། དང་པོ་ལྟར་བྲིས་ན་རྒྱུ་མཚན་ལྡན་སྙམ།
སྟག་སེང་ཁྱུང་འབྲུག་སྐོར་ལ་འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་ཡོད་མོད། རང་གི་བསམ་ཚུལ་ཅུང་ཟད་བཤད་ན་འདི་ལྟར་ཡིན། སྟག་ནི་ནགས་ན་གནས་པས་སྐྱེས་བུའི་ལུས་ཁམས་ཀྱི་འབྱུང་བ་ཤིང་མཚོན་ཞིང་། སྐྱེ་གཟུགས་སེམས་ཅན་གཞན་ལས་མཛེས་པས་སྐྱེས་བུའི་ལུས་མཚོན་གྱི་ཡོད། སེང་གེ་ནི་གངས་རི་འམ་རི་ལ་གནས་པས་སྐྱེས་བུའི་ལུས་ཁམས་ཀྱི་འབྱུང་བ་ས་མཚོན་ཞིང་། དཔའ་སྙིང་སེམས་ཅན་གཞན་ལས་ཆེ་བས་སྐྱེས་བུའི་དབང་ཐང་མཚོན་གྱི་ཡོད། ཁྱུང་ནི་མཁའ་ལ་སྤྱོད་པས་སྐྱེས་བུའི་ལུས་ཁམས་ཀྱི་འབྱུང་བ་ནམ་མཁའ་དང་རླུང་མཚོན་ཞིང་། གཤོག་རྩལ་འདབ་ཆགས་གཞན་ལས་ཆེ་ཞིང་སྟེང་ནས་སྟེང་དུ་བགྲོད་པ་ཡིན་པས་སྐྱེས་བུའི་རླུང་རྟ་མཚོན་གྱི་ཡོད། འབྲུག་ནི་རྒྱ་མཚོར་གནས་པས་སྐྱེས་བུའི་ལུས་ཁམས་ཀྱི་འབྱུང་བ་ཆུ་མཚོན་ཞིང་། ཚེ་ཐག་སྲོག་ཆགས་གཞན་ལས་ཆེས་རིང་བས་སྐྱེས་བུའི་སྲོག་མཚོན་གྱི་ཡོད། དབུས་ཀྱི་རྟ་མཆོག་གིས་སྐྱེས་བུའམ་གང་ཟག་སྒེར་མཚོན་གྱི་ཡོད།
དེར་བརྟེན་སྐྱེས་བུའི་ལུས་ལ་ན་ཚ་མེད་ཅིང་སྐྱེ་གཟུགས་ཀུན་གྱི་ཡིད་དུ་འོང་བའི་རྟེན་འབྲེལ་དུ་རྒྱ་སྟག་སྡེར་བཞི་ངོམ་པ་དང་། ཡང་སྐྱེས་བུའི་དབང་ཐང་རབ་ཏུ་རྒྱས་ཏེ་གཞན་སྣང་ཟིལ་གྱིས་གནོན་པའི་རྟེན་འབྲེལ་དུ་གངས་སེང་གཡུ་རལ་རྒྱས་པ། ཡང་སྐྱེས་བུའི་རླུང་རྟ་ཤིན་ཏུ་དར་ཏེ་གང་བསམ་ཡིད་སྨོན་ལྟར་འགྲུབ་པའི་རྟེན་འབྲེལ་དུ་ཁྱུང་ཆེན་གཤོ ག་རྩལ་རྒྱས་པ། ཡང་སྐྱེས་བུའི་ཚེ་ཐག་ཆུ་བོའི་རྒྱུན་ལྟར་རིང་ཞིང་སྙན་གྲགས་ཕྱོགས་བཅུར་རྒྱས་པའི་རྟེན་འབྲེལ་དུ་གཡུ་འབྲུག་སྤྲིན་གྱིས་བརྒྱན་པ་བཅས་དབུས་ཀྱི་རྟ་མཆོག་གི་ཕྱོགས་བཞིར་འབྲི་གྱིན་ཡོད་པ་རེད།
སྐྱེས་བུའི་མཚོན་དོན་རྟ་མཆོག་རྒྱན་གྱིས་བརྒྱན་ཞིང་ནོར་བུ་བཀལ་བ་ནི། སྐྱེས་བུའི་བསམ་དོན་འགྲུབ་ཅིང་ཕུན་ཚོགས་སྡེ་བཞིའི་མངའ་ཐང་མཐའ་མེད་དུ་རྒྱས་པའི་རྟེན་འབྲེལ་གྱི་མཚོན་དོན་ཡིན་ནོ།།
ཞེས་དཔྱད་སྒོ་ཙམ་དུ་རིག་པའི་རྡོ་རྗེས། གྲོགས་པོ་བློ་བཟང་ཤེས་རབ་ཀྱིས་དྲ་ཐོག་ནས་དྲིས་པའི་ལན་དུ་ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༢༨ ཉིན་ཤར་མར་བྲིས་སོ།།
རིག་མཆོག་ལགས།
རླུང་རྟའི་ཐོག་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། མུ་མཐུད་ནས་གསུང་རོགས། ཡག་པོ་འདུག
རྣམ་པ་གཉིས་ཀྱིས་རང་རང་གི་རླུང་རྟའི་བསྐོར་ཞིག་བརྩམས་པ་འདིའི་སྤུན་ཟླ་ང་འདྲ་བ་མི་ཉུང་བ་ཞིག་གིས་དཔྱད་གཞི་དང་མི་ལ་བརྗོད་རྒྱུའི་སྐད་ཆའི་སྣོན་པ་ཞིག་རེད་ཟེར་ན་ཆོག དངོས་ནས་སྒོམ་སྡེ་ལྷ་རམས་པ་འདི་ཧ་ལས་པའི་རིག་གཞུང་གི་ཆུ་ཚད་ཡག་པོ་ཡོད་མཁན་ཞིག་རེད་འདུག ད་ལྟའི་བར་དུ་ཁ་བརྡའི་སྟེང་ནས་ཁོང་གི་བྲིས་པའི་རྩོམ་ཡིག་དག་ལ་ཞིབ་དུ་ཀློག་ནས་འོང་དུས་ང་རང་ལ་དེ་འདྲའི་ཚོར་བ་ཞིག་སྤྲོད་ཀྱི་འདུག་ལགས།
སྒོམ་སྡེ་ལྷ་རམས་པ་ལགས།
དེ་རིང་སླར་ཡང་དྲ་ཐོག་ཏུ་སླེབས་ཡོད། རླུང་རྟའི་སྐོར་ལ་རྩོམ་འབྲི་གནང་བར་ཐུགས་རྗེ་ཆེ། ཕྲན་ལ་དུས་ཚོད་ལྡང་ངེས་མེད་པས་དཔྱད་བསྡུར་དང་བསམ་ཚུལ་འདོན་རེས་འོས་འཚམ་མི་འདུག་ཀྱང་། འཕྲལ་འཕྲལ་དུ་རྩོམ་བཀླགས་རིམ་བཞིན་དོགས་དྲི་བྱུང་རིགས་བཀོད་པ་ཙམ་ལས། དྲ་གྲོགས་ཚོ་ལ་ལེགས་སྐྱེས་གཞན་འབུལ་རྒྱུ་མེད། འོན་ཀྱང་རང་ཉིད་ཀྱི་དོགས་གཞི་ཁག་གསལ་ཐུབ་པ་འདུག་ན། ཀློག་མཁན་རྣམས་ལའང་དོགས་གཞི་དེ་དག་བདེན་མིན་དོགས་པ་ཞིག་ངང་གིས་སྐྱེ་སྲིད། དེར་བརྟེན་ཁྱེད་ཉིད་ཀྱིས་སྐབས་འཚམས་ལྗགས་ལན་འོང་བ་ཞུ།
དང་པོ། རླུང་རྟའི་སྒྲ་དོན་འཆད་སྐབས་《ཉེས་པ་ནས་ལེགས་པར་འགྲོ་བ།》ཞེས་པ་ནོར་བ་འདྲ། དེའི་ཚབ་ཏུ་《ཉེས་པ་ནས་ལེགས་པར་གྲོལ་བ།》ཞེས་དགོས་སྙམ།
གཉིས་པ། རླུང་རྟའི་སྲོག་ཆགས་རྣམས་ཀྱི་མཚོན་དོན་དུ། རྟ་མཆོག་ནི་གར་ཡང་ཁྱབ་པས་ནམ་མཁའ་མཚོན། ཞེས་པར་གར་ཡང་ཞེས་པ་ཅུང་མི་བདེ་སྙམ། དེའི་ཚབ་ཏུ་རྟ་མཆོག་ནི་གང་དུ་ཡང་ཁྱབ་པས་ནམ་མཁའ་མཚོན། ཞེས་བཤད་ན་མི་ལེགས་སམ།
གསུམ་པ། མཐའ་འགྲིལ་གྱི་ཚོས་གཞི་བཤད་པའི་ཁྲོད་དུ། 《འབྱུང་ཁམས་ས་ཡིན་པའི་བ་དན་གྱི་གཞིར་སེར་པོ།》 ཞེས་གསུངས་ཀྱང་། ཕལ་ཆེར་《འབྱུང་ཁམས་ས་ཡིན་པའི་བ་དན་གྱི་གཞིར་སེར་པོ།》ཞེས་ཡིན་སྙམ་པས་དེ་ལྟར་ཡིན་མིན་གཟིགས་རོགས།
བཞི་པ། ཟླ་བའི་མར་སྨད་ཅེས་པ་ཟླ་བའི་ཚེས་ ༢༥ མན་ཆད་དུ་བརྩིས་སམ། དེ་བཞིན་དེར་མར་སྨད་ཚེས་གྲངས་དྲུག་ལས་མི་གསལ་བས། དེ་དག་ཟླ་བ་གང་དང་གང་གི་ཚེས་གྲངས་ཡིན་ནམ།
ལྔ་པ། ཁྱེད་ཉིད་ཀྱིས་《སྟག་ནགས་ཚལ་དུ་གནས་པས་འབྱུང་བ་ཤིང་ཁམས་སམ་རླུང་ཁམས་མཚོན།》ཞེས་བཀོད་ཀྱང་རིག་པའི་རྡོ་རྗེས་རིག་པའི་རྡོ་རྗེས་《སྟག་ནི་ནགས་ན་གནས་པས་སྐྱེས་བུའི་ལུས་ཁམས་ཀྱི་འབྱུང་བ་ཤིང་མཚོན་ཞིང་》པ་དང་། ཡང་ཁྱེད་ཉིད་ཀྱིས་《ཁྱུང་བར་སྣང་དུ་གནས་ཤིང་རྭ་ལས་མེ་མཆེད་པས་མེ་ཁམས་མཚོན།》ཞེས་ཀྱང་། རིག་རྡོར་ལགས་ཀྱིས་《ཁྱུང་ནི་མཁའ་ལ་སྤྱོད་པས་སྐྱེས་བུའི་ལུས་ཁམས་ཀྱི་འབྱུང་བ་ནམ་མཁའ་དང་རླུང་མཚོན་ཞིང་།》ཞེས་བཞེད་འདོད་ཅུང་མི་འདྲ་བ་འདུག་ན། ཁྱེད་ཉིད་ཀྱི་ཁུངས་གང་ཡིན་ནམ། རིག་རྡོར་ལགས་ཀྱིས་བསམ་ཚུལ་ཡིན་པ་ལྟ་བུ་བཀོད་འདུག་ཀྱང་། ཁྱེད་ཀྱིས་ཀྱང་འདི་བཀླག་རྒྱུ་བྱུང་ན་བསམ་ཚུལ་དེའི་རྒྱབ་རྟེན་ཞིག་ཡོད་ངེས་ཡིན་པས་ལན་འདེབས་ཤིག་ཡོང་བ་ཞུ།
