མྱི་ལྟིག
ཁ་སང་གཟའ་སྤེན་པ་གཉིས་པའི་ཉིན་མོ་རེད། དེར་བརྟེན་རང་ཉིད་ཞོགས་ཉལ་བྱས་བསྡད་ཡོད་མོད། དུས་ཚོད་བཅུ་གཉིས་ཡས་མས་ཤིག་ལ་ཤེས་རབ་དགའ་ཚལ་སློབ་གླིང་གི་གྲོགས་མོ་གཉིས་ཀྱིས་ཁ་པར་བསླེབས་ནས་དེ་རིང་ཕར་ཤོག་དང་། མཉམ་དུ་ཁ་ལག་ཅིག་བཟའ་ལབ་སོང་།དེ་ནས་ངས་ཀྱང་ཞིབ་འདང་ཞིག་བརྒྱབ་དུས་རང་ཉིད་ལའང་དེ་རིང་དམིག་བསལ་གྱི་ལས་དཀའ་ཅི་ཡང་མེད་པས་ཁོ་ཚོ་དང་ལྷན་དུ་མཉམ་འཛོམས་བྱ་རྒྱུ་བྱས། དེ་ནས་དུས་ཚོད་གཉིས་པ་ཡས་མས་ཤིག་ལ་སཱ་ར་མཐོ་སློབ་ཀྱི་གྲོགས་པོ་ཞིག་ཀྱང་ཡོང་གི་ཡིན་ཟེར། དུས་ཚོད་གཅིག་ལྷག་གིས་ཁོའང་སླེབས་སོང་། ང་ཚོས་རང་རང་གི་མོས་པ་ལྟར་ཟ་མ་རེ་འདེམས་རྗེས་གླེང་མོལ་གྱི་འགོ་འཛུགས་བྱས་པ་ཡིན།
དེ་ནས་ངས་ཁོ་ཚོར་དེང་སང་གསར་འགྱུར་ག་རེ་འདུག་ཅེས་དྲིས་དུས་སློབ་མ་ཞིག་གིས་<<དེང་སང་སློབ་གྲྭའི་སྒྲིག་ཁྲིམས་ཇེ་བཙན་དུ་སོང་ནས་ལག་འཁྱེར་ཁ་པར་བཟུང་ན་ཕྱིར་འཕུད་གཏོང་གི་རེད>>ཟེར། དེ་ནས་གཞན་ཞིག་གིས་ཁ་པར་འཛིན་མཁན་དག་ཕྱིར་ཕུད་གཏོང་བ་ལས་ཅ་ལག་རྐུ་མཁན་དག་དང་རྡུང་རེས་རྒྱག་མཁན་དག་ཕྱིར་འཕུད་བཏང་ན། ཁོར་ཡུག་འདི་གཙང་མ་ཆགས་ཀྱི་རེད་ཟེར། ངས་ཁོ་ཚོར་ཁ་པར་བཟུང་ན་ཅི་ཞིག་གི་ཉེས་དམིགས་ཡོད་མེད་དྲིས་དུས་གསལ་བོ་ཞིག་སུ་ལའང་བཤད་རྒྱུ་མི་འདུག དེ་དང་འབྲེལ་ནས་ངའི་སེམས་ལ་ང་ལྟ་བུའི་ཤ་ཉེ་རིང་དང་སེམས་བསམ་པ་གཏོད་ས་མེད་པའི་སློབ་མ་དག་ལག་འཁྱེར་ཁ་པར་ཞིག་དང་འབྲེལ་བའི་ཐོག་ནས་ཕྱིར་འཕུད་བཏང་བ་ཡིན་ན།
