གཞུང་པ་ཚེ་དབང་བསོད་ནམས་།
ཀ་ཡེ་གསོན་དང་ལག་ཁྱེར་སྐད་འཕྲིན་ཟེར་བའི་ཇོ་ལགས་སྒམ་ཆུང་ལགས།།
ཁ་ལ་ཟ་ལོང་འཐུང་ལོང་མེད་པར་ཇོ་ལགས་སྐད་འཕྲིན་ཁྱོད་ལ་འཐམས།།
ག་ས་ག་ནས་བརྡ་འཕྲིན་འབྱོར་ནས་གཡོག་བསྐུལ་ལས་སྦྲེལ་ཁྱོད་ཀྱིས་བཟོས།།
ངོ་ཐུག་མེད་ཀྱང་གཏམ་གླེང་བྱེད་སའི་གླེང་སྟེགས་ནུས་ལྡན་སྐད་འཕྲིན་ཁྱོད།།
ཅ་དངོས་ཆུང་ཆུང་གོ་ཆོད་ཆེ་བས་ནོར་བུ་དགོས་འདོད་ཀུན་འབྱུང་འདྲ།།
ཆ་རྒྱུས་མེད་པའི་ཐག་རིང་མི་དང་འབྲེལ་ལམ་གསར་པ་ཁྱོད་ཀྱིས་བཟོས།།
ཇ་ཁང་ཆང་ཁང་གང་དུ་ཕྱིན་ཀྱང་ཧ་ལོ་ཧ་ལོའི་སྒྲ་སྐད་མང་།།
ཉམས་མྱོང་མེད་པའི་རྒན་པོ་རྒན་མོས་ཁ་འདོན་བཞག་ནས་ཧ་ལོ་ཟེར།།
རྟ་ནོར་བ་ཕྱུགས་ལས་ཀྱང་ལྷག་པའི་རིན་པ་གསེར་དངུལ་ཁྱོད་ལ་ཕུལ།།
ཐ་ན་ཚུར་ཡོང་སྒོར་གཅིག་མེད་པར་དོན་མེད་འགྲོ་སོང་ཁྱོད་ལ་བཏང་།།
དེང་རབས་ཚན་རྩལ་རིག་པ་རྣོ་ནས་འཛམ་གླིང་སྤྱི་ཚོགས་སྨྱོན་པ་བཟོས།།
ན་གཞོན་སློབ་སྦྱོང་གོ་སྐབས་འཕྲོག་ནས་ཇོ་ལགས་སྐད་འཕྲིན་རྗེས་སུ་འབྲངས།།
དཔོན་ཆེན་བླ་ཆེན་མི་ཆེན་མཆོག་དམན་ཀུན་ལ་དགོས་པ་སྐད་འཕྲིན་ཁྱོད།།
ཕ་མ་བུ་ཕྲུག་ནང་མི་མི་རེའི་ལག་ཏུ་འཛིན་པའི་སྐད་འཕྲིན་ཁྱོད།།
བ་ཕྱུགས་རྫི་བོ་རི་བོའི་རྩེ་ནས་བ་ཕྱུགས་འཚོ་ནས་ཁྱོད་དང་འགྲོགས།།
མ་ཎི་ཁ་འདོན་དགེ་སྒྲུབ་བཞག་ནས་སྐད་འཕྲིན་ཁྱོད་ལ་ཡང་ཡང་ཕུར།།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུའང་མི་མང་སྐད་འཕྲིན་ཁྱོད་ཀྱིས་བསླུས།།
ཚོང་དང་ཛ་དྲག་བྱུང་བའི་དུས་སུ་བརྡ་སྟོན་བརླགས་ནས་ཁྱོད་ཀྱིས་གློད།།
ཝ་སྤྱང་འདྲ་བའི་བེད་སྤྱོད་ལོག་པས་སྐད་འཕྲིན་ཁྱོད་རང་ལམ་ལོག་འཁྲིད།།
གཞན་སྐྱོན་གླེང་ནས་རང་མིང་བསྒྲགས་སའི་བརྒྱུད་ལམ་གསར་པའི་ཤེས་ཁྱོང་།
གཟབ་གཟབ་མ་བྱས་བེད་སྤྱོད་མང་ན་དོན་མེད་འགྲོ་སོང་བུན་འོག་ཚུད།།
འ་ར་འུར་རེའི་བདེན་མེད་དཀྲོགས་གཏམ་སྤེལ་སའི་བརྒྱུད་ལམ་ཌ་རུ་མ།།
ཡོང་འབབ་མེད་པའི་ཉམ་ཐག་ལས་མེད་ཉིན་མཚན་མེད་པར་སྐད་འཕྲིན་ཕུར་།
