ལ་རྩེ་དཔེ་མཛོད་ཁང་གིས་བཏོན་པའི་དུས་དེབ་འདོན་ཐེངས་བདུན་པ་དེ་ཐོན་འདུག ཐེངས་འདིའི་དུས་དེབ་ཏུ་བོད་ཀྱི་གློག་བརྙན་གྱི་སྐོར་ལ་ཆེད་བསྒྲིགས་བྱས་འདུག གློག་བརྙན་གྱི་སྐོར་ལ་བོད་མི་དང་ཕྱི་རྒྱལ་མི་སྣས་རྩོམ་སྒྲིག་བྱས་པའི་ཆེད་རྩོམ་དྲུག་ལྷག་སྐད་ཡིག་གཉིས་ནང་སྤེལ་འདུག་ལ། “སྙན་ངག་པའི་མི་གཤིས་དང་མཁས་པའི་རྣམ་དཔྱོད་ཅན་གྱི་མགོན་པོ་ཚེ་རིང་”ཞེས་པའི་རྗེས་དྲན་རྩོམ་ཡིག་ཅིག་ཀྱང་བཀོད་འདུག དུས་དེབ་འདི་བཞིན་ཀུན་ཕན་ཐེབས་རྩ་ཚོགས་པའི་དྲ་རྒྱ་རུ་བཀླག་ཐུབ་ཅིང་། དེའི་འབྲེལ་ཐག་འདི་རེད། http://trace.org/news/publications/trace-foundations-latse-journal-vol-7
ལ་རྩེ་མ་རེད། ལ་བཙས་རེད། ལོ་རྒྱུས་དང་དཔེ་རྙིང་རྒན་རབས་ཀྱི་ཁ་རྒྱུན་ནང་དོན་ལ་དཔྱད་པ་བཡེད་དགོས་པ་ལས་རང་གིས་མཐོང་བ་དང་ཤེས་པ་ཙམ་དུ་བྱས་ཏེ་ལོ་རྒྱུས་ཀྱི་སྣང་བརྙན་བརྫུན་མ་བཟོ་བ་ནི་གནས་རབས་ཀྱི་ལོ་རྒྱུས་ལ་རྨ་ཁ་ཆེན་པོ་ཞིག་བཏོད་པ་རེད་བསམ།
བྱེད་དགོས་པ་ལས་་་་་
གནའ་རབས་་་་་
ལ་རྩེ་དང་ལ་བཙས་གཉིས་ལ་གོ་དོན་ཐ་དད་ཡོད། ལ་རྩེ་ནི་ལམ་ཡོད་སའི་རིའི་སྒང་བརྒལ་ས་དང་རིའི་ཉག་ཁ་བརྒལ་ས་ལ་གོ་དགོས། ལ་བཙས་ནི་རི་མགོའི་ལྷ་རྟེན་རྡོ་ཕུང་ལ་དར་ལྕོག་བཙུགས་པ་སོགས་ལ་གོ་དགོས། ཡིན་རྒྱུ་ངོ་མ་ལྷ་བཙས་ཟེར་བ་ཡིན་པ་འདྲ། ལྷ་ཡིས་སྐྱོང་བའི་ཡུལ་ཡིན་པར་གོ་དགོས་པ་འདྲ། བཙའ་ནི་གཅེས་སྤྲས་བྱས་པའི་དོན་དུ་ཡང་འཇུག དེ་འདས་ཚིག་ཏུ་སོང་ནས་བཙས་ཞེས་པ་བྱུང་།
རྣམ་པ་གཉིས་བདེན་པ་རེད་་་་་ཡུལ་ལུང་ཁ་ཤས་ན་ད་དུང་ཡང་གནའ་སྐད་མ་ཉམས་པ་ཡོད་ཚོད་རེད་་་་་ངའི་ཕ་ཡུལ་ན་ཡང་ལ་རྩེ་ལབ་ཀི་མ་རེད་་་་་ལ་བཙས་རང་ལབ་ཀྱིན་འདུག་་་་
ལ་རྩེ་དང་ལ་བཙས། ལབ་རྩེ། ལབ་ཙེ་སོགས་ཀྱི་སྐོར་ལ་རྩོད་པ་སྔ་མོ་ནས་བྱས་ཚར་བ་རེད། ད་དེ་ལ་ཐག་ཆོད་རྒྱུ་མེད་པའི་རྩོད་པ་བྱེད་པ་ལས། ད་ལོའི་ལ་རྩེ་དུས་དེབ་ཀློག་ན་མི་དགའ་འམ། ད་ལོའི་བརྗོད་གཞི་གཙོ་བོ་བོད་ཀྱི་གློག་བརྙན་སྐོར་ལ་ཡིན་པ་བཞིན། མ་འོངས་པར་བོད་རིགས་རྩོམ་པ་པོའི་ཁྲོད་ནས་བོད་ཀྱི་གློག་བརྙན་ལ་བསྐྱར་ཞིབ་འབྲི་མཁན་ཇེ་མང་ལ་སོང་ན་དགའ་བ་ལའང་བསམ།
དེ་ནས། རྩོད་རྒྱག་མཁན་ཁྱེད་ཚོའི་ནང་ན་བུ་ངར་བ་ཡོད་ན། ང་ཚོས་ཅིག་ཟེར་དང་ཁོང་ཚོས་ཅིག་ཟེར་གི་ལབ་ནས་མ་བསྡད་པར། གོང་གི་ཐ་སྙད་འདིའི་འགོ་ཁུངས་ཡིག་ཐོག་ན་ཡོད་པ་རྙིང་ཤོས་དེ་ང་ཚོའི་མདུན་ལ་ཞོག་དང་དེ་ལ་དགའ་བསུ་ཞུ་གི་ཡིན།