མགོ་སྒུར་ནས་འགྲོ་ས་ཞིག་དང་ཁ་བགད་ནས་འཁྱིལ་ས་ཞིག་མེད་ཐོག སྙིང་རྗེ་ཡི་རིལ་བུ་སྟེར་མཁན་ཞིག་དང་བྱམས་སེམས་ཀྱི་གཤོག་པ་བརྐྱངས་མཁན་གཅིག་ཀྱང་རུ་སུལ་འདིའི་གཡས་གཡོན་ན་བྲལ་བས། དེ་སྔོན་ཚགས་ཤོག་སྟེང་ན་རྡ་ལམ་ས་ལའི་རྐུན་མ་མང་ཤོས་ཤིག་བོད་ནས་གསར་དུ་ཡོང་མཁན་དང་།སློབ་གྲྭ་ཁག་ནས་ཁོངས་མ་འཁྱོལ་བར་ཡོང་བའི་སློབ་མ་དག་ལ་ངོས་འཛིན་པའི་སྐོར་ལའང་སློབ་གྲྭའི་ལས་བྱེད་དག་གིས་ཞིབ་འདང་ཞིག་ཏན་ཏན་གཏོང་རྒྱུ་འདུག་བསམ་སོང་། ད་དུང་དེ་མིན་གྱི་སྐད་ཆ་ཡག་རྩོག་འདྲ་མིན་མང་པོ་ཞིག་གོ་རྒྱུ་འདུག་མོད། དུས་ཚོད་ཀྱི་དབང་གིས་དེ་རིང་འདི་ནས་མཚམས་བཞག་པ་ཡིན།
ངས་དེ་རིང་འདི་ལྟར་དྲ་གྲོགས་ཚོར་སྐད་ཆ་འདི་བཤད་དུས་མི་སྐོར་ཞིག་གིས་འདུ་ཁང་ནང་ན་སྐལ་མེད་མཁན་ཞིག་གིས་གསེར་ཏོག་གི་རྒྱུ་མཚན་མ་བཤད་ཟེར་སྲིད་མོད། ངས་དེ་དག་ལ་ང་རང་ཉིད་ཀྱིིས་ད་བར་དུ་སློབ་གྲྭ་དེ་ནས་སློབ་མ་༤༠༠—༥༠༠་ཙམ་དང་མཉམ་དུ་ལོ་ངོ་གཉིས་ལྷག་ལ་བསྡད་པའི་རིང་གི་བརྩེ་ཞེན་དེའི་དབང་གིས་སྒྲིག་ཁྲིམས་དེའི་སྐོར་དྲ་གྲོགས་ཚོར་བསམ་ཚུལ་གྱི་ཚུལ་དུ་ཕུལ་བ་ལགས་ན་རྣ་གཟེར་མཁན་དང་མིག་ཚ་མཁན་ཚང་མ་ལ་དགོངས་པ་མ་ཚོམས་ཞུ་བ་ཡིན།
ཕལ་ཆེར་སློབ་མ་ཚོས་ལག་ཁྱེར་ཁ་པར་བེད་སྤྱོད་ལོག་པར་སྤྱད་དྲགས་པའི་རྒྱུ་མཚན་དེ་འདྲས་རྐྱེན་བྱས་ཏེ་སློབ་གྲྭའི་སྒྲིག་གཞི་སྔར་ལས་དམ་དྲགས་པ་མིན་ནམ་སྙམ། སྤྱིར་བཏང་སློབ་གྲྭར་བཞུགས་ཡུན་ལ་ལག་ཁྱེར་ཁ་པར་རིགས་བེད་སྤྱོད་མ་བཏང་ན་རྣམ་གཡེང་གི་རྒྱུ་རྐྱེན་ཆུང་ཞིང་སློབ་སྦྱོང་གི་དུས་ཡུན་ལ་དམ་འཛིན་གྱིས་རིན་ཐང་ལོན་ཐུབ་པ་ཞིག་ཡོང་རྒྱུ་རེད། དེང་སང་སློབ་གྲྭ་ཁག་ལ་ཁ་པར་དམ་དྲག་གི་ལས་རིམ་དེ་འདྲ་རྒྱལ་ཁབ་ཕྱི་ནང་གང་སར་གོ་རྒྱུ་འདུག
