ཁ་བརྡའི་མཆན་ལས་དྲངས།
བཀྲ་ཤིས་ཀྱིས།
——-
རྒན་ལ་དྭགས་པ་འདིར་ཡང་ཡང་ཕེབས་ཀྱི་འདུག་པས་དྭོགས་འདྲི་ཞུ་རྒྱུ་འགའ་ཡོད་ལགས།
དང་པོ། ཉིད་ཀྱིས་ཡི་གེ་དག་པར་འབྲི་དགོས་པའི་ཁུངས་བཙན་པོ་ཞིག་ནི་དགེ་འདུན་ཆོས་འཕེལ་གྱི་ལུང་དེ་ཡིན། དགེ་འདུན་ཆོས་འཕེལ་གྱིས་བོད་སྐད་ལ་འགྱུར་བ་ཞིག་གཏོང་དགོས་པ་འདུག་ཅེས་དྲན་ནས་ལུང་དེ་གསུངས་འདུག ཁོང་གིས་མཐའ་གཅིག་ཏུ་ཕལ་སྐད་འབྲི་བ་འདི་མ་རུང་ཞེས་གསུངས་མི་འདུག འདི་ལ་དགོངས་ཚུལ་གང་ཡོད།
གཉིས་པ། དེང་སང་གི་སྐད་བརྡ་རིག་པའི་གཞུང་ལུགས་ནང་ན། སྐད་དང་སྐད་ཡིག་ཟེར་བ་འདི་འགྱུར་བ་འགྲོ་བ་ནི་སྐད་དང་སྐད་ཡིག་གཉིས་ཀ་གསོན་པོ་ཡིན་པའི་རྐྱེན་གྱིས་ཡིན་ཞེས་བཤད་ཡོད་པ་འདྲ། དེས་ན་བོད་ཀྱི་སྐད་འགྱུར་བ་ཡང་རིགས་པ་འདིས་མཚོན་པ་མིན་ནམ།
གསུམ་པ། ཉིད་ཀྱིས་ཁུངས་བཙུན་པར་བཞེད་པའི་བཀའ་བསྟན་དང་རྗེ་ཡབ་སྲས་ཀྱི་གསུང་འབུམ་སོགས་ན་ཡང་ལུང་ཚན་བྱེ་བྲག་པའི་ཡུལ་སྐད་མང་ཙམ་ཡོད་པ་འདྲ་ལ། མཐར་གཏུགས་ན་བཀའ་བསྟན་གྱི་སྐད་དེ་ཡུལ་ཡར་ལུང་གི་སྐད་རང་ལ་ཆ་བཞག་པ་རེད་ཅེས་བོད་ཀྱི་མཁས་པ་ཞིག་གིས་གསུངས་སོང་། འདི་ལ་དགོངས་ཚུལ་གང་ཡོད།
བཞི་པ། ཡིག་སྐད་དུ་ བསྒྲུབ་ སྒྲུབ་ བསྒྲུབས་ སྒྲུབས་ ཞེས་པས་དུས་གསུམ་སྟོན་ཐུབ་ཀྱང་། ཁ་སྐད་དུ་འདི་ལ་ཚིག་གྲོགས་ཀྱི་རམ་མ་བཏེགས་པར་དུས་གསུམ་སྟོན་ཐུབ་པ་མི་འདུག་སྟབས། འདི་ལ་ཐབས་ཅི་ཡོད།
ལྔ་པ། ཡིག་སྐད་དུ་ཕལ་ཆེར་མི་སྤྱོད་མོད་ཁ་སྐད་དུ་ངེས་པར་དགོས་པ་དཔེར་ན། བློ་བཟང་གིས་རྟ་ཉོས་སོང་། བློ་བཟང་གིས་རྟ་ཉོས་པ་རེད། ལྟ་བུའི་ཁྱད་པར་རྣམས་ཡལ་བར་འདོར་དགོས་སམ།
དྲུག་པ། རེད་ཅེས་པའི་ཚིག་འདི་ལ་མཚོན་ནའང་། ཕལ་ཆེར་བཀའ་བསྟན་སོགས་སུ་བྲིས་པ་མེད་པ་འདྲ་བས་ན། ད་ལྟ་འབྲི་མི་རུང་བ་ཡིན་ནམ།
འདི་དག་ལ་དགོངས་ཚུལ་ཞིག་གསུངས་རོགས་གནང་། ཉིད་ཀྱིས་ཡི་གེའི་ཞབས་འདེགས་སུ་དམིགས་ནས་ལོ་མང་པོའི་རིང་དཀའ་བ་སྤྱད་པ་ལ་རྗེས་སུ་ཡི་རངས་ཡོད་ལགས།
__________________________________
བཀྲ་ཤིས་ལེགས། བཀའ་དྲི་མཛད་པར་འཐད་ལྡན།
རང་བློས་ཇི་ལྟར་ཤེས་པ་བཞིན་ལན་ཞུ།
དང་པོའི་ལན། བོད་རྣམས་ཡིག་སྐད་ཀྱི་སྒོ་ནས་གཅིག་ཏུ་སྒྲུབ་པ་ལ་བོད་རིག་གཞུང་སྐད་དེ་མེད་དུ་མེ་རུང་བ་རང་རེས་མངོན་སུམ་གྱིས་གྲུབ། དགེ་འདུན་ཆོས་འཕེལ་གྱི་ལུང་དེ་རང་རེས་འདི་ལ་དོ་སྣང་བྱེད་དགོས་པའི་གྲོགས་སུ་སྣང་། ཕལ་སྐད་དུ་འབྲི་བ་ལ་དགོས་པ་ཆེ་བ་ཡོད་ན། ངེས་པར་འབྲི་དགོས། བོད་ཡོངས་ཀྱིས་གོ་བ་ལ་ངེས་པར་དུ། ཡིག་སྐད་དམ་ཆོས་སྐད་དུ་འབྲི་དགོས།
གཉིས་པའི་ལན། སྐད་འའགྱུར་བཞིན་འགྲོ་བར་འདོད་པ་དེ་བདེན། འོན་ཀྱང་ཡི་གེར་བཀོད་དེ། ཡོངས་གྲགས་ཆགས་པ་དེ་མ་ཉམས་པར་སྐྱོང་དགོས། ལོ་བརྒྱ་ཕྲག་སྔོན་དུ། ཨ་རིར་ཨིན་སྒྲ་མང་པོར་དག་ཆ་ཁ་ནས་མ་འབོད་པོ་དེ་དག་མེད་པར་བྱས་པ་ན། ཡི་གེའི་དག་ཆ་ལ་དགའ་བའི་མི་མང་པོ་མི་སྐྱིད་པར་ཆགས། དག་ཆ་སྒྱུར་ཆོག་པ་ལ་ལག་རྟགས་རྒྱབ་མཁན་སྲིད་འཛིན་དེ་ལ་སླར་སྲིད་འཛིན་གྱི་འོས་ཤོག་བསྡུས་པ་ན་ཕམ་ཕོག་སྟེ། གསར་ཤོག་ཏུ་ཡི་གེ་དག་ཆར་བཅོས་སྒྱུར་ཞེས་མགོ་བརྗོད་བྲིས་ཏེ་གོ་རྒྱུ་བཏང་ཡོད་ཅེས་བཤད་པ་ཐོས། གང་ལྟར་སྲིད་འཛིན་དེ་ཡིས་ལག་རྟགས་བརྒྱབསཔས། ཨ་རིའི་ལུགས་ལ་ཨིན་སྒྲ་འགའ་ཤས་ཀྱི་དག་ཆ་རྒྱལ་ཁབ་གཞན་དག་དང་མི་མཐུན་པ་དཔེར་ན། colour ཞེས་པར་color ཞེས་སོ། འོན་ཀྱང་ཨིན་ཡུལ་སོགས་སུ་སྔར་ལུགས་དག་ཆ་ལ་སྒྱུར་བཅོས་མེད་པར་བརྟན་པར་ཆགས། །གཞན་ཡང་། རྒྱ་གར་སྐད་ལ་དཔེར་ན། དྷ་རྨ། ཞེས་པ་ལོ་གཉིས་སྟོང་ལྔ་བརྒྱ་སྔོན་ཟུར་ཆག་སྟེ། དྷ་མམ། ཞེས་འབོད་ཀྱང་། ལེགས་སྦྱར་སྐད་ལ་གཅེས་པ་དག་གི་འབད་པས། དྷ་མམ། ཟུར་ཆག་པ་ལས་གསོས་ཏེ། ད་ལྟ་ལེགས་སྦྱར་དུ་མ་ཟད་ཧིནདི་སྐད་དུ་ཡང་། དྷ་རྨ། ཞེས་འདོན་ཞིང་འབྲི། དེ་བཞིན་དུ་རང་རེ་བོད་ཀྱིས་་ཀྱང་ཡོངས་གྲགས་ཆགས་པའི་མིང་སྒྲ་རྣམས་འགྱུར་དུ་མ་འཇུག་པར་སྔར་བཞིན་འདོན་པ་ལ་འབད་དེ་ཡི་གེའི་དག་ཆ་རྣམས་སྲུང་དགོས་པར་མཐོང་།
གསུམ་པའི་ལན། དཔེར་ན། བཀའ་འགྱུར་ན། མདོ་སྡེ་ལས་བརྒྱ་པ་ལ་དཔེར་མཚོན་ན། རང་རེས་མི་གོ་བའི་མིང་སྒྲ་འགའ་རེ་ཡོད་ཀྱང་། སྤྱིར་བཏང་བརྗོད་པ་དག་དང་། རབ་བྱེད་རྣམས་དིང་དུས་ལུང་སྐད་མི་འདྲ་བར་བྲིས་པ་དག་ལ་བལྟོས་ཏེ། ཤིན་ཏུ་ནས་གོ་བདེ་བར་མཆིས། ངས་ཡར་ལུང་སྐད་མི་ཤེས། བཀའ་འགྱུར་ན་ལ་དྭགས་གཤམས་ཕྱོགས་པའི་མིང་སྒྲ་དང་མཐུན་པ་མང་པོ་མཆིས། མདོ་སྡེ་མཛངས་བླུན་དུ། བྲན་མོ་དེ་ལ་མེ་ཏོག་རྒྱལ་བར་བྱིན། ཡར་ལུང་དུ། རྒྱལ་བ་ཞེས་པ་ལེགས་པའི་དོན་ལ་ད་ལྟ་ཟེར་རམ། ལ་དྭགས་གཤམ་དུ་ད་ལྟ་ཡང་རྒྱལ་བ་ཞེས་པ་ལེགས་པའི་དོན་ལ་བཀོལ། མདོ་སྡེ་ལས་བརྒྱ་པ་ན། ཝ་ལ་ཐེ་རེལ་ཟ་མཁན་ཞེས་བྲིས། ཐེ་རེལ། ལ་དྭགས་པ་ཡིག་སྐད་མི་ཤེས་པ་ཕལ་སྐད་ཤེས་པ་ཞིག་གིས་ཀྱང་དོན་བདེ་བླག་ཏུ་གོ་ཐུབ། ཡར་ལུང་ལ་ཁ་སྐད་དུ། ཐེ་རེལ་ཟེར་རམ། ངས་ལྷ་ས་ནས་ཕེབས་པ་བོད་ཡིག་མཁས་པ་ཞིག་ལ། ལ་དྭགས་ལ་དབྱུག་པ་ལ་འཕང་ཟེར། བོད་དབུས་སུ་ཟེར་རམ། ཞེས་དྲིས་པ་ན། མི་ཟེར་ཞེས་སོ། །འོན་ཀྱང་༡༩༨༧ ལོར་དགའ་ལྡན་དུ་ངས་སངས་སྒྱེ་མོ་གང་ཉོས། སངས་ཚོང་མ་གྲོང་པའི་བུ་མོ་ཞིག་ཡིན་པ་དེས་སངས་ཀྱི་སྒྱེ་མོ་དེ་རླངས་འཁོར་ནང་ལ་འཕང་ངམ། ཞེས་དྲིས་པ་ན། ངས་ཕོངས། ཞེས་སོ། དེས་ན་ངའི་བསམ་པར་བོད་ཀྱི་གྲོང་ཡུལ་དག་ཏུ་བཀའ་བསྟན་གྱི་མིང་སྒྲ་མང་པོ་ད་ལྟར་ཡང་སྔར་བཞིན་ཡོད་ངེས་ཞེས་སྙམ། དེ་བཞིན་དུ་ལ་དྭགས་ལ། འཇུ། ཞེས་པའི་མིང་སྒྲ་དེ་དཔེ་ཆོས་རིན་ཆེན་སྤུངས་པ་ན། ལ་དྭགས་པས་བཀོལ་པ་བཞིན་བཀོལ་ཡོད་པས་ན། གཅིག་ན། འཇུ། ཞེས་པ་དེ་འཕན་ཡུལ་གྲོང་དག་ན་ད་ལྟ་ཡང་ལ་དྭགས་པ་བཞིན་དུ་བཀོལ་བཞིན་ཡོད་ངེས།
བཞི་པའི་ལན། སྒྲུབ་ བསྒྲུབས་ བསྒྲུབ་ སྒྲུབས་ཞེས་པ་དི་དག་ཡུལ་ཡོད་བྱ་ཚིག་དང་། འགྲུབ་ གྲུབ་ འགྲུབ་ གྲུབ་ཅེས་པ་རྣམས་ཡུལ་མེད་བྱ་ཚིག་ཡིན་ཀྱང་། ཁ་སྐད་དུ་ས་མགོ་ཡོད་མེད་དང་། སྔོན་འཇུག་རྗེས་འཇུག་ཡོད་མེད་ཁྱད་མ་ཕྱེ་བར་འབོད་པས། ད་ལྟ་འདས་མ་འོངས་བསྐུལ་ཚིག་གི་ཁྱད་པར་ཕྱེ་མི་ཐུབ་ཀྱང་། གནའ་བོའི་ལུགས་བཞིན་སྒྲ་གདངས་མ་ཉམས་པར་ཀློག་ཐུབ་ན། ཚིག་གྲོགས་ཀྱི་རམ་འདེགས་མེད་ཀྱང་། སྔར་དུས་གསུམ་སྟོན་ཐུབ་ན། ད་ལྟ་ཡང་དེ་དག་སྟོན་ཅིས་མ་ཐུབ། ཐུབ་དགོས། འོན་ཀྱང་འདི་རིགས་ལ་རང་རེས་ཡི་གེ་མ་ཉམས་པར་འབོད་པ་ལ་གོམས་དགོས་པར་མཐོང་། ཞར་བྱུང་། ཡུལ་མེད་བྱ་ཚིག་ལ་བསྐུལ་ཚིག་མེད་ཀྱང་། སྨོན་ཚིག་ཡོད་དགོས། དཔེར་ན། འགྱུར་ གྱུར་ འགྱུར་ གྱུར་ཅིག ཅེས་པ་ལྟ་བུ།
ལྔ་པའི་ལན། ལ་དྭགས་པ་ལྟ་བུ་ཞིག་གིས། རྟ་ཉོས། ཟེར་བ་མ་གཏོགས། ཉོས་སོང་། ཟེར་བ་ངའི་དྲན་པ་ལ་མི་སྣང་ངོ་།
དྲུག་པའི་ལན། རང་གི་རྩོམ་ཡིག་གམ་བྲིས་དེ་ཉིད་བོད་ཡོངས་ཀྱི་ཀློག་པ་པོས་གོ་བར་འདོད་ན། རེད་ཅེས་མ་འབྲི་ན་ཕན་ཐོགས་ཆེ། ང་ལ་ལོ་རྒྱུས་ཤིག་ཡོད། ལ་དྭགས་གཞུང་ཡུལ་གྱི་ཁ་སྐད་དམ་ཕལ་སྐད་ལ་བྲིས་པའི་དུས་དེབ་ཅིག སྐྱབས་མགོན་རྒྱལ་བ་རིན་པོ་ཆེར་སྤྱན་གཟིགས་སུ་ཕུལ་པ་ན། ལྗགས་ཀློག་མཛད་དེ། འདི་ལ་གོ་བ་ཞིག་གང་ཡང་མི་འདུག་གསུངས་པ་ན། ལ་དྭགས་པ་དེ་ཡིས་ང་ཅག་གིས། རེད། མ་རེད། ཟེར་བ་ལ་ཡང་ཅང་གོ་བ་མེད། ཅེས་ཞུས་ཡོད་པའི་གནས་ཚུལ་ཐོས། ལ་དྭགས་པས། ཡིན། ཡིན་འདུག ཟེར་བ་དེ་ཡིག་སྐད་དང་ཆེས་མཐུན་པར་སྣང་ངོ་། །
ཁྱེད་ལ་དྲི་བ་ཞིག་ཡོད། དིང་སང་བོད་དབུས་དང་། ཤར་ཕྱོགས་པ་དག་གིས་སྔ་དྲོ་ལ་ཞོགས་པ་ཞེས་ཡོངས་གྲགས་ཡིན་འདུག མིང་སྒྲ་དེ་བོད་ཡོངས་ཀྱིས་གོའམ། ལ་དྭགས་པ་མིང་སྒྲ་དེ་ལ་བྱང་བ་ཞིག་གིས་མ་གཏོགས་སྤྱིར་བཏང་ལ་དྭགས་སྐད་དུ་བཀོལ་བ་མེད་པས་མི་གོ་བར་ངེས་སོ། །ཡི་གེ་མ་དག་པ་དག་ལ་ཞུས་དག་མཛོད། བཀའ་དྲིན་ཆེའོ།།
བགྲོ་གླེང་འདི་འདྲ་དངོས་ནས་ཁ་ཡོད་ལག་ཡོད་ཀྱི་རིག་གཞུང་དང་འབྲེལ་བ་འདུག རིན་ཐང་ཆེ། ཐུགས་རྗེ་ཆེ།
རྒན་ལགས་སུ་འདྲི་བ་གཅིག་ཡོད་པ་ནི། རེད་ཅེས་བེད་སྤྱོད་མ་བཏང་ན། དཔེར་ན། ༎ཁོང་བོད་པ་ཡིན་ཟེར་འབྲི་དགོས་སམ། རྒན་ལགས་ཁྱེད་ཀྱིས་མཚམས་རེ། ཁོང་ནང་པ་རེད་གསུངས་པ་ཐོས་མྱོང་།
ང་ ཡིན། ང་མིན།
ཁྱོད་རེད། ཁོ་རེད། མོ་རེད། མོ་མ་རེད་སོགས་སོ།
ང་ལ་ཡོད། ང་ལ་མེད།
ཁྱོད་ལ་འདུག ཁོ་ལ་འདུག མོ་ལ་འདུག
འདི་ལ་འདུག དེ་ལའདུག དེ་ལ་མི་འདུག་སོགས་སོ།
དགེ་འདུན་ཆོས་འཕེལ་གྱི་སྐོར།
དགེ་འདུན་ཆོས་འཕེལ་གྱིས་ ད་ལྟའི་བོད་ཡིག་འདི་ལ་གསར་བརྗེའམ་འགྱུར་བ་ཞིག་གཏོང་དགོས་འདུག་ཅེས་དྲན་ནས་ཁོང་གི་ཚིག་དེ་ཚོ་གསུངས་འདུག གནད་ཀྱི་གཙོ་བོ་དེ། ཕལ་སྐད་དང་ཡིག་སྐད་ཅེས་པའི་རྩོད་པ་འདི་ཡང་མིན་པ་འདྲ། གནད་ཀྱི་དོན་པོ་དེ་ནི་བོད་ཀྱི་བརྡ་སྤྲོད་པ་འདིས་བོད་ཀྱི་སྐད་ལ་འགྲེལ་བཤད་ལེགས་པོ་ཞིག་བྱེད་མི་ཐུབ་པའི་གནད་དེ་ལ་ཐུག་ཡོད་པ་འདྲ། དེང་སང་བརྡ་སྤྲོད་མཁན་པོ་དག་གིས་སུམ་རྟགས་གཉིས་དང་ལྷན་དུ་སྨྲ་སྒོ་རྩ་འགྲེལ་དང་ཚོགས་གསུམ་གསལ་བ། གནས་བརྒྱད་སོགས་དྲངས་ཡོང་པ་འདི་རེད། ད་འདི་ནི་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་ཆེད་ཡིན་པ་རེད། དེས་ན། དགེ་འདུན་ཆོས་འཕེལ་ལུང་དྲངས་ནས་ཡིག་སྐད་ལས་ཁ་སྐད་འབྲི་མི་རུང་ཞེས་པ་དེ་ལ་ད་དུང་རྒྱུ་མཚན་གྱིས་འདང་གི་མེད་པ་རེད་དྲན།
བཀའ་འགྱུར་དང་བསྟན་འགྱུར་གྱི་སྐོར།