སྒོམ་སྡེ་ལགས་་་་་་་་
གོང་གསལ་ཚེས་གྲངས་རྣམས་ལ་བ་དན་ཁྲ་བོ་ཤར་བའི་སྐབས་འཁེལ་བས་དར་ལྕོག་འཛུགས་མི་རུང་བར་བཤད། གསུང་འདུག་ཀྱང་བ་དན་ཁྲ་བོ་ཤར་ཚེ་ཀླུང་བསྐྱེད་ཅོད་པཎ་འཛུགས་མི་རུང་ན་བོད་གཞུང་སྨན་རྩིས་ཁང་གི་ལོ་ཐོ་རྣམས་སུ་དེའི་བསྐོར་གཏན་ནས་མེད་པ་གང་ཡིན་ནམ་་་་་་་་་་་་་་་
བྱེད་ལུགས་གཙོ་བོ་ཡིན་ཟེར་བའི་ཁུ་ནུའི་ལོ་ཐོ་རྣམས་སུ་བ་དན་གྱི་བསྐོར་འདི་ཁ་གསལ་དུ་བཀོད་ལུགས་ཀྱིས་གྲུབ་ལུགས་ལ་བ་དན་ཁྲ་བོ་ཤར་ཚེ་རླུང་དར་འཛུགས་མི་རུང་བའི་ལུགས་འདི་མི་དགོས་པ་ཡིན་ནམ་་་་་་་་
ལར་ནས་༥༩གོང་ནས་བ་དན་ཁྲ་བོའི་བསྐོར་དེ་སྨན་རྩིས་ཁང་རྙིང་པའི་ལོ་ཐོ་རྣམས་སུ་མེད་ཟེར་་་་་
རྒྱུ་མཚན་གང་ཡིན་ནམ་་་་་་་་་་་་་་་་་
སྒོམ་སྡེ་ལགས་ཀྱིས། “འདི་ལ་རླུང་རྟ་དང་ཀླུང་རྟ་ཞེས་འབྲི་སྲོལ་གཉིས་ཡོད་ཀྱང་། རླུང་རྟ་ཞེས་བྲིས་ན་ལེགས་པར་སེམས་ཏེ།” གསུངས་པ་མད། སྐབས་འདིར་རླུང་རྟ་ཟེར་བ་ནི་འབྱུང་རྩིས་ནས་བཤད་པའི་རླུང་ལྷ་སྡེ་བཞི་ལ་གོ་དགོས་པས་འབྱུང་བ་བཞིའི་ནང་གི་རླུང་རེད།
དེ་ཡང་འབྱུང་རྩིས་ལས་ཇི་ལྟར་བཤད་སྙམ་ན། བོད་ལ་འབྱུང་རྩིས་ཀྱི་གཞུང་གྲངས་མེད་པ་ཡོད་མོད་དེ་དག་གི་དགོངས་པ་མི་མཐུན་པ་ཧ་ལམ་མེད། དེར་བརྟེན་འདིར་འཚོལ་བདེའི་དབང་དུ་བྱས་ནས་བླ་བྲང་དགེ་བཤེས་ལྷ་མོ་ཚུལ་ཁྲིམས་ཚང་གི་འབྱུང་རྩིས་མཚན་བསྡུས་ན་དཔག་བསམ་ལྗོན་ཤིང་། དེབ་གཟུགས་ཤོག་ངོས་ ༩ གཤམ་ནས་ཡར་ཐིག་ཕྲེང་ ༨ པར། རླུང་༼ཀླུང་༽རྟ་ངོས་འཛིན་བསྟན་བྱ་བ།། སྟག་རྟ་ཁྱི་གསུམ་རླུང་༼ཀླུང་༽སྤྲེལ་ལྕགས།། ཕག་ལུག་ཡོས་གསུམ་རླུང་༼ཀླུང་༽སྦྲུལ་མེ།། བྱ་གླང་སྦྲུལ་གསུམ་རླུང་༼ཀླུང་༽ཕག་ཆུ།། བྱི་འབྲུག་སྤྲེལ་གསུམ་རླུང་༼ཀླུང་༽སྟག་ཤིང་།། ཞེས་གསུངས་པ་ལྟར། གང་ཟག་སྟག་རྟ་ཁྱི་གསུམ་ལོ་བའི་རླུང་རྟའི་ལྷ་ལྕགས་སྤྲེལ་ཡིན་ཅིང་། རླུང་རྟའི་ལྷ་ཟེར་བའི་ཚབ་ཏུ་རླུང་རྟ་ཞེས་ཚིག་བསྡུས་ནས་བཤད་པ་རེད། དེའི་ཁ་དོག་ཀྱང་རང་གི་རླུང་ལྷའི་ཁམས་ལ་བྱེད་དགོས། དཔེར་ན་ སྟག་རྟ་ཁྱི་གསུམ་ལོ་བའི་རླུང་ལྷ་ལྕགས་སྤྲེལ་ཡིན་པས་དེའི་ཁ་དོག་ལྕགས་སྟེ་དཀར་པོ་བྱེད་དགོས། དེས་གཞན་ཐམས་ཅད་ལ་རིགས་འགྲེ།
འདིར་ཤོད་འདོད་པ་ཞིག་ལ། དེང་དུས་ང་ཚོས་༧གོང་ས་མཆོག་གི་ཁམས་མཐུན་རླུང་རྟའི་ཁ་དོག་ལྗང་ཁུར་བྱེད་པ་ནི་རྩ་བ་ནས་ནོར་བ་རེད། རྒྱུ་མཚན་༧གོང་ས་མཆོག་གི་དགུང་སྙིང་ཕག་རེད། ཕག་ལུག་ཡོས་གསུམ་ལོ་བའི་རླུང་རྟའི་ལྷ་མེ་སྦྲུལ་རེད། མེའི་ཁ་དོག་དམར་པོ་རེད་མ་གཏོགས་ལྗང་ཁུ་མ་རེད། སྤྱིར་བཏང་ཁམས་ཞེས་ལབ་དུས་ཁམས་བཞིའམ་ལྔ་ཡོད་མོད། སྐབས་འདིར་རླུང་རྟ་བཤད་པའི་སྐབས་ཡིན་པས་རླུང་རྟའི་ལྷ་གང་ཡིན་པ་དེའི་དབང་ཐང་གི་ཁམས་ལ་གོ་དགོས།
ད་དུང་ལོ་སྐོར་བཅུ་གཉིས་པོ་རེ་རེར་སྲོག་ཁམས་དང་། ལུས་ཁམས། དབང་ཐང་ཁམས། རླུང་རྟའི་ཁམས། རུས་ཁམས་སམ་བླ་སྟེ་ལྔ་ཡོད། དེས་ན་ང་ཚོས་གོ་བ་འདི་ལྟར་ལེན་དགོས། ༧གོང་ས་མཆོག་གི་དགུང་སྙིང་དང་ཁམས་གང་ཡིན་རྩི་སྐབས། སྤྱིར་བཏང་ལོ་རྒན་དྲུག་ཅུ་དབང་ཁམས་དང་སྦྱར་བ་དབང་བཙན་པར་བྱས་ཏེ། མེ་ཕག་རེད་ཟེར་དགོས། འོན་ཀྱང་༧གོང་ས་མཆོག་གི་སྐུའི་ཁམས་མཐུན་དར་ཅོག་གམ་རླུང་རྟ་ཟེར་བའི་སྐབས་སྐུའི་རླུང་རྟའི་ལྷ་མེ་སྦྲུལ་ཡིན་ཤེས་དགོས། དེ་ཤེས་ན་རླུང་རྟའི་དར་ཅོག་དམར་པོ་བསྒྲེང་དགོས་པ་ཡང་ཤེས་ཐུབ། དེ་སྔོན་ང་བཞུགས་སྒར་དུ་ཡོད་སྐབས། དབུས་སྨན་རྩིས་ཁང་གི་རྩིས་པ་འགའ་རེར་རྩིས་གསར་རྙིང་དང་དེའི་སྐོར་བཤད་མྱོང་མོད། མི་ཆུང་གི་གཏམ་ལ་ཆ་འཇོག་བྱས་མ་སོང་། འོན་ཀྱང་ང་རང་སྒེར་དང་ངའི་ཁོར་ཡུག་ནས་༧གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་སོགས་ལ་རླུང་རྟའི་དར་ཅོག་དམར་པོ་བསྒྲེང་འཛུགས་བྱེད་བཞིན་ཡོད།
འདིར་ཁ་གསལ་གྱི་རྒྱུ་མཚན་ཅིག་བཀོད་ན། བླ་བྲང་ཨ་ཁུ་ཐབས་མཁས་ཚང་ངམ་ཞང་སྟོན་བསྟན་པ་རྒྱ་མཚོའི་གསུང་འབུམ། བླ་བྲང་པར་མ། གླེགས་བམ་ག ཤོག་གྲངས་ ༤༡༦ པར། སྒྲོལ་མའི་རླུང་རྟའི་ཀྭ་འཛུགས་བཀྲ་ཤིས་རྒྱལ་མཚན་གྱི་ལྷན་ཐབས་ལས། ཁྱད་པར་རླུང་རྟ་བསྐྱེད་ལ་དབང་བའི་ལྷ།། ས་བདག་ཤིང་ཕོ་སྟག་དང་མེ་མོ་སྦྲུལ།། ལྕགས་ཕོ་སྤྲེལ་དང་ཆུ་མོ་ཕག་ལ་སོགས།། ཡིད་ཚང་རླུང་རྟ་བསྐྱེད་ཕྱིར་གཤེགས་སུ་གསོལ།། ཞེས་དང་། ཡང་། ཤོག་གྲངས་ ༤༢༠ པར། ཀྱེ། ཤར་ཕྱོགས་ཤིང་གི་གཞལ་ཡས་ནས།། ས་བདག་རྒྱལ་པོ་ཤིང་ཕོ་སྟག། ཞེས་པ་ནས། བྱི་འབྲུག་སྤྲེལ་གསུམ་ལོ་བ་ཡི།། རླུང་རྟའི་ལྷ་ནི་ཁྱོད་ཡིན་པས།། ཞེས་དང་། རྟ་མཆོག་གཟུགས་ཀྱིས་མཚན་པ་ཡི།། ཤིང་དར་ལྗང་ཁུའི་འཕན་བཟང་རྣམས།། དེ་རིང་ཁྱོད་ལ་རྟེན་དུ་འཛུགས། ཞེས་སོགས་ཀྱིས། དང་པོ་གང་ཟག་སོ་སོའི་རླུང་རྟའི་ལྷ་གང་ཡིན་དང་། དེ་ནས་དེ་དང་མཐུན་པའི་རླུང་རྟའི་དར་ཅོག་དང་འཕང་བཟང་གི་ཁ་དོག དེ་ནས་དེ་དག་ཇི་ལྟར་འཛུགས་དགོས་ཚུལ་སོགས་གསལ་བོར་གསུངས་ཡོད།།
དེས་ན་སྒོམ་སྡེ་ལགས་ཀྱིས། “རླུང་རྟའི་ཐ་སྙད་ཀྱང་དབུས་ཀྱི་རྟ་མཆོག་ཅང་ཤེས་དེ་ལས་ཐོགས་པར་སེམས་ཤིང་།” གསུངས་པ་ཅུང་ནོར་བ་ཨེ་ཡིན་སྙམ། རྒྱུ་མཚན་རླུང་རྟའི་ཐ་སྙད་ནི་གང་ཟག་སོ་སོའི་རླུང་རྟའི་ལྷ་གང་ཡིན་པ་དེའི་ཐོག་ནས་བྱུང་བ་ཡིན་པ་གོང་དུ་བཤད་པ་དག་གིས་ཤེས་སོ།།
