ཡོང་ཁུངས། བོད་ཀྱི་བང་ཆེན།
ལ་དྭགས་མི་མང་བརྒྱ་ཆ་༨༠ ཨ་རིར་གཏོང་རོགས་ཞེས་འབོད་སྐུལ་ཞུས་སོང་།
རྒྱལ་སྤྱིའི་ཚོགས་པ་ཁག་གིས་བོད་དོན་རྒྱབ་སྐྱོར་བྱེད་དགོས་དོན་དེ། ༧གོང་ས་མཆོག་གི་བཀའ་དྲིན་དང་། དེ་བཞིན་བོད་མི་རིགས་དེ་བཟང་སྤྱོད་དང་ལྡན་པ་དང་། དཀའ་ལས་རྒྱག་མཁན་གྱི་མི་རིགས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར། སྲིད་སྐྱོང་བློ་བཟང་སེང་གེས་ལ་དྭགས་མི་མང་ཚོར་གསུངས་སོང་།
༧གོང་ས་མཆོག་གིས་ལ་དྭགས་སུ་དུས་དབང་ཐེངས་༣༣པ་གནང་བཞིན་པའི་སྐབས་དང་བསྟུན་ཏེ། ཟླ་འདིའི་ཕྱི་ཚེས་༡༡ ཉིན་གྱི་དགོང་དྲོའི་ཆུ་ཚོད་༦།༣༠ ཀྱི་སྟེང་ལ་དྭགས་ཀྱི་རྒྱལ་ས་གླེ་ནས་སྤྱི་ལེ་༧ གྱི་སར་ཡོད་པའི་བོད་མི་གཞིས་སྒར་བསོད་ནམས་གླིང་གཞིས་ཆགས་ཀྱི་ཚོགས་ཁང་ནང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་ལ་དྭགས་གླེ་བྱང་གཉིས་ཀྱི་མི་མང་ཚོར་གཏམ་བཤད་ཅིག་གནང་སོང་ལ། དེར་ས་གནས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས།གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལྷན་ཁང་ཁག་གི་ཚོགས་གཙོ་དང་འགན་འཛིན། དེ་བཞིན་ལ་དྭགས་གླེ་བྱང་གཉིས་ཀྱི་འགོ་དཔོན་དང་། བརྒྱ་དཔོན། མི་མང་སོགས་མཉམ་ཞུགས་བྱས་འདུགམཛད་སྒོའི་ཐོག་མར་བསོད་ནམས་གླིང་གཞིས་ཆགས་ཀྱི་གཞིས་འགོ་དོན་གྲུབ་བཀྲ་ཤིས་ཀྱིས་འཚམས་འདྲིའི་གསུང་བཤད་གྲུབ་མཚམས།
སྲིད་སྐྱོང་བློ་བཟང་སེང་གེས་མི་མང་ལ་གསུང་བཤད་གནང་སྐབས། ལོ་འདིའི་ཕྱི་ཟླ་བདུན་པ་དང་བརྒྱད་པའི་ནང་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བའི་ལས་གཞི་ཞིག་སྤེལ་རྒྱུ་ཡིན་སྐོར་དང་འབྲེལ། བཀའ་བློན་དང་དྲུང་ཆེ་རྣམ་པ་ཕྱོགས་མཐའ་ཁག་ལ་སྐོར་བསྐྱོད་དུ་ཕེབས་ཀྱི་ཡོད་སྐོར་དང་། དཔལ་འབྱོར་བཀའ་བློན་ལ་དྭགས་གླེ་བྱང་གཉིས་ཀར་ཕེབས་གཏན་ཁེལ་ཡོད་སྐོར། དེ་བཞིན་ལོ་འདིའི་འཁྲུངས་སྐར་སྐབས་བཀའ་ཤག་གི་གསུང་འཕྲིན་ནང་། ཕྱི་ལོ་༢༠༡༤ ལོ་དེ་བཀའ་ཤག་སྐབས་བཞི་པའི་ཐོག་ནས། ༧གོང་ས་སྐུ་ཕྲེང་བཅུ་བཞི་པར་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་ལྟར། གཞིས་ཆགས་ཁག་དང་སློབ་གྲྭ་ཁག་ཚང་མས་ལོ་འདིར་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཆེད་ལས་འགུལ་སྤེལ་གྱི་ཡོད་སྐོར་སོགས་གསུངས་སོང་།
ཡང་ཁོང་གིས་བཀའ་ཤག་གིས་དེ་སྔོན་ནས་ཤེས་ཡོན་གལ་ཆེན་པོ་ཡིན་ཞེས་བཤད་ཡོད་པ་ལྟར། ཤེས་ཡོན་ཐོག་ཤུགས་སྣོན་བརྒྱབ་སྟེ་ད་ལྟའི་ཆར་གྲུབ་འགྲུས་གང་འཚམས་ཐོན་ཡོད་སྐོར་དང་། ལོ་སྔོན་མ་ཚོ་དང་བསྡུར་ན་ད་ལོའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཡག་ཏུ་སོང་ཡོད་སྐོར། དེ་བཞིན་ལོ་བཅུའི་སྔོན་ཏེ་ཕྱི་ལོ་༢༠༠༥ ལོར་སློབ་ཕྲུག་༡༣༡ ལ་ཤེས་རིག་ལས་ཁུངས་ཀྱིས་སློབ་ཡོན་ཕུལ་ཡོད་པ་དང་། ད་ལོར་སློབ་ཕྲུག་༥༠༧ ལ་སློབ་ཡོན་ཕུལ་ཐུབ་པ་བྱུང་ཡོད་སྐོར་གསུངས་སོང་།
དེ་བཞིན་ཁོང་གིས་དབུ་མའི་ལམ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ཡིན་སྐོར་དང་འབྲེལ་ནས་གསུངས་དོན། “བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དེ་དབུ་མའི་ལམ་རེད། དབུ་མའི་ལམ་དེ་༡༩༧༤ ལོར་༧གོང་ས་མཆོག་གཙོས་པས་གནད་ཡོད་སྣ་མང་པོ་ཞིག་གིས་གོ་བསྡུར་བྱས་ཏེ། མཐའ་མ་དེར་རྒྱ་དང་བོད་གཉིས་ཀར་ཕན་ཐོགས་ཡོད་པའི་སྲིད་ཇུས་དེ་གཏན་འབེབས་བྱས་བཞག་པ་ཞིག་རེད། ཕྱིས་སུ་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་ནང་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་བྱས་པའི་སྲིད་ཇུས་ཤིག་ཆགས་ཡོད་པ་རེད་”ཅེས་གསུངས་ཏེ། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་གང་མགྱོགས་སེལ་ཆེད་གཉིས་ཕན་དབུ་མའི་ལམ་ལས་ཡག་པའི་སྲིད་ཇུས་ཤིག་མེད་སྐོར་དང་། དེ་བཞིན་ཨ་རི་གཙོས་པས་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་ཀྱང་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་གསུངས་སོང་།