ང་ཚོའི་རྩོད་པ་ཞིག་མ་རེད། ང་ཚོའི་ཞིབ་འཇུག་ཀྱང་ མིང་དང་ཁ་བྱང་སོགས་ལས་མ་བརྒལ་བར་དེ་ལ་ བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཡོང་བ་ཞིག་འདུག སྔོན་ལ་བརྡ་སྦྱར་ཟིན་པ་ཞིག་ད་ལྟ་དོན་གསར་པ་ཞིག་སྦྱོར་མི་རུང་བའི་ཁྲིམས་དེ་གང་ནས་བཟོས་པ་ཡིན་ནམ། ང་ཚོའི་གློག་ཀླད་ཀྱི་འཁྲིས་ན་ཡོད་པའི་ཅ་ལག་ཆུང་ཆུང་དེ་ལ་ ཙི་ཙི་ཞེས་ང་ཚོ་ལ་གོམས་འགྲོ་གི་འདུག་ག ད་དེ་ཙི་ཙི་ལའང་འཇུག་གི་མ་རེད་ཅེས་རྩོད་པ་བརྒྱབ་ནས་བཞུགས་ན་གང་འདྲ་འདུག འཇིགས་མེད་ནུབ་པས་གསུངས་པ་བདེན།
ད་དེ་རེད། བན་དེ་ངེད་གཉིས་ཀས་རྩོད་པ་དགོས་མི་དགོས་དེ་འདྲ་བརྒྱབ་ནས་ད་བཀའ་བཀྱོན་རག་གི་འདུག
ལ་བཙས་འདི་དག་ཤོས་འདུག་ཀྱང་། ལ་རྩེ་ཞེས་པའི་ཚིག་ཁོ་རང་ལ་དོན་དག་མེད་པ་མིན། ང་ཚོ་སྟོད་འབ་ཆེན་པའི་ཕ་ཡུལ་སྐད་དུ། ཁ་ནས་ལབ་རྩེ་ཟེར།
འཇིགས་མེད་ནུབ་པས་མིང་ཚིག་འདིའི་ཁུངས་ཁྱེར་ཤོག་གསུངས་འདུག གློ་བུར་དུ་དཔེ་དེབ་གང་ཞིག་ལ་བཙལ་དགོས་ཀྱང་ཤེས་མ་སོང་། ཚིག་མཛོད་ཀྱི་ནང་ནས་ཅུང་སྔ་ཤོས་Sarah Chandra Dasབོད་དང་ལེགས་སྦྱར་དང་ཨེང་ལི་ཤའི་སྐད་གསུམ་ཤན་སྦྱར་གྱི་ཚིག་མཛོད་༡༩༠༢ལོ་ཡས་མས་སུ་གྲུབ་པ། ཤོག་ངོས་༡༢༠༨ལ། ལབ་རྩེ། ཞེས་བྲིས་འདུག ད་དུང་དེ་ལས་སྔ་བའི་ཡིག་ཆའི་ནང་དུ་མིང་ཚིག་འདི་ག་ཚོད་མང་མང་ཡིན་ངེས་པས་རྗེས་སུ་དགོས་མཁོ་ཡོད་ན་སྟོན་ཆོག
ཚིག་མཛོད་ཀྱི་ནང་ནས་ཅུང་སྔ་ཤོས་Sarah Chandra Dasབོད་དང་ལེགས་སྦྱར་དང་ཨེང་ལི་ཤའི་སྐད་གསུམ་ཤན་སྦྱར་གྱི་ཚིག་མཛོད་༡༩༠༢ལོ་ཡས་མས་སུ་གྲུབ་པ། ཤོག་ངོས་༡༢༠༨ལ། ལབ་རྩེ། ཞེས་བྲིས་འདུག ་་་ཟེར།
སྤོབས་མཐའ་ལགས་ངེད་གཉིས་ཀྱི་ལྟ་བ་མཐུན་སོང་ད་བྱེད་དུས་ངེད་གཉིས་ནས་ལ་བཙས་ལ་ལ་རྩེ་ཞེས་བརྗོད་པར་ཁུངས་མེད་པ་ཞིག་དང་ལ་རྩེ་དང་ལ་བཙས་གཉིས་ཀྱི་ནང་དོན་གང་གཟབ་སྐོར་ལ་ཤོད་དགོས་པ་རེད། བོད་སྟོད་ཕྱོགས་པའི་ཁ་སྐད་དུ་སྒྲ་རང་བཞིན་གྱིས་འདི་ལྟར་འོང། ལབ་བཙས་་་་ཞེས་པའི་སྒྲ་ཐོན་གྱི་ཡོད། དེ་ནི་ཡིག་ཐོག་ཏུ་འབྲི་དུས་ལ་བཙས་ཞེས་འབྲི་དགོས་པ་རེད། དཔེར་ན། མཐའ་ཡི་རྒྱ་མཚོ་ལ། མཐའ་ཡི་རྒྱམ་མཚོ་ཞེས་པ་དང། རྔ་བ་རིག་པའི་རྒྱ་མཚོ་ལ། རྔ་བ་རིག་རྒྱམ་ཞེས་པ་དང། ན་བཟའ་ལ། ནབ་བཟའ་ཞེས་པ་ལྟ་དང། བཅོ་བརྒྱད་ལ། བཅོབ་བརྒྱད་ཅེས་པ་ལས་བཞིན། ཚིག་འཇུག་མའི་སྔོན་འཇུག་བ་དང་མ་ལས་སོགས་ཀྱི་སྒྲ་རང་བཞིན་གྱིས་འོང་པ་ལྟ་བུ་རེད། དེས་གང་བསྟན་པ་རེད་ཟེར་ན་་་ཚིག་སྔོན་མའི་སྔོན་འཇུག་ལ་བ་དང་མ་ལས་སོགས་ཡོད་པར་བསྟན་པ་རེད། དཔེར་ན། རྒྱལ་རོང་གི་སྐད་དུ། ཐུགས་དམ་བསྐང། ཞེས་བཀླག་དུས་་་་ཐུགས་ས་དམ་བ་ས་བསྐང་་ཞེས་ཀློག་བཞིན་ཡོད་འདུག མིང་ཚིག་གི་སྔོན་རྗེས་ལས་སོགས་ཀྱི་དག་ཆའི་འགྲོ་ཡན་ཆད་མཉམ་དུ་ཀློག་བཞིན་ཡོད་པ་ལྟ་བུ་རེད།
དེ་ནས་རིགས་ཅིག་གིས་ལ་རྩེ་དང་ལ་བཙས་སྐོར་ལ་རྩོད་པ་བྱེད་པ་ལ་དགོས་པ་དང་རྒྱུ་མཚན་མེད་རབས་བཤད་སོང། སྐད་ཆ་དེ་རིགས་ནི་ཞིབ་འཇུག་གི་གནད་དོན་མ་རྟོགས་པའི་སྐད་ཆ་རང་རེད། འདི་ལྟར་བསམ་ན་བོད་མི་རིགས་ཀྱི་རྩོམ་པ་པོའི་ནང་དུ་ད་དུང་ཡང་འབུམ་རམས་འབུམ་རམས་དང་མཁས་དབང་མཁས་དབང་ཞེས་མིང་གི་ཁུར་པོ་ཇི་ཙམ་ཆེ་ཡང་སྟོང་པ་རང་རེད་འདུག