ཡང་སྒོམ་སྡེ་ལགས་ཀྱིས། “སྐར་རྩིས་སུ་རླུང་རྟའི་ནང་དོན། སྲོག་དང་། ལས་དང་། དབང་། ཁེ་ལས་བཅས་བཞིའི་མཚོན་དོན་དུ་གསུངས་པར་བཤད་ཅིང་།” གསུངས་པ་ནི་ཁོང་གིས་སྐར་རྩིས་མ་མཁྱེན་པའམ་ཡང་ན་ཐུགས་མཉམ་མ་བཞག་པ་མིན་ནམ། དུས་འཁོར་སྐར་རྩིས་ལ་ཟེར་བ་ཡིན་ན། དུས་འཁོར་ན་དེ་ལྟར་གཏན་ནས་གསུང་མེད། སྲོག་དང་། ༼ལས་ཞེས་པ་མ་དག༽ ལུས། དབང་། ཟེར་བ་བོད་ཀྱི་འབྱུང་རྩིས་ཀྱི་ཐ་སྙད་ཅིག་སྟེ། སྲོག་ལུས་དབང་རླུང་ཟེར་བ་དེ་རེད། ཁེ་ཟེར་བ་དེ་རྒྱ་རྩིས་ཉི་འཛིན་ཟླ་འཛིན་གྱི་རི་མོའི་སྐབས་སུ། དུས། ཁེ། ཕུན་ཟེར་བ་ཞིག་ཡོད་པས། སྒོམ་སྡེ་ལགས་ཀྱིས་རྒྱ་རྩིས་བསླབས་མྱོང་ཡོད་ན་དེ་དང་དུས་འཁོར་གཉིས་ཕན་ཚུན་ནོར་བ་ཨེ་ཡིན་སྙམ།
ཡང་སྒོམ་སྡེ་ལགས་ཀྱིས། “ཁམས་མཐུན་གྱི་དར་ལྕོག་འཛུགས་ཞེས་པ། རང་གི་འབྱུང་བའི་ཁམས་དང་བསྟུན་ནས་དར་ལྕོག་བཟོ་དགོས་པ་སྟེ།
དེ་ཡང་རང་གི་ཁམས་ལྕགས་ཡིན་ན། བ་དན་ཚོས་གཞི་དཀར་པོ། ཁམས་ས་ཡིན་ན་ཚོས་གཞི་སེར་པོ། ཁམས་ཤིང་ཡིན་ན་ལྗང་ཁུ། ཁམས་མེ་ཡིན་ན་དམར་པོ། ཁམས་ཆུ་ཡིན་ན་སྔོན་པོ་བཅས་བཟོ་དགོས་པ་ཡིན།” གསུངས་པ་ནི་བོད་ཀྱི་འབྱུང་རྩིས་ལ་ཐུགས་གཉེར་མ་མཛད་ཅིང་། རླུང་རྟ་བསྐྱེད་པའི་ཆོ་ག་སོགས་ལ་གཟིགས་མ་མྱོང་བའི་སྐྱོན་ཨེ་ཡིན་སྙམ། དེའི་རྒྱུ་མཚན་གོང་དུ་བཤད་པ་དག་གིས་ཤེས་མོད། ཡང་བསྐྱར་ཅུང་ཟད་བཤད་ན། ཁམས་མཐུན་གྱི་དར་ཅོག་ཟེར་དུས་རླུང་རྟའི་དར་ཅོག་ལ་གོ་དགོས། དེ་ཡིན་དུས་དེའི་ཁ་དོག་ཀྱང་གང་ཟག་དེའི་རླུང་རྟའི་ལྷ་གང་ཡིན་པ་དེའི་དབང་ཁམས་ཀྱི་ཁ་དོག་ཡིན་པ་ལས། གང་ཟག་ཁོ་རང་གི་དབང་ཁམས་ཀྱི་ཁ་དོག་མ་རེད། དཔེར་ན། དཔེར་ན། སྒོམ་སྡེ་ལགས་ཀྱིས། ” རང་ཉིད་ཕྱི་ལོ་༡༩༦༥ལོར་སྐྱེས་པ་ཡིན་ན་ཤིང་མོ་སྦྲུལ་གྱི་ལོར་སྐྱེས་པས།” ཞེས་གསུངས་པ་ལྟར། སྐྱེས་ལོ་མེ་སྦྲུལ་ཡིན་ན། སྲོག་ཁམས་མེ། ལུས་ཁམས་ས། དབང་ཁམས་མེ། རླུང་ཁམས་ཆུ་ཡིན་པས་གསུམ་ལྡན་ཟེར། གང་ཟག་དེ་ལ་ཁམས་མཐུན་གྱི་རླུང་རྟའི་དར་ཅོག་འཛུགས་དགོས་ན། དེའི་རླུང་རྟའི་ལྷ་གང་ཡིན་ཤེས་དགོས། དེ་ནི་བྱ་གླང་སྦྲུལ་གསུམ་རླུང་ཕག་ཆུ།། ཞེས་གསུངས་པ་ལྟར། དེའི་རླུང་ལྷ་ཆུ་ཕག་ཡིན་པས་རླུང་རྟའི་དར་ཅོག་སྔོན་པོ་འཛུགས་དགོས།
དེ་མིན་རླུང་རྟའི་དར་ཅོག་གི་ཁ་དོག་དབང་ཁམས་དང་ལུས་ཁམས་སོགས་ལ་སྦྱར་ན་བོད་ཀྱི་རྩིས་རིགས་ཀྱི་དགོངས་དོན་དང་། རླུང་རྟ་བསྐྱེད་ཆོག་སོགས་དང་ཡང་གཏན་ནས་མི་མཐུན་པའི་རང་བཟོ་ཡིན་པ་ངེས་པར་དུ་ཤེས་དགོས།
འོ་ན་གང་ཟག་སོ་སོའི་རླུང་རྟའི་ཁ་དོག་སོགས་ཅི་ཡིན་སྙམ་ན། གོང་དུ་བཤད་པ་ལྟར་འདིར་ཡང་བཀོད་ན། སྟག་རྟ་ཁྱི་གསུམ་རླུང་སྤྲེལ་ལྕགས།། ཕག་ལུག་ཡོས་གསུམ་རླུང་སྦྲུལ་མེ།། བྱ་གླང་སྦྲུལ་གསུམ་རླུང་ཕག་ཆུ།། བྱི་འབྲུག་སྤྲེལ་གསུམ་རླུང་སྟག་ཤིང་།། ཞེས་གསུངས་པ་ལྟར། སྟག་རྟ་ཁྱི་གསུམ་ལོ་བའི་རླུང་ལྷ་ལྕགས་སྤྲེལ། ཁ་དོག་དཀར་པོ། ཕྱོགས་ནུབ། ཕག་ལུག་ཡོས་གསུམ་ལོ་བའི་རླུང་ལྷ་མེ་སྦྲུལ། ཁ་དོག་དམར་པོ། ཕྱོགས་ལྷོ། བྱ་གླང་སྦྲུལ་གསུམ་ལོ་བའི་རླུང་ལྷ་ཆུ་ཕག ཁ་དོག་སྔོན་པོ། ཕྱོགས་བྱང་། བྱི་འབྲུག་སྤྲེལ་གསུམ་ལོ་བའི་རླུང་ལྷ་ཤིང་སྟག ཁ་དོག་ལྗང་ཁུ། ཕྱོགས་ཤར་ཕྱོགས་ཡིན། འདི་དག་ནི་རང་བཟོ་མ་ཡིན་པར་བོད་ཀྱི་འབྱུང་རྩིས་ཀྱི་དགོངས་དོན་དང་། རླུང་རྟ་བསྐྱེད་པའི་ཆོ་ག་སོགས་ཀྱི་ཡང་དགོངས་དོན་འཁྲུལ་མེད་ཡིན་ནོ།།
དར་ཅོག་འཛུགས་དུས་ནི། སྒོམ་སྡེ་ལགས་ཀྱིས་བེ་དཀར་གྱི་ལུང་དྲངས་པ་དེ་སྤྱིར་བཏང་བདེན་མོད། དེ་ནི་ཆེས་རགས་པའི་དབང་དུ་བྱས་པ་རེད། ཞིབ་པར་གང་ཟག་སོ་སོའི་རླུང་ལྷའི་དར་གུད་དང་། དུས་འཁོར་སྐར་རྩིས་གཞིར་བཟུང་ཉིན་དེའི་ཁམས་དང་རང་གི་རླུང་ཁམས་སྦྱར་ནས་དར་གུད་བརྩིས་ཏེ་རླུང་རྟའི་དར་ཅོག་བསྒྲེངས་འཛུགས་བྱེད་པ་མཁས་པའི་ལུགས་སོ།།
ཞེས་ལས་ཀ་ནས་ནང་དུ་སླེབས་མ་ཐག་ཐད་ཀར་བྲིས་ཤིང་ཞུས་དག་བྱེད་ཁོམ་མ་བྱུང་བས་ཡིག་ནོར་དང་དོན་སྐྱོན་ཡོད་ངེས་པས་ཀློག་མཁན་ཚོར་དགོངས་སེལ་ཞུ་བ་ཡིན།
ཚང་མས་དགོངས་ཚུལ་ལྷུག་པར་གསུངས་པར་ཐུགས་རྗེ་བླ་མེད་དུ་ཆེ། རྗེས་སོར་དུས་ཚོད་བྱུང་མཚམས་་སླར་ཡང་ཞིབ་བསྡུར་བྱ་བརྩི་ཡོད།
སྒོམ་སྡེ་གཡབ་རམས་པ།
གཡབ་རམས་པ་ཟེར་བ་འདི་དྲ་གྲོགས་མང་པོ་ཞིག་གིས་ཁྱོད་ལ་བཏགས་པའི་མིང་རེད། ཐོག་མར་ངས་གཡབ་ཟེར་བ་དེ་ཡག་པོ་ཞིག་མ་ཤེས་མོད། ཨ་མདོའི་སྐད་དུ་རྒྱོ་རྒྱག་ཟེར་བ་ཡིན་འདུག ངས་བསམ་ན་ཁྱོད་ཀྱིས་བོད་ཀྱི་རྩིས་དཀར་ནག་གང་ཡང་ཤེས་ས་མ་རེད། དེའི་ཕྱིར་ཁྱོད་ཀྱིས་རླུང་རྟའི་སྐོར་ལ་གླེན་བཤད་བྱས་འདུག
མི་ཤེས་ན་ཤེས་ཁུལ་བྱས་ནས་ཅི་བྱེད། ཤེས་ན་རྒྱུ་མཚན་དང་ལྡན་པའི་ཐོག་ནས་དགག་ལན་ཡག་པོ་ཞིག་བྲིས་དང་ཁྱོད་དགེ་བཤེས་གཡབ་རམས་པ་ཞིག་ཡིན་རྟགས་རེད། དེ་མིན་ནམ་ཡིན་ན་ཡང་ཟེར་རྒྱུ་མ་སྙེད་དུས་ཡོལ་ཐབས་བྱེད་པ་འདི་གཡོ་རྒྱུ་ཅན་གྱི་ལས་ཀ་རེད་མ་གཏོགས་མཁས་པའི་བྱ་བ་མ་རེད།
ཁ་བརྡ་དྲ་སྟེང་གི་མི་རྣམས་ཀྱིས་ཁྱོད་ལ་མཐོང་ག་ཚོད་བཞག་ཡོད་པ་དང་། མིང་རྟགས་ག་ཚོད་སྤྲད་ཡོད་པ་ཤེས་ན་ཡག་གི་རེད། ཁྱོད་ཀྱི་མི་གཞི་ནི་མི་ཤེས་ཟེར་རྒྱུར་ཤིན་ཏུ་འཛེམས་མཁན་གྱི་གཡབ་རམས་པ་ཞིག་རེད་འདུག དེ་སྔོན་ཁྱོད་ཀྱིས་བསྒྲིགས་ཟེར་བའི་ཚིག་མཛོད་ཐབས་ཆག་དེའི་ནང་ཡང་ནོར་འཁྲུལ་དང་ཕྱོགས་རེས་ཀྱི་སྐད་ད་ག་ཚོད་ཡོད་པ་དྲ་གྲོགས་མང་པོ་ཞིག་གིས་དགག་བཞག་བྱས་ཡོང་དུས་གསལ་བོར་ཆགས་སོང་ང་།