མཐར་ཁོང་གིས་དེང་སང་༧གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་སྐབས། དོལ་རྒྱལ་རྗེས་འབྲངས་པ་ཉུང་ཤས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་པ་དེ་ཧ་ཅང་གི་ཐབས་སྐྱོ་བའི་གནས་ཚུལ་ཞིག་ཆགས་ཡོད་སྐོར་གསུངས་ཏེ། གནད་དོན་དེར་བཀའ་ཤག་གི་ངོས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་གནད་དོན་དེ་ཚོའི་ཐོག་དོ་སྣང་བྱེད་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།
དེ་བཞིན་རྒྱལ་སྤྱིའི་ཚོགས་པ་ཁག་གིས་བོད་དོན་རྒྱབ་སྐྱོར་བྱེད་དགོས་དོན་དེ། ༧གོང་ས་མཆོག་གི་བཀའ་དྲིན་དང་། བོད་མི་རིགས་དེ་བཟང་སྤྱོད་དང་ལྡན་པ་དང་དཀའ་ལས་རྒྱག་མཁན་གྱི་མི་རིགས་ཤིག་རེད་ཅེས་འབྲེལ་ཡོད་གྱིས་གསུངས་མྱོང་ཡོད་སྐོར་སོགས་གསུངས་སོང་།
སྲིད་སྐྱོང་གིས་གསུང་བཤད་གནང་ཚར་རྗེས་མི་མང་དང་ལྷན་དྲི་བ་དྲིས་ལན་གནང་སྐབས། དྲི་བ་གཏོང་མཁན་ཞིག་གིས་ཨ་རིར་བོད་མི་༥༠༠༠ གཏོང་རྒྱུའི་ལས་གཞི་ཞིག་ཡོད་པ་གོ་སོང་། གལ་ཏེ་བོད་མི་༥༠༠༠ ཨ་རིར་གཏོང་རྒྱུའི་གོ་སྐབས་བྱུང་ན། ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་གནས་སྟངས་སྐྱོ་པོ་ཡིན་པས། བསོད་ནམས་གླིང་གཞིས་ཆགས་ཀྱི་བོད་མི་བརྒྱ་ཆ་བརྒྱད་ཅུ་ཐམ་པ་དེའི་ཁོངས་སུ་གཏོང་རོགས་ཞེས་འབོད་སྐུལ་གནང་སོང་།
སྐབས་དེར་སྲིད་སྐྱོང་གིས་ལས་གཞི་དེ་ཨ་རིའི་ནང་ཁྲིམས་མཐུན་མིན་པའི་མི་གྲངས་ས་ཡ་༡༡ ཡོད་པ་དེ་ཁྲིམས་མཐུན་བཟོ་དགོས་པའི་གྲོས་ཆོད་ཅིག་དང་མཉམ། ཨ་རིའི་གྲོས་ཚོགས་གོང་མའི་ནང་གཏན་འབེབས་བྱས་ཡོད་ན་ཡང་། གྲོས་ཚོགས་འོག་མའི་ནང་གོང་གི་གྲོས་ཆོད་དེ་གཏན་འབེབས་མ་ཐུབ་པར་ལུས་ཡོད་པར་བརྟེན། བོད་མི་༥༠༠༠ ཨ་རིར་ལེན་རྒྱུའི་ལས་གཞི་ཡང་དེ་དང་མཉམ་འགག་ཡོད་པས།ད་དུང་ལས་གཞི་དེ་ལག་བསྟར་ཡོང་མིན་བཤད་ཁག་པོ་ཡོད་སྐོར་འགྲེལ་བརྗོད་གནང་སོང་། ཐེངས་འདིར་སྲིད་སྐྱོང་ལ་དྭགས་སུ་ཕེབས་ཐེངས་བཞི་པ་དེ་ཆགས་ཡོད་པ་རེད།
ལ་དྭགས་ཀྱི་རྒྱལ་ས་གླེ་ནས་གསར་འགོད་པ་བྲག་མགོ་བློ་བཟང་མཁྱེན་བརྩེས།
ད་རེའི་སྐུ་ངོ་དང་ལྕམ་མོ་འཁོར་བཅས་ཕེབས་འདུག་ག བཙན་བྱོལ་ལྕམ་མོ་དང་པོ་ཞུ་དགོས་ཡ་མེད་དམ།
སྐབས་དོན་གྱི་གཙོ་བོ་བོད་དགྱ་འབྲེལ་མོལ་ཟེར་བ་དང་། བོད་ལུགས་སུ་ལོ་རྒན་བརྒྱད་ཅུར་ཕེབས་ཟིན་པའི་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་ཐབས། ཉག་ཕྲར་གྱུར་པའི་བོད་ཀྱི་སྐད་ཡིག་དར་སྤེལ་གནང་ཕྱོགས་སྐོར་ལ་མི་འབད་པར། མགོ་འདོགས་རིང་ལུགས་ཀྱི་དབུ་ལམ་དང་། གཞན་གྱི་མི་སེར་བསྒྱུར་བའི་གནས་སྤོ། དགྱ་ཁོངས་སུ་ནག་འདེད་བྱེད་པའི་བོད་དོན་རྒྱབ་སྐྱོར་རིགས་ལ་གཞོལ་གྱིན་པ་ནི་རྩ་བ་བོར་ནས་ཡལ་གར་འཛིན་པ་ཙམ་དུ་ཟད།
ད་རེས་བདག་གི་སྐྱེ་ཡུལ་མར་ཡུལ་ལ་དྭགས་སུ་བོད་ཀྱི་སྲིད་བློན་བློ་བཟང་སེང་གེས་གསུང་བཤད་སྩོལ་བར་དགའ་སྤྲོ་ཆེ། བོད་ཤེས་རིག་སློབ་སྦྱོང་སོགས་ཡར་ངོའི་ཟླ་བ་ལྟར་འཕེལ་བར་སྨོན་ཏོ། །
རང་གཞུང་གི་སྲིད་སྐྱོང་ཆེན་མོ་དངོས་གནས་གཟི་བརྗིད་ལྡན་པ་འདུག ཧ་ཅང་དགའ་བོ་བྱུང། ཁྱེད་ཀྱི་མཛད་འཕྲིན་ཐམས་ཅད་ཡར་ངོའི་ཟླ་དང་དབྱར་གྱི་མཚོ་མོ་བཞིན་རྒྱས་ཤིང་སྐུ་ཚེ་བསྐལ་པ་བརྒྱ་ཕྲག་ཏུ་བརྟན་པའི་སྨོན་འདུན་རྩེ་གཅིག་ཏུ་ཞུ་བཞིན་ཡོད།
ཁོང་གི་གསུངས་སྟངས་དེ་ལ་བལྟས་ནས། དམངས་གཙོའི་ལྟ་གྲུབ་ཀྱི་རྨངས་གཞི་ཆེན་པོ་ཡོད་པ་ཚོར་གྱིན་འདུག དེ་མིན་བོད་ཀྱི་སྐུ་དྲག་ཚོས་གསུང་བཤད་གནང་དུས་ཡོད་ཚད་མི་གཅིག་གིས་བཟོས་པ་ལྟ་བུའི་གཏམས་བཤད་སྤེལ་བཞིན་ཡོད། དངོས་གནས་ཤུགས་ལྡན་ཚོགས་པའི་དཀའ་ངལ་དེ་ཡང་དབུ་མའི་ལམ་མམ། ཡང་ན་རིས་མེད་ཀྱི་ལྟ་གྲུབ་ལ་བརྟེན་ནས་སེལ་ན་མི་ལེགས་སམ།