ཕྱི་རྒྱལ་བ་དེ་ཚོས་འབུ་གྲོག་མ་དང་སྦྲང་མ་ཡན་ལ་ཞིབ་འཇུག་བྱས་ཚར་བ་རེད། ཾཁོང་ཚོས་ས་སྟེང་དུ་ཡོོད་པ་རྣམས་ལ་ཞིབ་འཇུག་ཟིན་ནས་་་་སྟེང་ཕྱོགས་གནམ་གྱི་རྒྱུ་སྐར་ལ་ཞིབ་འཇུག་དང་འཕུར་བསྐྱོད་བྱེད་བཞིན་པ་རེད། འདི་ཚོར་བསམ་དུས་བོད་ཀྱི་མཁས་དབང་འབུམ་རམས་རབ་འབྱམས་པ་དགེ་བཤེས་བཀའ་བཅུ་པ་ཟེར་བ་ངོ་མ་ཡིད་ཆད་དགོས་ཡ་རེད་འདུག
ལྷག་པར་དུ་ལ་བཙས་ཟེར་བ་འདི་ནི་བོད་མི་རིགས་ཧི་མ་ལ་ཡའི་ལྗོངས་སུ་མ་གཏོགས་ཕལ་ཆེར་ཡུལ་ལུང་གཞན་དུ་བྱུང་མེད་ཟེར་ནའང་འགྲིག དེ་ཡང་ནང་དོན་ཕུན་སུམ་ཚོགས་པར་འགྲེལ་རྒྱུ་ཡོད་པ་ཞིག་ལས། བྱིས་པའི་རྡོ་མཁར་བརྩེགས་པ་ལྟ་བུ་ཞིག་གཏན་ནས་མིན། དེས་ན་འདི་ལྟར་གྱི་རྩོད་པ་ནི་རྩོད་མེད་ལ་རྩོད་པ་བྱེད་པ་ཞིག་གཏན་ནས་བསམ་མི་རུང་སེམས།
ལ་རྩེ་དང་རི་རྩེ་བར་ཁྱད་ཡོད་དང་། ལ་དང་རིའི་བར་ཁྱད་པར་གང་ཡོད་གསུང་དང་དེ་ནས་ལ་རྩེ་དང་ལ་བཙས་བཅས་ཀྱི་སྐོར་ཤེས་རྟོགས་ཡོང་རྒྱུ་ལས་སླའོ
ལ་ལུང་བརྒྱབ་ཟེར་དུས། ལ་ཡིན་པ་རི་ཙམ་གྱི་མི་ཆོག་པར་དེར་ལམ་ཁ་ཅིག་ངེས་པར་དུ་ཡོད་དགོས།
ལ་དང་རི་གཉིས་ལ་ཁྱད་པར་ཡོད། མུ་བཞིའི་ཁྱད་པར་ཡོད། རི་ཡིན་ལ་ལ་མིན་པའི་མུ་ནི། རི་ཡི་སྐེད་པ་དང་རི་ཡི་ངོས་ལྟ་བུའོ། ལ་ཡིན་ལ་རི་མིན་པའི་མུ་ནི། ལ་ཡི་ཉག་ཁ་ལྟ་བུའོ། ལ་དང་རི་གཉིས་ཀ་ཡིན་པའི་མུ་ནི། ལ་བཙས་ཡོད་པའི་ལ་ལྟ་བུའོ། ལ་དང་རི་གཉིས་ཀ་མིན་པའི་མུ་ནི། རྩ་ཐང་དང་བྱེ་ཐང་དང་ནགས་ཤོང་ཐང་ཆེན་པོ་སོགས་ལྟ་བུའོ།
ལ་བཙས་ནི་མིས་བཟོས་པའི་ཡུལ་གྱི་ཡུལ་ལྷ་དང་འགོ་བའི་ལྷ་ལྔ་དང་ལམ་གྱི་ལམ་ལྷ་ལས་སོགས་བརྟེན་པའི་རྡོ་དཀར་དང་ཤིང་རྩི་སོགས་སྤུངས་པ་སོགས་སོ། འགའ་ཞིག་ལ་མཆོད་རྟེན་གྱི་ཚུལ་དུ་བརྩེགས་ཡོད་་པ་དང། འགའ་ཞིག་ལ་བཙན་ཁང་ལྟ་བུར་བརྩེགས་པ་སོགས་སྣ་ཚོགས་ཡོད། དེ་ལ་བོན་གྱི་གཞུང་ནས་གསས་མཁར་ཅེས་སྒྲ་བླ་འཁོར་ཅིང་བཞུགས་པ་དང་བརྟེན་པའི་གནས་སུ་བཤད་ཡོད།
ལ་རྩེ་ཞེས་པ་ནི་མིས་བཟོས་པ་མིན་པ་རང་བྱུང་གི་ལ་ཡི་རྩེ་མོ་སོགས་ལ་བརྗོད། ལ་བཙས་ནི་ལ་རྩེར་ཡོད་པའི་མིས་བཟོས་ཀྱི་ལྷ་མཁར་རམ་སྒྲ་བླ་བརྟེན་པའི་གནས་ཡིན་ཅིང། ལ་རྩེ་དང་ལ་བཙས་གཉིས་ནི་རྟེན་དང་བརྟེན་པའི་ཁྱད་པར་ཡོད་པས་དེས་ན་ཁྱད་གཞི་དང་ཁྱད་པར་རྟེན་དང་བརྟེན་པའི་ཁྱད་པར་མ་ནོར་བར་མཛོད་ཅིག་གུ།
ལབ་བཙས་ནི། ལ་རྩེར་ལྷ་རྟེན་ལྟ་བུ་ལ། དད་ལྡན་མིས་བཟོས་པིའ་རྡོ་ཕུང་ནང་ལ་དར་ལྕོག་སོགས་ཀྱིས་བཅིངས་པ་ཅིག་ལ་གོ་དགོས། ལ་རྩེ་ནི། ལ་དང་དེ་ཡི་རྩེ་མོའི་བསྡུས་ཚིག་ལ། ལ་རྩེ་ཞེས་པ་ཅིག་ཀྱང་ཡོད་དགོས་པར་སྣང་།