རླུང་རྟའི་སྐོར་ན་ཡང་མི་གཞན་གྱིས་རྒྱུ་མཚན་ཁུངས་དང་བཅས་བཤད་ཡོང་དུས་བཤད་རྒྱུ་མ་སྙེད་ནས་རྗེས་སུ་ཞིབ་བསྡུར་བྱ་རྩིས་ཡོད་ཅེས་གཡོལ་ཐབས་བྱེད་པ་འདི་ཝ་མོའི་སྤྱོད་པ་རེད།
ངས་ཀྱང་བོད་ཀྱི་རྩིས་རིགས་མི་ཤེས་ལ་རླུང་རྟའི་སྐོར་ཡང་མི་ཤེས་མོད། རྩོམ་ཡིག་འདི་དག་ལ་བལྟས་ན་ཁྱོད་གཡབ་རམས་པ་ཕམ་ནག་རྡོ་རྒྱབ་འདུག མ་གཞི་ཁྱོད་གཡབ་རམས་པ་གང་དུ་སོང་ན་ཕམ་འགྲོ་བ་དང་། རྒྱབ་སྐྱོར་བྱེད་མཁན་སུ་ཡང་མེད་པ་འདི་མཁས་པའི་རྟགས་རེད་དམ་བླུན་རྟགས་རེད་ཅུང་དཔྱད་ན་ཡག་ས་རེད། ད་བདེ་མོ། གཉིད་དུ་འགྲོ་དགོས། སང་ཉིན་ཐུག་ཆོག
རིག་པའི་རྡོ་རྗེ་ལགས།
མཆན་མང་དྲགས་ནས་མགོ་རྙོག་པོ་ཞིག་འདུག་རུང་།
ཁྱེད་མཆན་༣པ་ནས་བརྩམས་ཏེ་རིམ་གྱིས་ལན་འབུལ་གྱི་ཡིན།
ངས་བལྟས་ན་ཁྱེད་ཀྱིས་གསུངས་པ་དང་ངས་བཤད་པ་གཉིས་མང་པོ་ཞིག་ཚིག་གིས་བརྗོད་ཚུལ་ཙམ་ལས། ཧ་ལམ་གཅིག་པ་གཅིག་རྐྱང་རེད་འདུག ངེད་ནས་ཕྱོགས་གཉིས་ཀ་མཉམ་དུ་བསྒྲིགས་ནས་ཕུལ་ཡོད་པས། ཁྱད་པར་གསུང་རོགས། ངས་བལྟས་ན་ཁྱད་པར་མི་འདུག་སྙམ།
༡༽ ཁྱེད་ཀྱིས་༼ སྟག་ནི་ནགས་ན་གནས་པས་སྐྱེས་བུའི་ལུས་ཁམས་ཀྱི་འབྱུང་བ་ཤིང་མཚོན་ཞིང་། སྐྱེ་གཟུགས་སེམས་ཅན་གཞན་ལས་མཛེས་པས་སྐྱེས་བུའི་ལུས་མཚོན་གྱི་ཡོད།༽
༡༽ ངེད་ཀྱིས་༼སྟག་ནགས་ཚལ་དུ་གནས་པས་འབྱུང་བ་ཤིང་ཁམས་སམ་རླུང་ཁམས་མཚོན༽
རིག་རྡོར་ལགས།
༢༽ ཁྱེད་ཀྱིས་༼སེང་གེ་ནི་གངས་རི་འམ་རི་ལ་གནས་པས་སྐྱེས་བུའི་ལུས་ཁམས་ཀྱི་འབྱུང་བ་ས་མཚོན་ཞིང་། དཔའ་སྙིང་སེམས་ཅན་གཞན་ལས་ཆེ་བས་སྐྱེས་བུའི་དབང་ཐང་མཚོན་གྱི་ཡོད༽
༢༽ངེད་ཀྱིས་༼ སེངྒེ་རི་ངོས་སུ་གནས་པས་སའི་ཁམས་མཚོན༽
འདི་ལའང་ཁྱད་པར་མི་འདུག
༣༽ཁྱེད་ཀྱིས་༼ཁྱུང་ནི་མཁའ་ལ་སྤྱོད་པས་སྐྱེས་བུའི་ལུས་ཁམས་ཀྱི་འབྱུང་བ་ནམ་མཁའ་དང་རླུང་མཚོན་ཞིང་། གཤོག་རྩལ་འདབ་ཆགས་གཞན་ལས་ཆེ་ཞིང་སྟེང་ནས་སྟེང་དུ་བགྲོད་པ་ཡིན་པས་སྐྱེས་བུའི་རླུང་རྟ་མཚོན་གྱི་ཡོད།༽
༣༽ངེད་ཀྱིས་༼ཁྱུང་བར་སྣང་དུ་གནས་ཤིང་རྭ་ལས་མེ་མཆེད་པས་མེ་ཁམས་མཚོན༽
འདི་ལ་ཁྱད་པར་འདུག གཞུང་ཁུངས་མ་རྒྱབ་རྟེན་ཡོད་ན་གསུང་རོགས།
༤༽ཁྱེད་ཀྱིས་༼འབྲུག་ནི་རྒྱ་མཚོར་གནས་པས་སྐྱེས་བུའི་ལུས་ཁམས་ཀྱི་འབྱུང་བ་ཆུ་མཚོན་ཞིང་། ཚེ་ཐག་སྲོག་ཆགས་གཞན་ལས་ཆེས་རིང་བས་སྐྱེས་བུའི་སྲོག་མཚོན་གྱི་ཡོད༽
༤༽ངེད་ཀྱིས་༼འབྲུག་རྒྱ་མཚོར་གནས་པས་ཆུའི་ཁམས་མཚོན༽
གཅིག་པ་རེད་འདུག
༥༽ཁྱེད་ཀྱིས་༼དབུས་ཀྱི་རྟ་མཆོག་གིས་སྐྱེས་བུའམ་གང་ཟག་སྒེར་མཚོན་གྱི་ཡོད།༽
༥༽ངེད་ཀྱིས་༼རྟ་མཆོག་ནི་གར་ཡང་ཁྱབ་པས་ནམ་མཁའ་མཚོན།༽
འདི་ལ་ངེད་གཉིས་ཁྱད་པར་འདུག གཞུང་གི་ཁུངས་ཡོད་ན་འགོད་རོགས།
རིག་པའི་རྡོ་རྗེ་ལགས།
ཁྱེད་ཀྱིས་༼སྟག་རྟ་ཁྱི་གསུམ་རླུང་༼ཀླུང་༽སྤྲེལ་ལྕགས།། ཕག་ལུག་ཡོས་གསུམ་རླུང་༼ཀླུང་༽སྦྲུལ་མེ།། བྱ་གླང་སྦྲུལ་གསུམ་རླུང་༼ཀླུང་༽ཕག་ཆུ།། བྱི་འབྲུག་སྤྲེལ་གསུམ་རླུང་༼ཀླུང་༽སྟག་ཤིང་། ། ཞེས་གསུངས་པ་ལྟར། གང་ཟག་སྟག་རྟ་ཁྱི་གསུམ་ལོ་བའི་རླུང་རྟའི་ལྷ་ལྕགས་སྤྲེལ་ཡིན་ཅིང་། རླུང་རྟའི་ལྷ་ཟེར་བའི་ཚབ་ཏུ་རླུང་རྟ་ཞེས་ཚིག་བསྡུས་ནས་བཤད་པ་རེད། དེའི་ཁ་དོག་ཀྱང་རང་གི་རླུང་ལྷའི་ཁམས་ལ་བྱེད་དགོས། དཔེར་ན་སྟག་རྟ་ཁྱི་གསུམ་ལོ་བའི་རླུང་ལྷ་ལྕགས་སྤྲེལ་ཡིན་པས་དེའི་ཁ་དོག་ལྕགས་སྟེ་དཀར་པོ་བྱེད་དགོས། དེས་གཞན་ཐམས་ཅད་ལ་རིགས་འགྲེ༽
ངེད་ཀྱིས་༼ཁམས་མཐུན་གྱི་དར་ལྕོག་འཛུགས་ཞེས་པ། རང་གི་འབྱུང་བའི་ཁམས་དང་བསྟུན་ནས་དར་ལྕོག་བཟོ་དགོས་པ་སྟེ། དེ་ཡང་རང་གི་ཁམས་ལྕགས་ཡིན་ན། བ་དན་ཚོས་གཞི་དཀར་པོ། ཁམས་ས་ཡིན་ན་ཚོས་གཞི་སེར་པོ། ཁམས་ཤིང་ཡིན་ན་ལྗང་ཁུ། ཁམས་མེ་ཡིན་ན་དམར་པོ། ཁམས་ཆུ་ཡིན་ན་སྔོན་པོ་བཅས་བཟོ་དགོས་པ་ཡིན། གོ་བདེ་བར་བཤད་ན། རང་སྐྱེས་དུས་ཀྱི་ལོ་ཁམས་ཀྱི་ཚོས་གཞི་དང་བསྟུན་དགོས་པ་དཔེར་ན། རང་ཉིད་ཕྱི་ལོ་༡༩༦༥ལོར་སྐྱེས་པ་ཡིན་ན་ཤིང་མོ་སྦྲུལ་གྱི་ལོར་སྐྱེས་པས། ལོ་ཁམས་ཤིང་ཡིན་ལ། དེར་བརྟེན་དེས་གཟུགས་རྒྱུའི་རླུང་རྟའི་ཚོས་གཞི་ནི་ལྗང་ཁུ་ཡིན་དགོས་པ་ལྟ་བུ་ཡིན། ཕྱི་ལོ་༡༩༥༨ལོར་སྐྱེས་པ་ཡིན་ན། ས་ཕོ་ཁྱི་ལ་སྐྱེས་ཤིང་། ལོ་ཁམས་ས་ཡིན་པས། ཚོས་གཞི་སེར་པོ་དང་། ཕྱི་ལོ་༡༩༧༡ལོར་སྐྱེས་པ་ཡིན་ན། ལྕགས་མོ་ཕག་ལ་སྐྱེས་ཤིང་། ལོ་ཁམས་ལྕགས་ཡིན་པས། ཚོས་གཞི་དཀར་པོ། ཕྱི་ལོ་༡༩༨༢ལོར་སྐྱེས་པ་ཡིན་ན། ཆུ་ཕོ་ཁྱི་ལ་སྐྱེས་ཤིང་། ལོ་ཁམས་ཆུ་ཡིན་པས། ཚོས་གཞི་སྔོན་པོ་དང་། ཕྱི་ལོ་༡༩༨༦ལོར་སྐྱེས་པ་ཡིན་ན། མེ་ཕོ་སྟག་ལ་སྐྱེས་ཤིང་། ལོ་ཁམས་མེ་ཡིན་པས། ཚོས་གཞི་དམར་པོ་ཡིན་དགོས་པ་ལྟ་བུའོ། །༽
ཁྱེད་ནས་གསུངས་པ་དང་ངེད་ཀྱིས་བཤད་པ་གཉིས་ཚིག་གིས་བརྗོད་ཚུལ་མི་འདྲ་བ་ཙམ་ལས། དོན་ལ་ཁྱད་པར་འདུག
དཔེར་ན། ཁྱེད་ཀྱིས་༼དཔེར་ན་སྟག་རྟ་ཁྱི་གསུམ་ལོ་བའི་རླུང་ལྷ་ལྕགས་སྤྲེལ་ཡིན་པས་དེའི་ཁ་དོག་ལྕགས་སྟེ་དཀར་པོ་བྱེད་དགོས།༽ཞེས་བཤད་པ་དང་།
ངེད་ཀྱིས་༼དེ་ཡང་རང་གི་ཁམས་ལྕགས་ཡིན་ན། བ་དན་ཚོས་གཞི་དཀར་པོ།༽ཞེས་པ་གཉིས་དོན་དག་གཅིག་པ་གཅིག་རྐྱང་རེད་འདུག