བཀའ་བསྟན་གྱི་ལུང་དྲངས་པ་རྣམས་ལ་རེ་ཞིག་སྐུ་ཉིད་བདེན་ཞེས་ཞུ་རྒྱུ་ཡིན། རྒྱུ་མཚན་ནི་ད་ལྟ་རང་ངས་བཀའ་བསྟན་ལ་ལྟ་ཀློག་བྱ་ཐུབ་པ་མི་འདུག འོན་ཀྱང་། གསལ་པོར་ཞུ་རྒྱུ་ཞིག་ཡོད། དེ་ནི་རིན་པོ་ཆེ་རྩོད་པའི་འཁོར་ལོ་ཞེས་པས་མཚོན་པའི་བོད་ཀྱི་བཙན་པོ་དང་མཁས་པ་དག་གིས་བརྩམས་པའི་བསྟན་འགྱུར་ཁྲོད་ཀྱི་དཔེ་ཆ་དེ་དག་དང་། འདུལ་བ་སོགས་བསྒྱུར་བའི་བསྟན་བཅོས་གཉིས་ལ་ཚིག་འགྲོས་སམ་རྗོད་ཚིག་གི་ངོ་བོ་གཏན་ནས་མི་འདྲ་བའི་ཁྱད་པར་འདུག དཔེར་ན། རིན་པོ་ཆེ་རྩོད་པའི་འཁོར་ལོ་ལས། “ཕར་ལ་འདྲི་ན་གནད་དང་གགས་ལ་འདྲི། ཚུར་ལ་འདྲི་ན་ཕོ་རོག་གླེན་པའི་འགྲོས་ཀྱིས་ཟུར་ལ་འབྲོས་”ཞེས་སོགས་ལྟ་བུ་དང་། གཞན་དེ་ནི་ཁྱེད་ཀྱིས་དྲངས་པའི་ལུང་ཚིག “མདོ་སྡེ་མཛངས་བླུན་དུ། བྲན་མོ་དེ་ལ་མེ་ཏོག་རྒྱལ་བར་བྱིན། ཡར་ལུང་དུ། རྒྱལ་བ་ཞེས་པ་ལེགས་པའི་དོན་ལ་ད་ལྟ་ཟེར་རམ། ལ་དྭགས་གཤམ་དུ་ད་ལྟ་ཡང་རྒྱལ་བ་ཞེས་པ་ལེགས་པའི་དོན་ལ་བཀོལ།” ཞེས་པ་ལྟ་བུས་མཚོན། ད་འདིར་བཤད་འདོད་པ་ནི། བཀའ་བསྟན་གྱི་ཁྲོད་དུ་ འགྱུར་བའི་བསྟན་བཅོས་རྣམས་ལ་བོད་སྐད་ཡིན་པ་གང་ཞིག་ལ་རྒྱ་གར་སྐད་ཀྱིས་ལྷད་ཐེབས་ཡོད་དམ་བསམས་པ་དེ་ཡིན། འདི་ནི་གླེང་ཆེན་པོ་ཞིག་བཀལ་བ་འདྲ། འོན་ཀྱང་བརྟག་གཞིར་ཅིས་མ་རུང་དྲན།
ལ་དྭགས་པའི་སྐད་ཀྱི་སྐོར།
རྒན་རང་གིས་ཆོས་སྐད་གཅེས་དགོས་པའི་འབབ་ས་གཅིག་དེ་ལ་དྭགས་པས་འདི་ཟེར་དང་དེ་ཟེར་གྱི་ཁུངས་འདི་ལ་ཐུག་འགྲོ་གི་འདུག ལ་དྭགས་པས་ཟེར་ཚད་ཚད་མར་འཛིན་རྒྱུ་ཞིག་དང་། ལྷ་ས་བས་ཟེར་ཚད་ཚད་མར་མི་འཛིན་རྒྱུ་འདི་གཉིས་བདེན་པའི་ཁྲིམས་ལ་ཐུག་དུས་ཡང་ལྗིའི་ཁྱད་པར་མེད།
དུས་གསུམ་གྱི་སྐོར།
རྒན་རང་གིས། “ལ་དྭགས་པ་ལྟ་བུ་ཞིག་གིས། རྟ་ཉོས། ཟེར་བ་མ་གཏོགས། ཉོས་སོང་། ཟེར་བ་ངའི་དྲན་པ་ལ་མི་སྣང་ངོ་།” ཞེས་གསུངས་འདུག ང་འདི་ལ་ཡིད་ཆེས་མེད། འོན་ཀྱང་རྒན་ཁྱེད་ལ་བདེན་ཁ་སྟེར་བ་ཡིན། འོན་ཀྱང་། ངས་ལ་དྭགས་པ་ཞིག་ལ་རྟ་བཙོང་ན། སྐད་ཆ་ཇི་ལྟ་བུ་ཞིག་ནས་མགོ་བཙུགས་ཏེ་ཇི་ལྟ་བུ་ཞིག་ནས་མཇུག་སྒྲིལ། འདིའི་དཔེ་ཞིག་གསུངས་ཐུབ་བམ། “ཁྱོད་ཀྱིས་རྟ་ཉོའམ།
ཉོ།
རྟའི་རིན་ལ་གཡག་གཉིས་དགོས།
འགྲིག
དེས་ནས་བཙོངས་པ་ཡིན།
རྟ་ཉོས།” འདི་འདྲ་ཞིག་ཕལ་ཆེར་ཡིན་རྒྱུ་མ་རེད།
ཞོགས་པའི་སྐོར།
འདི་རྒན་འཇམ་དཔལ་གྱིས་གནང་བའི་བློ་སྐྱེད་ཡིན། ངས་ཀྱང་དེ་རིང་བར་ཞོགས་པ་ཞེས་པའི་ཚིག་འདི་ལ་བསམ་བློ་བཏང་མ་མྱོང་། ཨ་མདོ་བས་སྔ་མོའམ་༼སྔ་མེ་༽ཞེས་འབོད་པ་ལས་ཞོགས་པ་མི་འབོད་པར་འདོད། འདི་ལྟ་བུ་ཡང་ཡང་གསུངས་རོགས།
ལ་དྭགས་ཟེར་ཚད་དག་པར་ག་ལ་འོང་། རྒྱལ་བ་ཞེས་པར་ལ་དྭགས་གླེ་སོགས་སུ། རྒྱ་ལ། ཞེས་ཟེར། དེ་ཡང་མིང་མཐའ་བ་ཡི་གསལ་བྱེད་དེ་མེད་པར་སོང་། ཨ་ཡིག་ལུས་པ་དེ་རྗེས་འཇུག་ལ་ལ་ཞུགས་ཏེ། རྒྱལ་བ་ཞེས་པ་རྒྱ་ལ་ཞེས་པར་ཆགས། འདི་ལ་སོགས་པ་མ་དག་པ་མང་། དེ་དག་ངས་དག་པ་ཡིན་ཞེས་ནམ་ཡང་བཤད་མེད་ལ་མ་འོངས་པ་ཡང་འདི་རང་གནས་ངེས། འོན་ཀྱང་བདག་སྒྲ་སི་ཏུ་པཎ་ཆེན་གྱིས་བཀའ་བསྟན་སོགས་གཞུང་གི་འགྲོས་དང་བསྟུན་ཏེ་གསུངས་པ་བཞིན་དུ་ཆེས་དག་པར་འབོད། ལྡང་ལ་འདང་ཞེས་ཁྱེད་ཀྱིས་ཀྱང་བྲིས་འདུག འདི་ལ་ལྡང་ཞེས་དགོས་ལན་མང་བྲིས་ཀྱང་ལང་ཤོར་དུ་སོང་བ་དེ་སླར་གསོ་བ་ཐ་མག་འཐེན་པར་ལང་ཤོར་པ་དེ་ཐ་མག་འཐེན་པ་་འགོག་པ་ཤིན་ཏུ་དཀའ་བའི་དཔེ་ལྟར་སྣང་། མདོ་སྨད་པ་ཞིག་གིས། ཞོགས་དུང་། ཞེས་པའི་དེབ་ཅིག་སྐད་གྲགས་ཡོད་པ་ཐོས། བདག་གིས་བཀླགས་པ་ཡིན་མིན་མི་དྲན། དེ་ཡིས་ཨ་མདོ་ལ་སྔ་དྲོའི་སྐད་དོད་ལ་ཞོགས་པ་ཞེས་དར་ཁྱབ་ཡིན་སྙམ་པ་བྱུང་། བཀྲ་ཤིས་ལེགས། ཁྱེད་ལ་དྲི་བ། ཡོང་པ་འདི་རེད། འདི་ནང་གི་ཡོང་པ་ཞེས་པར་འོངས་པ་ཞེས་འབྲི་ན་སྐྱོན་གང་ཡོད་དམ། ལ་དྭགས་པས་ཀྱང་། འོང་བ་ལ། ཡོང་བ་ཞེས་འདོན་པ་དེ་མ་དག་པ་ཡིན་ཟེར་བ་མ་གཏོགས། ལ་དྭགས་པས་འབོད་པས་དག་པ་ཞེས་ནམ་ཡང་མི་ཟེར། ཡོང་པ་འདི་རེད། ཅེས་པར་ལ་དྭགས་པ་ཞིག་གིས། ཡོངས་པ་འདི་ཡིན། ཞེས་ཟེར་ངེས་ལགས་སོ། །
བཀྲ་ཤིས་ཁྱོད། དོགས་འདྲིའི་དོགས་ལ་ཝ་ཟུར་འབྲི་བར་དོགས་པ་མི་སྐྱེའམ། ༼དྭོགས༽ཞེས་ཝ་ཟུར་ཅན་ཞིག་ཁྱེད་ཀྱིས་ཚིག་མཛོད་བརྡ་དག་གང་ནས་རྙེད་བྱུང་། འདི་འབྲི་མཁན་ཁྱོད་གཅིག་པུ་མ་ཡིན་པར་གཞན་མང་པོ་འདུག དེའི་ཕྱིར་ཁུངས་ལུང་འདྲ་ཡོད་ཐང་ངོ་སྙམ་དུ་དྲི་བ་ཙམ་ཡིན།
སྒྲུབ་ བསྒྲུབས་ བསྒྲུབ་ སྒྲུབས།
དཔེར་ན།
ཁྱེད་རང་ལྷ་སྒྲུབ་མཁན་ཡག་པོ་ཅིག་རེད།
ཁྱེད་རང་གི་བསྒྲུབ་ཡ་ལྷ་དེ་འཕྲིན་ལས་མྱུར་པོ་ཡོད་རེད།
ད་མགྱོགས་པོ་བསྒྲུབས་ཚར་བ་གྱིས།
ལས་ལོ་མེད་པར་གང་མགྱོགས་མགྱོགས་སྒྲུབས་ཤིག
དཔེར་ན། འགྱུར་ གྱུར་ འགྱུར་ གྱུར་ཅིག ཅེས་པ་ལྟ་བུ་ལ།
ཁ་ཡི་བློ་འགྱུར་ཡ་ཉན་ཁ་འདུག
ད་ཁའི་བློ་འགྱུར་བཞིན་ཡོད་པ་འདྲ།
མདང་ཁོའི་བློ་གྱུར་ཟིནད་ཚར་འདུག
ཁོའི་བློ་ཆོས་ཕྱོགས་སུ་གྱུར་བར་ཤོག
ཀརྡོ་གཉེར་ཕྱག་པ་ལ།
ཁྱོད་རང་གིས་བརྡ་སྤྲོད་པ་སྨྲ་བའི་བགྲོ་གླེང་ཞུགས་པར་ལེགས་གསོ་ཞུ་འོས་ཀྱང་། ཡི་གེ་མ་དག་པ་དེ་དག་ལ་གཟབ་དགོས།