ཡག་པོ་འདུག་་་་ཡིན་ན་ཡང་་་་་
ཤུགས་ལྡན་ཚོགས་པ་རྣམས་ལ་ཡང་དཀའ་ངལ་མེད་པ་དང་རྒྱུ་མཚན་མེད་པ་མ་རེད།
ཡིན་ན་ཡང་གཅོ་བོ་༧ གོང་ས་མཆོག་གིས་དགོངས་བཞེས་གནང་དགོས་ཡ་གལ་ཆེའོ།
ཤུགས་ལྡན་ཚོགས་པ་ལ་གོང་ས་མཆོག་གིས་དགོངས་བཞེས་མ་གནང་བ་གང་ཡང་མེད། བསམ་བློ་མ་བཏང་བར་ལས་ངན་བསགས་མཁན་ནི་དོལ་ཚོགས་རང་ཉིད་རེད། ར་སྤུའི་འུར་ར་ཡི་མགོ་ལ་ཁེལ་བ་ནི་ཆོས་ཉིད་རེད།
ང་ཅུང་ཡ་མཚར་བའི་སྣང་བ་ཞིག་འདུག བཙལ་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཕྱི་ནང་མི་རིགས་སུའི་མདུན་དུ་ཕེབས་པ་ཡིན་ནའང་ལས་བསྡོམས་རྒྱག་གནང་གིན་འདུག ང་ཚོས་ཅིག་བྱས་ཡོད་ཅིག་འགྲུབ་ཡོད། སྔར་ལས་ཡག་པོ་ཡོད་སོགས་གསུང་གནང་གི་འདུག དེ་ངེས་པར་ཡིན་ཐུགས་དག་པོ་ཡིན་རྒྱུ་རེད། ཡིན་ནའང་། མ་འོངས་པ་ན་འདི་བྱེད་ཀྱི་ཡོད། དེའི་ལས་རིམ་འདི་རེད། མི་མང་ནས་དེ་ལ་མཉམ་ཞུགས་དང་རྒྱབ་སྐྱོར་འདི་ལྟར་གནང་དགོས་ལྟ་བུའི་རྩ་བའི་རྩ་དོན་སྒྲུབ་པར་མི་མང་གིས་རྒྱབ་སྐྱོར་དང་དཔུང་འདེགས་ཇི་ལྟར་བྱེད་དགོས་པའི་ལམ་སྟོན་མི་འདུག སྔར་ཡང་མཐོང་མ་སོང་། འདིར་ཡང་མི་འདུག དེ་ཕངས་པོ་རེད། ཟམ་གདོང་རིན་པོ་ཆེའི་སྐབས་ལ་ཡིན་ན་མི་མང་གི་སྒྲུབ་ཕྱོགས་ལས་འགན་བཅུ་ལྟ་བུ་གསར་གཏོད་བྱས་ནས་མི་མང་ལ་བོད་རྩ་དོན་ཇི་ལྟར་སྒྲུབ་པའི་ལམ་སྟོན་གནང་ཡོད་པ་རེད། དེ་ལྟ་བུ་ཞིག་ངེས་པར་དགོས་རྒྱུ་རེད་བསམ་གྱི་འདུག
༧གོངས་ས་མཆོག་ནས་སྲུང་མའི་སྐོར་གསུང་ཀྱང་ཁོང་བླ་མ་རེད་ དེ་དགའ་ལྡན་ཕོ་བྲང་གི་དོན་དག་རེད་གསུང་གི་རེད་ འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ནས་དེའི་སྐོར་རྩ་བ་ནས་གསུང་རྒྱུ་མིན་འདུག་ དེ་ལོ་བཞི་བརྒྱ་ལྷག་རྩམ་ཕྱིན་པའི་བླ་བྲང་གཉིས་ཀྱི་སྙོག་གྲ་རྙིང་པ་ཞིག་ཡིན་པས་དེ་བོད་མིའི་དམངས་གཙོའི་གཞུང་གསར་པ་དེས་མུ་མཐུད་དགོས་པ་ཞིག་རྩ་བ་ནས་མ་རེད་ དེ་སྲིད་སྐྱོང་གི་ཕྱག་ལས་མ་རེད་ དེ་ལ་ཕན་ཐོག་གང་ཡང་མེད་ ཤུག་ལྡན་ཚོགས་པས་ཀྱང་རང་ཉིད་བོད་པ་ཞིག་ཡིན་པས་བོད་མིའི་སྒྲིག་འཛུགས་དང་བོད་མི་རིགས་ལ་གནོད་པ་བྱས་ན་ནོར་འཁྲུལ་ཆེན་པོ་དང་ཕན་ཐོག་གང་ཡང་མེད་པ་ཤེས་དགོས།
གལ་སྲིད་དོལ་རྒྱལ་ཚོགས་པས་ལབ་གླེང་ལ་དགའ་པོ་མེད་ན། དེའི་སྐོར་གླེང་རྒྱུ་ཉུང་ཙམ་བྱེད་ན་བཟང་། སྙོག་གླེང་ཇི་ཙམ་མང་ན་དེ་ཙམ་གྱིས་དཀའ་སྙོག་ཡང་མང་བ་ནི་ཆོས་ཉིད་རེད།
དེ་འདྲ་ཡིན་པ་ཤེས་ན་ལེགས་སོ་་་ཧཧཧཧ་་་་་
གོང་ས་མཆོག་གིས་དོལ་རྒྱལ་ལ་དམ་བསྒྲགས་གནང་བ་འདི་བོད་སྤྱི་དོན་ཡིན་པ་ལས་དགའ་ལྡན་ཕོ་བྲང་གི་སྒེར་དོན་མ་རེད། དེས་ན་འདི་སྒེར་གྱི་རྩོད་རྙོག་ལ་བསྒྱུར་ཐབས་བྱེད་མཁན་དག་ནི་དོལ་རྒྱལ་བ་མིན་ན་དོལ་ཚོགས་ལ་དགའ་ཞེན་ཅན་ཞིག་ཡིན་པ་ནི་བཤད་མ་དགོས་པ་རེད། དོལ་ཚོགས་ལ་ལབ་གླེང་མང་པོ་ཡོང་བ་འདི་ནི་དོལ་ཚོགས་རང་ཉིད་ཀྱིས་མིག་ན་ལག་པས་བཟོས་པ་ལས་སུ་གང་གིས་མ་ཉེས་ཁ་གཡོག་བྱས་པ་ཞིག་མིན་པ་དེ་ཤེས་པར་གྱིས།
ཨ་མདོ་ལུང་རྟོགས། གོང་ས་མཆོག་གིས་དོལ་རྒྱལ་ག་དུས་དམ་བསྒྲགས་གནང་པ་རེད་དམ། ཁོང་གིས་ལྷ་སྲུང་བསྟེན་མིན་དང་དམ་བསྒྲགས་ནི་ས་དང་གནམ་རེད་དོ། ཁྱོད་རང་ཚོ་དངོས་གནས་མི་མ་རེད་ད། རྒྱ་མིས་བོད་པར་དམ་བསྒྲགས། གོང་སས་དོལ་རྒྱལ་དམ་བསྒྲགས། ད་ག་རེ་གནང་བསམ་བཞིན་ཡོད་དམ།
གོང་གསལ་བསྟན་འཛིན་་ལགས་ཀྱིས་བརྗོད་པ་འགྲིག་བསམ་བྱུང་། ༧གོངས་ས་མཆོག་ནས་སྲུང་མའི་སྐོར་གསུང་ཀྱང་ཁོང་བླ་མ་རེད། དེ་ན་བླ་མའི་མིང་ནས་མང་ཚོགས་དུས་འཁོར་དབང་ཆེན་ཏུ་ཡོང་རྒྱུར་མགོ་སྐོར་དང་དཀའ་ངལ་བཟོས་ན་ཆོག་གམ།
