སྐྱ་རེངས།
རླུང་ལྡང་བའི་མཚན་མོ་དེར།
ཅི་ཕྱིར། ཁྱོད་བདག་གི་སྒོ་འགྲམ་དུ་འགྲེང་ནས་བསྡད་པ་ལགས།
བདག་གིས་སྒྲོན་མེ་སྦར་ཡང་། དེ་དེ་མ་ཉིད་བསུམས་པར་གྱུར།
“ཀྱེ་ཁྱོད་ཀྱི་དྲན་ནམ། དེ་ནི་ཟླ་བདུན་པའི་ཆར་སྨག་སྟུག་པའི་མཚན་མོ་ཞིག་ཡིན་པ་དྲན་ནམ།”
རླུང་ལྡང་བའི་མཚན་མོ་དེར།
ཅི་ཕྱིར། ཁྱོད་ཀྱིས་བདག་ལ་ཚིག་གཅིག་ཀྱང་མི་སྨྲ་བར་ལགས།
བདག་གིས་སྐྲ་ལོ་རྣམས་ཞིག་ཅིང་། མཚལ་མདོག་གི་སྟོད་གོས་དང་ཆུ་རས་ཀྱི་སྨད་གཡོགས་མནབས་ཏེ།
མཚན་གང་བོར་ཁྱོད་ལ་བསྒུགས་པར་གྱུར།
“ཀྱེ་ཁྱོད་ཀྱིས་དྲན་ནམ། དེ་ནི་ཟླ་བདུན་པའི་ཆར་སྨག་སྟུག་པའི་མཚན་མོ་ཞིག་ཡིན་པ་དྲན་ནམ།”