བརྡ་སྤྲོད་སྨྲ་བའི་བགྲོ་གླེང་དུ། ཞེས་བཅོས་རོགས།
ངའི་ཕ་ཡུལ་དུ། སྔ་མོ་མི་ཟེར། སྔ་རོ་ཟེར། ནངས་དུས་ཀྱང་ཟེར།
ཐེ་རེལ་ཟེར་ན་ག་རེ་རེད། འགྲེལ་ཞིག་རྒྱག་རོགས།
རྒན་བློ་བཟང་འཇམ་དཔལ་མཆོག་ལ།
ང་ཚོས་གླེང་མོལ་ཞུ་སྐབས་ དོན་རྣམས་ཀྱང་རིམ་གྱིས་འཆོལ་འདུག ད་ཁྱད་མེད། ཁྱེད་ནི་དངོས་གནས་བརྡ་སྤྲོད་དང་ལྷག་པར་དག་ཆ་ལ་མཁྱེན་པ་རྒྱས་པ་ཞིག་རེད་འདུག ཡོང་དང་འོང་ལ་ཁྱད་པར་གང་ཡོད་ངས་མི་ཤེས་ལགས། ངས་ནི་འདི་གཉིས་འདམ་ང་ཞིག་ཏུ་ངོས་འཛིན་བྱས་འདུག
ངས་ འདང་ཞེས་པ་དང་ ཞོགས་པ་ཞེས་པ་གཉིས་ http://www.thdl.org བརྒྱུད་ནས་སྡེ་དགེའི་བཀའ་བསྟན་ཁྲོད་བཙལ་བ་ཡིན། ཆུའི་འདང་ཞེས་པ་ཞིག་འདུག དཔེར་ན། “གལ་ཏེ་སེམས་ཅན་རྣམས་ནོར་བུ་རིན་པོ་ཆེ་ཆུ་འདང་གི་ཁ་དོག་ལྟ་བུས་གདུལ་བར་བྱ་བ་ཡིན་ན་ནི། དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་སྐུ་ནོར་བུ་རིན་པོ་ཆེ་ཆུ་འདང་གི་ཁ་དོག་ཏུ་མཐོང་ངོ་།།”
དེ་མིན་ད་ལྟའི་འདང་དང་མི་འདང་ཞེས་པ་དེ་གོ་བ་ཅན་ཞིག་མི་འདུག དེ་ལས་ལྡང་ཞེས་བྲི་དགོས་པ་འདྲ། འོན་ཀྱང་ལྡང་ཞེས་པ་འདི་ལ་དྲི་ངད་ལྡང་། སྟན་ལས་ལྡང་། ཞེས་པའི་གོ་བ་འདུག་སྟབས། འདང་མི་འདང་གི་གོ་བ་དེ་མི་འདུག ཞོགས་ཞེས་པའང་ གཞོགས་ཞེས་པའི་བྱ་ཚིག་གི་ཟུར་ཅིག་ཡིན་པར་སྣང་། དེས་ན། སྐུ་ཉིད་ཀྱིས་འབད་བརྩོན་རིམ་པར་གནང་ཟིན་སྟབས། ད་ལྟའི་མ་དག་རྒྱུན་འབྱམས་སུ་གྱུར་པའི་དག་ཆའི་ཐོ་ཞིག་བཟོ་གནང་ཐུབ་བམ། འདིས་ཕན་ཐོགས་ཡོང་གི་རེད་དྲན། དཔེར་ན།
ལྡང་། XXXX
ཞོགས་པ་XXXX
ལྟ་བུའོ།
དེ་ནས། ཉིད་ཀྱིས་ཡུལ་མེད་བྱ་ཚིག་ཅེས་གསུངས་འདུག འདི་ནི་མིང་ཚིག་གསར་པ་ཞིག་རེད། འདི་ཕལ་ཆེར་ཨིན་ཡིག་གི་བཤད་ཚུལ་ཞིག་ཡིན་པ་འདྲ། རེད་དམ། རྗེས་ནས་མང་ཙམ་ཞུས་ཆོག་པ་ཞུ།
རྒན་ལ་དྭགས་པར་དྲི་བ་ཐུང་ཐུང་གཅིག་ཡོད་།
གུས་བས་ཁྱེད་ནས་བཏབས་པའི་མཆན་གྱི་བརྒྱ་ཆ་བདུན་ཅུ་ཙམ་བཀླགས་མྱོང་ཡོད་། ཁྱེད་རང་བོད་ཀྱི་རིག་གཞུང་ལ་མཁྱེན་རྒྱ་ཟབ་པ་དེར་རྗེས་སུ་ཡི་རངས་ཞུ། འོན་ཀྱང་། མཆན་ཚང་མའི་མཇུག་དེར་། ལ་དྭགས་པས་འདི་ཟེར་དང་འདི་མི་ཟེར་ཞེས་ཁུངས་དེ་ལ་དྭགས་ལ་གཏུགས་ཀྱི་འདུག
དྲི་བ།
ལ་དྭགས་པས་ལབ་ཚད་དག་པ་ཡིན་པའི་ཁུངས་སྐྱེལ་རྒྱུ་ཡོད་དམ། འདི་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཁུངས་སྐྱེལ་ཅིག་གནང་རོགས།
གཞན། གུས་བར་ཞུ་རྒྱུ་ཅང་མེད་།
འཇིགས་མེད་ནུབ་པས།
འཇིགས་མེད་ནུབ་པ་ལེགས་ལ་སོགས་པར་ཞུ་སྙིང་་།
གནའ་བོའི་འབོད་ཚུལ་དེ་ལུང་པ་འབྲས་ལྗོངས་དང་། རྒྱ་རོང་དང་། སྦལ་ཏི་ཡུལ་སོགས་ཡོད་པ་རེ་རེ་བཞིན་ཞིབ་གསལ་རྒྱུས་མེད་པས། གནའ་བོའི་འབོད་ཚུལ་སོགས་བཤད་དགོས་ན། ལ་དྭགས་ལེན་པ་མ་གཏོགས། ལ་དྭགས་ཁ་སྐད་དུ་ཡང་ལུང་སོ་སོ་ན་སྒྲ་གདངས་ཉམས་པར་འབོད་པ་བཞིན་མང་བས། དེ་དག་ལ་ཆ་འཇོག་མེད་པ་ལགས་སོ།།
ཡང་ཆོབ་མེད་པ་གང་མང་བཤད་ཀྱིན་འདུག
ལ་དྭགས་པ་ཟེར་བ་འདིས་གང་བྲིས་པ་ཐམས་ཅད་འབྲུག་པའི་ཚགས་པར་ཀློག་པའི་ཚོར་སྣང་འདྲ་སྟེར་བས།
འདིས་བོད་ཡིག་འདི་ལོག་སྐད་ཅིག་ཏུ་བསྒྱུར་འདོད་པ་འདྲ
ཁོང་གི་སྔ་མོའི་བོད་ཀྱི་བཀའ་བསྟན་གྱི་འབྲི་སྲོལ་ཡང་རེད་མི་འདུག
བོད་པ་མ་ཡིན་པ་ཞིག་གིས་བྲིས་པ་འདྲ་པོ་འདུག དཔེར་ན་ཕྱི་གླིང་པ་ཞིག་གིས་བྲིས་པ་འདྲ་འདུག
བོད་ཡིག་ངེས་པར་ཁ་སྐད་བཞིན་དུ་འབྲི་དགོས།
ཞོགས་དུང་གིས་གསུངས་པ་ལྟར། རིག་གནས་མིས་བསྐྲུན་པ་ལས། མི་རིག་གནས་ཀྱི་བསྐྲུན་པ་མ་རེད། རིག་གནས་ཟེར་བ་འདི་མིའི་ལག་ཆ་ཙམ་ལས་ཅི་ཡང་མིན། ང་ཚོ་རིག་གནས་ཀྱི་བྲན་གཡོག་བྱེད་དགོས་མེད།
གོ་སོང་ངེ།
ཀ་རྡོ་གཉེར་ཕྱག་པས།
མདང་ཁོའི་བློ་གྱུར་ཟིནད་ཚར་འདུག
ཁོའི་བློ་ཆོས་ཕྱོགས་སུ་གྱུར་བར་ཤོག ཟེར་ཧཧཧ བརྡ་དག་སྐོར་དང་ལྷག་པར་བྱ་ཚིག་སྐོོར་ལ་ད་དུང་ཡག་པོ་སྦྱང་དགོས་འདུག
རྒན་ལ་དགས་པ་ལགས། སྤྱིར་གཏང་བྱས་ན་དེང་དུས་ཧི་ལ་ཡའི་མི་རིགས་ལ་བོད་ཡིག་ཁུང་དག་པོ་དང་མཐར་ཕྱིན་པ་སྦྱོང་བ་ལ་མི་སྤྲོ། འོནད་ཀྱང་རྒན་རང་གིས་སྔོན་མར་བདག་སྒྲའི་སྐོར་བྲིས་པ་ཞིག་བཀླགས་མྱོང་ཡོད་པ་མ་ཟད་ཁྱེད་རང་བོད་ཡིག་ལ་དམིགས་གསལ་དགའ་པོ་ཡོད་པ་དང་མཁས་པོ་ཡོད་པའི་མི་ཞིག་ཡིན་པ་གོ་ཐོས་བྱུང་། ད་དུང་ངོ་མཚར་དགོས་པ་ཞིག་ཁྱེད་ཀྱིས་བྲིས་པའིབདག་སྒྲའི་སྐོར་ཞིག་ཏུ་བོད་ཀྱི་ཕལ་སྐད་དང་ཁྱེད་རང་གི་ལུང་པའི་ཕལ་སྐད་དེ་ཚོ་ཡང་བཀག་པ་འདྲ་བོ་ཅིག་གུས་པས་དྲན་གྱིན་འདུག། དེར་བརྟེན་བོད་ཡིག་ལ་དོ་སྣང་དེ་འདྲ་ག་འདྲ་ཞིག་བྱུང་སོང་། ལན་ཞིག་གནང་རོགས་དུས་ཚོད་ཡོད་ན་།
༡༤༽ ཨ་ར་དཀར་པོ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢ གི་ཆུ་ཚོད་ ༡༠ སྐར་མ་ ༥༠
