རྡོ་རྗེ་དོན་གྲུབ་ཀྱིས།
གྲོགས་པོ་ཚོས་གསན་བྱུང་ངམ། བདེ་ཆེན་དབང་མོ་ཞེས་པའི་གཞས་མ་གྲགས་ཆེན་དེ་ཨ་རི་ལ་སླེབས་འདུག་ཟེར། དངོས་གནས་རེད་དམ། ངའི་གོ་ཐོས་ལ་བདེ་ཆེན་དབང་མོ་ཨ་རི་ན་ཡོད་པ་ཙམ་མ་ཡིན་པར། ལ་རྩེ་དཔེ་མཛོད་ཁང་གིས་ཟླ་བ་འདིའི་ཚེས་པ་ ༡༡ ཉིན་སྤེལ་བཞིན་པའི་ ལྷ་སའི་སྦྲག་ཐམ་ཞེས་པའི་མཛད་སྒོའི་ཡོང་རྒྱུ་རེད་ཟེར། མོས་གཞས་གཏོང་རྒྱུ་ཨེ་རེད། དྲ་གྲོགས་ཚོས་བརྩད་གཅོད་ཅིག་གཏོང་ཐུབ་བམ། དེ་རིང་འདི་ཙམ་ཡིན། བོད་ནང་གི་གཞས་པ་དང་གཞས་མ་གྲགས་ཅན་ཚོ་ལ་མཇལ་འདོད་འདུག་མོད། གནས་ཚུལ་གསལ་པོ་ཞིག་མ་གོ ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱིས་ཏན་ཏན་ཤེས་ཡོད་ཀྱི་རེད། མགོ་ལོག་ཟླ་བྷེ་ཡང་རྒྱ་གར་ན་འདུག་ཅེས་གོ་བྱུང་ང་། བྱས་ན་བདེ་ཆེན་དབང་མོ་ཡང་ཨ་རི་ནས་བཀག་བཞག་ན་མ་རེད་པས། ཨ།
ད་བདེ་ཆེན་དབང་མོས་གཞས་གཏོང་གི་མ་རེད། འདི་གསང་བ་ཞིག་རེད། སུས་ཀྱང་ཤེས་ཀི་ཡོད་ནི་མ་རེད།
མོ་ཨ་རི་ལ་སླེབས་ཡོད་མེད་མ་ཤེས་ཀྱང་། བོད་ཀྱི་མི་ཅུང་སྐད་གྲགས་ཡོད་མཁན་རྣམས་ཨ་རིའི་སྒྲོ་ལོར་ལ་འཕྲད་ཚེ་མང་ཆེ་བས་བོད་ཀྱི་བརྗེད་འགྲོ་བ་བདེན་པ་རེད།
མོ་ཨ་རི་ལ་སླེབས་ཡོད་མེད་མ་
ཤེས་ཀྱང་བོད་མི་ཅུང་སྐད་གྲགས་ཡོད་མཁན་མང་ཆེ་བ་ཨ་རིའི་སྒྲོ་ལོར་ཐུག་ཚེ་བོད་ཀྱི་རྩ་དོན་བརྗེད་འགྲོ་བ་བདེན་པ་རེད།
མགོ་ལོག་རྡ་བྷེ་ཡང་རྡ་ས་རུ་འབྱོར་བ་བདེན་པ་རེད་ལ། སྔགས་མིན་སེར་མིན་ཞིག་བྱས་ཏེ་འགྲོ་བ་མཐོང་ན་མདོ་སྨད་དུ་སྐད་གྲགས་ཆེན་པོ་ཁོང་ཡང་ཀླད་པ་ཐང་ཐང་ཞིག་ཨེ་ཡིན་སྙམ་གི།
འཛེར་མ་ར་མགོ་ལགས།
ཁྱེད་ཀྱིས་ “ཨ་རིའི་བོད་པ་ཚོས་བརྗེད་འགྲོ་”བར་གསུངས་པའི་བོད་དོན་དེ་དང་། གཞན་ཚོས་མ་བརྗེད་པའི་བོད་དོན་དེ་ལ་འགྲེལ་བཤད་ཅིག་གནང་རོགས།
དགོངས་དག་གོང་དུ་མཆན་འདྲ་བོ་གཉིས་ཤོར་འདུག
རེད་ཡ། བདེ་ཆེན་དབང་མོ་འགོག་གི་ཡིན་ན་ཁ་ལགས་ཡག་པོ་ཞིག་ཁྲུས་ནས་། གོན་པ་གཙང་མ་ཞིག་གོན་ནས་ད་རྒྱུགས་ཡ། ལབ་ཚེ་ཚང་གི་རྒྱ་སྒོ་ཁ་ནས་དར་ལྕོག་ལང་ལང་བྱོས་དང་། སྟབས་ཡག་ན་འཇལ་ཁ་རགས་ན་ཐང་།