༧གོངས་ས་མཆོག་ནས་ཆོས་ཕྱོགས་ནས་དགོངས་པ་ཞེས་ནས་དོལ་རྒྱལ་དམ་བསྒྲགས་གནང་བ་དེས་བོད་ཀྱི་སྤྱི་དོན་ལ་ཕན་གྱི་ཡོད་ན་ཡང་ ཕྱོགས་གཞན་ཞིག་ནས་༧གོངས་ས་མཆོག་གང་དུ་ཕེབས་ཀྱང་དོལ་ཚོགས་ནས་ངོ་རྒོལ་ཞུས་པ་དེས་བོད་ཀྱི་སྤྱི་དོན་ལ་གནོད་ཀྱི་ཡོད་པ་དེ་གསལ་པོ་རེད་ ལྷག་པར་དུ་དོལ་རྒྱལ་དམ་བསྒྲགས་གནང་བའི་སྐོར་ལ་བསམ་ཚུལ་འདྲ་མིན་བཤད་མཁན་བྱུང་བ་རྩམ་གྱི་དེ་དོལ་ཚོགས་ལ་དགའ་མཁན་རེད་ཟེར་ན་་ དེས་ང་ཚོའི་སྤྱི་ཚོགས་དེ་ཡང་མ་དག་པ་ཡིན་པ་མཚོན་གྱི་ཡོད་ གསལ་པོ་བཤད་ན་ང་རང་ནི་སྲུང་མ་ཞེས་པ་གང་ལའང་ཡིད་ཆེད་མེད་ སྐྱབས་གནས་ནི་སངས་རྒྱས་རང་ཡིན་
བོད་པ་སུ་ཡིན་ཡང་བོད་ཀྱི་སྤྱི་དོན་ལ་གནོད་པའི་དོན་དག་མི་བཟོ་བར་འཁྱེན། ཉེ་ལམ་གསར་འགོད་གསལ་བསྒྲགས་གནང་བ་ལྟར་ན་ད་རེབ་ལ་དྭགས་དུས་དབང་དུ་དཀའ་ངལ་གང་འཚམ་འཕྲད་སོང་ཟེར་མཁན་མང་པོ་འདུག རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་གྲྭ་བྱམས་པ་ལུང་རྟོགས་ལགས་ཀྱིས། ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་གོ་སྒྲིག་ཁོང་ཚོས་སྔོན་མར་བཤད་པའི་སྐད་ཆ་དང་ཆ་མཚུངས་ཀྱི་མི་འདུག སྔོན་མ་ཁོང་ཚོས་མུ་ན་ལེ་ནས་སྣེ་ལེན་བྱེད་མཁན་དང་རིན་མེད་ཀྱི་རླངས་འཁོར་ཡོད་ཅེས་དང་། ལྡི་ལི་ནས་ཉིན་རེར་གནམ་གྲུ་གཉིས་རེ་དང་ཇམ་མུ་ནས་རླངས་འཁོར་བཅས་རིན་མེད་མིན་ཚུལ་སོགས་བཤད་འདུག་ཅེས་ངའི་གྲོགས་པོས་བཤད་སོང་། ཡིན་ནའང་། དངོས་སུ་ལམ་ཁར་ཡོང་དུས་སྣེ་ལེན་བྱེད་མཁན་དང་རིན་མེད་ཀྱི་རླངས་འཁོར་སོགས་རྐང་གཅིག་མི་འདུག སྤྱིར་བཏང་གནས་སྟངས་ཀྱི་དབང་གིས་དཀའ་ངལ་ཡོད་ཀྱང་། མི་མང་ཁྱབ་བསྒྲགས་གནང་སྐབས་དྲང་པོ་བཤད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དང་པོ་གནས་ཚུལ་ཡག་པོ་མ་བསྒྲགས་པའི་དབང་གིས་མི་མང་པོར་དཀའ་ངལ་འཕྲད་ཀྱི་འདུག ང་རང་གི་ངོས་ནས་སྐབས་སྔོན་མ་ལྟར་གོ་སྒྲིག་འདོད་བློ་ཁེངས་པ་ཞིག་བྱུང་མ་སོང་། ཞེས་བརྗོད་བྱུང་། འདི་འདྲའི་ཕྱོགས་སུ་བསམ་ཚུལ་ཅི་འདྲ་ཡོད་དམ། དེ་ཞིབ་འཇུག་གནང་རྒྱུ་མང་པོ་ཡོད།
ལུང་རྟོགས་མིང་ཅན་དང་དེའི་ཕྱོགས་གཏོགས་པ་དག་གིས་བོད་སྤྱི་དང་གོང་ས་མཆོག་ཁར་འཁྱེར་ནས་བོད་མི་རིགས་དེ་བཞིན་བསྟན་དགྲ་རྒྱ་དམར་ལས་སྡུག་བ་ལྟར་ཞིང་། ནང་ཁུལ་ཆགས་སྡང་གིས་སྐད་ཆ་དེ་དག་སྐབས་འཚོལ་བའི་རྒན་ཞིག་ཨ་ན་མ་ན་པར་གཐོང་ཐུབ།
ཤུགས་ལྡན་གྱི་སྐོར་དཀའ་རྙོག་དེ་སེལ་དགོས་ན་་་་་བརྡ་སའི་པ་ཏོག་རྨོ་ཏོག་ཚོས་གཉིད་ལམ་ཡག་པོ་གཅིག་གཏང་སྟེ་རྟགས་མཚན་རྣམས་མི་དམངས་ཚོར་ངོ་སྤྲོད་གནང་ནས་སེལ་དགོས་པ་ལས་ཆོས་མེད་བློ་སེང་ནས་སེལ་ཐབས་བྲལ།
ད་ལྟ་བར་དུ་ལྷད་མེད་པ་དང་ཕྱོགས་ཞེན་གྱིས་སྤུ་ཙམ་ཡང་མ་གོས་པར་བཀའ་མོལ་གསུང་མཁན་ནི་ལུང་རྟོགས་ཙམ་མོ་ ཡིད་མ་ཆེས་ན་རང་ཉིད་སོ་སོའི་བྲིས་ཞག་པའི་མཆན་དེ་ཚོར་གཟིགས་དང་དེ་ལས་གསལ་བ་ཞིག་དང་གསར་ར་མིན་འདུག་བསམ་ གལ་སྲིད་ཕྱོགས་ཞེན་གྱིས་ལྷུང་བ་ཞིག་ཡིན་ན་ནི་དེ་ཡང་རྟོགས་པར་བཀའོ་ དེ་མིན་རྒྱ་ཡི་རྒྱུག་ཁྱི་སམ་དོལ་ཚོགས་སོགས་ཡིན་ན་ནི་གནས་ཚུལ་ལོག་ཀར་རེད་ གང་ཡིན་ཟེར་ན་ཁོ་ཚོའི་ལས་འགན་ཁོ་རང་བོད་རིགས་ནང་ཁུལ་ལ་དབྱེན་དཀྲུག་བཟོ་རྒྱུ་དང་བོད་མིའི་སྒྲིག་འཛུགས་མེད་པར་བཟོ་རྒྱུ་དེ་རེད་
བསྟན་འཛིན་ལགས། གོང་ས་མཆོག་གིས་དོལ་རྒྱལ་དམ་བསྒྲགས་གནང་བ་དེས་བོད་སྤྱི་དོན་ལ་ཕན་གྱི་ཡོད་པ་ཁྱེད་རང་གིས་ངོས་ལེན་གནང་འདུག དོལ་རྒྱལ་ཚོགས་པས་གོང་ས་མཆོག་ལ་ངོ་རྒོལ་བྱས་པ་དེས་བོད་སྤྱི་དོན་ལ་གནོད་ཀྱི་ཡོད་ན། དེ་ནི་དོལ་རྒྱལ།ཚོགས་པའི་ནག་ཉེས་རེད། ཁོང་ཚོས་བོད་སྤྱི་དོན་ལ་བསམ་བློ་མ་བཏང་བས་མ་ཟད་གོང་ས་མཆོག་གི་བཀའ་དྲིན་ལ་བསམ་ཤེས་མེད་པར། གདུག་འདྲེ་ཞིག་གི་ཆེད་དུ་དགྲ་བོ་རྒྱ་དམར་ལ་མགོ་སྒུར་ནས་བོད་སྤྱི་དོན་ལ་གནོད་པའི་ལས་ཀ་བྱེད་ཀྱི་ཡོད་པ་རེད། དེས་ན་མ་འགྲིག་པ་ཞིག་བཤད་དགོས་ན་ཁ་ཕར་སྐོར་ནས་དོལ་ཚོགས་ལ་བཤད་དགོས་པ་རེད་མ་གཏོགས། ཁ་ནང་ལ་སྐོར་གོང་ས་མཆོག་གིས་གནང་སྟངས་མ་འགྲིག་པ་ལྟ་བུ་དང་དོལ་རྒྱལ་གྱི་རྙོག་གྲ་དེ་སྒེར་གྱི་དོན་དག་ཡིན་པ་སོགས་འདྲ་མིན་བཤད་སྡད་ན་དེ་ནི་མི་ཀླད་མེད་བྱབ་ཆུང་གི་བྱེད་སྟངས་རེད།