ཀ་རྡོ་གཉེར་ཕྱག་པས།
མདང་ཁོའི་བློ་གྱུར་ཟིནད་ཚར་འདུག
ཁོའི་བློ་ཆོས་ཕྱོགས་སུ་གྱུར་བར་ཤོག ཟེར་ཧཧཧ བརྡ་དག་སྐོར་དང་ལྷག་པར་བྱ་ཚིག་སྐོོར་ལ་ད་དུང་ཡག་པོ་སྦྱང་དགོས་འདུག
ངས་བྲིས་པའི་བོད་རིགས་སྤྱི་སྐད་ནང་གི
གྱུར་ཟིན། ཡུལ་མེད་བྱ་ཚིག་འདས་པ་དང་། གྱུར་བར་ཤོག འདི་སྐུལ་ཚིག་མིན་པར་སྨོན་ཚིག་ཡིན་པ་ལ། ཛ ཨ་ར་དཀར་པོས་ཧབ་བགད་ཤོར་དགོས་དོན་ག་རེ་འདུག་གམ། ལགས། ཨ་དཀར་ལགས།
ཞོར་དུ། ལྷག་པ་ལགས་ཀྱིས་སྐྱོན་བརྗོད་བདེན་པ་འདུག་པས། དགོངས་དག་ཞུའོ། །
ཀརྡོ་གཉེར་ཕྱག་པ། དེ་ཕྱག་མ་རང་རེད། པཎ་ཆེན་རིན་པོ་ཆེར་སྨོད་སོང་། འཇོན་པོ་ཡོད་ན་ཁོང་ལས་མཛད་པ་རྒྱས་པ་ཞིག་བྱོས་་དང་ངས་བལྟས་ནས་བསྡད་ཡོད།
བཀྲ་ཤིས་ལེགས་སོགས་བོད་ཀྱི་སྒྲ་སྦྱོར་ལ་བརྩོན་པའའི་དོན་གཉེར་ཅན་ཡོངས་ལ་ཞུ་བ། བདག་གིས་བཀའ་བསྟན་གསུང་འབུམ་སོགས་ཀྱི་རྗེས་སུ་འབྲངས་ཏེ། འབྲི་བ་ལ་འབད་ཀྱང་། ཚང་མའི་ཐུགས་ལ་བབ་པ་ཞིག་བདག་ལྟ་བུ་ཞིག་གིས་ག་ལ་འབྱོན། འོན་ཀྱང་འདི་ཙམ་ཡང་བོད་ཡིག་མཁྱེན་པའི་གྲོགས་དག་ལ་བརྟེན་ནས་བྱུང་བ་ཡིན། བདག་བྱིས་པའི་སྐབས་སུ་མི་རྒན་པ་ཐུག་ཚད་ལ་དྲིས་ཏེ་བོད་ཡིག་ཀློག་ཐུབ་པ་ཞིག་བྱུང་། དགེ་རྒན་མཆོག་ནས་མདོ་མཛངས་བླུན་སྒྲུང་སྙན་པས་ཚར་གཅིག་ཞུས། ལོ་བཅོ་ལྔ་བཅུ་དྲུག་ཡིན་པའི་སྐབས་སུ། རང་ཁྱིམ་མཆོད་ཁང་ན། མདོ་མཛངས་བླུན་ཡོད་པ་དེ་ཀློག་པ་ན། སྔར་དགེ་རྒན་ནས་དོན་གོ་ཙམ་བྱུང་ཡོད་པས། དྲིན་ཅན་མ་ལ་ཆོས་སྒྲུང་དེ་དག་བཤད་པ་དྲན། ༡༩༥༠ ཐམ་པར་བཀྲ་ཤིས་ལྷུན་པོར་སླེབས། བོད་རིག་གཞུང་ལ་ཐོས་བསམ་ལོ་ཤས་བྱས། ༡༩༥༦ ལོར་རང་ཡུལ་དུ་ཕ་མ་ཐུག་པར་སོང་། ༡༩༥༨ དབྱར་ཀ་བོད་དུ་ལོག་པར་སྒང་ཏོག་ཏུ་འགྲོ་བ་ན་ཆུ་རུད་ཀྱིས་ལམ་ཆད། དེར་བཀྲས་ལྷུན་གྲྭ་པ་སྔར་མཐོང་མྱོང་ཞིག་དང་ཕྲད་པར་དགོན་པའི་གནས་ཚུལ་དྲིས་པར་ལེགས་པ་མེད་ཚུལ་ཐོས། སྟབས་ལེགས་ཀྱིས་ཝཱ་ཎ་སཱིར་ལེགས་སྦྱར་སྦྱོང་བར་སླེབས། སློབ་གྲྭ་ལ་འགྲོ་བར་ལེགས་སྦྱར་སློབ་དཔོན་ལ་བོད་སྐད་དུ་ཚད་མ་རྣམ་འགྲེལ་གྱི་མགོ་ན་ཚིགས་བཅད་ཁ་ཤས་རྒྱུགས་ཀྱི་ཚུལ་དུ་སྐྱོར། ལེགས་སྦྱར་དང་བོད་དཔེ་རྣམས་གོ་བསྡུར་གྱིས་བཀླགས། ལྷག་པར་དཔེ་མཛོད་ཁང་དུ་བོད་དཔེ་བཀའ་བསྟན་གསུང་འབུམ་དག་གི་་ཐོ་རྒྱབ་པ་ན། དཔེ་མཛོད་ཀྱི་མགོ་བྱེད་ཀྱིས་དཔེ་ཆའི་མིང་འབྲི་བ་ཙམ་མ་ཡིན་པར་ལེགས་པར་བཀླགས་ཏེ་ཐོ་འགོད་ཅེས་གསུངས་པ་དེ་དགེ་རྒན་གྱིས་དགེ་ཕྲུག་ལ་བསླབ་བྱ་སྩལ་པ་ལྟ་བུ་བྱུང་། བོད་ཡིག་དང་ལེགས་སྦྱར་སྐད་དུ་ནང་ཆོས་སོགས་ལ་སྦྱངས་པས། འདི་ཀ་ཨ་རི་ལ་ཡང་སློབ་སྦྱོང་ལེགས་པར་བྱེད་ཐུབ། བོད་ཡིག་སྦྱངས་པའི་འབྲས་བུར་དམིགས་ཡུལ་རྣམས་ལེགས་པར་གྲུབ་པ་དང་འགྲུབ་བཞིན་པ་ལ་བལྟས་ཏེ། རང་ཅག་བོད་རིགས་ཡོངས་ཀྱིས་བོད་སྤྱིའི་སྐད་ལ་བྲིས་ཏེ། རང་ཅག་རྣམས་སྐད་རིགས་ཀྱི་སྒོ་ནས་གཅིག་གྱུར་བྱུང་ན། བོད་་ཡུལ་དང་། བོད་དང་འབྲེལ་པའི་ཡུལ་ལྗོངས་རྣམས་སུ་བོད་ཀྱི་རིག་གཞུང་ས་སྟེང་དུ་ཡུན་རིང་གནས་པ་ལ་ཕན། འདི་ཉིད་རང་རེའི་བོད་རིགས་ཡོངས་ཀྱི་རྣམ་འདྲེན་བླ་ན་མ་མཆིས་པ། སྐྱབས་མགོན་ཕྱག་ན་པད་མ་དཀར་པོའི་བཞེད་དོན་ཡང་ཡིན་པ་འདི་ཉིད་མྱུར་བ་ཉིད་དུ་འགྲུབ་པའི་ཞབས་འདེགས་སུ་འགྱུར་བ་དང་། བོད་ཀྱི་རིག་གཞུང་བསྲུང་སྐྱོབ་ཀྱི་ཕྱིར་དུ། རང་རང་གི་སྐུ་ལུས་འཕངས་པ་མེད་པར་བཏང་བ་རྣམས་ཀྱི་དྲན་རྟེན་དུ་དམིགས་ཏེ། གངས་ཅན་མཁས་པའི་གཙུག་རྒྱན་རྗེ་ཙོང་ཁ་པས་མཛད་པའི་སྙན་དངགས་ཀྱི་བསྟན་བཅོས། བྱང་སེམས་རྟག་ཏུ་ངུའི་རྟོགས་བརྗོད་དང་། བྱང་སེམས་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་གཉིས་གློག་ཀླད་དུ་བཅུག་སྟེ། རྟག་ངུའི་རྟོགས་བརྗོད་དུ། བྱ་ཚིག་བརྒྱ་དང་བཞི་བཅུ་ཙམ་ལ་ད་ལྟ་འདས་མ་འོངས་བསྐུལ་ཚིག་དང་སྨོན་ཚིག་བཅས་བྱ་ཚིག་རེ་རེ་ལ་གཟུགས་མི་འདྲ་བ་བཞི་རེ་ཡོད་པ་བཅས་བྱང་སེམས་རྟག་ཏུ་ངུའི་རྟོགས་བརྗོད་དེ། མཁས་པ་རྣམས་ཀྱིས་ཞུས་དག་མཛད་པ་དང་། བོད་ཀྱི་སྐད་ལ་སློབ་གཉེར་པ་དག་གིས་ཀློག་པར་ཁ་བརྡ་ལ་འགྲེམས་པར་བསྐུར་ཀྱང་། ད་བར་འཐོན་མི་འདུག འདི་ལ་ཐུགས་འདོད་མཆིས་ཚེ། lj53@columbia.edu གློག་འཕྲིན་འདི་ཐོག་འབྲེལ་པ་མཛད་ན། འབུལ་ལམ་ཞུ་ངེས། འཇམ་དཔལ་ནས་ཕུལ།
རྣམ་དཔྱོད་ཡངས་པ་བཀྲ་ཤིས་ལེགས།
ཁྱེད་ཀྱི་རིག་པའི་སྤྱན་ཕྱེ་བར་དགའ་བ་བྱུང་། བདག་རང་ལ་བྱ་དགོས་པའི་གལ་ཆེ་ལས་མང་ཡང་། བོད་ཀྱི་རིག་གཞུང་ལ་བསམས་ཏེ་དྲ་རྒྱར་གང་ཤེས་འབྲི་བ་འདི་ལ་འགའ་ཞིག་གིས་སྟོད་ཀྱང་འགའ་ཞིག་གིས་སྨོད་པ་ལ་ཁྱད་མེད་པར་སེམས།