ཨ་ལ་རྩེ་མོ་ཡིན་། བོད་ནང་གི་ལ་རྒྱ་ཅན་དེ་དག་དང་ཐུགས་འཕྲད་བྱས་ནས་ཕན་ཚུན་སེམས་གཏམ་གླེང་རྒྱུ་ནི་གལ་ཆེན་དོན་ཆེན་རེད་།
བདེ་ཆེན་དབང་མོ་སོག་མོ་རེད། ཕལ་ཆེར་ལ་རྩེ་ཚང་གིས་གདན་ཞུ་བྱས་བ་ཡིན་རྒྱུ་རེད་གལ་སྲིད་འབྱོར་ཡོད་ན། སྔོན་མ་ཐུབ་བསྟན་ལགས་དང་ཨ་ཁུ་སྨན་བླ་སོགས་གདན་ཞུ་བྱས་བ་ལྟར།
ཟླ་བྷེ་རྡ་སར་འབྱོར་ནས་ཕལ་ཆེར་ཟླ་གཅིག་ལྷག་འགོར་ཡོད། དེ་བདེན་པ་རེད། ང་ཚོས་བོད་ནས་འབྱོར་མཁན་ཚོར་སེམས་ཤུགས་ཆགས་པའི་དགོས་མེད་གླེང་མོལ་མ་བྱས་ན་ཡག་པོ་འདུག་བསམ།
བདེ་ཆེན་དབང་མོས་ཨ་མ་གཅིག་གི་བུ་མོ་གཏོང་རྒྱུ་ཡིན་ནའང་ཐང་།
རྡོ་རྗེ་དོན་གྲུབ་ལགས།
ལ་རྩེ་དཔེ་མཛོད་ཁང་གི་ལྷ་སའི་སྦྲག་ཐམ་ཞེས་འགྲེམས་སྟོན་དེ་ཚེས་༡༡་མ་རེད།་་་་ཚེས་༧་རེད།་་་་སང་ཉིན་གནངས་ཉིན་གཟའ་སྤེན་པའི་ཉིན་མོ་རེད།་་་་་ངས་དང་པོ་ཁྱབ་བསྒྲགས་འདི་ཁ་བརྡ་ལ་འཇོག་དུས་ནོར་འདུག་་་དེ་ནས་ནོར་བཅོས་ཤིག་བྱས་པ་ཡིན་ཏེ་ཕན་གྱི་མེད་པ་འདྲ།་་་་ཡང་སྐྱར་ཐེངས་གཅིག་ཞུ་གི་ཡིན།་་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་ལྷ་སའི་སྦྲག་ཐམ་ཟེར་བའི་འགྲེམས་སྟོན་དེ་ཟླ་ ༡༡ པའི་ཚེས་ ༡༡ མ་རེད། ཟླ་ ༡༡ པའི་ཚེས་ ༧ ཏེ། སང་ཉིན་གནངས་ཉིན་གཟའ་སྤེན་པ་རེད།
རབ་འབྱོར་ལགས་ཀྱིས་གསུངས་པ་ལྟར། ཚེས་གྲངས་དེ་ ཟླ་འདིའི་ཚེས་ ༧ དང་རེས་གཟའ་སྤེན་པ་ལ་བཅོས་ཡོད། དྲ་གྲོགས་ཚོས་དེ་ལྟར་ཐུགས་འཇགས་ཡོང་བ་ཞུ།
ལྷ་སའི་སྤྲགས་ཐམ་མ་རེད་བོད་གྱི་སྦྲགས་ཐམ་རེད། སྦྲག་ཐམ་འགྲེམས་སྟོན་དེའི་ཁྱབ་བསྒྲགས་ཟིག་ང་ལ་འབྱོར་བྱུང་ཡིན་ཡང་བདེ་ཆེན་དབང་མོ་ཡོད་རབས་མེད་གི། དེ་ཤེས་བར་གྱིས་ན་མ་གཏོགས་ཨ་རིའི་བོད་མི་ཚོར་མོ་སྐོམ་ཆེ་བས་སྣ་བརྡབས་ཡོང་་་་་་་་་་་་་་་་་་་་ཡིན་ཡང་ཨུ་ཚུགས་བྱེད་རྒྱུ་ཡིན་ན་ཁོ་མོ་ཨ་རིར་འབྱོར་ཡོད་པ་གནས་ཚུལ་ངོ་མ་རེད་ལ་མགྱོགས་པོ་རྒྱུགས་ན་མ་གཏོགས་ལོག་རན་འདུག།