ཁྱད་པར་མི་འདུག ནོར་བཅོས།
རིག་པའི་རྡོ་རྗེ་ལགས།
ཁྱེད་ཀྱིས་༼དེས་ན་སྒོམ་སྡེ་ལགས་ཀྱིས། “ རླུང་རྟའི་ཐ་སྙད་ཀྱང་དབུས་ཀྱི་རྟ་མཆོག་ཅང་ཤེས་དེ་ལས་ཐོགས་པར་སེམས་ཤིང་།” གསུངས་པ་ཅུང་ནོར་བ་ཨེ་ཡིན་སྙམ། རྒྱུ་མཚན་རླུང་རྟའི་ཐ་སྙད་ནི་གང་ཟག་སོ་སོའི་རླུང་རྟའི་ལྷ་གང་ཡིན་པ་དེའི་ཐོག་ནས་བྱུང་བ་ཡིན་པ་གོང་དུ་བཤད་པ་དག་གིས་ཤེས་སོ།།༽ཞེས་གསུངས་འདུག་ཀྱང་།
ལན། རླུང་རྟའི་ཐ་སྙད་ནི་དབུས་ཀྱི་རྟ་མཆོག་ཅང་ཤེས་དེ་ལས་ཐོགས་པར་གསལ་པོ་རེད། སྐོར་བ་མང་པོ་རྒྱག་དགོས་དོན་མི་འདུག་སྙམ།
རིག་པའི་རྡོ་རྗེ་ལགས།
ཁྱེད་ཀྱིས་༼“སྐར་རྩིས་སུ་རླུང་རྟའི་ནང་དོན། སྲོག་དང་། ལས་དང་། དབང་། ཁེ་ལས་བཅས་བཞིའི་མཚོན་དོན་དུ་གསུངས་པར་བཤད་ཅིང་།” གསུངས་པ་ནི་ཁོང་གིས་སྐར་རྩིས་མ་མཁྱེན་པའམ་ཡང་ན་ཐུགས་མཉམ་མ་བཞག་པ་མིན་ནམ༽ཞེས་གསུངས་པ་ལ།
ལན། ༼ཡང་བཤད་ཚུལ་གཞན་ཞིག་ལ། སྐར་རྩིས་སུ་རླུང་རྟའི་ནང་དོན། སྲོག་དང་། ལུས་དང་། དབང་། ཁེ་ལས་བཅས་བཞིའི་མཚོན་དོན་དུ་གསུངས་པར་བཤད་ཅིང་༽ཞེས་གོང་གི་གཞུང་དེ་ནི་གཞན་ཀྱི་བཤད་ཚུལ་བསྐྱར་བ་གསལ་པོ་ཡོད།
རིག་པ་རྡོ་རྗེ་ལགས།
རིག་པའི་རྡོ་རྗེ་ལགས་ཀྱི་དྲི་བ་གལ་ཆེ་བ་རྣམས་ལ་ལན་རགས་རིམ་ཙམ་ཞིག་ཕུལ་ཟིན་ཁུལ་ཡིན།
སྤྱིར་བཏང་རླུང་རྟའི་སྐོར་འདི་བོན་ཆོས་ནས་བྱུང་བ་ཡིན་པས། མཐའ་གཅིག་ཏུ་དུས་འཁོར་སོགས་ནས་བཤད་པའི་སྐར་རྩིས་དང་མཐུན་པ་ཞིག་དགོས་ཀྱི་ཨེ་ཡོད། རླུང་རྟའི་སྐོར་འདི་བོན་པོ་ཁོང་རང་ཚོ་ལ་ཐུན་མོང་མ་ཡིན་པ་ཞིག་ཤོད་རྒྱུ་ཡོད་ཀྱི་རེད་སྙམ་མོ། །
དཔྱོད་ལྡན་གཉིས་ལའང་ལན་རིམ་པས་འབུལ་གྱི་ཡིན།
རིག་པའི་རྡོ་རྗེ་ལགས།
སྤྱིར་བཏང་ངེད་ཀྱི་རླུང་རྟའི་སྐོར་འདི་མི་དམངས་དཀྱུས་མར་གོ་བདེའི་ཚུལ་དུ་མཁས་པ་མང་པོའི་ལེགས་བཤད་རྣམས་ལས་མི་དགོས་པ་མགོ་རྙོག་ལྟ་བུ་རྣམས་དོར། ཉེ་བར་མཁོ་ཞིང་གོ་བདེ་བ་རྣམས་དྲག་འདེམས་བྱས་ཏེ་འདིར་བཀོད་པ་ལས། རང་བཟོ་དང་འོལ་ཚོད་ནི་ཅུང་ཟད་ཀྱང་མེད་དོ། །
བཀུར་འོས་སྒོམ་སྡེ་ལགས།
ཁྱེད་ཀྱིས་བསམ་བཞིན་དུ་དཀྱོགས་ནས་གསུང་གིན་ཡོད་ན་དེ་ག་རེད། རྩོད་འདོད་ཀྱང་མེད། གཙོ་བོ་ཁྱེད་ཀྱིས་”ཁམས་མཐུན་གྱི་དར་ལྕོག་འཛུགས་ཞེས་པ།”གང་ཟག་གང་ཡིན་པ་དེའི་དབང་ཐང་གི་ཁ་དོག་ཡིན་པར་གསུང་གིན་ཡོད་པ་དེ། ངས་དེ་མ་རེད་དེ་ནི་གང་ཟག་དེའི་རླུང་རྟའི་ལྷ་གང་ཡིན་པ་དེའི་དབང་ཁམས་རེད་ཅེས་ཤོད་ཀྱིན་ཡོད། འོན་ཀྱང་ཁྱེད་ཀྱིས་ད་དུང་ཨུ་ཚུགས་ཀྱིས་ངས་་སྟག་རྟ་ཁྱི་གསུམ་ལོ་བའི་རླུང་ལྷ་ལྕགས་སྤྲེལ་ཡིན་པས་དེའི་ཁ་དོག་ལྕགས་སྟེ་དཀར་པོ་བྱེད་དགོས་ཞེས་བཤད་པ་དང་། ཁྱེད་ཀྱིས་གང་ཟག་རང་གི་ཁམས་ལྕགས་ཡིན་ན། བ་དན་ཚོས་གཞི་དཀར་པོ་ཞེས་པ་གཉིས་དོན་དག་གཅིག་པ་གཅིག་རྐྱང་རེད་འདུག་གསུང་དོན་ཅི་ཡིན་ནམ། དེ་གཉིས་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་རེད། དཔེར་ན། ངའི་ལོ་རྟགས་ཤིང་སྟག་རེད། ཁྱོད་ཀྱི་འདོད་པ་ལྟར་ན། ངའི་ཁམས་མཐུན་རླུང་རྟའི་ཁ་དོག་ལྗང་ཁུ་ཡིན་མོད། ངས་དེ་མ་རེད་དཀར་པོ་རེད་ཟེར་གྱིན་ཡོད། རྒྱུ་མཚན་ཅི་ཡིན་ཟེར་ན། ངའི་རླུང་རྟའི་ལྷ་ལྕགས་སྤྲེལ་རེད། ལྕགས་དཀར་པོ་རེད། དེར་བརྟེན་ངས་དཀརཔོ་རེད་ཟེར་གྱིན་ཡོད། འདི་ངའི་རང་བཟོ་མ་རེད། བོད་ཀྱི་རྩིས་རིགས་དང་རླུང་རྟ་བསྐྱེད་ཆོག་ཁག་གི་དགོངས་པ་ཡིན་པ་གོང་དུ་རྒྱས་པར་བྲིས་ཡོད། ད་དུང་ངའི་བསམ་ཚུལ་རྣམས་ལ་ཁྱེད་ཀྱིས་ལན་དྲང་པོ་གཅིག་ཀྱང་གསུངས་མེད་མོད། ད་གཡུགས་ཞོག སྐུ་ཉིད་ལ་དྲང་མོའི་སྒོ་ནས་བགྲོ་གླེང་གནང་འདོད་མེད་ན་ཨུ་ཚུགས་བྱས་ནས་ཅི་བྱ།
རིག་རྡོར་ལགས།
ངེད་ནས་ཧམ་བཤད་དང་ཉ་ཉུག་མཉམ་བསྲེ་ལྟ་བུ་བྱས་ཡོད་ན་དགོངས་སེམ་ཞུ་གི་ཡིན། སྐབས་རེར་ངེད་ནས་མིག་ཡག་པོ་མ་བལྟས་པར་འཚབ་འཚུབ་ངང་ནོར་འཁྲུལ་ཏན་ཏན་ཡོང་གི་འདུག དེ་འདྲ་བྱུང་ན་དགོངས་དག་ཞུ།
སྤྱིར་བཏང་། མེ་དམར། ས་སེར། ཤིང་ལྗང། ཆུ་སྔོན། ལྕགས་དཀར་བཅས་བརྩི་སྲོལ་འདི་དཔྱོད་ལྡན་མང་པོས་དེ་ག་རང་གསུང་གི་འདུག དཔེར་ན་བོད་ལྗོངས་རིག་གནས་དྲ་བའི་ནང་དུའང་ངས་བཤད་པ་དང་གཅིག་མཚུངས་བཤད་འདུག
དེ་ཉིད་ལས། ༼དེ་མིན་བཤད་ཚུལ་གཞན་ཞིག་ནི་རྩིས་ཀྱི་དགོངས་དོན་ལྟར་ས་ཆུ་ཤིང་མེ་ལྕགས་བཅས་འབྱུང་བ་ལྔའི་མཚོན་རྟགས་ཏེ་མེ་དམར། ས་སེར། ཤིང་ལྗང། ཆུ་སྔོན། ལྕགས་དཀར་བཅས་བརྩི་སྲོལ་ཡོད། དེར་བརྟེན་ཁམས་བསྟུན་ཀླུང་རྟ་ཞེས་པའི་སོ་སོའི་ལོ་ཁམས་མེ་ཡིན་ན་དམར་པོ་གཙོ་བོར་བྱེད་པ་སོགས་གཞན་རིགས་བསྒྲེ་བ་ཡིན༽ཞེས་བཤད་འདུག
རྒྱས་པར་བོད་ལྗོངས་རིག་གནས་དྲ་བར་གཟིགས་པར་ཞུ།
http://zw.tibetculture.net/mc/mjcs/200806/t20080617_406893.htm
རླུང་རྟའི་འགྲེལ་བཤད་མང་པོའི་ནང་་བཤད་ཚུལ་འདི་རང་བཀོད་འདུག ཁྱེད་ཀྱིས་གསུངས་པ་འདི་ངེད་རང་ལ་གནས་ཚུལ་གསར་པ་ཡིན། གཅིག་བྱས་ན་ཁོང་ཚོ་ཚང་མ་ནོར་བའང་ཏན་ཏན་སྲིད་པའང་རེད། ངས་བལྟས་ན་བཤད་ཚུལ་མི་འདྲ་བ་གཉིས་ཡོད་ས་རེད། མཐའ་གཅིག་ཏུ་དེ་དག་ནོར་བ་རང་ཨེ་ཡིན་ནམ་སྙམ།
འོན་ཀྱང་ངེད་ལ་བློ་སྐྱེད་གནང་བར་སྙིང་ནས་གུས་ཞབས་དང་། ཐུགས་རྗེ་ཆེ་ཞུ་གི་ཡོད། ད་དུང་མུ་མཐུད་ནས་བློ་སྐྱེད་གནང་རོགས། དེང་སང་ལུང་རིགས་ཀྱི་ལམ་ནས་དཔྱད་པ་བྱེད་མཁན་དཀོན་པོ་འདུག དེ་འདྲ་སོང་ཙང་ཁྱེད་རང་གཟི་བརྗིད་ཆེན་པོ་རེད།