རོང་བཙན་ལགས། དོལ་རྒྱལ་གསོལ་མཁན་བོད་མི་རིགས་སྤྱི་མ་རེད་བོད་མི་བྱེ་བྱེ་བྲག་པ་ཉུང་ཤས་ཤིག་རེད། མི་དེ་ཚོ་ནི་ངོ་མ་བསྟན་དགྲ་རྒྱ་དམར་ལས་སྡུག་ཅིག་རེད་ཟེར་ན་ཡང་མི་ཆོག་རྒྱུ་མེད་པ་རེད།
ལུང་རྟོགས་ལགས་ བཀའ་བཀྱོན་གནང་བ་ཐུགས་རྗེ་ཆེ་ ང་བོད་པ་ཞིག་ཡིན་ཙང་གནས་དོན་དེའི་ཐད་རང་གིབསམ་ཚུལ་བཤད་པ་ཡིན་ གལ་སྲིད་ཁ་ནང་འཁོར་མ་ཏོག་ཕྱི་སྐོར་རྒྱབ་མི་མཆོག་པ་དང་ བསམ་ཚུལ་མི་འདྲ་བ་བཤད་མི་མཆོག་པ་དང་ལྟ་བ་མི་འདྲ་བ་འཁྱེར་མི་མཆོག་ན་ རྒྱ་གུང་ཁྲན་ཏང་གི་བྱེད་གཏང་དང་ཁྱད་པར་གང་ཡོད་དམ་ རྩ་བའི་ལྷ་དྲེའི་བརྩོད་སྙོག་དེ་ཡག་ཉེས་གང་བཤད་ཀྱང་ ངའི་མཐོང་ཚུལ་ལ་ཁ་ཆེའི་ཤེ་ཡག་དང་སོ་ཉེ་བར་གྱི་བརྩོད་སྙོག་ནང་བཞིན་མ་ཏོག་ ཆོ་ཡོད་པ་དང་ ཀླད་པ་ཡོད་པ་་ བྱབ་ཡོད་པ་ ཚར་རྒྱུ་ཡོད་ཞིག་མཐོང་གི་མིན་འདུག་
དོལ་རྒྱལ་གྱི་རྩོད་རྙོག་དེ་སྤྱིར་བོད་རྒྱུད་ནང་བསྟན་གྱི་ཞབས་འདྲེན་དང་ སྒོས་དགེ་ལུགས་པའི་ཞབས་འདྲེན་རུ་ཆགས་འགྲོ་གི་འདུག་པས་ཅི་ནས་ཀྱང་རྩོད་པ་ཆོས་ཕྱོགས་སུ་ཞི་ཐུབ་པ་ཞིག་གལ་ཆེན་ནང་གི་གལ་ཆེན་ཞིག་མཐོང།
བསྟན་འཛིན་ལགས། བསམ་ཚུལ་མི་མཐུན་པ་བཤད་མི་ཆོག་ཟེར་མཁན་སུ་ཡང་མི་འདུག ངས་ཀྱང་ང་རང་གི་བསམ་ཚུལ་བཤད་པ་ཡིན་གྱི་སུ་ལ་ཡང་གནོན་ཤུགས་སྤྲད་པ་མིན། དོལ་རྒྱལ་གྱི་རྩོད་རྙོག་འདི་ནི་བོད་མི་མང་དང་དོལ་རྒྱལ་བ་ཁ་ཤས་དབར་གྱི་རྩོད་རྙོག་ཡིན་པས་ཤི་ཡ་དང་སུ་ནིས་བར་གྱི་རྩོད་རྙོག་དང་གཏན་ནས་མི་འདྲ། བོད་མི་མང་ལ་བློ་རྩ་དང་ལང་ཕྱོགས་བརྟན་ཙམ་ཡོད་ན་ཁོང་ཚོ་མི་ཁ་ཤས་ཤིག་ནུས་མེད་བཟོ་མི་ཐུབ་རྒྱུ་ཅི་ཡོད། འོན་ཀྱང་ཁོང་ཚོས་ད་བར་དུ་བཙན་བྱོལ་ནང་ལ་གང་བྱུང་མང་བྱུང་བྱེད་ཕོད་པ་དང་། བཤད་ཕོད་པ་འདི་བཙན་བྱོལ་ནང་ལ་མགོ་གཉིས་མ་མང་སོང་བས་ཁོང་ཚོས་ཀྱང་རྔ་ལ་དཔག་པའི་འཆམ་ཞིག་འཁྲབ་ཀྱི་ཡོད་པ་གསལ་པོ་རེད།
སྤྱིར་བསམ་ཚུལ་ག་རེ་བཤད་མ་བཤད་སོ་སོའི་འདོད་མོས་རེད་ ཡིན་ཀྱང་ཁ་ནས་བོད་སྤྱི་བ་འབོད་བཞིན་ལག་ལེན་དེ་ཕྱོགས་ཞེན་དང་མགོ་བདེ་དྲན་འཕྲུལ་ཁོ་ན་བྱས་པ་ཡིན་ན་དོན་དང་མི་མཚུངས་ དོལ་རྒྱལ་གྱིས་རྩོད་རྙོག་དེ་དགེ་ལུགས་པ་གཅིག་པོའི་རྙོག་གླིང་ཞིག་རེད་ལབ་ཡས་འདི་ཡང་ཧ་ཅང་གིས་ནོར་འཕྲུལ་ཆེན་པོ་རེད་ དེའི་ཐོག་ནས་ཕྱོགས་ཞེན་ཙམ་ལས་རྩ་དོན་ལ་འགན་འཁུར་མེད་པ་མཚོན་ཡོད་
ཤུགས་ལྡན་གྱི་རྙོགས་དྲ་དགེ་ལུགས་པ་གཅིག་པུའི་མིན་སུའི་རེད།
མེ་ཏོག་དཀར་པོ་ལགས་དེ་ང་ཚོ་ཚང་མས་རེད་ བསམ་རྣོ་ནན་གྱིས་གཏོང་དང་གོ་བ་ཞིག་རྙེད་ལེ་རེད་གོ་་།
ཁ་སྔོན་བདེ་སྲུང་བཀའ་བློན་ནས། རི་རྒྱལ་ལྷུན་པོ་ལ། སྦྲང་མའི་ཤོགས་ཆགས་ཐེབས་གིས་མ་རེད། ཟེར་བ་དང། གོང་དུ་མཆན་པ་གང་ཞིག་ནས་བོད་མི་མང་ལངས་ཕྱོགས་བརྟན་པོ་ཡོད་ན་ཁོང་ཚོ་མི་ཁ་ཤས་ཞིག་ནུས་མེད་བཟོ་མི་ཐུབ་རྒྱུ་ཅི་ཡོད། ཟེར་བ་སོགས་རང་ལྟ་མཆོག་འཛིན་དེ་འདྲ་བཤད་ནས་རྩོད་རྙོག་སེལ་ཐུབ་གི་ཡོད་ན་འགྲིགས་འདུག། དེས་རྩོད་རྙོག་སེལ་མི་ཐུབ་པ་ནི་བླུན་པོ་ངས་ཀྱང་གསལ་པོར་མཐོང་ནུས། དམངས་ཁྲོད་ཁ་བརྡ་ལ་གཟིགས་དང་ཁོང་ཚོས་ག་རེ་བཤད་གིས་འདུག། རྡ་རམ་ས་ལ་རི་ཁུག་ནང་ལ་མི་མང་མགོ་སྐོར་གཏོང་རྒྱུ་མ་གཏོགས་རང་དབང་རྒྱལ་ཁབས་ཨ་རི་དང་ཡུ་རོབས་སོགས་སུ་ཁོང་ཚོས་སྐད་ཆ་ལ་གདོང་ལེན་ནུས་མཁན་བཙན་བྱོལ་ནང་ནས་སུ་ཡང་མིན་འདུག་ཅེས་བཤད་གིས་ཡོད་རེད། ཕྱོགས་གཅིག་ནས་བལྟས་ན་དེ་འདྲ་ཞིག་ཀྱང་མངོན། ངས་བསམ་ཚུལ་བཤད་ཆོག་ན། ཕ་གསད་ལག་དམར། ཀླ་ཀློ། བསྟན་དགྲ་རྒྱ་དམར་དང་མཐུན་ཐབས་ཡོད་ན། བོད་རིགས་སྤུན་ཟླ་ཤུགས་ལྡན་པ་རྣམས་དང་མཐུན་ཐབས་མེད་པ་ཞིག་ག་ལ་སྲིད། རང་ཡུལ་ནི་མེད། གཞན་ཡུལ་དུ་སྔོ་ལོ་ཕྱར་མི་དགོས་པའི་ཐབས་ལམ་ཞིག་ངེས་པར་དུ་དགོས་པས་སོ།