ལ་རྩེ་ཚང་ལ་སྒོར་མོ་མང་ས་རེད་ལ། བོད་ཕྱི་ནང་གི་རྩོམ་པ་པོའི་ཚོགས་འདུ་ཞིག་བསྐོང་ན་འགྲིག་ག གང་ལྟར་འདི་བ་ཚང་གི་ལས་སྟངས་འདིས་བོད་ཕྱི་ནང་གི་རིག་གཞུང་སྣ་ཚོགས་ལ་མཁས་པའི་ཤེས་ལྡན་དག་ཕན་ཚུན་ངོ་སྤྲོད་བྱེད་པ་ལ་ཕན་རླབས་ཧ་ཅང་ཆེ་གི ངའི་རེ་བ་ནི་རྩེ་ཚང་གི་ལོ་དེབ་མཐོ་རིས་བོ་དེ་དག་གི་ཤུལ་ཆད་དུ་མི་འཇུག་རྒྱུ་དེ་ཡིན།
འདི་ལཉན་རོགས་གནང་།
http://www.rfa.org/tibetan/chediklaytsen/amdolaytsen/jomolang-mae-nyinsib/tibetan-post-stamp-exhibition-in-new-york-city-11052009154440.html
ཐུགས་རྗེ་ཆེ། ཨ་ཁུ་པད་མ་འབུམ་ལགས་ཀྱི་དྲི་ལན་དེ་ཚོས་འདོད་པ་ཁེངས་སོང་། གལ་སྲིད་ང་ཉིག་ཡོར་ཁུ་རུ་ཡོད་ཀྱི་ན་འགྲེམ་སྟོན་དེར་འགྲོ་དགོས་ངེས་ཤིག་རེད། ངས་ང་རང་བོད་པ་སྦྲགས་རྟགས་བསྡུ་རུབ་མཁན་ཞིག་བྱེད་འདོད་ཡོད་ཀྱང་ད་ལྟའི་ཟང་ཟིང་འདིའི་ནང་ནས་མི་ཡོང་གི སྦྲགས་རྟགས་བསྡུ་རུབ་འདི་ནི་མི་རིགས་གཞན་པར་མཚོན་ན་སྒྱུ་རྩལ་རིག་པའི་ཆེད་ལས་ཤིག་རེད།
གྲོགས་པོ་ཚོས་གོང་དུ་བདེ་ཆེན་དབང་མོའི་སྐོར་ཧ་གོ་འདོད་ཡོད་པར་གླེང་གི་འདུག དེ་རིང་འདི་གར་གོ་ཐོས་ལྟར་ན་ད་རེའི་རེས་གཟའ་སྤེན་པའི་ཉིན་རྩེ་དཔེ་མཛོད་ཁང་དུ་ཡོང་རྒྱུ་རེད། ཡིན་ནའང་གླུ་ལེན་ཐུབ་མིན་མི་ཤེས་ཟེར། རེས་གཟའ་མིག་དམར་གྱི་ཉིན་ཀོ་ལིམ་སྦི་ཡ་སློབ་གྲ་ཆེན་མོ་རུ་གླུ་ལེན་རྒྱུ་གཏན་འཁེལ་འདུག དེ་ཙམ་མོ།
དགེ་རབ་ལགས་ཨ་རི་ལ་བསྡད་མཁན་ཞིག་ཡིན་པ་འདྲ། ངས་བཤད་པའི་ནང་དོན་ངོ་མ་ཁྱེད་རང་གིས་མཁྱེན་མེད་པ་འདྲ།
བོད་ནང་ལ་ཅུང་སྐད་གྲགས་ཡོད་རིགས་ཁ་ཤས་ཕྱི་རྒྱལ་ཁག་ཏུ་སོང་ཟིན་ཚེ་བོད་ཀྱི་རྩ་དོན་ཐོག་ཕྱག་ལས་གནང་བར་གོ་རྒྱུ་ཐོས་རྒྱུ་མེད་མཁན་དེ་ཚོ་ལ་བཤད་པ་ཡིན།
ང་ལ་ལ་རྩེ་ལོ་དེབ་གསར་བ་དེ་ཚར་འགའ་མཁོ་བས་ཨ་ཁུ་པད་མ་འབུམ་ལགས་ནས་ཚར་འགའ་བསྐུར་རོགས་གནང་། ངས་ཁ་སང་གློག་ཡིག་ཅིག་བསྐུར་ཡོད་ཀྱང་ལན་ཅང་མི་འདུག་པས་དྲ་ངོས་འདི་ནས་རེ་བ་ཞིག་ཞུས་པ་ཡིན།