ལབ་བཙས་དང་ལ་བཙས་དང་ལ་རྩེ་ཞེས་ཐ་སྙད་དེ་དག་ཞིབ་ཕྲ་གནང་བ་ཡག་པོ་རེད། ཡིན་ན་ཡང་། ལོ་རྒྱུས་ཚད་ལྡན་ཞིག་དང་ཡིག་རྙིང་སོགས་ལ་གཞི་བཅོལ་ནས་གསུང་སྒྲོས་གནང་ན་དྲྭ་རྒྱའི་ལམ་གྱི་དྲྭ་འབུ་རྣམས་ལ་ཕན་ཐོག་ཡོད་པ་ངོ་འཕྲོད་རོགས་གནང་། སྤྱི་བཏང་ལ་བཙས་ཟེར་ན་འདྲ་ལབ་བཙས་དང་ལ་རྩེ་ཟེར་ན་འདྲ། དེ་དག་བོད་ཀྱི་ཁྱད་ཆོས་ཁྲོད་ནས་མེད་དུ་རང་བའི་ཡུལ་སྲོལ་ཞིག་ཡིན། དེས་ན་གཟུར་གནས་སུ་ཡིན་ན་ཆོག་དེ་ཡི་སྐོར་ལ་བྱུང་ཁུངས་ཡང་དག་ཞིག་སྤེལ་རོགས་གནང་དང་། ཁ་ཐུག་རང་ཁྱོད་ཀྱི་ཁ་ངའི་སྣ་ཟེར་ནས་རྩོད་སྤང་མ་བྱོས་ཡག་གི་མིན་འདྲོ།
སྐོར་འདི་ནས་ཕྲན་གྱིས་བན་དེ་བ་ལ་དྲི་བ་ཞིག་ཡོད། དྲི་བ་དང་པོ་ནི་ལ་བཙས་བྱུང་ཁུངས་གང་ལ་ཐུབ་ཡོད། དུས་རབས་ལོ་ཚིགས་གང་གི་ཐད་ནས་བྱུང་ཡོད། ལ་བཙན་ཞེས་པ་དེ་ལ་འགྲེལ་བཤད་ཇི་ལྟར་ཡོད། དྲི་བ་གཉིས་པ་ནི་ལ་བཙས་ནང་གསེས་དབྱེ་བ་འདྲ་ཡོད་དམ། ཡོད་ན་ག་འདྲ་བྱེད་དགོས། ལ་བཙས་རྩིག་དུས་ཆོ་ག་གཞུང་ལ་སོགས་ཆ་རྐྱེན་ག་རུ་ག་རུ་དགོས་ཀྱི་ཡོད། དེ་འདྲ་ཞིག་རྩིག་ན་དགོས་པ་རྒྱུ་མཚན་ག་འདྲ་ཞིག་ཡོད།
འོ་ཏི་སེ་ལགས་རྗེས་སུ་ལུང་དང་རྒྱུ་མཚན་ཅི་ཡིན་ཞུ་ཆོག་ད་ལྟ་ཁོམ་པ་ཅུང་མི་འདུག
ཏི་སེ་ལགས་ཁྱེད་རང་ནས་ཀྱང་ཁྱེད་ཀྱི་མཚན་ལ་་་་་ཏི་སེ་་་་ཞེས་པའི་གོ་དོན་དང་སྐང་ཞིག་ཡིན་མིན་སོགས་ལའང་འགྲེལ་བཤད་ཅིག་གནང་ཐུབ་ན་བཀའ་དྲིན་ཆེ།
སྐད་གང་ཞིག་ཡིན་མིན་་་བཅོས་རོགས
སྤོབས་པ་མཐའ་ཡས་ལགས། ཉིད་ཀྱིས་ལ་བཙས་དབྱེ་ཞིབ་ཡག་པོ་གནང་གི་འདུག ཡིན་ན་ཡང་ཧ་ཅུང་ཐ་སྙད་རང་བཟོ་བྱེད་ན་མཛེས་པོ་དང་དོན་དུ་གནས་པ་འདྲ་ཨེ་ཡོང་ངམ། ཧ་ཅུང་བཟོ་ན་སྣ་བཅད་ནས་རྣ་རྒྱན་དུ་འདོག་པ་འདྲ་ཆག་ཡོང་། ཧཧཧཧཧཧཧཧཧ
ལགས་སོ་བན་དེ་བ་ལགས། ཚིག་ཉུང་བསྡུས་ཐོག་ནས་ཞུ་ན་་་ཏི་་ཞེས་པ་ནི་ཞང་སྐད་ལས་ཆུ་དང་་་སེ་་་ནི་ལྷ་ལ་གོ་ཡོད། ཞང་སྐད་ལ་ཏི་སེ་དང་བོད་སྐད་ལ་བསྒྱུར་ན་གངས་ལྷ་ཞེས་འབོད་དགོས་ལགས། རང་ཉིད་ཀྱི་དྲྭའི་མིང་ལ་ཏི་སེ་སྦྱར་དོན་ནི་ཏི་སེ་ཞེས་པ་ནི་ཞང་བོད་བླ་རི་གངས་རྒྱལ་ཏི་སེ་ལ་འཇུག་པ་ཡོངས་གྲགས་ཡིན་པས། རང་ཉིད་ཀྱང་གངས་རྒྱལ་ཏི་སེ་ཡི་གཟི་འོད་འོག་ནས་མཆེད་པའི་གངས་ཕྲུག་ཞིག་ཡིན་ཙམ་དེ་ལྟར་བཏགས་པ་ལགས།
ཏི་སེ་ལགས། ཁྱེད་ལ་ཁུང་ལྡན་གྱི་ཡིག་རྙིང་ཅི་ཞིག་སྒྲུབ་བྱེད་ཡོད་ལགས། ཡོད་ན་གསུངས་བ་ཐུགས་རྗེ། ཏི་ནི་ཆུ་ན་གོ་ན་གངས་ལ་ཅི་ལྟར་ཆགས་པ་རེད། ང་ཅུང་ཙམ་འཐོམས་སོང་།
ཏི་སེ་བ་ལགས་ནས་ཏི་སེ་ཞེས་པའི་འགྲེལ་བཤད་དོན་དང་ལུང་དང་དང་ལོ་རྒྱུས་དང་མཐུན་པར་གསུངས་པར་དགའ་བསུ་ཞུ། དེ་ག་རང་རེད་དོ།
