ཁྲོ་གཏུམ།
—༼ས་ཡོམ་མ་བྱུང་བའི་སྔོན་ལ༽ཞེས་པའི་སྙན་ངག་དེས་ངའི་བྲང་ཁོག་ཏུ་ཡི་གེ་ཞིག་བཏང་ལན་དུ།
ངས་བལྟས་ན
འཕྲིན་ཐུང་གི་ཁྲོད་དུ
ས་ཡོམ་གྱི་བྱུང་རིམ་གཅུལ་དགོས
སེམས་སུ་ས་ཡོམ་གྱི་འཇིགས་པ་མེད་པའི
མི་རབས་དེ་ནི་ཁྱོད་ཀྱི་འཕྲིན་ཡིག་གི་བདག་པོ་ཡིན
བདག་པོ་དེ་དག་གི་མདུན་རྒྱབ་ཏུ
སེམས་སུ་བཙའ་ཆགས་པའི་ཀླད་ཀོག་འགའ་ཡོད
ཁོ་ཚོར་བྱུང་བའི་ཆམ་ནད་རྙིང་པ་དེ་ནི
འཕྲིན་ཡིག་གི་གཏིང་ནས་འགུལ་སྟེ་གཤགས་དགོས
ད་ལོའི་ས་ཡོམ་གྱིས
མི་གཞི་རྫོགས་མྱོང
མི་གཤིས་གཙབ་མྱོང
མ་རིག་པའི་རི་བོ་འགའ་ཡང་ཐོར་མྱོང
ཞོར་དུ་རླུང་བུ་ལྡིང་རུང
གཡུགས་སྟངས་མ་ལེགས་པས
ཆར་བ་བབས་ཀྱང
འབབས་སྟངས་སུ་འུར་སྒྲ་ཆེ་བ
རྩྭ་ལོ་ཆུང་ཆུང་གི་གསེང་ན
ལྗང་སྨྱུག་གི་མགོ་བོ་འབུས་དང་མ་འབུས་བའི་མཚམ་སུ
ཆེས་གནག་པའི་ས་རྡུལ་གྱི་ངམ་ཁ་མཐུག
འཕྲིན་ཡིག་སྟེ
མིའི་བྲང་ཁོག་གི་འཕྲིན་ཡིག་ཅིག་ཏུ་བཀུར་འོས
༢༠༡༦།༠༥།༠༦ ཉིན་བྲིས།