ཕྱི་ཟླ་ ༥ ཚེས་ ༣༡ ཉིན་རྒྱལ་སྤྱིའི་འབྲས་ནད་ཞིབ་འཇུག་ལྟེ་གནས་ International Agency for Research on Cancer (IARC) ཀྱི་གསོ་རིག་མཁས་དབང་ཚོགས་ཆུང་གིས་གསལ་བསྒྲགས་སྤེལ་དོན་ལྟར་ན།
ལག་འཁྱེར་ཁ་པར་བེད་སྤྱོད་ཇི་ཙམ་མང་བ་བཏང་བ་དེ་ཙམ་གྱིས་ཀླད་པའི་འབྲས་ནད་སློང་སྲིད་པ་དང་། དེ་ཡང་ཁ་པར་ནང་དུ་ཡོད་པའི་གློག་དང་རྡོ་ཁབ་ལེན་འོད་འགྱེད་ཁྱབ་ཤུགས་ (radiofrequency electromagnetic fields) དེ་མིའི་རིགས་ལ་མཚོན་ན་འབྲས་ནད་སློང་རྒྱུ་ཞིག་ཡིན་པར་བཤད།
ཡིན་ནའང་ཡིག་གཏག་ཡིག་བསྐུར་བྱས་པ་ (text) དང་ཁ་པར་ནས་དྲ་རྒྱ་ཁ་འབྱེད་སྔོག་འདོན་བྱས་པས་འབྲས་ནད་སློང་གི་མེད་པར། གཙོ་བོ་སྒྲ་ཡོད་སྐད་ཆ་བཤད་ཆེད་བེད་སྤྱོད་མང་བ་བཏང་བར་བརྟེན་ནས་འབྲས་ནད་སློང་བའི་ཉེན་ཁ་ཡོད་པར་བརྗོད།
རྒྱལ་སྤྱིའི་འབྲས་ནད་ཞིབ་འཇུག་ལྟེ་གནས་ནི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་ཨ་རི་འབྲས་ནད་ཚོགས་པ་གཉིས་ཀྱི་འབྲས་ནད་སྐོར་གྱི་གནས་ཚུལ་ཡོང་ཁུངས་གཙོ་བོ་བྱེད་ཀྱི་ཡོད།
ལྷ་རྗེ་ལགས།
ཐུགས་རྗེ་ཆེ།
ཁ་པར་ནི་སྟབས་བདེའི་མཁོ་ཆས་ཡག་ཤོས་གྲས་ཡིན་ཕྱིར། དེང་སང་འཛམ་གླིང་ཐོག །རྒས་གཞོན་ཕྱུག་དབུལ་ཁྱད་མེད་པ་ཐུན་མོང་གིས་བེད་སྤྱོད་གཏོང་གིན་ཡོད་ལ། ད་དུང་བཏང་རྒྱུ་ཡིན་པ་ངེས་པས་ན། ཉེན་ཁ་རང་བཀོད་ནས་བཞག་པ་ཙམ་མིན་པར། ཉེན་ཁ་ལས་གཡོལ་ཐབས་ཀྱི་ལམ་སྟོན་ཡང་དག་པ་ཞིག་གནང་ཐུབ་ན། རང་རེ་ཐུན་མོང་ལ་ཁེ་ཕན་ཡོད་པ་ཞིག་རེད།
ཉེ་ཁ་ལས་གཡོལ་ཐབས་ནི་ཁ་པར་གཏོང་རྒྱུར་ཚོད་བཟུང་གནང་ཐུབ་ན་ལེགས་པ་དང།
དེ་ཡང་ཁ་པར་རང་གི་ལུས་དང་རྟག་ཏུ་འབྱར་བ་མིན་པར་ལྟོ་ཕད་ནང་དུ་བཞག་ན་ཅུང་ཉེན་ཁ་ཆུང་བ་དང།
དེ་བཞིན་ཉལ་དུས་ལས་སོགས་ཀྱང་རང་གི་ལུས་ལས་ཅུང་ཐག་རིང་སར་བཞག་ན་ལེགས་ཚུལ་བཤད་ཡོད།
ལྷག་པར་དུ་སྙིང་དང་དོན་སྣོད་སོགས་ཀྱི་ཐད་དུ་ཉར་འཇོག་བྱེད་ན་དེ་བས་ཀྱང་ཉེན་ཁ་ཆེ།
མ་གཞི་ནས་ཟས་དང་བྱ་བ་སྤྱོད་ལམ་གང་ཡང་རན་ཚོད་ཆ་མཉམ་དུ་སྤྱོད་ཐུབ་ན་ཀུན་ཀྱང་ཕན་ཅིང་གསོ་བའི་རྒྱུ་རུ་འགྱུར་ངེས།
