ལ་རྩེ་དཔེ་མཛོད་ཁང་དུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གི་གསུང་བཤད་གསལ་བསྒྲགས།
གསོན་ཉམས་ལྡན་པའི་སྐད་ཡིག – ཐ་སྙད་གསར་པ་གཏན་འབེབས་དང་ཁྱབ་སྤེལ་གླེང་བ།
སྤྱི་ཟླ་5 ཚེས་17། རེས་གཟའ་མིག་དམར། དགོང་དྲོ་ཆུ་ཚོད་7:00
ཁ་བྱང་། ལ་རྩེ་དཔེ་མཛོད་ཁང།
132 Perry Street, Suite 2B
New York, NY 10014
འབྲེལ་གཏུགས་ཁ་པར། 212-367-7380
གསུང་བཤད་རིན་མེད་ཡིན། སྐུ་མགྲོན་ཚང་མར་དགའ་བསུ་ཞུ།
ཆུ་ཚོད་ལྔ་དྲུག་སྔོན་དུ། དགོངས་དྲོ་ཞེས་བོད་སྐད་གཡག་གི་རུ་ཅོ་མ་ཆག་པར་མཐོང་ཡང་། ད་སྐབས་ལྟ་དུས། དགོང་དྲོ་ཞེས་བོད་སྐད་གཡག་གི་རུ་ཅོ་ཆག་ཚར་འདུག
གསུང་བཤད་འདི་ཐད་གཏོང་གནང་གི་ཡོད་དམ།
ལ་རྩེས་དངོས་གནས་བོད་ཀྱི་རིག་གཞུང་ལ་ལར་ཞེན་དང་། ཁྱབ་སྤེལ་གྱི་ལས་དོན་ཁ་ཞེ་གཉིས་མེད་ཡོད་མཁན་གྱི་ཚོགས་སྡེ་ཞིག་ཡིན་ན། འདི་ལྟ་བུའི་གཏམ་བཤད་སོགས་རྒྱ་ཆེའི་ཐུགས་སྣང་ཅན་ཡོངས་ལ་གཏོང་ཕོད་ཆེན་པོས་ཐད་གཏོང་རྒྱང་སྲིང་གནོངས་རོགས་ཞུ།།
དྲ་གྲོགས་ཚོ། ཁྱེད་རྣམ་པའི་ཐུགས་འདོད་ལྟར་མཁན་པོའི་གསུང་བཤད་དེ་ཐད་གཏོང་བྱེད་ཐུབ་ཀྱི་མིན་འདུག འོན་ཀྱང་རྗེས་མ་བརྙན་ཕབ་བྱས་ནས་དྲ་རྒྱའི་ཐོག་འཇོག་ཨེ་ཐུབ་ལྟ་རྒྱུ་ཡིན་ལགས།
རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས་སུ་འཚམས་འདྲི་དང་རྒན་ལགས་སྐུ་ཁམས་བཟང་བའི་སྨོན་འདུན་ཞུ།
ཡང་བསྡུས་གྲྭའི་སྐོར་མི་གསུང་རྒྱུ་མཁྱེན།
དེང་སང་གོང་ས་མཆོག་ནས་མཚན་ཉིད་རིགས་པ་སྦྱོང་དགོས་ཚུལ་ཨ་ནན་ཡང་ནན་བྱེད་སྒང་ལ་མཁན་པོ་ནས་བསྡུས་གྲྭའི་རིགས་པ་དེའི་རིགས་མི་དགོས་རབས་ཨ་ནན་ཡང་ནན་གསུངས་དང་གསུང་བཞིན་པར་གོ་རྒྱུ་ཆེན་པོ་ཡོད་པ་འདྲ། ད་ལན་ལ་རྩེ་རུ་བསྡུས་གྲྭའི་སྐོར་ལ་གསལ་འགྲེལ་ཡག་པོ་ཞིག་དང་ལ་རྩེ་ནས་ཀྱང་དེའི་སྐོར་ལ་བཀའ་འདྲི་ཡག་པོ་ཞིག་གནང་ནས་མང་ཚོགས་ལ་ཁ་གསལ་པོར་གཏོང་ཐུབ་ན་ཡག་པོ་འདུག