ང་སྔོན་མ་སློབ་གྲྭ་དེ་རུ་ཡོད་དུས་ནས། ལག་ཁྱེར་ཁ་པར་བཟུང་ཆོག་གི་མ་རེད། གལ་ཏེ་སློབ་མ་ཞིག་གིས་ལག་ཁྱེར་ཁ་པར་བེད་སྤྱོད་གཏོང་གི་ཡོད་པ་མཐོང་ན། ལག་ཁྱེར་ཁ་པར་སློབ་གྲྭས་གཉེར་བསྡུས་བྱས་ནས་སློབ་མ་དེ་རྩ་དགོངས་འགྲོ་ཁར་ཕྱིར་སྤྲོད་ཀི་རེད།
ཨ་ཁ་ཁ།
ད་རྒྱ་གར་གྱིས་རྒྱུ་སྟོད་དགོན་པ་གཞུང་བཞེས་བྱས་ཏེ་གྲྭ་རྒན་བླ་རྒན་སློབ་ཕྲུག་རྣམས་ཕྱིར་འབུད་བཏང་སོང།
ཡང་སློབ་གྲྭའི་དབུ་ཁྲིད་དེ་ཚོས་སློབ་མ་ཕྱིར་འབུད་གཏོང་གི་ཡིན་ཟེར།
ཐབས་ལམ་དེ་འདྲ་ལས་མེད་པ་ནི་སེམས་ཁུང་དོག་དྲགས་པས་རེད།
ཕྱིར་འབུད་གཏོང་བ་ལས་ལག་ཁྱེར་བླང་ན་གང་འདྲ་འདུག
ཕྱིར་འབུད་གཏོང་བ་ལས་ཉེས་ཆད་གཞན་པ་གཏོང་རྒྱུ་ཟད་པ་ཡིན་ནམ།
ཡང་ན་ཁོང་ཚོ་ཚང་མ་བཙོན་ཁང་ནང་དུ་བཅུག་ན་ལེགས།
དེ་མིན་ཁོང་ཚོ་བོད་ལ་ལོག་ས་ནི་མེད།
རྒྱ་གར་དུ་སྡོད་པར་གནས་མལ་ནི་མེད།
ཕྱི་རྒྱལ་དུ་འགྲོ་རྒྱུར་དངུལ་འབུམ་བཅོ་ལྔ་ནི་མེད།
ལས་ཀ་ལས་རྒྱུ་ནི་ལས་ཀ་སྤྲོད་མཁན་ནི་མེད་ལག་ཁྱེར་ནི་ངོས་བཞེས་མི་བྱེད།
ཡང་ན་བུ་ཐམས་ཅད་གྲྭ་བ་དང་བུ་མོ་ཐམས་ཅད་ཨ་ནེ་བྱེད་ན་གང་འདྲ་འདུག
དེ་མིན་མི་སྐྱ་ཕོ་མོ་ཆུང་འདྲིས་བྱེད་དགོས་པ་མ་རེད་པས།
ཆུང་ནས་མ་འདྲིས་ན་ཆུང་འདྲིས་བྱམས་པ་གང་འདྲ་བྱེད་དེ་ཡོང་གི་རེད།
ཡང་ན་རྗེས་མར་་་་་ལོ་ལོན་བྱམས་པ་་་་་་རྒན་འདྲིས་བྱམས་པ་ཞེས་གླུ་གཞས་དེ་ཚོར་བཅོས་དགོས་པ་འདུག
འདི་ལ་རྩེའི་སྙིང་གི་ཚིལལུའི་རྩོམས་ནང་དུ་ཆུད་ས་མ་རེད།
ལག་འཁྱེར་ཁ་དཔར་་མ་ཟད། སློབ་ཕྲུག་རེ་རེའི་ལག་ལ་ལེབ་ཊོབ་ཀློག་ཀླད་རེ་རེའིར་ལག་པར་འཁྱེར་ནས་སློབ་གྲྭར་ཡོང་ན་ཡང་ཡོང་བཅུག་དགོས་རེད། ཕྱི་དངོས་པོའི་་ཡར་རྒྱས་དེ་ནང་སེམས་པའི་རྗེས་ལུས་བརྩིས་པ་ནི། ནོར་བ་དང་། རྗེས་ལུས་གཉིས་ཀ་རེད།