འདང་དང་ལྡང་གི་སྐོར་ལ་བདག་གིས་༡༩༩༤ བོད་རྗེ་མི་མངས་ལ་ཕུལ་པའི་སྤྲིངས་ཡིག་བོད་སྐད་སྔ་སྲོལ་བརྡ་དག་ལམ་ལ་བློ་ལྡན་འཇུག་པར་སྐུལ་བྱེད་དབྱངས་ཅན་རྒྱུད་མངས་ཀྱི་སྒྲ་དབྱངས། ཞེས་པ་འདི་ཉིད་ལྗང་གཞོན། ཕྱི་ལོ། ༡༩༩༧ སྤྱི་འདོན་ཐེངས། ༩ འཐོན། དེར་མིང་སྒྲ་འདི་དག་གི་སྐོར་ལ་ཤོག་གྲངས་༢༦ནས་༢༨བར་ཤོག་ལྡེབ་གཉིས་ལྷག་བྱུང་འདུག འདིར་སླར་མདོར་བསྡུས་སུ་གླེང་བར་ལྡང་ལ་དག་ཡིག་ཟ་མ་ཏོག་ཏུ། ཉལ་ལས་ལྡང་དང་འཁོབས་པའི་ལྡང་། འཁོབས་པ་ཞེས་པ་མང་པའི་དོན་ལ་ངའི་ལུང་པར་ཁ་སྐད་དུ་ཡང་བཀོལ། ངག་སྒྲོན་དུ། སྟན་ལས་ལྡང་། ལྡང་ཚད། ཉིད་ཀྱིས་གཟིགས་པ་ལྟར་ལགས། བཀའ་བསྟན་གསུང་འབུམ་རྣམས་ན་གསལ་བ་ལྟར་དུ། དག་ཡིག་གཉིས་ཀ་ན་ལྡང་ལ་དོན་དག་གཉིས་རེ་ཡོད་པ་བསྟན། འཁོབས་པའི་ལྡང་དང་ལྡང་ཚད། དཔེར་ན། པཎ་ཆེན་ཡེ་ཤེས་རྩེ་མོས་ལོ་༦༠༠ ལྷག་སྔོན་དུ་བྲིས་པ། རྗེ་དགེ་འདུན་གྲུབ་ཀྱི་རྣམ་ཐར་ན། སྒྲོལ་མའི་སྐུ་བརྙན་བཞེང་བ་ལ་བཟོ་བོ་རྣམས་ཀྱིས། ད་ནི། རྒྱུ་ཡང་ལྡངས་ཤིང་། ཟང་ལེབ་རྣམས་ཀྱང་ལེགས་པོ་འོང་ཟེར་ནས། དབུའི་ཚུགས་དྲངས་ཏེ་བཟོ་ཚུགས་སོ།།ཞེས་བྲིས་སོ། བདག་གི་སྤུན་མཆེད་རང་སྐད་དུ་བོད་ཡིག་ཁུངས་ཁྱོལ་ཙམ་འབྲི་ཐུབ་པས། ལུང་པར་ལ་མགོ་ཅན་གསལ་བར་འབོད་པ་ཡོད་པས། ཐབ་པོ་ལ་ཀག་ཙེའི་པག་བུ་མ་ལྡངས་པ་ལུས། ཞེས་བྲིས། གཞན་ཡང་། ལྡང་ཚད་ཅེས་པ། སྥྱོད་འཇུག་ན། ས་སྟེང་འདི་དག་ཀོས་གཡོག་ཏུ། །དེ་སྙེད་ཀོ་བས་གལ་ལང་། འདིར་ཟུར་ཆག་སྟེ་ལང་ཞེས་བྲིས་ཀྱང་། ཟུར་མ་ཆག་པར་བྱེད་ན། དེ་སྙེད་ཀོ་བས་ག་ལ་ལྡང་། ཞེས་པར་གྱུར།
འདང་གི་སྒྲ་ལ་དཔྱད་པར་བྱ་སྟེ། ཁྱེད་ཀྱིས་ནོར་བུ་རིན་པོ་ཆེ་ཆུ་འདང་ཞེས་པ་ཐོབ་པར་ལེགས། ལྗང་གཞོན་དུ་བཀོད་པ་ན། བདག་གིས་འདི་ལྟར་བྲིས་ཏེ། འདང་ནི་། དྭངས་དང་། དང་གི་ད་ལྟ་བ་ཡིན་ཏེ། བདེན་པ་པོའི་ལེའུ་ལས། “ནོར་བུ་རིན་པོ་ཆེ་ཆུ་འདང་ནི་རང་བཞིན་གྱིས་དག་ཅིང་ཆབ་ཀྱི་རྙོག་པ་ཐམས་ཅད་དང་བར་བགྱིད་དོ། །ཞེས་དང་། དེ་ཉིད་ཀྱི་ཚིགས་བཅད་དུ་ཡང་།
དཔེར་ན་ནོར་བུ་ཆུ་འདང་བ།
ཤིན་ཏུ་རྣམ་དག་ཆུ་འདང་བགྱིད།
དེ་བཞིན་དྲང་སྲོང་ཐུགས་དག་པ།
སྐྱེ་བོའི་རྙོག་པ་དང་བར་མཛད།། ༤༠ །། ལེའུ་༩པ།
ཉེ་དུས་དོ་སྣང་བྱུང་བ། ས་སྐྱ་ལེགས་བཤད་ལས།
བློ་ཆུང་གྲོས་ཉེས་འཁྲུགས་པའི་ཚེ།
བློ་ལྡན་ཐབས་ཀྱིས་བདེ་བར་གསོ།
ཆུ་ཀླུང་རྙོག་པས་ཆུད་གསན་པ།
ཆུ་འདང་ནོར་བུས་དྭངས་པར་བྱེད།། ༡༤ །། རབ་བྱེད་ ༡།
ཀ་རྡོ་གཉེར་ཕྱག་པ་ལགས།
མང་པོ་བཤད་ལོང་མེད། བློ་གྱུར་ཚར་འདུག་དང་གྱུར་བར་ཤོག་གསུངས་སྟངས་ལ་བལྟས་ན་ཁྱོད་བོད་པ་རྣལ་མ་ཞིག་ཨེ་ཡིན་ནམ་སྙམ་ནས་དོགས་པ་སྐྱེ་ཡོང་གིན་འདུག འདས་ཚིག་ལ་ཁོང་མཁས་པར་གྱུར་འདུག་ལྟ་བུ་འབྱུང་ཡང་ཁོའི་བློ་གྱུར་འདུག་ཟེར་བ་དང་སྨོན་ཚིག་གྱུར་བར་ཤོག་ཟེར་བ་འདི་འདྲ་ཚད་ལྡན་གྱི་གཞུང་གང་ནས་མཐོང་མྱོང་ངམ།
༡༧༽ སྐྱུ་རྩི་ན་ལགས་ལ། པཎ་ཆེན་སྐོར་ལ་ལན་བཟློས་འདོད་མེད། ཨ་ར་དཀར་པོ་ལགས་ཀྱིས་བོད་བརྡ་གསར་རྙིང་། བོད་ཕྱི་ནང་གཉིས་ཀའི་མཁས་པའི་བཞེད་ཚུལ་ལ་སློབ་སྦྱོང་མང་ཙམ་གྱིས། རྨོངས་པའི་ཞེན་ཆགས་ཀྱིས་ད་དུང་རྨོངས་པ་ལས་ཅང་མི་ཕན་ལགས།
གཉེར་ཕྱག་པ།
གྱུར་ཟིན། ཡུལ་མེད་བྱ་ཚིག་འདས་པ་ཡིན་པ། འདི་ཁྱེད་བདེན།
གྱུར་བར་ཤོག འདི་ནོར འགྱུར་བར་ཤོག་ཟེར་དགོས། སྨོན་ཚིག་ཡིན་པ་ངས་ཤེས།
གྱུར་ཚར་བ་ལ་སྨོན་དགོས་རྒྱུ་ཅང་མེད། གོང་དུ་བློ་གྱུར་འདུག གྱུར་བར་ཤོག་ཟེར་བ་འདི་ཚོ་ནོར་ཡོད་པ་ད་དུང་ཁྱེད་ཀྱིས་ངོས་ཟིན་མི་འདུག་པས་བོད་སྐད་ཡིག་སྐོར་གྱི་དེབ་ཅིག་བྲིས་ཡོད་ཟེར་བ་གང་འདྲ་ཞིག་ཡིན་པ་ཟུར་ལྟོས་ལེབ་མཐོང་རེད། རྗེས་མ་ནས་དེབ་རྩོམ་རྒྱུར་མ་བྲེལ ཐོག་མར་རང་གིས་ཡག་པོ་ཞིག་སྦྱོངས། འགོ་ཚོད་ལ་ཚོད་ངང་དེབ་བརྩམས་ན་ཕན་ལས་གནོད་ཆེ་བ་ཤེས་དགོས། རིག་གཞུང་ལ་གཏོར་བཤུག་ཆགས་ཀྱི་རེད། སྐུ་མཁྱེན། གོང་གི་དེ་དག་གི་ཁྱད་པར་མ་འདྲེས་པ་ཞིག་ཤེས་པར་བརྩོན་རོགས།
གྱུར་ཅིག སྨོན་ཚིག་ཅིག སྐུ་ཚེ་རིང་ཞིང་ནད་མེད་པར་གྱུར་ཅིག འཛམ་གླིང་ཞི་བདེ་ཡོངས་བར་གྱུར་ཅིག
གྱུར་ཅིག་གུ ཡོང་བར་ཤོག་ཅེས་ཡིད་ཤིན་ཏུ་བསྐྱོད་པས་ཅི་མ་རུང་སྙམ་དུ་སྨོན་པའི་ཚིག
ཅེས་པ་འདི་ཡང་ནོར་བ་ཡིན་ནམ། ཧ་ཧ། ཁྱོད་ན་ཚོད་ཀྱིས་ཨ་ར་དཀར་པོ་མ་ཆགས་པར། ཉི་མར་ལྡེ་ནས་ཨ་ར་དཀར་པོ་ཆགས་པ་མིན་ནམ་སྙམ་ལགས།
གཉེར་ཕྱག་པ་རང་ཚུགས་མེད་པར་ཚིག་ཡར་བརྗེ་མར་བརྗེ་མ་བྱེད། ངས་ཁྱོད་ཀྱི་ གྱུར་བར་ཤོག་ དང་ བློ་གྱུར་འདུག་ ཅེས་པ་མ་དག་པ་རེད་ཟེར་བ་མ་གཏོགས་གྱུར་ཅིག་དང་གྱུར་ཅིག་གུ་ལྟ་བུ་མ་དག་པར་ནམ་ཡང་བཤད་མེད། གོང་གི་མ་དག་པ་དེ་མ་དག་པ་རང་ཡིན་པས་ཁྱེད་ཀྱིས་ནམ་ཡང་དག་པར་བསྒྲུབ་མི་ཐུབ། གྱུར་ཅིག་སྨོན་ཚིག་ཡིན་པས་སྔོན་འཇུག་མི་ཐོབ་ན་འགྱུར་བར་ཤོག་ཅེས་པའང་དེ་བཞིན་གྱུར་བར་ཤོག་ཅེས་སྔོན་འཇུག་མི་དགོས་འདོད་ན་ཁྱེད་ཤིན་ཏུ་འཁྲུལ་ལོ། ཁྱད་པར་དེ་ཙམ་ལའང་རྨོངས་ན་ད་དུང་བརྡ་སྤྲོད་སྐད་ཡིག་སྐོར་གྱི་དེབ་རྩོམ་རྒྱུ་སྔ་དྲགས་འདུག ལྷག་བསམ་རྣམ་དག་ཡིན་པས་དགོངས་པ་ཡག་པོ་བཞེས་རོགས།