ཀུན་ཕན་ཚང། ཐད་གཏོང་བྱེད་ཐུབ་ཀྱི་མིན་འདུག ཅེས་པའི་མིན་འདི། མ་མི་ཐོག་མ་མིན་མེད་མཇུག ། ཅེས་པ་དང་འགལ་བ་མིན་ནམ། དྲྭ་གྲོགས་ཚོ་ལ་གསལ་བཤད་ཅིག་མཛོད་དང་།
ཀུན་ཕན་ཚང་ལེགས།
བཀའདྲིན་ཆེ། མྱུར་དུ་མཇལ་བར་སྨོན་འདུན་ཞུ། ལེགས་བཤད་ལྗོན་དབང་དུ། མ་མི་ཐོག་མ་མིན་མེད་མཇུགཅེས་པ་བོད་སྔ་རབས་པའི་སྐད་དམ་ཆོས་སྐད་དུ། མེད་པ་ཞིག་ཡིན་ཚོད། ཡོད་ན་ཡང་། མ་ཡིན་ཞེས་པ་བསྡུས་པ་མིན་ཞེས་བྱུང་བར་སྙམ། ང་འ་རལ་མཐའ་མེད་མཐར། བདག་སྒྲ་ཡར་གྱུར་བ་དང་ནི། ཆ་ལ་པ་ཉིད་སྦྱོར་བ་ལེགས། ཞེས་པ་དབུས་གཙང་གི་ཕལ་སྐད་ལ་མཛེས་མྱང་། ཆོས་སྐད་དང་བོད་སྐད་རྒྱབ་པའི་ལུང་པ་གཞན་གྱི་སྐད་དུ། དེ་ལྟར་མ་ཡིན། རྒྱ་གར་པ། ལྷ་ས་པ་ཞེས་སོགས་སོ།
རྒན་ལ་དྭགས་ལགས། ཀུན་ཕན་ཚང་གི་ཚབ་གནང་བ་ལྟ་བུས་ལན་གནང་བར་བཀའ་དྲིན་ཆེ། མིན་ཅེས་པ་མ་ཡིན་ཅེས་པའི་དོན་ཡིན་ངེས་ཀྱང་། བྱེད་ཐུབ་ཀྱི་མིན་འདུག་ཅེས་པ་བརྗོད་བདེ་མ་ཡིན་སྟབས། མ་མི་ཐོག་མ་མིན་མེད་མཇུག ཅེས་དེང་བོད་ཡིག་ཤེས་མཁན་ཀུན་གྱིས་ཁས་ལེན་ཡོད་པའི་ལེགས་བཤད་དེ་དང་འགལ་བ་མ་ཡིན་ནམ་ཞེས་དྲིས་པ་ཡིན། ལར་ནས་ཡི་གེའི་དག་ཆ་ཇི་འདྲ་ཞིག་ཡིན་ན་ཡང་། དེང་གི་ཆར་མི་ཚང་མས་ཁས་ལེན་ཡོད་པ་ཞིག་དགོས་པ་ལས་བོད་སྔ་མའི་ཡི་གེ་ཞེས། དེང་སུས་ཀྱང་བེད་སྤྱོད་མི་བྱེད་པའི་ཡི་གེ། དགོང་མོ་ལ་དགོངས་མོ་དང་། བཀྲ་ཤིས་ལགས་ལ། བཀྲ་ཤིས་ལེགས་དང་། པ་ཁོ་ན་ལས་བདག་སྒྲ་གཞན་མི་དགོས་པ་སོགས་བོད་སྔ་མའི་ལུགས་སུ་དག་པ་ཡིན་དུ་ཆུག་ཀྱང། མོན་པའི་རྡོ་རྗེ་གཅོད་པའི་དཔེ་ལྟར་དེང་མ་དག་པར་བརྩི་མཁན་མང་བར་མངོན་ལགས།
ཨ་ཁུ་འབྲོག་པ་ལགས།
ཁྱེད་ཀྱིས་གསུངས་པ་བདེན། ཐུགས་རྗེ་ཆེ།
གོང་གི་ “བྱེད་ཐུབ་ཀྱི་མིན་འདུག་”ཅེས་པ་དེ་”བྱེད་ཐུབ་ཀྱི་མི་འདུག་”ལ་བཅོས་རོགས།
ཨ་ཁུ་འབྲོག་པ་ལེགས།