དེ་མིན་ཟས་བཟའ་དྲགས་པ་དང་ཉལ་ཆེ་བ་འགྲོ་རྒྱུགས་ཆེ་བ་ཤོད་ཆེ་བ་སྡོད་ཆེ་བ་འཐུང་ཆེ་བ་ལས་སོགས་ཀྱིས་ལུས་སེམས་འཕྲོད་བསྟེན་གང་ལའང་གནོད་པ་ནི་ནང་པའི་གཞུང་ལུགས་ཁག་ནས་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་ཚོད་ཐིག་རྒྱབ་ཟིན་པས་ད་ལྟའང་གནས་ཚུལ་དེ་ཡི་རྒྱ་ལས་མ་བརྒལ་བའོ།
མི་ནད་ཐམས་ཅད་ཟས་ནད་ཡིན།
རྟ་ནད་ཐམས་ཅད་རྒྱུགས་ནད་ཡིན།
ཅེས་བཤད་པ་ལྟར་རོ།
དེ་འདྲ་ཡིན་སྲིད། ཡིན་ནའང། ལས་ཀའི་ཛ་དྲག་ལ་ཐུག་ན། ཁ་པར་གཏོང་རྒྱུ་ཚོད་བཟུང་ཐུབ་པ་མེད་ཕྱིར། དེ་ལས་གཞན་པའི་ཐབས་ལམ་སྟབས་བདེ་ཡོད་མེད་དང། ལྷག་པར་རྣ་བར་འདྲེན་བྱ་དེ་རིགས་ཀྱིས་ཕན་གནོད་ཅི་བྱེད་ཀྱི་ཡོད་པ་མཁྱེན་ནམ།
བཀའ་དྲིན་ཆེ། དྲི་བ་ཞིག་ལ་ཁ་པར་ནས་གླུ་གཞས་ལ་ཉན་ན་ཉེན་ཁ་དེ་ཡོད་མེད་ལན་ཞིག་གནང་རོགས།
ལག་འཁྱེར་ཁ་པར་དང་ཀླད་འབྲས་སྐོར་གྱི་གསར་གནས་བྱུང་རྗེས་འདིའི་སྟེང་དཔྱད་བརྗོད་དོགས་འདྲི་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་པ་རེད། ཚན་རིག་པ་ཁག་ཅིག་གིས་དེང་དུས་འཛམ་གླིང་སྟེང་མི་འབོར་ཐེར་འབུམ་ལྔ་ཡིས་ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་གི་ཡོད་པ་ཚོད་དཔག་བྱས་ཡོད་པ་དང་། ལག་འཁྱེར་ཁ་པར་དེ་ལོ་རབས་ ༨༠ བའི་ནང་གསར་གཏོད་བྱས་པ་ཞིག་ཡིན་པས། ལག་འཁྱེར་ཁ་པར་གྱིས་ཀླད་འབྲས་སློང་གི་ཡོད་པ་དངོས་འབྲེལ་ཡིན་ཚེ་དུས་དེ་ནས་ད་བར་ཀླད་པའི་འབྲས་ནད་བྱུང་ཚད་མང་དུ་འཕར་དགོས་པ་རེད་ཅེས་དོགས་སློང་གསལ་བཤད་བྱེད་བཞིན་འདུག
འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱལ་ཁབ་མང་པོ་ཞིག་ནང་ཞིབ་འཇུག་བྱས་པའི་སྙན་ཐོ་ལྟར་ན། ལག་འཁྱེར་ཁ་པར་བེད་སྤྱོད་མང་བ་གཏོང་མཁན་ཚོས་ལོ་ ༡༠ ནང་ཉིན་རེར་སྐར་མ་ ༣༠ ལ་བེད་སྤྱོད་བྱེད་ཀྱི་ཡོད་ཚེ། རྒི་ལིའོ་སྨ་ (glioma)ཟེར་བའི་ཀླད་འབྲས་དཀོན་པོ་དེ་ཕོག་པའི་ཉེན་ཁ་བརྒྱ་ཆ་བཞི་བཅུ་ཡིས་ཆེ་བ་ཡོད་ཚུལ་ཐོན་འདུག
སྤྱིར་ལག་འཁྱེར་ཁ་པར་དང་ལུས་ཀྱི་བར་ཨིན་ཆི་གཅིག་བཞག་ན་འོད་འགྱེད་ཤུགས་རྐྱེན་ཕོག་ཚད་ཉུང་བ་ཡོད་པ་དང་། རྣ་རྩར་ཐད་ཀར་སྦྱར་ནས་མིན་པར་ཉན་བྱེད་སྐུད་ཐག་བརྒྱུད་ནས་གཞས་སྣ་དང་ཁ་པར་ཉན་ཚེ་ཉེན་ཁ་ཅུང་ཆུང་བ་ཡོད་ལུགས་ཀྱང་བཤད།