ཨ་ནུ་ཐང་བསོད་ནམས་ལགས། ཅུང་ཙམ་འཐོམས་ན་རྐྱོན་མི་འདུག་གོ། ཏི་་ཞེས་པ་ནི་ཆུ་དང་ཆབ་དང་གངས་ལ་གོ་རྒྱུ་འདུག གྲོགས་པོ་ལགས་ཆུ་ལྷ་ཟེར་ན་འདྲ་གངས་ལྷ་ཟེར་ན་འདྲ། དོན་གནད་ཧ་ཅུང་གི་འཆུག་འགྲོ་ས་འདུག་བཱེ། སྒྲ་བསྒྱུར་སྟངས་ལའང་མང་པོས་བདོག་པས་གང་ཞིག་ཡིན་པ་འདྲ། དོགས་སླང་གནང་བར་ཐུགས་ཆེ།
ལ་བཙས་ཚང་མ་ལ་དབུ་རྩེ། དེ་གཉིས་གཅིག་དུ་བསྡུ་མི་རུང་།
ལ་བཙས་བསྟོད་པ་དང་དབུ་རྩེ་བསྟོད་པ་གཉིས་ཁ་ཁ་ཡིན།
སྒྲ་དོན་ངོ་མ་དེ་ལྷ་བསོས་ཡིན་པ་འདྲ། ལྷ་དང་ལྷའི་དབུ་རྩེ་གསོ་བ་ཡིན་ཚོད་རེད། སྒྲ་འགྱུར་སུང་བ་འདྲ། ལྷ་དེ་ལ་ལ་ཀློག། བསོས་དེ་བཙས་ལ་འགྱུར་སོང་བ་འདྲ། ད་དུང་ས་ཁ་ཡས་ན། ལབ་བཚས་ཟེར་ནི་ཡང་ཡོད།
ད་ནངས་གཉིད་སད་སྐབས་འདིར་མཆན་མང་ཙམ་བཏབ་འདུག ངས་བཤད་རྒྱུའི་གཙོ་བོ་ནི། ལ་རྩེའི་ནང་དོན་ལ་རྩོད་པ་མ་བྱེད་ཟེར་རྒྱུ་མིན་པར། སྐབས་འདིའི་ལ་རྩེ་དཔེ་མཛོད་ཁང་ཞེས་པའི་ལ་རྩེ་ནི་མིང་ཞིག་རེད། དེ་མི་ཞིག་གིས་རྣམ་དཔྱོད་ལ་བརྟེན་ནས་བཏགས་པ་ཞིག་རེད། ད་དེ་ལ་འགྲིག་དང་མི་འགྲིག་ཅེས་རྩོད་པ་གནང་ན་ཕན་རྒྱུ་ཨེ་ཡོད་ཅེས་པ་ཡིན། ལ་རྩེའམ་ལབ་བཙས་སོགས་ཀྱི་བོད་ཀྱི་སྲོལ་རྒྱུན་འདི་ལ་དཔྱད་ཞིབ་བྱེད་ན་བསམ་ཚུལ་བརྗོད་པ་ཙམ་མིན་པར་ཡིག་ཆ་དང་ཡིག་ཆ་བསྡུར་ཏེ་དཔྱད་ཞིབ་གནང་ན་དེ་ནི་ཤིན་ཏུ་ལེགས་པར་འདོད། སྔོན་ཁ་བརྡ་དྲ་བར་དེའི་སྐོར་ལ་རྩོམ་ཡིག་གསུམ་བྲིས་འདུག་པའི་འབྲེལ་ཐག་གཤམ་དུ་ཡོད།
ལ་རྩེ་ཟེར་གྱིན་ཡོད་པ་དེ་ལ་བཙེ་ཡིན་པར་འདོད
ཟླ་བ་གཞོན་ནུ
http://www.khabdha.org/?p=2950
ལ་རྩེའམ་ལབ་ཙེ་ལས་འཕྲོས་པའི་དཔྱད་པ་མེ་སྟག་ཕྲ་མོ།
གཅན . བཟོད་རྒྱམ།
http://www.khabdha.org/?p=2945
མཁས་དབང་པད་མ་འབུམ་གྱི་སྒོ་འབྱེད་གསུང་བཤད།
http://www.khabdha.org/?p=2881
ལྟ་རིན་བྲོ་བའི་དུས་དེབ་ཅིག་ཡིན་ཐལ། བཀའ་དྲིན་ཆེ།
དགེ་རབ་ལགས་ལ་བཙས་དང་ལ་རྩེའི་སྐོར་ལ་རྩོད་པའམ་དཔྱད་དུར་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེ་སྙམས། འོན་ཀྱང་ལ་རྩེ་དཔེ་མཛོད་ཁང་ཞེས་ལའི་མིང་གི་ཁ་བྱང་དུ་ཡོད་པའི་ལ་རྩེ་ཞེས་པ་དེ་ལ་བཙས་ལ་གོ་བ་ཡིན་ན་ནི་རྩོད་པ་ལོས་བྱེད་དགོས། དེ་མིན་གོ་རྒྱུ་གཞན་ཞིག་ཡོད་ན་གནས་ཚུལ་ཁ་ཁ་རེད། འོན་ཀྱང་ངས་ལ་བཙས་ཞེས་པའི་ཡིག་ཆ་བན་དྷེ་བ་དག་གི་ལོ་རྒྱུས་ལ་གཞན་པ་ནས་བཤད་ན་མི་ཚོས་ཡིད་ཆེས་དང་མོས་མཐུན་བྱེད་སྲིད་དམ། ལུང་དང་ཡིག་ཆ་མི་ཁྱེར་བའི་རྒྱུ་མཚན་དེ་ཡིན། མི་འདོད་བཞིན་དུ་ཡིག་ཆ་ཁུར་ཡོང་བ་ཡིན་ན་རྒྱུ་མཚན་ཆེར་མ་མཐོང་ངོ།
རེད།
ལ་ཙེ། ལ་བཙས། ལ་རྩེ། ལབ་རྩེ། ལབ་བཙས།
དོན་གཅིག་ལ་ཚིག་མི་འདྲ་བ་དུ་མ་ཡོད་པ་ཙམ་ལས་རྙོག་དྲའི་སྒམ་ཁ་ཕྱེས་དགོས་པ་ཞིག་ཡིན་ནམ།