སྐུ་ཉིད་ནས་གསུངས་པ་དེ་དག་བོད་ལུང་པ་ཕལ་ཆེ་བར་བདེན་པ་ལགས་ཀྱང་། བོད་ཀྱི་ལུང་པ་དབེན་པ་དག་ཏུ་སྔར་སྲོལ་བཞིན་འབོད་པ་ཡོད་ངེས། ལ་དྭགས་ལྟ་བུ་ལུང་ཁུག་ཏུ་སོང་བཤིས་ཨ་ཡིག་དེ་ཨེ་ཡིག་དང་། ཨེ་ཡིག་དེ་ཨ་ཡིག་ཏུ་མ་གྱུར་པ་དང་། སྔོན་འཇུག་དག་འབོད་ཚུལ་ཉམས་ཀྱང་། རྗེས་འཇུག་དང་ཡང་འཇུག་དག་གསལ་པོར་འབོད་པ་མཆིས། བདག་གིས་བྲིས་པ་དེ་དག་དིང་དུས་ཀྱང་ཡོངས་གྲགས་ཕལ་སྐད་དུ་སྨྲ་བ་མེད་ཀྱང་། བོད་ཀྱི་མཁས་པས་བྲིས་པའི་དཔེ་ཆ་དཔེ་དག་པ་དག་གི་རྗེས་སུ་འབྲངས་པས་ཡིད་ཚིམ་པ་ལགས་སོ།
་
འབལ་ཏི་དག་གིས་སྔོན་འཇུག་ཀྱང་། འབོད་པ་བདག་ལོ་ངོ་ཆུང་ངུའི་དུས་ལ་གྲངས་ཀྱི་བཞི་ལ་བ་སྔོན་འཇུག་བ་ཡང་འབོད་པ་ཐོས། རྩ་དང་རྩྭ་ལ་ངའི་ལུང་པར་ཡང་འདྲ་བར་འབོད་ཀྱང་། འབལ་ཏིའི་ཡུལ་དུ། རྩྭ་ལ་ཝ་ཡང་འབོད་པ་དེ་ཨ་མེ་རི་ཀ་རུ་འབལ་ཏི་བརྒྱུད་ནས་འོངས་པའི་ཕ་མ་དག་གི་བུ་མོ་ཞིག་གི་ངག་ལས་ཤེས། དེས་་ན་གནའ་བོའི་བོད་སྐད་འབོད་སྟངས་བཙལ་ཅིང་། སྒྲ་བླུགས་འཁོར་ལོར་བཅུག་ཏེ། བོད་ཀྱི་གནའ་བོའི་ལུགས་སྲོལ་ལ་བདག་པོ་བོད་པ་བློ་ལྡན་ཞིག་གིས་རྒྱབ་པར་འགྱུར་རོ།
ཀུན་ཕན་ཚང་གིས་ལན་གསལ་གནང་བར་བཀའ་དྲིན་ཆེ། མ་འོངས་པར་ཐུགས་སྣང་ཡོང་རེས་ཞུས་པ་ལས། ཀུན་སློང་གཞན་གང་ཡང་མེད་པ་དེ་དོན་དགོངས་འཇགས་ཡོང་བ་ཞུ་རྒྱུ་དང་། རྒན་ལ་དྭགས་པ་མཆོག་ནས་དགོངས་འཆར་དང་། བཀའ་སློབ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། སྐུ་ཉིད་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་བློ་བརྟན་འགྱུར་མེད་གནང་བར་ཡང་སྙིང་དབུས་བཀའ་དྲིན་ཆེ་ཞུ་དང་སྦྲགས། ཐུགས་བཞེད་ཇི་བཞིན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་བཅོས་མིན་ཞུ།
ཨ་ཁུ་འབྲོག་པ་ལེགས།
ངའི་ལུང་པར་ཕལ་སྐད་དུ། མ་ཡིན་ཟེར་བ་ལ། མེན། ཟེར་རོ། སྒྲ་དེའི་བྱུང་ཚུལ་ནི། མ་ཡིན་ཟེར་བའི་ཡིན་གྱི་གསལ་བྱེད་ཡ་མེད་པར་ཆགས། མ་དང་ཨི་གཉིས་མཚམས་སྦྱར་ཏེ། མེན། ཆགས་པ་དེ། ལེགས་སྦྱར་གྱི་མཚམས་སྦྱོར་ལྟ་བུ་བོད་སྐད་ལ་བྱུང་བའི་དཔེ་དངོས་མ་ཞིག་འདུག དཔེར་ན། ལེགས་སྦྱར་ན། ཨུ་པ་ཞེས་པ་ཉེ་བའི་དོན་དང། ཨིནྡྲ། ཞེས་པ་དབང་པོ། ཨུ་པ་དང་ཨིནྡྲ་གཉིས་མཚམས་སྦྱར་ན། ཨུ་པེནྡྲ། ཉེ་དབང་ ཞེས་སོ།