རང་དབང་སྨྲ་བརྗོད་ཚད་ལས་བརྒལ་ནས་བསམ་ཚད་གླེང་སའི་གཞང་ཁང་འདྲ།།
ལ་ལུང་ས་མཐའི་གླིང་ཕྲན་གཞན་ལ་སྐར་ཆ་གཅིག་རིང་བརྡ་ལན་འཕྲོད།།
ཤེས་ཡོན་མཐོ་དམན་དབུལ་ཕྱུག་ཕོ་མོ་ཁྱད་མེད་ཀུན་ལ་འགྲོ་དོན་བསྐྱངས།།
ས་མཚམས་རྒྱལ་མཚམས་ལམ་ཡིག་མི་དགོས་མྱུར་མགྱོགས་ཆེ་བའི་གྲུ་བ་འདྲ།།
ཧ་ལོ་ཧ་ལོའི་དུས་རབས་ཤར་ནས་འཛམ་གླིང་ཧྲིལ་པོ་ཆུང་ཆུང་ཆགས།།
ཨ་གསར་མ་མང་གློག་ནུས་ཆེ་བས་ཀླད་རྩ་སྐྱོན་ཤོར་ལོ་རྒྱུས་མང་།།
རང་གིས་བྲིས་པའི་སྐྱོན་རྣམས་རང་ཉིད་ལ་འདུག་གམ། རང་གི་གདོང་ལ་མཛུབ་མོ་ཅིག་ཚུག་དང་་་་་་་་་
https://www.facebook.com/sonam.norbu.1848/posts/890668154350065
ཀ་ཁ་འབྲི་སའི་ཁ་པར། །
ཁ་བརྡ་བཤད་སའི་སྐད་འཕྲིན། །
ག་ས་ག་རུ་འཁྱེར་དགོས། །
ང་ཡི་ལག་འཁྱེར་ཁ་པར། །
ཅ་ལག་ནང་གི་གསར་ཤོས། །
ཆ་འཇོག་ནང་གི་མཁོ་ཤོས། །
ཇ་ཆུ་འཐུང་ཤོར་ཤོད་ཤོར། །
ཉ་ཉུང་བསྲེས་སའི་གྲོགས་མཆོག །
སྲིད་སྐྱོང་སེང གེ་མགོ བསྐོར་གཏོང་མཁན་རེད་
ལྟ་བ་བརྗེ་སའི་བརྒྱུད་ལམ་།
ཐབས་ཤེས་འཚོལ་་སའི་ལམ་སྟོན་།
དོན་མེད་འགྲོ་སོང་འཕར་འཐོས་།
ན་གཞོན་སྨྱོན་པ་བཟོ་མཁན་།
དཔོན་ལ་སྐྱོན་འཛུགས་བྱེད་ས་།
ཕ་མར་ཁ་རྩོད་རྒྱག་ས་།
བན་བོན་ཆོས་ཀྱི་བར་ཆད་།
མ་འཇོན་འཇོན་འདོག་བྱེད་ས་།
བཙན་པོའི་རྒྱལ་རབས་བཤད་ས། །
མཚན་སྙན་དམ་ཆོས་བསྒྲག་ས། །
མཛའ་གྲོགས་གསར་པ་འགྲིགས་ས། །
ཝ་སྤྱང་དབྱེ་འབྱེད་བྱ་ས། །
ཞྭ་མདོག་མཆོན་མདོག་བརྩད་ས། །
ཟང་ཟིང་བྱུང་ཚད་བཤད་ས། །
འ་ཆད་འུ་ཐུག་རེ་ས། །
ཡ་མེད་འཆལ་གཏམ་སྤེལ་ས། །
ར་མགོ་ལུག་སྦྱར་ཁུངས་མེད། །
ལ་ལུང་མི་ངན་བསྐང་ས། །
ཤ་ཚའི་གཏམ་ངན་ཐོན་ས། །
ས་སྟེང་ཡོངས་གྲགས་བཟོ་ས། །
ཧ་ལོ་ཧ་ལོ་ཟེར་ས། །
ཧེ་ལོ་ཧེ་ལོ་འབོད་ས། །
ཧ་ཧ་ཧུ་ཧུ་བགད་ས། །
ཧམ་པ་ཡོད་ཚད་བགྲང་ས། །
ཨ་མ་རྨོ་མོར་བསྟོད་ས། །
ཨ་ཞང་ཨ་ཁུར་སྨད་ས། །
ཨ་ཅག་ནུ་མོར་རེ་ས། །
ཨེ་མ་ཚན་རིག་ནོར་བུ། །
ལག་ཁྱེར་སྐད་འཕྲིན་ཁྱོདཀྱི་སྤྱ་ཚོགས་ཧྲིལ་པོ་སྨྱོན་བཟོས་
མི་འདུག་གམ་ཧཧཧ