འདས་ཚིག་ལ་ཁོང་མཁས་པར་གྱུར་འདུག་ལྟ་བུ་འབྱུང་ཡང་ཁོའི་བློ་གྱུར་འདུག ཅེས་པ་གཉིས་ལ་ཁྱད་པར་གང་འདུག གསུངས་དང་། རྒྱ་གུང་བྲན་གྱི་ཚིག་ངན་བྱ་རྒྱུའི་མ་རབས་བྱ་བཞག་འདི་བཞག་ནས་ཁུངས་ལུང་ཡོད་པ་ཅིགཤོདང་། ད་དུང་། མི་ཁྱོད་འྡར་བོ་གཅིག་གིས་འདུག་དང་མིའདུག རེད་དང་མ་རེད། ཡིན་དང་མིན་གྱི་རྣམ་གཞག་ཁྱོད་ཀྱིས་ཚེ་འདི་ལ་ཤེས་དཀའ་ཚོད་འདུག་པས། ཨ་ར་པཙ་མང་ཙམ་འདྲོངས་ཤིག དེ་ཡང་གལ་སྲིད་ནང་ཆོས་ཀྱི་ཞག་རྩི་ཅིག་ཡོད་ནའོ། །
ཡ་ཀ་རྡོ་གཉེར་ཕྱག་པ་ལགས།
༼འདས་ཚིག་ལ་ཁོང་མཁས་པར་གྱུར་འདུག་ལྟ་བུ་འབྱུང་ཡང་ཁོའི་བློ་གྱུར་འདུག ཅེས་པ་གཉིས་ལ་ཁྱད་པར་གང་འདུག གསུངས་དང་།༽དེ་གཉིས་ལ་ཁྱད་པར་ཡོད་དེ། དངོས་པོ་གང་ཞིག་གི་ངོ་བོར་འགྱུར་བ་ཐེབས་ནས་འབྲས་བུ་གང་བྱུང་བ་ཚིག་ཟིན་ལ་ཡོད་ན་དེའི་འདས་ཚིག་ལ་སྔོན་འཇུག་མི་ཐོབ་སྟེ། དཔེར་ན། མཁས་པར་གྱུར། མི་དེ་ནད་པར་གྱུར་འདུག སྡོང་ལོ་སེར་པོར་གྱུར་འདུག་ལྟ་བུ། མཁས་པ་དང་ནད་པ་སེར་པོ་རྣམས་འགྱུར་བ་ཐེབས་ནས་བྱུང་བའི་འབྲས་བུ་སྟེ་ཚིག་ཟིན་ལ་དངོས་སུ་ཡོད། དེ་བཞིན་འབྲས་བུ་གང་ཡིན་མི་གསལ་བར་ངོ་བོ་གཞན་དུ་འཕོས་པའམ་ངོ་བོར་འགྱུར་བ་ཕྱིན་པ་ཙམ་སྟོན་པ་ལ་དེའི་འདས་ཚིག་ལའང་སྔོན་འཇུག་ཐོབ་པ་ཡིན། དཔེར་ན་ཁོ་འགྱུར་འདུག མི་དེའི་བློ་འགྱུར་སོང་ལྟ་བུའོ། ད་དུང་དོགས་མ་སངས་ན་ཨ་ར་པ་ཙ་མང་ཙམ་སྐྱོར་བཞིནཚད་ལྡན་གྱི་དག་ཡིག་ཁག་ལ་གཟིགས་དང་བློ་སྐྱེད་ཡོང་ངེས་ཡིན།
སྐྱུ་རྩི་ན་ལགས་ལ། པཎ་ཆེན་སྐོར་ལ་ལན་བཟློས་འདོད་མེད། ཨ་ར་དཀར་པོ་ལགས་ཀྱིས་བོད་བརྡ་གསར་རྙིང་། བོད་ཕྱི་ནང་གཉིས་ཀའི་མཁས་པའི་བཞེད་ཚུལ་ལ་སློབ་སྦྱོང་མང་ཙམ་གྱིས། རྨོངས་པའི་ཞེན་ཆགས་ཀྱིས་ད་དུང་རྨོངས་པ་ལས་ཅང་མི་ཕན་ལགས།
གང་ལྟར་ལ་དྭགས་པ་འདིས་བོད་སྐད་དེ་ལ་དྭགས་ཀྱི་སྐད་དུ་བསྒྱུར་འདོད་པ་འདྲ་ཞིག་འདུག་པས། ཚང་མས་ཡ་བྱེད་དགོས་མེད།
སི་ཏུས་བདག་སྒྲ་ལ་པ་གཅིག་པུ་འདོད་པ(རྗེས་ལ་དབྱངས་ཅན་གྲུབ་པའི་རྡོ་རྗེ་སོགས་ནས་དེ་ནོར་བར་རྟོགས་ནས་པ་པོ་བ་བོ་སོགས་ཀྱང་བཅུག་ཡོད་པ་ལྟར་རེད།)་དང་མིང་མཐའ་སྦྱོར་སྟངས་ཅི་རིགས་སུ་དགོངས་པ་ཡིན། གནད་འདི་ཡང་ཤེས་མི་འདུག
བླུན་པོ་སྨྲ་བ་ཉུང་ན་མཛེས། ང་ཚོ་ལ་ད་དུང་ཐ་སྙད་རྙིངས་པ་ལ་སྲོག་གསར་པ་ཞུགས་ཟེར་བ་ཞིག་ཀྱང་ཡོད།
བོད་ཡིག་ང་ཚོའི་ལག་ཏུ་ཡོད་པ་རེད། ལ་དྭགས་པ་ཞིག་གིས་སྐལ་མེད་སས་སྐེ་མ་བསྲིང་ན་ལེགས།
གོ་སོང་ངེ
ད་ཁ་རུབ་རྒྱག་བགྱིན་འདུག ང་ནི་ཞེད་ཚར་སོང་ངོ་།
ཚངས་དབྱངས་ལེགས།
ངས་འབྲི་དུས་ལ་དྭགས་པས་ཡི་ནོག་དང་། གཞིས་ཀ་རྩེ་་པ་དང་ལྷོ་ཁ་བསམ་ཡས་སོགས་སུ་བས་དང་། གཞན་དག་གིས་གདའ་དང་། དབུས་སོགས་སུ་རེད་ཅེས་པ་དིང་སང་ཡོངས་གྲགས་ཆེ་བས་རེད་ཅེས་ཁ་ནས་བཤད་དུས་མང་ཆེ་བ་རེད་ཅེས་རང་ཤུགས་ཀྱིས་འཐོན་ནོ།། ཞར་བྱུང་། འབྲེལ་བ་ཞེས་པར་གཞུང་དཔེ་དག་ན་འབྲེལ་པ་ཞེས་མཐོང་ངོ་།།
མགོན་པོ་ཕྱག་གཉིས་པ་ལེགས།
ཐེ་རེལ་ཞེས་པའི་ཚིག་དེ་མདོ་སྡེ་ལས་པ་བརྒྱ་པ་ན་གསལ་ཀྱང་། མདོ་དེ་བསམ་ཡས་སུ་བསྒྱུར་སྙམ། བོད་རྒྱ་ཚིག་མཛོད་དུ་ཡང་། ཐེ་རེལ་ཞེས་པའི་ཚིག་དེ་མ་རྙེད། བྲག་ཕུག་ཅིག་ཏུ་ཝ་ཞིག་ཏུ་ཝ་ཞིག་ཞུགས་པ་ན། སེང་གེའི་ཕྲུག་གུ་གཉིས་ནས། གཅིག་གིས་རྔ་མ་བཅད། གཅིག་གིས་རྣ་ལྕོག་རལ་པ་ན། དེ་དག་གི་མ་དེས། ཝ་འདི་ཐེ་རེལ་ཟ་མཁན་ནོ། །འདི་བསད་ན། གང་འོང་། ཞེས་བཏང་འདུག དེ་ཡང་ཐེ་རེལ་ཞེས་པ་ལྷག་ལུས་ལ་ལ་དྭགས་པས་ཁ་སྐད་ལ་བཀོལ། ཁྲོན་པའི་སྦལ་པ་ལྟ་བུ་ཐུབ་པ་ཞེས་པས་མདོ་སྡེ་ལས་བརྒྱ་པ་བཀླགས་ཏེ། ཐེ་རེལ་གྱི་དོན་དག་མ་ཤེས་པ་ན། ལ་དྭགས་པ་ལ་བརྟེན་དགོས་པར་མཐོང་ངོ་།།
བྲག་ཕུག་ཅིག་ཏུ་ཝ་ཞིག་ཞུགས་པ་ན། ཞེས་བཅོས་སོ། །
གཉེར་ཕྱག་པ་ལ་སློབ་ཁྲིད་ཐེངས་ཤིག་བྱས་ཡོད་པས་བཀའ་དྲིན་ཆེན་པོར་སོམས་ཤིག། རང་ནོངས་ངོས་ལེན་གྱིས་གཞན་གྱི་ལེགས་ཆ་ལེན་པར་གྱིས། གྱུར་ཅིག་ལྟ་བུར་སྔོན་འཇུག་མི་ཐོབ་པ་དང་འགྱུར་བར་སྨོན་དང་འགྱུར་བར་ཤོག་ལྟ་བུར་ཐོབ་པའང་ཤེས་པར་བྱོས་ཏེ་རང་གིས་བརྩམས་པའི་དེབ་ལ་སླར་ཡང་ཞུ་དག་ཐེངས་ཤིག་གཏོང་རོགས། ཁ་དྲོ།
ཨ་དཀར་ལགས།
བོད་རིགས་སྤྱི་སྐད་ནང་ལ། Yesterdayའི་སྐད་དུ། ཁ་སང་། ཁ་ཙང་། ཁ་རྩང་། ཁས་ས། ཁ་ནུབ་སོགས་མང་པོ་ནང་ནས། བོད་ཀྱི་རྒྱལ་རབས་ནང་ལ་མདང་སྐྱེས་བུ་ལ་སོ་སྐྱེས་འདུག ཅེས་པ་ལྟར། Yesterday མདང་གཅིག་ཉིད་ཡིག་སྐད་ཁ་གཉིས་ཀ་བཀོལ་དགོས་འདུག་པས། འདི་ལ་དགག་བཞག་ཅིག་སྤྲོས་ཐུབ་བམ། ཨ་དཀར་ལགས།
ད་དུང་འགའ་ཤས་ཡོད་ཀྱང་། དང་ཐོག་ངས་ཁྱེད་ཀྱི་ཀུན་ལ་བརྟག་པར་བྱའོ། ། དགེའོ། །
ཨ་དཀར་ལགས།
