འབའ་སྲས།
ཀ་ར་གཅིག་གིས་འགྲོ་སོང་མ་དགོས།།
ཁ་ཡག་བཤད་ནས་མགོ་སྐོར་མ་བཏང་།།
ག་ལེར་ཡིད་སེམས་གཏིང་འདྲེས་གྱུར་བའི།།
ང་ཡི་སྙིང་སྡུག་བཀྲ་ཤིས་བདེ་ལེགས།།
ཅ་དག་གཙང་མ་མེད་པའི་ཕོ་བཙོག །
ཆ་ལུགས་བལྟས་མདོག་མེད་པ་ང་འདྲ།།
ཇ་ཁ་ཆང་ཁ་ཞིག་ནས་ཐུག་པས།།
ཉ་དང་ཆུ་བཞིན་མཐུན་པ་བྱུང་སོང་།།
ཏཱ་རེ་སྒྲོལ་མ་འདྲ་བའི་མཛེས་མ།།
ཐ་མལ་ཕོ་བཙོག་ང་འདྲ་ཞིག་ལ།།
ད་རུང་སེམས་ཀྱི་བརྩེ་བ་ཕུལ་ན།།
ན་ཆུང་སེམས་པ་སུན་སྣང་མེད་དམ།།
པ་མགོ་ཞིག་ལ་ཆེན་པོ་མེད་ཀྱང་།།
ཕ་ལོས་གནང་བའི་ལུས་རྟེན་ཕྲ་མོ།།
བ་དན་འདྲ་བའི་འདང་ཞིག་ཡོད་ན།།
མ་བཟང་ཁྱེད་ཀྱི་ལག་ལ་བཞག་ཆོག །
ཙ་རིའི་སྨྱུག་མར་འགྲན་པའི་སྐྱེས་གཟུགས།།
ཚ་འཇོམས་ཟླ་བ་འདྲ་བའི་ཞལ་རས།།
ཛ་ཏི་མེ་ཏོག་ལྟ་བུའི་ཁ་སྒོ།།
ཝ་སྐྱེས་ང་འདྲ་ཐོབ་པས་དགའ་ཡོད།།
ཞྭ་མོ་བཞིན་དུ་མགོ་རུ་བཀུར་ནས།།
ཟ་མ་དགའ་བོ་མདུན་ལ་བསྒྲིགས་ཏེ།།
འ་ལེ་འོ་ལེ་མཆོད་རོགས་གནོངས་ཞེས།།
ཡ་རབས་གུས་ཚིག་ཅི་འདྲས་སྙན་ཨང་།།
ར་ཅོ་ལྟ་བུའི་གཤིས་གྱོང་ང་ལ།།
ལ་མོ་རྒྱབ་ཀྱི་མཛེས་མ་ཞིག་གིས།།
ཤ་ཚའི་སྙིང་གི་བརྩེ་བ་ཕུལ་བ།།
ས་སྟེང་འདི་ནས་དྲིན་དུ་བགྲང་ཆོག །
ཧ་ཅང་ངེད་གཉིས་འགྲོགས་འདྲེས་མང་ན།།
ཉིན་མ་ཞིག་ལ་ཆུང་མས་གོ་འགྲོ།།
ཨ་མདོ་བ་ལ་ཡིད་ཆེས་མི་འདུག །
ཟེར་ནས་ངུས་ན་ངུ་ཁ་སུས་གཅོད།།
སྙིང་གྲོགས་རྙིང་པ་འཚིག་པ་མ་ཟ།།
དེ་རིང་ནས་བཟུང་རང་རང་ས་ནས།།
མ་ཤེས་མདོག་མདོག་བྱས་ནས་སྡོད་དང་།།
སྟབས་ཀ་འགྲིག་དུས་སྐོར་རེ་ངས་བརྒྱག །
།
ཀ་ར་གཅིག་༼གིས༽ ཀ་ར་གཅིག་༼གི་༽ཞེས་འབྲེལ་སྒྲར་བཅོས།
ཕྱི་རོལ་ཁམས་ན་འཚོ་བའི་སྨྲ་བ་པོ།།
འབའ་སྲས་འབའ་སྐད་ནང་ན་ཆགས་སྐད་མང་།།