རི་སྐེད་དང་ནགས་འདབས། ལ་ཡི་རྩེ་མོ་དང་ཉག་ག་སོགས་སུ་གཏད་པའི་ཤིང་གི་མདའ་སྒྲོ་དང་ཕོ་སྟོང་། བལ་ཆུན་འདོགས་པ་སོགས་ཀྱིས་གནའ་བོའི་ཡུལ་ལྷ་གསོ་བའི་གོམས་གཤིས་ལུགས་སྲོལ་ཞིག་ཡིན་པ་ཙམ་ལས་གཞན་ཐག་གི་མི་ཆོད་པའི་རྩོད་རྙོག་གི་ཐང་མ་གདལ་དགོས་པ་ཞིག་མ་རེད་སྙམ།
ལ་ཡི་ཁྲལ་ལ་བཙས་དང་། དེ་ལྷ་རྟེན་དུ་བྱས་པ་དང་། ཕྱིས་སུ་མི་མངས་ཀྱི་ཁ་ནས། ལ་བཙས་ལ། ལབ་བཙས་ཞེས་བཏགས་པར་ཡིན་པ་ཁུངས་དེ་ལ་རྒྱུ་མཚན་ཆེ་ཙམ་འདུག་གོ །
ལ་ཁའི་ལམ་ལ་ཡོད་པའི་རྡོ་ཧྲུག་དེ་ཚོ་ལ་ཁྲལ་ལ་བསྡུས་ནས་ཟུར་འཇོག་བྱས་པ་དེ། ཕྱིས་སུ་དད་ལྡན་པས། རླུང་རྟ་ཡར་རྒྱས་སུ་ལྷ་རྟེན་དུ་ཡང་བྱས་ནས། ལམ་ལ་གྲོ་མི་སོ་སོས་ལག་པར་རྡོ་རིལ་ཐེབས་ཚད། མཆོད་རྟེན་བཞེངས་པ་ལྟར། ཡར་བརྩེགས་པ་ལྟར་གཅིག་སྟེང་གཅིག་གི་སྟེང་དུ་གཞན་ཡང་དེར་སྤུངས་བྱས་པ་ལ་ལབ་བཙས་ཞེས་མིང་ཆགས་པར་ངེས་སོ།།
བན་དེ་ལགས། ལ་དང་རི་གཉིས་ཀྱི་མུ་བཞི་གསུངས་པ་དེར་མོས་མཐུན་མེད། རིའི་སྐད་པར་ལ་མིན་པས་རྒྱུ་མཚན་ཡོད་དང་། ལ་ནི་རིའི་རྩེ་མོ་ཁོ་ནར་གོ་རྒྱུ་ཡིན་ནམ། དེ་ལྟར་ན། ལ་དང་ཐུར་ཞེས་པའི་ལ་དེ་རིའི་རྩེ་མོར་གོ་དགོས་པས་འཇིག་རྟེན་པའི་ཁ་རྒྱུན་དང་འགལ་བ་འགྱུར་ལ། དེ་བཞིན་དུ་རིའི་རྩེ་དང་ལའི་རྩེ་ལ་འགྲོ་ཞེས་པའི་ཆོས་དང་ཆོས་ཅན་བརྗོད་པའི་ཡོངས་གྲགས་ཀྱིས་བརྗོད་ཚིག་དེ་དག་ཡང་མ་དག་པས་ཁྱད་གཞི་དང་ཁྱད་ཆོས་སྟོན་པའི་སྒྲར་འགྱུར་རྒྱུ་ལས་མེད་དོ།
ང་ཚོའི་བོད་ཀྱི་གདོད་མའི་བརྡ་རྙིང་ཁག་ལ་འདི་ལྟར་བགྲོ་གླེང་གནང་ཐུབ་ན་དངོས་གནས་གང་མི་ཚད་ཡག་པོ་འདུག། པད་མ་འབུམ་གྱིས་དཔེ་མཛོད་དེའི་མིང་ལ་ལ་རྩེ་ཞེས་བཏགས་གནང་བའི་སྐོར་ནས་འཕྲོས་པའི་མིང་བརྡ་དེ་ཡི་ལོ་རྒྱུས་ཀྱི་རྒྱབ་ལྗོྃངས་ཧ་ལས་པའི་ཡག་པོ་གསུངས་གནང་འདུག། བཀའ་དྲིན་ཆེ། དེ་དང་ལྷན་དུ་དྲྭ་གྲོགས་ཚོས་ལབ་རྩེ་དང་ལབ་བཙས་ཅེས་འབོད་དགོས་རབས་ཀྱི་དགོངས་འཆར་སྤེལ་གནང་འདུག། གང་ལྟར་ཡང་ལ་རྩེ་ལབ་པ་ཡིནའང་སྐྱོན་ཆ་ཆེན་པོ་གང་ཡང་ཡོད་པར་མི་སེམས། སྔར་ལུགས་ལ་་རྩེ་་ཟེར་བའི་མིང་བརྡ་འདི་ལ་ཐོབ་དང་གོ་གནས་ཐོན་པོ་ཞིག་ཏན་ཏན་ཡོད་ཐག་ཆོད་རེད། དཔེར་ན། ཐེག་པའི་ཡང་རྩེ། ཤམ་པོ་ལྷ་རྩེ། ཕྱིང་བ་སྟག་རྩེ། གཡུང་དྲུང་ལྷ་རྩེ། དབུ་སྐྲ་སིལ་མ་རྩེ་རྒྱལ། ཁྲི་བརྟན་ནོར་བུ་རྩེ། རྩེ་རི་རྒྱལ་དགོན། རྩེ་དྲུག་དགོན་པ། རྩེ་པོ་ཏཱ་ལ། རྩེ་རྣམ་རྒྱལ་གྲྭ་ཚང་། ད་ངས་ད་ལྟ་དྲན་པ་འདི་ཙམ་ཡིན། ཁྱེད་ཚོས་དྲན་ན་མང་ཙམ་གསུངས་རོགས། དེ་ནས་ག་ལེར་རྩེ་ཡི་དོན་གང་ཡིན་ང་ཚོས་ཤེས་ཡོང་། །