དོལ་རྒྱལ་དང་རྩོད་པ་ཆོས་ཕྱོགས་ལ་ཞི་ཐབས་གྱི་ལམ་ཁ་ག་ཚོད་འདུག དེའི་ཐོག་ལ་རིགས་པ་འདྲ་གསུང་ཐུབ་མཁན་ཡོད་དམ། ངས་བསམ་བློ་མང་པོ་བཏང་བ་ཡིན། རེ་བ་ཅང་མཐོང་མ་སོང་། དང་པོ་དེ་རྩོད་གཞི་མ་ཡིན་པར་རྩོད་མཁན་དོལ་རྒྱལ་བ་གླེན་རྟགས་ཚ་པོ་འདི་ཚོ་མཉམ་དུ་ཆུ་ཚོད་གཅིག་སྡོད་ཐུབ་པ་མིན་འདུག དེ་ཚོའི་སྤྱོད་པ་དང་བསམ་བློའི་ཁྱེར་སྟངས་ལ་ལྟོས་དང་།
དམངས་ཁྲོད་ཁ་བརྡའི་ནང་ལ་ཞུགས་མཁན་དེ་ཚོ་དང་དགེ་བཤེས་སྐལ་བཟང་གི་ཕྱི་རྒྱལ་སློབ་ཕྲུག་སྨྱོན་པ་དེ་ཚོ་སྔོན་མ་རྩོད་པ་ཤོར་འདུག དོལ་རྒྱལ་བ་བློ་བཟང་རྡོ་རྗེ་ཟེར་མཁན་དེས་དགེ་བཤེས་སྐལ་བཟང་གི་སློབ་མ་ཞིག་དང་བློ་མ་མཐུན་པར་ཞུ་རེས་བཏང་། ནང་འཁྲུག་ཆེན་པོ་ལངས་པ་དབྱིན་ཇིའི་Bristol Forum ཟེར་བའི་དྲ་རྒྱའི་ཐོག་ལ་ཚང་མ་ཐོན་སོང་།
དམངས་ཁྲོད་ཁ་བརྡའི་ནང་ལ་གང་བཤད་པ་དེ་དག་རྫུན་གཏམ་ཡིན་པ་ནི་དོལ་རྒྱལ་ཁོ་རང་ཚོས་ཀྱང་ཤེས་ཀྱི་ཡོད་པ་རེད། ཁོང་ཚོས་ཤེས་བཞིན་དུ་རྫུན་གཏམ་བཤད་པ་ནི་སྒེར་གྱི་ཁེ་ཕན་གྱི་ཆེད་དུ་རེད། དེ་ཡིན་པ་ཡང་ཁོ་ཚོས་རྒྱ་ནག་གཞུང་ལ་རྒྱབ་རྟེན་གཅོལ་ཡོད་པ་འདི་ནས་ཤེས་ཐུབ། ཨ་རི་དང་ཡུ་རོབ་སོགས་སུ་ཁོང་ཚོའི་སྐད་ཆ་ལ་གདོང་ལེན་ནུས་མཁན་མེད་ན་དེ་ནི་ཨ་རི་དང་ཡུ་རོབ་ལ་ཡོད་མཁན་ཚོས་སྤྱི་དོན་ལ་འགན་ཁུར་གྱི་མེད་པའི་རྟགས་རེད་མ་གཏོགས་ཁོང་ཚོ་ལ་བདེན་པ་ཡོད་པའི་རྟགས་མཚན་གང་ཡང་མ་རེད། རྒྱ་གཞུང་དང་མཐུན་ཐབས་བྱེད་པ་འདི་ནི་བོད་མི་རིགས་དང་རིག་གཞུང་འཆི་ཉེན་ལས་སྐྱབ་དགོས་ན་འདི་ལས་ལྷག་པའི་ལམ་ཁ་གཞན་མེད་སོང་བ་རེད་མ་གཏོགས་རྒྱ་གཞུང་ལ་དགའ་དྲག་ནས་མཐུན་ཐབས་བྱས་པ་མ་རེད། དོལ་རྒྱལ་བ་ཚོ་བོད་པ་ཡིན་ཡང་བོད་མི་རིགས་ཀྱི་ཉག་ཕྲའི་གནས་སྟངས་ལ་བསམ་བློ་གཏན་ནས་མེད་པར་དགྲ་བོ་རྒྱ་དམར་ལ་མགོ་བཏགས་ཞུས་ནས། བོད་མིའི་མགོན་སྐྱབ་གོང་ས་མཆོག་ལ་ངོ་རྒོལ་དང་ཁོང་གི་སྐུ་ཕྱ་ལ་ཡང་ཉེན་ཁ་བཟོ་བ་བོད་སྤྱི་དོན་ལ་གནོད་པའི་གཏམ་བཤད་དང་ལས་ཀ་བྱས་པ་སོགས་ནི་དགྲ་བོ་ལས་སྡུག་པའི་བྱ་སྤྱོད་རེད། དགྲ་བོས་གནོད་པ་བསྐྱལ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་དེ་ལ་ཧང་སང་དགོས་མེད་ཀྱང་ཕུ་ནུ་དགྲ་ལ་ལང་བ་ནི་ངོ་མ་བཟོད་སྒོམ་མི་ཐུབ་པའི་སྤྱོད་ངན་ཞིག་རེད།
ལྔ་པ་ཆེན་པོས། མ་བཤད་ཕས་ཀྱང་མི་གོ་རན་པར་སྨྲ།། གསུངས་པ་ལྟར་རན་པ་ལས་འདས་ནས་ཚ་དྲག་པས་པོ་ལོ་ས་ལ་བརྡབ་ཆེ་ནས་གནམ་དུ་འཕར་བ་ལྟར་ཤུགས་ལྡན་པ་ཚོ་ཡང་དེ་འདྲ་རེད་དྲན། གང་ལྟར་དེ་དགེ་ལུགས་པས་ན་ཉིན་བཙོས་པའི་ཆང་ད་ལོ་ལང་པ་རེད་པས་ཞིམ་པོ་མེད་ཀྱང་འཐུང་རྒྱུ་རེད།
མཁན་ཆེན་བླ་མ་ཐུབ་བསྟན་དགེ་ལེགས་ཡར་འཕེལ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་ལམ་རིག་འཛིན་ཨེ་མ་ཧོས་འདི་འདྲ་བཤད་འདུག
བོད་ནང་འཁོར་ནས་ཤེས་ཐུབ་པ་གལ་ཆེ་པོ་ཡིན་པར་ཤེས་ཐུབ།
http://blog.amdotibet.cn/Amaho/archives/111236.aspx
དོལ་རྒྱལ་སྐོར་དེར་ང་རང་ལ་བསམ་ཚུལ་ཞིག་ཡོད་པ་ནི། དེང་དུས་བརྙན་པརབཟོབའི་མཐུན་རྐྱེན་བཟང་བས། ྄ཆ་རྐྱེན་འཛོམས་པ་རེ་འགས་ཨ་རི་སོགས་ཀྱི་དོལ་རྒྱལ་རྗེས་འབྲངས་པ་དེ་ཚོར་བཅར་འདྲིའི་རྣམ་པའི་སྒོ་ནས་ཁུངས་གཏུགས་གང་འདྲ་ཡིན་མིན་ཕུ་འདེད་ཅིག་བཏང་ཐུབ་ན་དཔེ་མ་སྲིད་ནུས་པ་ཐོན་ས་རེད། དཔེར་ན་མགོ་སེར་རྗེས་འབྲངས་པ་རེ་གཉིས་དམིགས་སུ་བཀར་ནས་རྗེས་འདེད་ཀྱིས་ཁོང་ཚོའི་འཚོ་བའི་གནས་ཚུལ་དང་ནམ་རྒྱུན་གྱི་འགྲོ་ཁུངས་དེདག་པར་དུ་བླངས་ནས་མི་དེ་ཚོིའི་སྤྱི་ཚོགས་གནས་བབ་དང་འཚོ་བའི་ཁ་ཐབ། བསམ་པའི་གནས་ཚད་སོགས་རྒྱུས་ལོན་བྱས་ན། རྫུན་རྐུབ་དམར་རེར་བཏོན་ཐུབ་པས། དོལ་རྒྱལ་རྗེས་འབྲངས་པས་བཤད་པའི་སྐད་ཆར་ཡིད་ཆེས་སླེབས་ཚད་ཡང་དེ་མར་དོང་ལ་ལྷུང་ངེས། བྱས་ཙང་འཇོན་མཁན་ཡོད་ན་དོན་འདི་བྱེད་མཁན་ཞིག་དགོས་ས་རེད།