སྤྱིར་བོད་སྨན་གཞུང་དུ། དབང་བོ་ལྔ་བོ་བེད་སྤྱོད་གཏོང་ཉུང་དྲགས་པས་དམན་པ། མང་དྲགས་པས་ལྷགས་པ། ཚུལ་མིན་ལོག་པར་སྤྱད་པས་ལོག་པ་སྟེ། ཅ་དངོས་གང་ཞིག་དབང་བོ་ལྔ་ཡི་ཡུལ་ལ་ཚུལ་མཐུན་མིན་པར་སྤྱོད་ཉེས་སོང་བས་ལུས་སེམས་གཉིས་ལ་མི་བདེ་བའི་ནད་གཞི་སློང་གི་ཡོད་ལུགས་བརྗོད་ཡོད་པ་བཞིན་ཡིན་ནོ།
གཡང་འབུམ་རྒྱལ་ལགས། འདི་བཞིན། ཉེར་མཁོའི་ཡོ་ཆས་དག་བེད་སྤྱོད་གཏོང་སྟངས་སྐོར་དུས་ནས་དུས་སུ་ལམ་སྟོན་བྱ་ཐུབ་པ་ཡིན་ན། གཟུགས་པོའི་བདེ་ཐང་ལ་ཕན་ངེས་ལགས་པས་རྒྱུན་འགོད་བྱ་རྒྱུ་མ་འཕྱུགས།
ཁ་པར་ལག་འཁྱེར་བེད་སྤྱོད་བྱས་ན་གནོད་སྐྱོན་ཡོད་པ་ཤེས་ནས་དེ་འགོག་ཐབས་གང་འདྲ་བྱེད་དགོས་མིན་མི་ཤེས་པ་
དེ་ཨ་ཡ་མཚན་ཆེན་པོ་ཞིག་བྱུང་བས་མཁས་པ་ཚོས་གནོད་འགོག་བྱེད་ཐབས་ཐད་ཚན་རིག་མཁས་པའི་གྲོས་གླེང་རྒྱས་པ་
བསྡུ་སྐོང་འཕྲལ་དུ་གནང་རྒྱུ་ནི་གལ་འགངས་ཆེན་པོརེད་ན་དེ་དོན་དགོངས་འཇགས་ཐོག་མིའི་ཚེ་སྲོག་རྩ་ཆེ་དང་རྙེད་དཀའ་
ཡིན་ཙང་དུས་མིན་འཆི་མི་དགོས་པ་གནང་རོགས་ཞུ་
གལ་ཏེ་གནོད་འགོག་གི་གནད་དོན་ཆ་ཚང་ཐག་གཅོད་ཐུབ་ན་ཁྱེད་ལ་མིའི་རིགས་ལ་ལེགས་སྐྱེས་རིན་ཐང་མེད་པ་ཞིག་
ཕུལ་པ་རེད་དེས་ཁྱེད་ཀྱི་ལེགས་སྐྱེས་ཆེ་བའི་བྱ་བ་དེ་ལ་འབྲས་བུ་བཏགས་ནས་ཁྱེད་ལ་འདི་ཕྱི་གཉིས་ཀར་རྫོགས་མཐའ་མེད་
པའི་བདེ་སྐྱིད་ཕུན་སུམ་ཚོགས་པོ་ཞིག་ཡོང་རྒྱུ་ནི་གདོན་མི་ཟ་བ་རེད
དངོས་ཡོས་ཀྱི་གནས་ཚུལ་ཞིག་རེད་འདུག དཔེར་ན་ཁྱེད་ཀྱིས་སྒྲ་འབེབ་འཕྲུལ་ཆས་ཞིག་གི་ཉེས་ས་ཞིག་ཏུ་ཀྱེད་ཀྱི་ཁ་པར་དེ་བཞག་ལ་སྒྲ་འབེབ་ནང་གླུ་གཞས་སོགས་གང་རུང་ཞིག་གདོན་དུ་བཅུག་ལ་ཁྱེད་ཀྱི་ཁ་པར་དེ་ལ་ཁ་པར་གཞན་ཞིག་ནས་ཅིག་ཐོང་དང་ཁྱེད་ཀྱི་ཁ་པར་གྱིས་སྐད་མ་རྒྱག་པའི་སྔོན་དུ་ཉེ་འཁོར་གྱི་སྒྲ་འབེབ་འཕྲུལ་ཆས་ཀྱིས་ཚག་ཚག་ཅེས་པའི་སྒྲ་ཤིག་རྒྱག་ངེས་ཡིན། དེས་ན་ཁ་པར་གྱི་ཉན་རྡུལ་དེ་དག་ནི་རྡུལ་ཕྲན་ཤིན་ཏུ་རག་པ་ཞིག་ཡིན་པ་རྟོགས་ཐུབ