ཆོས་གྲོགས་རིན་ཆེན་ལགས།
ང་ཡང་ཁྱེད་ནས་གསུངས་པ་ལྟར་བ་དན་ཁྲ་བོ་ཤར་མ་ཤར་ལ་ཞེ་དྲག་བལྟ་འདོད་མེད། འོན་ཀྱང་བརྩི་ལུགས་དེ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐར་རྩིས་ཀྱི་གཞུང་བཻཌཱུརྱ་དཀར་པོའི་ཤོག་གྲངས་༤༦༧ནང་ཡོད་ཏན་ཏན་རེད།
མཚུངས་མེད་སྡོམ་སྡེ་ལགས།
གུས་པས་ཁྱེད་ལ་གུས་འདུད་ཞུ། ང་ལ་མཚོན་ན་ཁ་བརྡ་དྲ་ཐོག་གི་ཚོགས་མི་སྔ་ཤོས་ཤིག་ཡིན་མོད། འོན་ཀྱང་ལོ་གཅིག་གི་གོང་ཙམ་ནས་བཟུང་དྲ་གྲོགས་ཕལ་ཆེ་བས་གང་ཟག་སྒེར་དང་ཆོལ་ཁ་ཆོས་བརྒྱུད་འབའ་ཞིག་གི་ཐོག་དོན་སྙིང་མེད་པའི་སྐད་ཆ་རྐྱང་ཤོད་བཞིན་འདུག་པས། ཁར་སང་བར་རྩོམ་ཡིག་དང་མཆམ་བུ་འདེབས་མཚམས་བཞག་པ་ཡིན། ཡིན་ན་ཡང་ཁྱེད་ལྟ་བུའི་རྣམ་དཔྱོད་དང་དྲང་བདེན་གྱིས་ཕྱུག་པ་ཁག་གི་རྩོམ་ཡིག་རྣམས་ལྟ་ཀློག་བྱེད་ཀྱིན་ཡོད། ངས་བལྟས་ན་ཁ་བརྡ་དྲ་དེབ་ཀྱི་ཐོག་དམིགས་བསལ་འདི་འདྲའི་ཉོག་གཏམ་འབྲི་བཞིན་ཡོད་པ་དེ་སྤྱིར་བཏང་སྨྲ་བརྗོད་རང་དབང་རེད་ཟེར་དགོས་མོད། གཙོ་བོ་ང་ཚོའི་དྲ་དཔོན་བཀུ་འོས་སྐུ་ཞབས་དགེ་འདུན་རབ་གསལ་ལགས་ཀྱི་མི་གཤིས་ཡག་དྲགས་པ་དང་། ཁོང་གིས་བོད་མི་རིགས་དང་རིག་གནས་ལ་བཅིང་བའི་བརྩེ་སེམས་ཏེ་ཟབ་དྲགས་པས་རྐྱེན་རེད་སྙམ།
ད་བགྲོ་གླེང་དངོས་ལ་འཇུག སྒོམ་སྡེ་ལགས། ཁྱེད་ཀྱིས་གསུངས་པ་ལྟར་བོད་ལྗོངས་རིག་གནས་དྲ་བའི་ཐོག་གི་རླུང་རྟའི་སྐོར་ཏེ་ནོར་བ་རེད་ཅེས་ཤོད་ཐུབ། རྒྱུ་མཚན་རླུང་རྟའི་སྐོར་འདི་གཙོ་བོ་བོན་ལུགས་དང་། བོད་རང་གི་རྩིས་རིགས་འབྱུང་རྩིས་ཀྱི་དགོངས་དོན་རེད། དེ་ཡིན་དུས་འབྱུང་རྩིས་ནས་གོང་དུ་བཤད་པ་ལྟར་རླུང་ལྷ་སྡེ་བཞི་ཟེར་བ་ཞིག་གསུངས་ཡོད། དེ་མཐུན་གསུམ་ལོ་བའི་རླུང་རྟའི་ལྷ་ཟེར་གྱི་ཡོད། རླུང་རྟའི་ལྷ་གང་ཡིན་པ་དེའི་དབང་ཁམས་མཐུན་གསུམ་ལོ་བའི་རླུང་རྟའི་ཁ་དོག་རེད། ཡང་བསྐྱར་བཤད་མི་དགོས། གོང་དུ་རྒྱས་པར་ཡོད།
དེ་ནི་བོད་ལྗོངས་རིག་གནས་དྲ་བ་མ་ཟད་ང་ཚོའི་བོད་གཞུང་དབུས་སྨན་རྩིས་ཁང་གིས་ཀྱང་ནོར་ཡོད། དཔེར་ན། ༧གོང་ས་མཆོག་གི་སྐུའི་ཁམས་མཐུན་རླུང་རྟའི་ཁ་དོག་ལྗང་ཁུར་བྱེད་བཞིན་ཡོད་པ་འདི་རེད། ངོ་མ་བཤད་ན་༧གོང་ས་མཆོག་གི་སྐུའི་ཁམས་མཐུན་རླུང་རྟའི་ཁ་དོག་དམར་པོ་རེད། རྒྱུ་མཚན་ཁོང་གི་རླུང་ལྷ་མེ་སྦྲུལ་རེད། དེ་ཡིན་ཏེ། འབྱུང་རྩིས་དཔག་བསམ་ལྗོན་ཤིང་ལས། ཕག་ལུག་ཡོས་གསུམ་རླུང་སྦྲུལ་མེ།། ཞེས་དང་། སྒྲོལ་མའི་རླུང་རྟའི་ཀྭ་འཛུགས་བཀྲ་ཤིས་རྒྱལ་མཚན་གྱི་ལྷན་ཐབས་ལས། ས་བདག་རྒྱལ་པོ་མེ་མོ་སྦྲུལ།། ཕག་ལུག་ཡོས་གསུམ་ལོ་བ་ཡི།། རླུང་རྟའི་ལྷ་ནི་ཁྱོད་ཡིན་པས།། ཞེས་གསུངས་པའི་ཕྱིར་རོ།།
རིག་པ་རྡོ་རྗེ་ལགས།
གོང་དུ་ཁྱེད་ཀྱིས་གསུངས་པར་གཞིགས་ན་ངེད་ཀྱི་བརྩི་ཚུལ་འདི་དྷ་སའི་བོད་གཞུང་སྨན་རྩིས་ཁང་གི་རྩིས་པ་རྣམས་ཀྱིས་ཀྱང་འདི་དང་འདྲ་བར་ཕྱག་ལེན་གནང་གི་ཡོད་པ་ལྟ་བུར་གསུངས་འདུག རྩིས་པ་རྣམས་ཀྱིས་དེ་འདྲ་ནོར་ན་ཡ་མཚན་རེད།
ཁོང་ཚོ་ཚང་མས་ནོར་ན་ངས་ཏན་ཏན་ནོར་ཡོད་རེད། ངེད་ཀྱིས་ཡོངས་གྲགས་ལ་གཞིར་བཞག་བྱས་པ་ཡིན།
ཡང་འགའ་ཞིག་གིས་དར་ལྕོག་དེ་དགོས་པ་གང་གི་ཆེད་དུ་འཛུགས་ཀྱི་ཡོད་མེད་རག་ལས་ཀྱི་རེད་ཅེས་གསུང་མཁན་ཡང་འདུག
གང་ལྟར་ཁྱེད་ཀྱིས་གསུངས་པ་འདི་ལེགས་བཤད་ཅིག་རེད་འདུག འདི་གཞི་ལ་བཞག་ནས་ད་དུང་བརྟག་དཔྱད་དང་ཉམས་ཞིབ་བྱེད་ཀྱི་ཡིན།
བྲ་གཡག་ལགས།
དྲི་བ་མང་པོ་བསྡེབས་ཤིག་ལ་སླེབས་ཡོང་དུས། ཚང་མར་ལན་ལམ་སེང་རྒྱག་ཐུབ་ཀྱི་མི་འདུག
ཁྱེད་ཀྱི་དྲི་བ༡༽《ཉེས་པ་ནས་ལེགས་པར་འགྲོ་བ།》ཞེས་པ་ནོར་བ་འདྲ། དེའི་ཚབ་ཏུ་《ཉེས་པ་ནས་ལེགས་པར་གྲོལ་བ།》ཞེས་དགོས་སྙམ།
ལན་༡༽ ངས་གོང་གི་དེ་གཉིས་ལ་ཁྱད་པར་དེ་ཙམ་མཐོང་གི་མི་འདུག་ལགས། ཉེས་པ་ནས་ལེགས་པར་འགྲོ་བ་ཞེས་པ་ནི། དཔེར་ནད་པ་ནས་ནད་མེད་པའི་བདེ་ཐང་ཐོག་འགྲོ་བ་ཟེར་བའི་ཚོད་རེད།
དྲི་བ་༢༽ ༼གཉིས་པ། རླུང་རྟའི་སྲོག་ཆགས་རྣམས་ཀྱི་མཚོན་དོན་དུ། རྟ་མཆོག་ནི་གར་ཡང་ཁྱབ་པས་ནམ་མཁའ་མཚོན། ཞེས་པར་གར་ཡང་ཞེས་པ་ཅུང་མི་བདེ་སྙམ། དེའི་ཚབ་ཏུ་རྟ་མཆོག་ནི་གང་དུ་ཡང་ཁྱབ་པས་ནམ་མཁའ་མཚོན། ཞེས་བཤད་ན་མི་ལེགས་སམ༽
ལན་༢༽ “གར་ཡང” ནི་གཙུག་ལག་གི་ཐ་སྙད་རེད། “ག་དུ་ཡང”ནི་ཕལ་སྐད་ལྟ་བུ་རེད། དོན་དག་གཅིག་པ་ཡིན་གཅིག་རྐྱང་རེད། དཔེར་ན་རྗེ་གུང་ཐང་པའི་ཆུ་ཤིང་གི་བསྟན་བཅོས་ལས། ཟབ་མོའི་དེ་ཉིད་འབྱེད་པ་ལ། །ཐོག་མར་དགག་བྱ་ངེས་དགོས་ཏེ། །རྒྱ་མཚོར་ནོར་བུ་ལེན་པ་ལ། །འཇིགས་པ་“གར”ཡོད་ཤེས་པ་གཅེས། །ཞེས་གསུངས་པ་ལྟར་རོ། །
གཞན་ཡང་། རྗེ་དབུ་མ་དགོངས་པ་རབ་གསལ་ལས། དེ་ཡང་གོ་བ་ཙམ་དང་ལན་འགའ་ཟུང་ཙམ་གོམས་པས་ནི་“གར་ཡང”མི་ཕྱིན་པས། ཞེས་གསུངས་པ་ལྟར་རོ། །ད་དུང་ཤིན་ཏུ་མང་ངོ་། །
དྲི་བ་༣༽ ༼གསུམ་པ། མཐའ་འགྲིལ་གྱི་ཚོས་གཞི་བཤད་པའི་ཁྲོད་དུ། 《འབྱུང་ཁམས་ས་ཡིན་པའི་བ་དན་གྱི་གཞིར་སེར་པོ།》 ཞེས་གསུངས་ཀྱང་། ཕལ་ཆེར་《འབྱུང་ཁམས་ས་ཡིན་པའི་བ་དན་གྱི་གཞིར་སེར་པོ།》ཞེས་ཡིན་སྙམ་པས་དེ་ལྟར་ཡིན་མིན་གཟིགས་རོགས།༽
ལན་༣༽ ཁྱད་པར་མཐོང་མ་སོང་། ཁྱེད་ཀྱིས་ཡིག་ནོར་ཡིན་ནམ།?????