དོལ་རྒྱལ་མི་འདོད་མཁན་དག་གིས་རྒྱལ་དམར་དང་ལྷན་དུ་མཐུན་ཐབ་ཡོད་ཚུལ་དང་དེ་ཡང་བོད་མིའི་དཀའ་སྡུག་སེལ་བའི་ཆ་རྐྱེན་ཡིན་ཚུལ། དོལ་ཚོགས་པ་དག་དང་མཐུན་ཐབ་མེད་ཚུལ་དང་དགྲ་བོ་རྒྱ་དམར་གྱིས་རྒྱུགས་ཁྱི་ཡིན་ཚུལ་བཤད་པ་དེ་ཚོར་ཟུར་གནས་ཀྱིས་དཔྱོད་ལྡན་སུའི་རྣར་འགྲོ། དགོད་བྲོ་བའི་སྐབས་འཚོལ་བའི་སྐད་ཆའི་བཤད་སྟངས་ཞིག་མིན་ན་ཅི་རེད། ཁྱེད་རྣམ་པའི་རང་འདོད་ཀྱི་སྟོང་གཏམ་དེར་འབྲས་བུ་མེད་པར་མི་ལོ་བཞི་བཅུ་ལྷག་གི་བྱས་བབ་ཀྱིས་གསལ་ནི་ཡོད། གལ་སྲིད་ཁྱེད་དག་གིས་བཤད་པ་བཞིན་རྒྱ་དང་མཉམ་མཐུན་གྱི་དུས་སྐབས་ཞིག་ཤར་ཚེ། དོལ་ཚོགས་ལ་ཡང་རྒྱབ་གཏོད་བྱེད་ས་མེད་ལ། རྒྱའི་པཎ་ཆེན་གྱིས་བཀའ་བཀོད་ཀྱིས་འོག་ཏུ་ཡང་མི་འགྲོ་ཞུ་ས་མེད་པར་ཧ་གོ་བ་བགྱིས་ཤིང་། དོལ་རྒྱལ་གྱི་དཀའ་སྙོག་འདི་བླ་བྲང་གོང་འོག་གཉིས་ཀྱིས་འགོ་རྩམས་ནས་དགེ་རྙིང་དབར་གྱི་ཆོས་ལུགས་དང་གྲུབ་མཐའི་ཕྱོགས་མཐེན་གྱིས་ལས་སུ་སྒྱུར་ནས་ད་ཆ་འཛམ་གླིང་ཧྲིལ་པོའི་ནང་པའི་ཆོས་ལུགས་ཡོངས་ཀྱི་དཀའ་སྙོག་ཏུ་ཆག་ཚ་བ་རེད། ད་དུང་ཁྱེད་རྣམ་པས་དོལ་རྒྱལ་རྗེས་འཇུག་པ་མི་ཉུང་ཤོས་ཞིག་ལས་མེད་པར་གཡོ་སྒྱུར་གྱིས་འདོད་གཏམ་སྒྲོགས་བཞིན་པ་འདིས་དོལ་རྒོལ་པ་དག་ལ་ཡིད་ཆེས་ཆུང་ནས་ཆུང་དུ་འགྲོ་ཡི་ཡོད་པ་བརྗེད་མི་ཉེས།། གང་ལྟར་དགེ་ལྡན་པའི་ཆོས་རྒྱུད་གྲུབ་མཐའ་དེ་ཇི་སྲིད་ནམ་གནས་བར་གྱི་དེ་སྲིད་དུ་དོལ་རྒྱལ་གྱི་གནས་བབ་དེ་ཡང་གནས་རྒྱུ་ཡིན་པར་བདེན་མི་ཟ། དེ་ནི་བཟང་ངན་ཇི་ལྟར་ཡིན་ཡང་བོད་ཀྱི་ཆོས་དཔོན་བླ་དཔོན་ཚོས་བྱས་པའི་མཛད་རྗེས་རེདོ།།
རྒྱ་བོད་མཉམ་གནས་ཤེས་པ་དེ་རྒྱ་འོག་ནས་ཐོབ་ཐང་ཞིག་རྩོད་ཀྱི་ཡོད་པ་རེད་མ་གཏོགས་རྒྱ་ལ་མགོ་སྒུར་བའི་སྐད་ཆ་མ་རེད། མགོ་སྒུར་བཞག་ན་སང་ཉིན་རང་བོད་ལ་ལོག་འགྲོ་ན་ཡང་འགྲིག་གི་རེད། གལ་སྲིད་རྒྱ་བོད་བར་ལ་འགྲིག་མཐུན་ཞིག་བྱུང་བ་ཡིན་ན་དོལ་རྒྱལ་བའི་མགོ་ལ་ཉི་མ་ནག་པོ་ཞིག་ཤར་རྒྱུ་ཡིན་པ་གཏན་ཁེལ་རེད། ད་ལྟ་རྒྱ་གཞུང་གིས་དོལ་རྒྱལ་བ་ལ་རྒྱབ་སྐྱོར་བྱེད་པ་ནི་རྒྱ་བོད་བར་ལ་འགལ་ཟླ་ཡོད་པའི་དབང་གིས་ཁོ་ཚོས་དོལ་ཚོགས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་ཀྱི་ཡོད་པ་ལས་དོལ་རྒྱལ་ལ་དགའ་དྲག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་མ་རེད། རྒྱ་བོད་གཉིས་འགྲིག་མཐུན་བྱུང་སོང་ན་དེ་དུས་ལག་ཆ་དེ་དགོས་མཁོ་མེད་པ་ཆགས་སོང་བ་རེད། ལར་ནས་དོལ་རྒྱལ་བ་ནི་ཨ་རི་དང་ཡོ་རོབ་སོགས་སུ་མི་བཅུ་ཁ་ཞིག་ཡོད་པ་ལས་མང་པོ་གང་ཡང་མེད་པས་ཁོང་ཚོ་ཤི་སོང་ན་དོལ་ཚོགས་འཇུག་སྒྲིལ་སོང་བ་རེད། ཁོང་ཚོའི་རྗེས་འཇུག་པ་དབྱིན་འཇི་ཁག་ཅིག་ཡོད་ཀྱང་ཁོང་ཚོ་ནི་དོལ་རྒྱལ་བའི་མགོ་སྐོར་འོག་ལ་ཚུད་ནས་གནས་སྐབས་ལམ་ལོག་པ་ལ་ཞུགས་སོང་བ་ལས་ཕུག་འཕེར་གྱི་བསམ་བློ་གང་ཡང་མེད་པ་རེད།
དོལ་རྒྱལ་གྱིས་དཀའ་རྙོག་དེ་བླ་བྲང་གོ་འོག་གིས་དཀའ་རྙོག་ཞིག་མིན་ལ་འཛམ་གླིང་ནང་བསྟན་ཡོངས་ཀྱི་དཀའ་རྙོག་ཤིག་དེ་བས་མིན་ནོ། མ་གཞི་ནས་རོང་བཙན་ཁྱེད་རང་གིས་སྐད་ཆའི་ཤུགས་ནས་ཁྱོད་སྐབས་ཚོལ་བ་ཞིག་ཡིན་པ་བསྟན་གྱི་འདུག་ དེ་མིན་ཁྲོན་པའི་ནང་ནས་ཡར་ཐོན་ན་ཡག་ལེ་རེད་
མང་པོ་ཞིག་གིས་དོལ་ཚོགས་དང་མཉམ་དུ་བཅར་འདྲི་བྱས་ན་བཟང་ལུགས་རྒྱུན་ནས་རྒྱུན་དུ་བཤད་ཡོང་གི་འདུག་དེ་ནི་འབྲས་བུ་མེད་པའི་བཀའ་མོལ་སྟོང་པ་ཞིག་རེད་ ཁོ་ཚོ་མཉམ་དུ་སྐད་ཆ་མང་པོ་བཤད་ཚར་བ་རེད་འགྱུར་བ་གང་ཡང་ཕྱིན་མེད་ལ་གནས་སྐབས་འགྲོ་གི་ཡང་མ་རེད་ རྒྱུ་མཚན་ནི་ཁོ་ཚོའི་ལྟོ་ཕོགས་དང་ཐུག་ཡོད་ ཡིད་མ་ཆེས་ན་ཁོ་ཚོའི་གཉེར་བའི་ཁ་བརྡ་ཟེར་བ་དང་ངོ་རྒོལ་སྐབས་ཀྱིས་གསར་བཀོད་པའི་བཅར་འདྲི་སོགས་ལས་ཤེས་ཐུབ་ དེས་ན་ཁོ་ཚོའི་རིགས་དེ་ཚོ་ཚང་མ་དོལ་ཚོགས་ཡིན་དང་མིན་ལ་ཡང་དོག་པ་ཡོད་འདུག་གོ།