ད་འདི་ནས་མར་་་ལ་རྩེ་དང་ལབ་བཙས་ཀྱི་སྐོར་ནས་བཤད་ན། དང་པོ་བཙས་ཟེར་བའི་མི་ཚིག་འདིའི་དོན་གང་ཡིན་ཤེས་དགོས་པ་འདུག། བུ་བཙས། བཙས་མ་རྔ། ལ་བཙས། ཟེར་བ་འདི་ཚོ་དཀའ་ལས་མང་པོ་བརྒྱབ་པའི་འབྲས་བུ་སྨིན་པ་ལའང་གོ་ཆོག་པར་སེམས། ལ་རྒྱག་དུས་གྱེན་ལ་ཡར་དབུག་བསག་གྱིན་དཀའ་ལས་མང་པོ་རྒྱབ་ནས་མཐར་ལ་རྩེར་ཐོན་དུས་ལ་བཙས་པའམ་ལ་བརྒྱབ་ཐུབ་སོང་བའི་འདུ་ཤེས་བཟུང་ནས་ལ་རྩེར་རྡོ་དང་ཁ་བཏགས་སོགས་ཀྱིས་རང་གིས་བྱས་པ་དང་ཡུལ་ལྷ་གཏོད་པར་བྱེད། དེ་འདྲ་ཡིན་དུས་་་ལ་་བཙས་པ་ལ་་་་་་ལ་བཙས་ཀྱི་མིང་ཐོག་སོང་བ་ཡིན་སྲིད། ལབ་རྩེ་དང་ལབ་བཙས་ཟེར་བ་ནི་ཡུལ་སྐད་མི་འདྲ་བའི་སྒྲ་གདངས་འདོན་ཚུལ་ཡིན་ནམ་སྙམ། དཔེར་ན། མ་མཆོག་སྲིད་པའི་རྒྱལ་མོ་ལ། མམ་མཆོག་སྲིད་པའི་རྒྱལ་མོ་ལབ་མཁན་ཡོད། གསས་མཁར་ལ། གསེམ་མཁར་ཟེར་ནས་འདོན་མཁན་ཡོད་པ་ལྟ་བུ་རེད། འདི་ནི་རྟོག་འཆར་ཙམ་ཡིན་ནོ། །
བོད་ཀྱི་རྒྱལ་མཚན་ལགས་རི་ཡི་སྐེད་པ་ལ་ལ་མ་གསུངས་རོགས་དེ་ལྟར་ན་རི་རྩ་བ་ལའང་ལ་ཟེར་དགོས་ཐུག་གི་རེད། རྒྱལ་མཚན་ཇོ་དར་འཛུག་ན་རི་རྩེ་ལ་རྩེ་ལ་འཛུག་དགོས་པ་རེད། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཟེར་དུས་རྩེ་ལ་འཛུགས་རོགས་གནོང།
ལགས་སོ། ཚང་མས་ལ་རྩེ་དང་། ལ་བཙས། ལབ་བཙས་ཀྱི་ཐ་སྙད་དབྱེ་མཚམས་བྱེད་ནས་ལ་བཙས་ཡིན་ན་འདྲ་གང་ལྟར་བརྗོད་བྱ་དོན་དང་མཐུན་པ་ཞིག་འགྲེལ་རྒྱག་ཐུབ་མཁན་མཐོང་མ་སོང་། ཡིན་ན་ཡང་། ཐ་སྙད་མ་འདྲ་བ་མང་ཉུང་སྤེལ་ཡོང་གི་འདུག་དེ་ཡང་བློ་སྐྱེད་ཅིག་རེད། ང་རང་ཚོས་དཔེ་ན། ལ་རྩེ་ལྟ་བུ་དབྱེ་ཞིབ་བྱེད་དུས་་་ལ་་ཞེས་པ་དེ་ལ་འགྲེལ་མ་འདྲ་བ་དང་། ་་རྩེ་་་་ཞེས་པ་ལ་འགྲེལ་མ་འདྲ་བ་ཞིག་རྒྱག་ནས་ལ་རྩེ་ཞེས་པའི་བརྗོད་བྱ་དེ་འཚོལ་གནང་གི་ཡོག་རེད། དེ་བྱེད་དུས་དཀའ་ཁག་རེད་དྲན་གྱི་ཡོད། གང་ཞེ་ན། དཔེ་ན་ཀ་བ་ཞེས་པའི་བརྗོད་བྱ་དང་ཐ་སྙད་ཀྱི་འགྲེལ་བཤད་འཚོལ་དུས་་་་་ཀ་་ཞེས་པ་ཅིག་ཅིག་རེད་་་་་བ་་་ཞེས་པ་མིག་མིག་རེད་ལབ་ན་ཁྱད་མཚར་ཞིག་ཡོང་གི་འདུག་བཱེ། ཁ་ཤས་ཀྱིས་ལ་རྩེ་ཟེར་དུས་ལ་ཡི་རྩེ་མོ་ལ་བརྩིག་པའི་སྒྲ་ལྷའི་རྟན་ནམ་རྟེན་དང་། རྡོ་མཁར། གསས་མཁར། མདའ་དང་འཕང་རྩི་ཤིང་སོགས་སྤུངས་པའི་རྣམ་པ་ཞིག་ལ་གོ་ལེན་གྱི་འདུག་འཚམ་པོ་དེ་ཙམ་དབེན། ལ་བཙས་བརྩིགས་སའི་གནས་དེ་མཐའ་གཅིག་ཏུ་རི་རྩེ་དང་རི་ཁ་ངེས་པས། ཐང་ལ་ཡང་བརྩིགས་ཡོད་པ་མཐོང་མྱོང་ཡོད། ལ་བཙས་བརྩིགས་སའི་གནས་དེ་ལྷ་སྡེ་རི་སྡེ་རང་རང་སོ་སོའི་སྐྱབས་དང་དཔུང་ལྟར་བུ་ཞིག་ལ་བརྩི་ནས་ཐང་ལ་སྡད་མཁན་གྲོང་པ་ཚོས་རང་སྡེའི་རྒྱབ་དེ་ག་རང་བརྩིགས་ཀྱི་འདུག་གཞན་རི་རྩེ་དང་རི་སྐེད་སོགས་མ་འདྲ་བར་བརྩིགས་སྲོག་བདོག།
མིག་མིག་ལབ་་་་་ནས་བརྗོད་བྱ་དང་ཐ་སྙད་འཚོལ་་་་་་་་་ན་ཞེས་པའི་ཚིག་འདི་སྐོངས་རོགས།
སྒྲ་ལྷའི་རྟེན་དང་་་་་་་་་་་མཐའ་གཅིག་ཏུ་མ་ངེས་་་་་་་གོ་བ་་་བཅོས་རོགས།
པདྨ་འབུམ་ནོར་མི་འདུག་ཟེར་ན། ཁ་ཏྭ་ནག་པོའི་མྱིག་ལམ་ན། སྐྱག་པ་སེར་པོ་གསར་གྱི་མཆོད་རྟེན་རེད་ཟེར་བ་དང་གཅིག་པ་རེད།