སྐམ་རིད་ལུས་ཟུང་ཕན་ཚུན་སྦྱོར་དྲགས་ནས།།
སུན་སྣང་མགོ་ཡོམ་ནད་ཀྱིས་མནར་རམ་ཅི།།
ཀྱེ་མ་ཀྱེ་ཧུད་བསིལ་རླུང་དྲིན་ཅན་པོ།།
འཁོར་བའི་འདོད་པའི་སྙིང་བོ་ཅི་ཞིག་རེད།།
ཕོ་མོ་ལུས་ཟུང་མཉམ་དུ་མ་སྦྱར་བར།།
ཁྱོད་ཀྱི་ལུས་རྟེན་དེ་ཡང་གང་ནས་རྙེད།།
འཇིག་རྟེན་མཐུན་འཇུག་སྲིད་པ་ཆོས་ཀྱི་ལུགས།།
ལུགས་བཟང་དོར་ནས་ཕྱི་ལུགས་འཇུག་དྲགས་ན།།
ཨ་ཕ་བཟང་པོར་བུ་ངན་སྐྱག་གཟན་ཞིག།
ཟེར་ནས་ཀུན་གྱིས་དམོད་པ་ཨེ་བྱེད་ལགས།
ཀ་ཁ་ག་ང།
ཅ་ཆ་ཇ་ཉ།
ཏ་ཐ་ད་ན།
པ་ཕ་བ་མ།
ཙ་ཚ་ཛ་ཝ།
ཞ་ཟ་འ་ཡ།
ར་ལ་ཤ་ས།
ཧ་ཨ།
འདི་ཀ་རྩོམ་ཡིན་གདའ།
ལུས་པོ་སྨད་ཀྱི་སྤྱོད་སྟངས་སྣ་ཚོགས་པ།།
ཞིབ་མོར་དཔྱད་ཅིང་ཕུག་ཏུ་དེད་པ་ན།།
རང་རང་ཚོར་བའི་རྗེས་སུ་སོང་ཙམ་ལས།།
གཏན་ལ་ཕབ་པའི་ཕྱི་ནང་གཞུང་ལུགས་མེད།།
ལུགས་ཤིག་ཟེར་ཚེ་གླེགས་བམ་རི་རབ་བཞིན།།
ཡིད་ལ་འཆར་སླ་བག་ཆགས་མཐུག་གམ་ཅི།།
ཡུལ་ལ་འཚམས་པའི་འགྲོ་ལུགས་འདུག་ལུགས་ཤིག།
ཡོད་པར་རྒན་གྱིས་ཐུགས་ན་མ་མཆིས་ལགས།
ལུགས་ཤིག་ཟེར་ཚེ་གླེགས་བམ་རི་རབ་བཞིན།།
ཡིད་ལ་འཆར་ནོ་བག་ཆགས་མཐུག་གམ་ཅི།།
ཡུལ་ལ་འཚམས་པའི་འགྲོ་ལུགས་འདུག་ལུགས་ཤིག།
ཡོད་པར་རྒན་གྱིས་ཐུགས་ན་མ་མཆིས་ལགས།
ཡང་མེས་ལུགས་བཟང་འོ་ཇ་བཞང་འདོར་བཞིན་དོར་ཏེ།།
འདྲིས་བྲལ་ལུགས་རྫོབ་སྐྱག་ཆུས་རང་ལུས་འདི་ཁྲུས་རྗེས།།
ཐོག་མར་ང་འོ་སྙམ་པའི་འཕྲུལ་སྣང་གི་འཇིག་རྟེན།།
རང་ཡུལ་ཁམས་ལ་བརྩིག་པའི་འཆལ་གཏམ་འདི་སྐྱུག་བྲོ།།
འཛམ་གླིང་ཤར་ནུབ་གང་སར་གདོང་དམར་གྱི་གྲས་སུ།།
ལུགས་ཟུང་རིག་པའི་གནས་ལ་མཁྱེན་ཡངས་འདི་མང་མོད།།
སྨྲ་བ་མེད་པར་རང་ནུས་བོད་དོན་ལ་འབད་དུས།།
རྒན་གྱི་སྐུ་རུ་བཞེངས་མཁན་ཤ་གྱོང་བ་སྙིང་རྗེ།།