གླིང་གཅེར་བུ།
སེམས་ཀྱི་དུང་བ་ཡུལ་ལ་ཤོར་ཡོད་རེ་བའི་འདུན་པ་ཞེ་ན་འཚང་།།
མི་ལོ་དུ་མའི་ས་མཐའི་སྡུག་ཡུས་ཡ་ཁོག་བྲང་ན་གསལ་ནས་ཡོད།།
ཕ་ཡུལ་ཕུ་ནུ་དྲན་པའི་གདུང་བ་མིག་ཆུས་སེམས་ལ་བྲིས་ནས་ཡོད།།
འཕྲེང་ཞེན་མིག་གིས་ཅེར་རེར་བལྟ་བའི་ཕ་མ་རྣམ་གཉིས་ལྷག་ཏུ་དྲན།།
འདི་ལྟར་བསམ་བཞིན་ཞིབ་འདང་འདུ་འཛིའི་ཁྲོམ་ར་འགྲིམ་གྱུར་ན།།
འདས་དོན་མང་པོའི་དྲན་པ་ཞིག་གིས་ལུས་སེམས་ཡང་ཡང་མནར་ནས་ཡོང་།།
རྒྱ་ལ་ཤོར་བའི་གོམ་ཁ་ཡུལ་ལ་རྒྱལ་ཁའི་བཀྱག་འདོད་སྐྱེས་་ན་ཡང་།།
ལྕགས་ཀྱི་གདུབ་བུའི་ཁྲིམས་ལུགས་གནའ་ཤིང་དུས་འདིར་ང་ལ་གཏད་ནས་འདུག།
ཡིད་ཐད་ཆད་པའི་མགོ་བོ་སྐྱོར་བཞིན་ཤུག་རིང་ནར་མོ་ལན་དགུར་འཐེན།།
མི་འདོད་ཐོག་ལ་བབ་པའི་ལས་ལ་སྒོམ་བཞིན་རང་ལ་གོ་བརྡ་སྤྲད།།
འདི་ནི་ང་ཡི་ད་ལྟའི་འཚོ་བའི་བཅོས་མིན་གསལ་བའི་ཁ་དོག་ཉིད།།
༢༠༡༣།༨།༡ ཉིན།