བསངས་ལ་བཙས་ལ་མ་སྦྱར་བར་ཁོ་རང་གི་འདོད་མོས་བཞིན་དེ་འདྲ་ཞིག་བཏགས་པ་རེད་ཟེར་ནི། དེ་ནི་ཁོ་རང་གི་འདོད་པ་རེད། བོད་ཡིག་མ་རེད་ཟེར་ས་ནི་མི་འགྲོ། གོ་བ་ཡོད་རུང་མེད་རུང་གོ་བ་ཞིག་བ་ལངས་ནས་གུས་རྩི་ཞུ་དགོས་དང་ནི་རེད། མྱིང་ནི་ཡོད། འབྱོར་ནི་ཡོད། ལོ་ནི་ཆེ། བོད་རིགས་ཞིག་ནི་ཡིན།
ལ་ཡི་འགོའམ་ལ་ཡི་རྩེ་མོ་དང་ལ་ཡི་སྐད་པ། ལ་ཡི་རྩ་བ་སོགས་ཡོད་ལ། རི་ཡི་འགོ་དང་རི་ཡི་སྐད། དེ་བཞིནརི་ཡི་རྩ་སོགས་དང་ཅིག་མཚུངས་རེད། ཐང་འགོ་ཡི་ལ་དང་ཐང་འཇུག་གི་ཐུར་ཡོད་པའི་ས་ཆ་མང་པོ་ཡོད། ལ་ཞེས་པ་ནི་གྱེན་ལ་གོ་བ་རེད། གྱེན་གྱི་ལ་ཡིན་ན་རི་ཡི་རྩེ་ལ་ཡོད་དགོས་པའི་ངེས་པ་མེདོ།
ལ་བཙས་བརྩིགས་སའི་གནས་དེ་མཐའ་གཅིག་ཏུ་རི་རྩེ་དང་རི་ཁ་ངེས་པས། ཐང་ལ་ཡང་བརྩིགས་ཡོད་པ་མཐོང་མྱོང་ཡོད། ་་་ཟེར་སྟངས་ལ་བལྟས་ན། ལ་ལ་ཡོད་པའི་བོད་ལུགས་ལྷ་རྟེན་ལ། ལ་བཙས་ཟེར་བ་ལས། ཐང་ལ་ཡོད་པའི་ལྷ་རྟེན་ལ། ལྷ་རྟེན་ལས། ལ་བཙས་ཞེས་པའི་མིང་དེ་མི་འཇུག་པར་མཁྱེན་པར་མཛོད་ཅིག རྒྱལ་མཚན་ལགས།
པད་མ་འབུམ་ལགས་ཀྱིས། ལ་རྩེ་ཞེས་པའི་དམ་བཅའ་རྙིང་པ་གློད་མི་དགོས་པའི་ཕྱིར་དུ། མང་ཐག་ཆོད་ཅིག་བཤད་ནས། མཐར་ལྷ་ཡུལ་དང་དམུའམ་རྨུ་ཐག་ལ་ཕྱིན་ནས། ལབ་བཙས་ལས། ལ་རྩེ་དེ་དག་པ་ཡིན་སྟངས་གསུངས་ཐུབ་པར་ངོས་འཛིན་བྱེད་དཀའ་ཙམ་མི་འདུག་གམ། ལགས།
ལ་འགོ་ཞིག་ན་དར་ལྕོག་མེད་ན་ལ་རྩེ་ཟེར་ན་ཟེར།
སྐྱེས་པ་ཞིག་ལ་འབུ་ལུ་མེད་ན་མ་ནིང་ཟེར་ན་ཟེར།
རི་རྩེ་སྟོང་བ་ཙམ་གྱིས་བོད་ཀྱི་རིག་གནས་མི་མཚོན་པས།
དོན་ལྡན་ལབ་ཙེ་ཡིན་གྱི་དོན་མེད་ལ་རྩེ་སྤོངས།
དོན་ལྡན་འབུ་ལུ་ལབ་ཙེ་ཡིན་གྱི་དོན་མེད་ཉ་མ་ལ་རྩེ་སྤོངས།
ངས་ཀྱང་དེ་རིང་འདིར་ལ་རྩེ་ཡི་སྐོར་ལ་བསམ་ཚུལ་ཕྲན་བུ་ཞིག་བཤད་འདོད་སྐྱེས་སོང་།
སྤྱིར་ང་ཚོའི་བོད་པས་མིང་འདོག་སྟངས་ལ་འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་གཉིས་འདོག་སྟངས་ཞིག་ཡོད། དེའི་ནང་ནས་༼ལབ་བཙས་༽ཞེས་བའི་མིང་འདི་ཐོག་མར་འདོད་རྒྱལ་གྱི་མིང་ཞིག་མིན་ནམ་སྙམ།དེ་མིན་བརྡ་སྤྲོད་ལྟར་ལབ་དང་བཙས་ཅེས་བའི་གོ་དོན་རེ་རེ་བྱས་ན་ལབ་བཙས་ཀྱི་མིང་འདིས་སྟོན་པའི་བརྗོད་བྱ་དང་འབྲེལ་བའི་གོ་དོན་ཞིག་རྙེད་དཀའ་བར་འདུག དེས་རྐྱེན་ལབ་བཙས་ཞེས་མིང་འདི་འདོད་རྒྱལ་གྱི་མིང་འདོག་སྟངས་ཞིག་རེད་སྙམ།རྗེས་ནས་ཡི་གེ་འབྲི་སྟངས་ལ་༼ལབ་བཙས–ནས–ལབ་ཙེ–དང–
ལབ་རྩེ་ཞེས་བྲིས་ཏེ་ཕྱིས་ཀྱི་མཁས་པ་ཚོས་རྒྱུ་མཚན་ལ་རྟེན་ནས་༼ལ་རྩེ༽རྗེས་གྲུབ་ཀྱི་མིང་དུ་འགྱུར་བར་སྙམ་པས་༼ལ་རྩེ་༽ཡི་མིང་འདིའི་མཆེད་ཁུངས་དངོས་དེ་ལབ་བཙས་ཡིན་པར་སྙམ་མོ། གང་ལྟར་བོད་ཀྱི་སྐད་ཆེས་ཤིན་ཏུ་རྙིང་པའི་རིགས་ཞིག་ཡིན་པར་སྙམ་མོ།