དྲི་བ་༤༽༼བཞི་པ། ཟླ་བའི་མར་སྨད་ཅེས་པ་ཟླ་བའི་ཚེས་ ༢༥ མན་ཆད་དུ་བརྩིས་སམ། དེ་བཞིན་དེར་མར་སྨད་ཚེས་གྲངས་དྲུག་ལས་མི་གསལ་བས། དེ་དག་ཟླ་བ་གང་དང་གང་གི་ཚེས་གྲངས་ཡིན་ནམ༽
ལན་༤༽དེ་ཐུགས་ཁག་མི་འདུག་ངེད་ཀྱི་ཚིག་མཛོད་ནང་། རེའུ་མིག་གསལ་པོ་བཀོད་ཡོད། འདིར་དྲ་རྒྱའི་ཐོག་འགོད་དུས་རེའུ་མིག་དེ་ཡོང་གི་མི་འདུག དགོངས་དག
ཟླ་བའི་གྲངས 1 2 3 4 5 6 7 8 9 10 11 12 ཡར་ངོའི་ཚེས་གྲངས 10 7 4 1 10 7 4 1 10 7 4 1 མར་ངོའི་ཚེས་གྲངས 22 19 16 13 22 19 16 13 22 19 16 13 མར་སྨད་ཚེས་གྲངས 28 28 28 25 28 25
དྲི་བ་ལྔ་པའི་ལན༽རིག་པའི་རྡོ་རྗེ་ལགས་ངེད་གཉིས་ཀྱི་བགྲོ་གླེང་ལས་ཤེས་པར་བྱའོ། །
རིག་པའི་རྡོ་རྗེ་ལགས།
ཅིག་བརྗེད་འདུག ཁྱེད་གསུང་བ་དེ་བདེན་པ་རེད། འདིའི་ནང་མི་འགའ་ཞིག་འདུག ཁོང་ཚོས་དོན་མེད་ཀྱི་མིའི་སེམས་ལ་ཧ་ཅང་གཟན་པོ་དང་སུན་གཙེར་ཆེན་པོ་བཟོ་གི་འདུག དོན་མེད་དཀྲོག་གཏམ་དང་ཕུང་དཀྲོལ་རིགས་མ་གཏོགས་ཁོང་ཅག་ཤོད་ཡ་མི་འདུག
གངས་གཡག་ཟེར་བའི་ཁྱི་རྒན་དེ་དང་གཅིག
ཚུལ་ཁྲིམས་མཐར་ཕྱིན་ཟེར་བ་ཁྱི་རྒན་དེ་དང་གཉིས།
ཐེམ་ཆེན་ཟེར་བའི་ཁྱི་རྒན་དེ་དང་གསུམ་པོ། རྒྱ་མིའི་གསང་ཉུལ་ཟེར་གྱི་འདུག ཏན་ཏན་ཡིན་ས་འདུག
དངོས་གནས་ཁོང་ཚོའི་རིགས་འདི་གད་སྙིགས་དངོས་གནས་རེད་འདུག
དངོས་གནས་བྱས་ན་དྲ་དཔོན་གྱིས། དོན་མེད་ཀྱི་རྙོག་ཁ་བཟོ་མཁན་དེ་ཚོ་ལ་སྟངས་འཛིན་གནང་ན་ཡག་པོ་འདུག
ཁོང་ཅག་མ་མཉན་ན་ཡོང་མི་འཇུག་པར་ཉེས་ཆད་གཏོང་ན་ཡག་པོ་འདུག་ག
ང་ཉིན་ཤས་ཤིག་ལ་སེམས་སུན་པོ་ཞེ་དྲག་བྱུང་། ད་ཕལ་ཆེར་འདི་ངའི་མཆན་དང་རྩོམ་ཡིག་ཐ་མ་དེ་ཡིན། རྩོམ་ཡིག་འཇོག་ས་གཞན་ཞིག་ཡོད་ན་དེར་འཇོག་དགོས་འདུག་སྙམ།
སྤྱིར་བཏང་འདི་དྲ་རྒྱ་ཧ་ཅང་ལེགས་པ་ཞིག་ལ། ཁྱི་རྒན་གཅུ་ཏོ་འགའ་ཤས་འདུག
ཡ་བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ།
སྒོམ་སྡེ་ལགས།
ཁྱེད་ཀྱིས་གསུངས་པ་བདེན་པ་རེད། བོད་གཞུང་སྨན་རྩིས་ཁང་གི་རྩིས་པ་རྣམས་ཀྱིས་ཀྱང་ནོར་བ་རེད་ཟེར་ན་ཡ་མཚན་གྱི་གནས་རེད། འོན་ཀྱང་ནོར་ཡོད་པ་མངོན་སུམ་རེད། རྩིས་ཡག་པོ་ཤེས་མཁན་ཡིན་ན་ཤེས་ཀྱི་རེད། དེ་མིན་སུས་ཀྱང་ཁས་ལེན་གྱི་མ་རེད། སྐུ་ཉིད་ལ་སྨན་རྩིས་ཁང་ན་ངོ་ཤེས་ཡོད་ན་དེ་འདྲ་ཤོད་བཞིན་འདུག་ཅེས་གསུང་རོགས་གནོངས།
གནད་དོན་འདི་ལུང་རིགས་གཉིས་ཀྱི་ཐོག་ནས་སྒྲུབ་ཐུབ་ཀྱི་རེད། ཡིན་ན་ཡང་རྒྱལ་ཁ་ཁོང་ཚོར་ཐོབ་ཀྱི་རེད། རྒྱུ་མཚན་ངས་ཤོད་བཞིན་པ་དེ་ཕོ་རོག་དཀར་པོར་བསྒྱུར་བ་དང་གཅིག་པ་ཆགས་ཡོད།
ཡིན་ན་ཡང་། ཡང་བསྐྱར་དེའི་ཆེད་རྒྱུ་མཚན་གཉིས་བཀོད་ན་འདོད། དཔེར་ན་༧གོང་ས་མཆོག་གི་ཁམས་མཐུན་རླུང་རྟའི་ཁ་དོག་དམར་པོ་ཡིན་པའི་རྒྱུ་མཚན་གཉིས་ཡོད། དང་པོ་ཕག་ལུག་ཡོས་གསུམ་ལོ་བའི་རླུང་རྟའི་ལྷ་མེ་སྦྲུལ་རེད། འདི་གཅིག་རེད། གཉིས་པ་དེ་༧གོང་ས་མཆོག་གི་དགུང་སྙིང་ཤིང་ཕག་རེད། ཤིང་ཕག་གི་རླུང་རྟའི་ཁམས་མེ་རེད། འདི་གཉིས་རེད། བོད་ཀྱི་འབྱུང་རྩིས་ཤེས་མཁན་ཞིག་ཡིན་ཕྱིན་དེ་མ་རེད་ཟེར་གྱི་མ་རེད། རྩིས་ཤེས་མཁན་ཚོར་དྲིས་དང་ཆོག ངས་བལྟས་ན་ཁོང་ཚོས་༧གོང་ས་མཆོག་གི་རླུང་རྟའི་ཁམས་མེ་ཡིན་པ་དང་། རླུང་རྟའི་ལྷ་མེ་སྦྲུལ་ཡིན་པ་ཤེས་ཀྱང་། རླུང་རྟའི་དར་ཅོག་གི་ཁ་དོག་རླུང་རྟ་དང་རླུང་རྟའི་ལྷའི་དབང་ཁམས་ལ་བྱེད་དགོས་པ་མ་ཤེས་པ་འདྲ།
གང་ལྟར་ངེད་གཉིས་ཀྱི་ནང་ནས་ཀྱང་ཁྱེད་རྒྱལ་སོང་བ་རེད། རྒྱུ་མཚན་ཁྱེད་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད། ང་ལ་གཅིག་ཀྱང་མེད་པས་མང་སྣ་ཉུང་གིས་བསྟེན་གྱི་མ་རེད། དེང་སྐབས་ཚང་མས་མང་གཙོ་མང་གཙོ་ཟེར་བ་ལས། རྒྱུ་མཚན་ངོ་མར་བསམ་གཞིགས་བྱེད་མཁན་ཉུང་ཉུང་རེད།
སྐུ་རྩེད་ཞུས་པ་ཡིན། ང་རྒྱལ་ཁྱོད་ཕམ་གྱི་བསམ་བློ་གཏན་ནས་མེད། བགྲོ་གླེང་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན།
མུ་མཐུད་དུ་གླེང་རོགས།
ཨོ། ཧོ་ཧོ། གཡབ་རམས་པ་ཁྱི་ཚང་ནང་དུ་ལྷུང་འདུག་ག འབྲོག་ཁྱི་དེ་ཚོ་བཙན་པོ་ཡང་ཡོད་ནི་རེད། ད་ཅིག་ཅིག་དཀའ་རྒྱུ་རེད། གཡབ་རམས་པའི་ལག་ཆ་ཡང་ཁྱིའི་ཁ་ནང་དུ་ཤོར་སོང་ན། རྒན་མོ་དང་གྲྭ་ཕྲུག་ཆུང་ཆུང་ཚོར་སྟོན་རྒྱུ་མ་ལྷག་པ་རེད། ད་དོལ་འདྲེ་ལ་སྐད་བཏང་ན་མ་གཏོགས་ཐབས་ཤེས་གཞན་མི་འདུག་ག ལས་ངན་ཟེར་རྒྱོ་རེད་ཡ།
ཡང་ཐེམ་ཆེན་ཟེར་བའི་ཆོས་བརྒྱུད་ཆེན་པོའི་ལྔའི་གཤེད་མ་དེ་འདིར་ཡང་སླེབས་ཚར་འདུག
ཀེ་དམ་ཉམས། རྒྱ་སྐྱག་པ་ཟ་མཁན། མིའི་ཐ་མ། སྐྱག་པ་ཟ་ཨ། ཁྱིར་ཀོག་ཀེ།
ཐེམ་ཆེན་ཟེར་བ་ཁྱོད།
བསྟན་པའི་དགྲ་བོ་ཁྱོད་ཚོ།
སྐྱག་པོ་ཚ་པོ་ཚ་པོ་ཟོ་ཨ།སྐྱག་པོ་ཚ་པོ་ཚ་པོ་ཟོ་ཨ།སྐྱག་པོ་ཚ་པོ་ཚ་པོ་ཟོ་ཨ།སྐྱག་པོ་ཚ་པོ་ཚ་པོ་ཟོ་ཨ།སྐྱག་པོ་ཚ་པོ་ཚ་པོ་ཟོ་ཨ།སྐྱག་པོ་ཚ་པོ་ཚ་པོ་ཟོ་ཨ།སྐྱག་པོ་ཚ་པོ་ཚ་པོ་ཟོ་ཨ།སྐྱག་པོ་ཚ་པོ་ཚ་པོ་ཟོ་ཨ།སྐྱག་པོ་ཚ་པོ་ཚ་པོ་ཟོ་ཨ།སྐྱག་པོ་ཚ་པོ་ཚ་པོ་ཟོ་ཨ།སྐྱག་པོ་ཚ་པོ་ཚ་པོ་ཟོ་ཨ།སྐྱག་པོ་ཚ་པོ་ཚ་པོ་ཟོ་ཨ།སྐྱག་པོ་ཚ་པོ་ཚ་པོ་ཟོ་ཨ།སྐྱག་པོ་ཚ་པོ་ཚ་པོ་ཟོ་ཨ།