གྱུར་པ་ཤོག འདི་ནོར་ཡོད་ན། གྲུབ་པར་ཤོག འདི་ཡང་ནོར་བ་ཡིན་དགོས། གྲུབ་པར་ཤོག འདི་ཡང་ནོར་ཡོད་ན་ཁྱེད་ཧ་ཅང་ཐལ་བ་མིན་ནམ། ཨ་དཀར་ལགས།
མི་ངན་བཟང་པོར་གྱུར་པ་ཤོག །
དང་།
བསམ་དོན་ལྷུན་གྱིས་གྲུབ་པར་ཤོག །
ཅེས་འདི་གཉིས་ཀྱང་ནོར་བ་ཡིན་ནམ། ངའི་བོད་དགེ་ཨ་དཀར་ལགས།
ཀ་རྡོ་གཉེར་ཕྱག་པ་ལགས།
དེ་རིང་མཆན་མང་ཁྲོད་མིག་བཤེར་ཞིག་བྱེད་དུས་ཡང་ཁྱེད་ཀྱིས་འདིར་མཆན་བཏབ་ཡོད་པ་མཐོང་ནས་བལྟས་པ་ཡིན། མང་པོ་བཤད་དགོས་མི་འདུག རེད་ ཁྱེད་ནོར་བ་རེད་ཟེར་འདོད་བྱུང་། ཁྱེད་ཀྱིས་འདོད་པའི་གྱུར་པ་ཤོག་དང་གྲུབ་པར་ཤོག་གཉིས་ཀའང་ནོར་བ་རེད། དེ་དག་དག་པར་བྱས་ན་འདི་ལྟར། ཁོ་མི་བཟང་པོར་འགྱུར་བར་ཤོག བསམ་དོན་ལྷུན་གྱིས་འགྲུབ་པར་ཤོག་ཅེས་སྔོན་འཇུག་ཅན་འབྲི་དགོས། བརྡ་དག་གི་འགྲོས་དང་མཐུན་པར་བཅོས་ཡོད་པས་ང་ཧ་ཅང་ཐལ་མེད་པར་སྙམ།
སེམས་ཉིད་ངལ་གསོའི་ནང་གི་མཇུག་བྱང་གི་སྐབས་སུ་འོད་ཟེར་མཆོག་གིས།
དེ་ལྟར་ལེགས་བཤད་བསོད་རྣམས་སྤྲིན་ཆེན་ལས། །
ཞི་བདེའི་རང་བཞིན་ཆར་གྱི་ཚོགས་མང་པོས། །
ས་གསུམ་འགྲོ་བའི་དགེ་ལེགས་རབ་རྒྱས་ཏེ། །
རྒྱལ་བའི་འབྱོར་ཚོགས་ལྷུན་གྱིས་གྲུབ་པར་ཤོག །
ཅེས་དང་།
བདག་གི་བསམ་པའི་སྟོབས་དང་ནི། །
དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །
ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །
དོན་རྣམས་གང་དག་བསམ་པ་ཀུན། །
དེ་དག་ཐམས་ཅད་ཅི་རིགས་པར། །
ཐོགས་པ་མེད་པར་འབྱུར་གྱུར་ཅིག །
འོནད་ཀྱང་།
འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །
ཅེས་བྲིས་པ་ཡང་ནོར་བ་ངས་མི་འདོད་ལགས། དཔྱད་པར་འཚལ། །
གཉེར་ཕྱག་པ་ལགས།
ཁྱེད་ཀྱིས་ཤོག་ལྟ་བུ་སྨོན་ཚིག་མཇུག་ཏུ་ཡོད་ན་དེའི་གོང་གི་་བྱ་ཚིག་གྱུར་དང་གྲུབ་ལྟ་བུ་འདས་ཚིག་ཡིན་དགོས་པར་འདོད་པ་མ་ཡིན་ནམ། དེ་འདྲ་ཡིན་ན་གཤམ་གསལ་འདི་དག་ལ་གཟིགས་དང་།
བདེ་གཤེགས་འཁོར་བཅས་རྟེན་འབྲེལ་མི་བསླུ་བའི། བདེན་པའི་སྨོན་ལམ་འདི་ཀུན་མྱུར་འགྲུབ་ཤོག ཅེས་པར་ཁྱེད་ལྟར་ན་ མྱུར་གྲུབ་ཤོག
དག་པའི་ཞིང་དུ་སྐྱེ་བར་ཤོག ཅེས་པར་ སྐྱེས་པར་ཤོག
རྣམ་པར་དཔྱོད་པས་ཉིན་མཚན་འདའ་བར་ཤོག ཅེས་པར་ འདས་པར་ཤོག
གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག ཅེས་པར་ གྲོགས་བྱས་ཤོག
ལུས་ཅན་འཁོར་བའི་མཚོ་ལས་སྒྲོལ་བར་ཤོག ཅེས་པར་ བསྒྲལ་པར་ཤོག
འགྲོ་ཀུན་སངས་རྒྱས་ས་ལ་འགོད་པར་ཤོག་ ཅེས་པར་ བཀོད་པར་ཤོག
རྒྱལ་བའི་བསྟན་ལ་འཇུག་པར་ཤོག་ ཅེས་པ་ ཞུགས་པར་ཤོག སོགས་སུ་འགྱུར་བས་གང་དག་མིན་ལེགས་པར་སོམས་ཤིག
དབུ་སྐྲ་དཀར་པོ་ལགས།
དང་པོ་ཡིན་མདོག་ཁ་པོ་ཅིག་བཤད་བྱུང་ཡང་། ད་ནི། ཕྱོགས་སྔའི་ནམ་མ་ལངས་པར། དགག་པའི་ཉི་མ་ཤར་བ་མ་རེད་པེ། ཡང་འདིར་ངས། རེད་པས། ལ། རེད་པེ། བྲིས་པ་འདི་ལ་ཡང་དགག་པ་ཅིག་བསྐྱོན་གནོངས་དང་།
ཕྱོགས་སྔའི་ནམ་མ་ལངས་གོང་དགག་སྒྲུབ་ཀྱི་ཉི་མ་ཤར་བ་ཡིན་མིན་འདི་ལ་གཟིགས།
༦༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢ གི་ཆུ་ཚོད་ ༣ སྐར་མ་ ༢༤
སྒྲུབ་ བསྒྲུབས་ བསྒྲུབ་ སྒྲུབས།
དཔེར་ན།
ཁྱེད་རང་ལྷ་སྒྲུབ་མཁན་ཡག་པོ་ཅིག་རེད།
ཁྱེད་རང་གི་བསྒྲུབ་ཡ་ལྷ་དེ་འཕྲིན་ལས་མྱུར་པོ་ཡོད་རེད།
ད་མགྱོགས་པོ་བསྒྲུབས་ཚར་བ་གྱིས།
ལས་ལོ་མེད་པར་གང་མགྱོགས་མགྱོགས་སྒྲུབས་ཤིག
དཔེར་ན། འགྱུར་ གྱུར་ འགྱུར་ གྱུར་ཅིག ཅེས་པ་ལྟ་བུ་ལ།
ཁ་ཡི་བློ་འགྱུར་ཡ་ཉན་ཁ་འདུག
ད་ཁའི་བློ་འགྱུར་བཞིན་ཡོད་པ་འདྲ།
མདང་ཁོའི་བློ་གྱུར་ཟིནད་ཚར་འདུག
ཁོའི་བློ་ཆོས་ཕྱོགས་སུ་གྱུར་བར་ཤོག
སྒྲུབ་ བསྒྲུབས་ བསྒྲུབ་ སྒྲུབས།
དཔེར་ན།
ཁྱེད་རང་ལྷ་༼སྒྲུབ་མཁན་༽ཡག་པོ་ཅིག་རེད།
ཁྱེད་རང་གི་༼བསྒྲུབ་ཡ༽་ལྷ་དེ་འཕྲིན་ལས་མྱུར་པོ་ཡོད་རེད།
ད་མགྱོགས་པོ་༼བསྒྲུབས་༽ཚར་བ་གྱིས།
ལས་ལོ་མེད་པར་གང་མགྱོགས་མགྱོགས་༼སྒྲུབས་༽ཤིག
དཔེར་ན། འགྱུར་ གྱུར་ འགྱུར་ གྱུར་ཅིག ཅེས་པ་ལྟ་བུ་ལ།
ཁ་༼ཁོ་༽ཡི་བློ་༼འགྱུར་ཡ་༽ཉན་ཁ་འདུག
ད་ཁའི་༼ཁོའི་༽བློ་༼འགྱུར་བཞིན་༽ཡོད་པ་འདྲ།
མདང་ཁོའི་བློ་༼གྱུར་ཟིནད་༽ཚར་འདུག
ཁོའི་བློ་ཆོས་ཕྱོགས་སུ༼་གྱུར་བར་ཤོག༽ཡང་ན། ཁོའི་བློ་ཆོས་ཕྱོགས་སུ་སོང་གྱུར་ཅིག
ད་ད་དུང་།
འགྲུབ། གྲུབ། འགྲུབ།
ཁོའི་བསམ་དོན་འགྲུབ་བཞིན་འདུག
སང་ཉིན་ལས་དོན་འགྲུབ་བགྱི་རེད།
ངའི་བསམ་དོན་གྲུབ་ཚར་སོང་།
ངའི་བསམ་དོན་མྱུར་དུ་གྲུབ་གྱུར་ཅིག
ཡང་བསྐྱར་ཅིག་བཀླགས་ནས་དགག་རོགས་གནོངས་།
བཤད་དགོས་པ་ཚང་མ་བཤད་ཟིན། ད་བསྐྱར་ཟློས་ཡང་ཟློས་བྱས་ན་སྙིང་བོ་མི་འདུག་པས་དེ་ཙམ་ཡིན།
ལགས། ལགས་སོ། །
ལ་དྭགས་པ་རྒན་བློ་བཟང་འཇམ་དཔལ་ལགས་བཀྲ་ཤིས་བདེ་ལེགས་དང་ཇུ་ལེགས་ཞུ།