ཧཧཧཧཧ། རྒྱ་ལ་མགོ་སྒུར་བཞག་ན་སང་ཉིན་རང་བོད་ལ་ལོག་འགྲོ་ན་ཡང་འགྲིག། ཧཧཧཧཧཧཧཧཧཧཧཧཧཧརརརརརརར། རྒྱ་ལ་མགོ་སྒུར་༡༩༥༠ ཡར་མན་ནས་ཞུས་ཚ་བ་རེད། བཙན་བྱོལ་དུ་ཡོད་པའི་བོད་ཀྱི་སྲིད་དོན་པ་དང་སྐབས་འཚོལ་བ་དེ་ཚོས་ཐབ་ཤེས་གང་ཡོད་སྤྱོད་ནས་བོད་ལ་ལོག་རྩིས་ཡོད་ཀྱང་ད་ཆ་རྒྱ་དམར་གྱིས་ཁོང་ཚོར་ལམ་ཁ་་དེ་མེད་པར་ཤིན་ཏུ་ནི་གསལ་པོ་བཟོ་ཟིན་པ་རེད། དྲང་པོ་བཤད་ན། ཆ་རྐྱེན་གང་ཡང་མེད་པས་ཕྱི་སྡོད་བོད་མི་མི་རྒྱལ་དུ་ལོག་དགའ་བསུ་ཡོད་སྐོར་རྒྱ་དམར་གྱིས་བཤད་ཀྱང་། དོན་དངོས་ཐོག་དེ་འདྲ་ཞིག་ཡོང་རྒྱུ་མེད་པར་རྒྱ་མིའི་སྤྱོད་ཚུལ་ཤེས་ན་གསལ་པོ་རེདོ།།
གཞི་རྩ་མེད་པའི་སྐད་ཆ་མ་བཤད། ཆ་རྐྱེན་གང་ཡང་མེད་པར་ལོག་གི་ཡིན་ཟེར་མཁན་ཞིག་མེད་པ་རེད། ད་བར་དུ་ལོག་མ་ཐུབ་པའི་རྒྱུ་མཚན་ཡང་འདི་ལ་ཐུག་ཡོད་པ་རེད། དེ་ཤེས་སོང་ན་རྒྱ་ལ་མགོ་སྒུར་སོང་ཞེས་རྟགས་པར་སྐད་ལོག་རྒྱག་མཁན་ཁྱོད་ཚོའི་ཁ་ལ་རྒྱ་གྲམ་ཞིག་བཞག་ཡོད་པ་གཞི་ནས་ཤེས་ཡོང་།
བོད་ཀྱི་སྐབས་འཚོལ་དག་གིས་ཆ་རྐྱེན་གང་ཡང་མེད་པ་བོད་ལ་ལོག་ས་ཡོད་བསམ་པ་དེ་དོན་དུ་ལོག་ས་མེད་པར་རྒྱ་ཡིས་རྡོར་རྗེ་བཞག་ཚ་བ་རེད། གྲོགས་པོ་ལུང་རྟོག་ལགས། མི་ལོ་བཅུ་ཕྲག་ཁ་ཤས་ཀྱི་རྗེས་སུ་སྟོན་མོ་གསལ་པོ་མཐོང་ཡོང་གི་རེད།
དབུ་ལམ་པས་རྒྱ་བོད་མཐུན་ཐབ་ཀྱི་ཆ་རྐྱེན་ཡོད་ཁུལ་བཤད་པ་ཙམ་ལས་དོན་དངོས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འོག་ཏུ་མགོ་འོག་ལུས་ཚུད་སྡོད་རྒྱུ་ཡིན་ཚུལ་དེས་ཆ་རྐྱེན་གང་ཡོང་མིན་གསལ་སོང་བ་རེད། དོན་མེད་ཁའི་རླང་འབུད་ནས་སྐབས་འཚོལ་བའི་བྱ་སྤྱོད་མ་མང་ལོ།།
རྒྱ་ནག་གཞུང་གིས་རྩ་ཁྲིམས་གྱི་དགོངས་དོན་ཇི་ལྟ་བ་བཞིན་དུ་ལག་བསྟར་བྱེད་ཀྱི་མེད་པ་ཚང་མས་ཤེས་གསལ་རེད། བོད་ལ་རང་སྐྱོང་གི་མིང་ཙམ་ཞིག་ད་ལྟ་ཡང་ཡོད་པ་རེད། འོན་ཀྱང་དོན་ལ་རང་སྐྱོང་གི་སྒྲིགས་གཞི་ཇི་ལྟ་བ་བཞིན་དུ་ལག་བསྟར་བྱེད་ཀྱི་མེད་པའི་དབང་གིས། བོད་མིའི་སྒྲིག།འཛུགས་ཀྱི་ངོས་ནང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞེས་པ་དེ་སྤྲད་པ་རེད། མོང་དོན་མཚུངས་པའི་རང་སྐྱོང་ཞེས་པ་འདིས་གོ་དོན་རྟོགས་སོང་ན་དེ་ནས་ཆ་རྐྱེན་གང་ཡང་མེད་པར་ལོག་འདོད་བྱེད་ཀྱི་ཡོད་པ་རེད་ཅེས་པའི་སྐད་ཆ་འདི་གཞི་རྩ་མེད་པའི་ལོག་བཤད་ཡིན་པ་གཞི་ནས་ཤེས་ཡོང་། དོན་དག་མ་ཤེས་གོང་ནས་འུར་རྒྱག་མ་ཡོང་ཨ་ཁོ་རེ།
རྒྱ་ནག་གཞུང་བཙུགས་པ་ནས་རྩ་ཁྲིམས་གྱི་དགོངས་དོན་ཇི་ལྟ་བ་བཞིན་དུ་དེང་གི་བར་ལག་བསྟར་བྱས་མེད་པ་ཚང་མས་ཤེས་གསལ་རེད། ཤེས་ཀྱིན་དུ་དེའི་འོག་ཏུ་འཛུལ་གྱི་ཡིན་ལབ་ཀྱིན་པ་ནི་སྐབས་འཚོལ་དྲན་འཁྲུལ་ཅན་གྱི་སྤྱོད་པ་རང་རེད། འབའ་པ་ཕུན་དབང་གིས་འདི་ལ་རེ་བ་བརྒྱབ་ནས་གྲོངས་པ་རེད། ད་ལྟ་གོང་ས་མཆོག་གིས་འདི་ལ་རེ་བ་བརྒྱབ་ནས་སྐུ་ཚེ་རྫོགས་འགྲོ་གི་རེད། དེ་ནས་བོད་མི་ས་ཡ་དྲུག་རིམ་པས་རྒྱ་མ་བོད་དུ་འགྱུར་འགྲོ་གི་རེད། སྐབས་དེར་རྒྱ་ནག་གཅིག་གྱུར་ལ་རླབས་ཆེན་གྱི་བྱས་རྗེས་འཇོག་མཁན་གཙོ་བོ་གཉིས་ནི་བོད་ས་གནས་སྲིད་གཞུང་གི་དབུ་ཁྲིད་མཐའ་མ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་དང་བོད་མི་གསར་བརྗེ་པ་ཕུན་དབང་ཟེར་སྲིད་མོད། མིང་སྐམ་པོ་དེ་འདྲ་ཞིག་ལ་སྙིང་པོ་ཞིག་འདུག་གམ།
རྒྱ་དམར་གྱིས་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་བཅས་དང་འགལ་བའི་བོད་ལ་བྱ་སྤྱོད་སྤེལ་བ་དངོས་བདེན་ཡོད་ཚེ་བོད་ལ་ཡོད་པའི་བོད་མིས་རྒྱ་གཞུང་ལ་དག་འབུལ་དགོས་རྒྱུ་དང་ཡང་ན་ཁྱེད་རྣམ་པ་བོད་ལ་ལོག་ནས་ད་ཟད་རྒྱ་དམར་དང་ལྷན་དུ་རྩ་ཁྲིམས་ཐོག་གླེང་དགོས་པ་ལས་ཕྱིར་ལོག་ནས་སྡུག་སྐད་ག་ཚོད་རྒྱབ་ཀྱང་དེར་ཁྱིའི་སྐད་ཙམ་ལས་རྩིས་ནི་མ་རེད། དེ་ཙམ་མ་ཟད། ཕྱི་མི་ཡིས་ནང་སྲིད་ལ་ཐེར་ཇུས་མི་ཆོག་ཞེས་པའི་མིང་ཚིག་དེ་ཙམ་གྱིས་ཁྱེད་རྣམ་པར་ལེན་དོན་མཐུན་མེད་སོང་བ་རེད། མ་གཞི་ནི་རྒྱ་ནག་གི་བཅའ་ཁྲིམས་གོང་དུ་རྩ་ཁྲིམས་དང་དེའི་གོང་དུ་བཀའ་རྒྱ་ཡོད་པས་བཅའ་ཁྲིམས་དང་རྩ་ཁྲིམས་ལ་ཡིད་རྟེན་འཕེལ་བའི་རྩ་འཛིན་གྱི་ཁྲིམས་ལུགས་ཞིག་མིན་པས་མིང་དོན་མཚུངས་པའི་རང་སྐྱོང་ཞེས་རྩོད་པས་ས་གོ་མི་ཆདོ།།