སློབ་དཔོན་པད་འབྱུང་གིས་ཁྱོད་ཀྱི་བུ་བརྒྱུད་དང་བཅས་པ་སྟོང་པར་ཤོག
གད་སྙིགས་སྐྱག་ཟན། པང་གོ། ཁྱིར་ཀོག་ཀེ།
སྐྱག་པོ་ཚ་པོ་ཚ་པོ་ཟོ་ཨ།
པང་གོ་ཀེ
རྒྱ་མིའི་སྐྱག་པ་ཟ་མཁན།
རྒྱ་སྐྱག་ཟ་མཁན། དོ་རྒྱལ་ཚོགས་པ་ཀེ།རྒྱ་སྐྱག་ཟ་མཁན། དོ་རྒྱལ་ཚོགས་པ་ཀེ།རྒྱ་སྐྱག་ཟ་མཁན། དོ་རྒྱལ་ཚོགས་པ་ཀེ།རྒྱ་སྐྱག་ཟ་མཁན། དོ་རྒྱལ་ཚོགས་པ་ཀེ།རྒྱ་སྐྱག་ཟ་མཁན། དོ་རྒྱལ་ཚོགས་པ་ཀེ།རྒྱ་སྐྱག་ཟ་མཁན། དོ་རྒྱལ་ཚོགས་པ་ཀེ།རྒྱ་སྐྱག་ཟ་མཁན། དོ་རྒྱལ་ཚོགས་པ་ཀེ།རྒྱ་སྐྱག་ཟ་མཁན། དོ་རྒྱལ་ཚོགས་པ་ཀེ།རྒྱ་སྐྱག་ཟ་མཁན། དོ་རྒྱལ་ཚོགས་པ་ཀེ།རྒྱ་སྐྱག་ཟ་མཁན། དོ་རྒྱལ་ཚོགས་པ་ཀེ།རྒྱ་སྐྱག་ཟ་མཁན། དོ་རྒྱལ་ཚོགས་པ་ཀེ།རྒྱ་སྐྱག་ཟ་མཁན། དོ་རྒྱལ་ཚོགས་པ་ཀེ།རྒྱ་སྐྱག་ཟ་མཁན། དོ་རྒྱལ་ཚོགས་པ་ཀེ།རྒྱ་སྐྱག་ཟ་མཁན། དོ་རྒྱལ་ཚོགས་པ་ཀེ།རྒྱ་སྐྱག་ཟ་མཁན། དོ་རྒྱལ་ཚོགས་པ་ཀེ།རྒྱ་སྐྱག་ཟ་མཁན། དོ་རྒྱལ་ཚོགས་པ་ཀེ།རྒྱ་སྐྱག་ཟ་མཁན། དོ་རྒྱལ་ཚོགས་པ་ཀེ།རྒྱ་སྐྱག་ཟ་མཁན། དོ་རྒྱལ་ཚོགས་པ་ཀེ།རྒྱ་སྐྱག་ཟ་མཁན། དོ་རྒྱལ་ཚོགས་པ་ཀེ།རྒྱ་སྐྱག་ཟ་མཁན། དོ་རྒྱལ་ཚོགས་པ་ཀེ།
སྒོམ་སྡེ་ལགས།
ངས་དྲི་བ་གསུམ་པ་དེ་ལ་ཟློས་སྐྱོན་བྱུང་འདུག་ན། དགོངས་དག་ཞུ། སླར་ཡང་ཞུ་རྒྱུ་ལ། འབྱུང་ཁམས་ས་ཡིན་པའི་བ་དན་གྱི་གཞི་སེར་པོ། ཞེས་པར་མཐའ་འགྲིལ་གང་འདྲ་དགོས་མིན་ཆད་འདུག་པས། མཐའ་འགྲིལ་ཁ་དོག་གང་འདྲ་དགོས་ཁ་སྐོང་གནང་རོགས།
བྲག་གཡག་ལགས།
ཐུགས་ཞིབ་ཡག་པོ་ཞེ་དྲག་གནང་འདུག ཐུགས་རྗེ་ཆེ།
ཁྱེད་ཀྱི་དྲིས་ལན་གཤམ་དུ་གཟིགས།
(ཤིང་ལྗང་ཁུ། མེ་དམར་པོ། ས་སེར་པོ། ཆུ་སྔོན་པོ། ལྕགས་དཀར་པོ)
༡ ཤིང=(གཞི་ཤིང)ལྗང་ཁུ=(མཐའ་འགྲིལ་ཆུ)སྔོན་པོ། (ཤིང་མ་ཆུ)
༢ མེ=(གཞི་མེ)དམར་པོ=(མཐའ་འགྲིལ་ཤིང)ལྗང་། (མེ་མ་ཤིང)
༣ ས=(གཞི་ས)སེར་པོ=(མཐའ་འགྲིལ་མེ)དམར་པོ། (ས་མ་མེ)
༤ ཆུ=(གཞི་ཆུ)སྔོན་པོ=(མཐའ་འགྲིལ་ལྕགས)དཀར་པོ། (ཆུ་མ་ལྕགས)
༥ ལྕགས=(གཞི་ལྕགས)དཀར་པོ=(མཐའ་འགྲིལ་ས)སེར་པོ། (ལྕགས་མ་ས)
སྒོམ་སྡེ་ལགས།
དུས་ཐོག་ལན་འདེབས་གནང་བར་ཐུགས་རྗེ་ཆེ། ད་ཁྱེད་ཀྱིས་རབ་གནས་ཐོག་ལ་ལུང་རིགས་གཉིས་ལྡན་གྱི་རྩོམ་ཞིག་འགོད་ཐུབ་ན་དགེ་མཚན་ཆེ། འདིར་རབ་གནས་ཞེས་པ་ལོ་རྒན་དྲུག་ཅུའི་རབ་གནས་མིན་བར་རབ་ཏུའམ་བརྟན་པོར་གནས་པའི་རབ་གནས་ཐོག་ལ་ཡིན། དུས་ཚོད་འགོར་ཡང་སྐྱོན་མི་འདུག གང་ལྟར་རིང་མིན་དེའི་ཐོག་རྩོམ་ཞིག་འབྱུང་ན་ཆོག སླར་ཡང་ཐུགས་རྗེ་ཆེ།
སྒོམ་སྡེ་ལགས།
ཡང་ཁྱེད་ལ་ཐུགས་སུན་ཞིག་མི་བཟོ་ཐབས་མེད་བྱུང་སོང་བས་དགོངས་དག་ཞུ་བ་ཡིན།
རླུང་རྟ་དང་རླུང་རྟའི་དར་ལྕེ། དེའི་མཐའ་འགྲིལ་ལམ་མཐའ་ཤན་སོགས་བོད་ཀྱི་འབྱུང་རྩིས་ཀྱི་ལུགས་ཡིན་ལ། འབྱུང་རྩིས་སུ་དེའི་སྐོར་གསལ་བོར་ཡོད་པས། རང་བཟོ་བྱེད་པའི་ངལ་བ་བརྟེན་མི་དགོས། དེས་ན་རླུང་རྟའི་ཁ་དོག་ལྗང་ཁུ་ཡིན་ན། མཐའ་འགྲིལ་ལམ་མཐའ་ཤན་གྱི་ཁ་དོག་དཀར་པོ་བྱེད་དགོས། རྒྱུ་མཚན་ཤིང་དགྲ་ལྕགས་ཟེར་བ་རེད། ནང་ནས་ཕྱིར་བརྩིས་ན་དགྲ་འཕྲད་ཡིན་དགོས། དེའི་རྒྱུ་མཚན་དགྲ་བོ་མཐའ་ནས་འདུལ་བའི་རྟེན་འབྲེལ་རེད། དེ་ནས་ལྕགས་ནས་ནང་དུ་ཚུར་བརྩིས་ན་ལྕགས་གྲོགས་ཤིང་ཟེར་བ་རེད། དེ་ནི་དངོས་གྲུབ་ནང་དུ་འགུག་པའི་རྟེན་འབྲེལ་རེད། དེ་ལྟར་དུ་རྩིས་གཞུང་ལས་དགྲ་ཡིས་རིམ་པས་ཞེས་གསུངས་ཡོད།
དེ་མིན་ཤིང་མ་ཆུ་ཟེར་བ་ལ་དགོས་པ་རྒྱུ་མཚན་ཅི་ཡང་མེད་ལ། ཁོངས་ཡང་མེད་དོ།། གལ་ཏེ་མ་འཕྲད་ཀྱིས་ཆོག་ན་བུ་འཕྲད་དང་གྲོགས་འཕྲད་ཀྱིས་ཀྱང་ཅིས་ཕྱིར་མི་ཆོག་གམ། འདི་ནི་རླུང་རྟའི་མཐའ་ཤན་ཁོ་ན་མ་ཡིན་པར་སྲུང་འཁོར་གྱི་བྲན་འབྱུང་ལྔའི་ཁ་དོག་ལྟར་བྱེད་སྐབས། བརྩི་བྱ་གང་ཡང་རུང་བའི་སྐབས་བབ་ཁམས་ཀྱི་དགྲ་ཐོག་ནས་རྩིས་ཏེ་འབྱུང་ལྔའི་ཁ་དོག་ལྟར་བྱེད་ཀྱི་ཡོད་ལ། ཕྱི་ནས་ནང་དུ་བརྩིས་ན་གྲོགས་འཕྲད་ཡིན་པའི་དགོས་པ་རྒྱུ་མཚན་གོང་དང་གཅིག་མཚུངས་ཡིན་ནོ།།
རིག་པའི་རྡོ་རྗེ་ལགས།
ཁྱེད་ཀྱིས་དགོངས་ཚུལ་གསུངས་པར་གོང་ཞུས་ལྟར་ཐུགས་རྗེ་ཆེ་ཞུ་བ་ཡིན། འདི་ཡང་གོང་དང་འདྲ་བར་ལུགས་མི་མཐུན་པ་གཉིས་བྱུང་བ་དེས་རེད།
གང་ལྟར་ཁྱེད་ཀྱི་དགོངས་ཚུལ་འདི་ཡང་ངེད་ནས་གཅེས་སྤྲད་ཀྱིས་ཚིག་མཛོད་ནང་འགོད་འཇུག་བྱས་ཡོད།
ཕྱོགས་གཉིས་ཀའི་འདོད་ཚུལ་བཀོད་ཡོད། དེར་བརྟེན་ཐ་མའི་ཐག་གཅོད་དེ་མི་སྒེར་སོ་སོས་གནང་རོགས།
ད་ངོས་ནས་དུས་བབ་ཐོག་ཟིན་བྲིས་འཇོག་རྒྱུ་འགོ་བཙམས་ཟིན་པ་ཡིན་པས། དོན་གཉེར་ཅན་དང་། བོད་ཀྱི་ཆོས་དང་རིག་གཞུང་ལ་ཞེན་པ་དཀར་བའི་མཁྱེན་ལྡན་ཚོས་ལུང་རིགས་ཀྱི་ལམ་ནས་དགོངས་ཚུལ་དང་དག་འཐེར་ཅིས་ཀྱང་ཡོང་རྒྱུའི་རེ་འདུན་ཞུ་ལགས།
༼དུས་བབ༽ནང་མཇལ་ཡོང་།
བཀྲ་ཤིས་བདེ་ལེགས།
སྒོམ་སྡེ་ལགས། ཁ་བརྡ་ལས་བྲོས་བྱོལ་དགོས་པའི་རྒྱུ་མཚན་གང་། དུས་བབ་ནང་ནས་ཀྱང་མཇལ་ཆོག། ཁ་བརྡ་ནང་དུ་གད་སྙིགས་མང་དྲག་ནས་བྲོས་པ་མིན་ཤས་ཆེ། དྲྭ་རྒྱའི་ཐོག་ཏུ་ཡང་དྲྭ་གྲོགས་རྣམས་ཀྱིས་ནུབ་ཕྱོགས་ཀྱིས་ཆབ་སྲིད་ཁྱེར་ནས། ཕན་ཚུན་འགྲན་རྩོད་ཡོད་པ་དེ་ཤེས་མ་སོང་བས། གང་ལྟར་ཁ་ཤས་ཀྱི་དམིགས་ཡུལ་དེ་འགྲུབ་འགྱུར་རེད།