ངས་གོ་ཚོད་ལ་ཤེས་རབ་དགའ་ཚལ་སློབ་གླིང་ནས་སང་ཉིན་འགྲོ་མཁན་གྱི་སློབ་མའི་ཁ་པར་སྒོར་ཁྲི་གནས་པ་དེ་འཕྲོག་ནས་མར་སྤྲད་མེད་པ་དང་། རྟག་ཏུ་སློབ་གྲྭའི་ནང་སློབ་མར་མཐོང་ཆུང་གིས་དབྱིན་སྐད་ཀྱིས་གཤེ་བ་སོགས་བྱེད་ཀྱི་ཡོད་པ་འདུག
སློབ་མའི་གཞི་རྩའི་ཐོབ་ཐང་ལ་མཐོང་ཆུང་དང་རྡོག་བརྫི་བཏང་བ་ཡིན་ན་ཁུངས་སྐྱེལ་བྱས་ན་ཚག་པར་བརྒྱུད་ངོ་རྒོལ་བྱས་ཏེ་དགེ་རྒན་ང་རྒྱལ་ཅན་ཚོར་ཆད་པ་ངེས་ཅན་ཞིག་གཅོད་དགོས། སློབ་གྲྭའི་སྒྲིག་ལམ་དང་འགལ་བ་ཡིན་ན་དེ་ལ་རྩོད་པ་བྱ་ས་མེད། སློབ་གྲྭ་དང་དམག་མི་ཁྲིམས་འོག་ནས་འཚོ་དགོས་པས་ཉེ་རིང་གིས་ཕྱོགས་ལང་བྱེད་མཁན་ཡོད་ཚེ་དེ་སྤྱི་སེམས་བོར་ཞིང་ངོ་ཚ་མེད་པ། མཁས་པ་ཀུན་གྱིས་ཁྲེལ་བའི་ལས་སུ་ངེས་སོ། །
རྐམ་པ་རྒྱ་ནག་གི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཡིན་པ་ར་སྤྲོད་བྱུང
http://ibnlive.in.com/news/karmapa-is-not-a-china-spy-centre/143508-3.html
ཁ་ཕྱི་ལྟས་དང་གྲོད་པ་ནང་ལྟས་ཟེར་བ་རང་རེད། སློབ་གྲྭའམ་ཚོགས་སྐྱིད་གང་ཞིག་ཡིན་རུང་འཛིན་སྐྱོང་བྱེད་པར་ཁྲིམས་དང་སྒྲིག་གཞི་དགོས་པ་རེད། ཤེས་རབ་དགའ་ཚལ་སློབ་གླིང་ལ་ཁ་པར་ཉར་མི་ཆོག་པ་དེའང་སྒྲིག་འཛུགས་རེད། ཡར་ཐོན་ཕྱིན་པའི་རྒྱལ་ཁབ་ནང་དུའང་སློབ་གྲྭ་ལེགས་གྲས་ལ་སྒྲིག་འཛུགས་འདི་འདྲ་ཡོད་པ་རེད། དེ་འཛིན་སྐྱོང་ཚགས་ཚུད་ཡོང་བའི་ཆ་རྐྱེན་ཞིག་རེད།
རང་སྣང་གང་དྲན་དང་ཇ་ཁང་ཆང་ཁང་ལྟར་དུ་སླེབས་པ་ལྟར་རང་སྣང་བ་གང་ཤར་གྱིས་གློད་གཞག་ན་ཡང་སློབ་ཕྲུག་ལ་བལྟ་མཁན་མི་འདུག སྒྲིག་འཛུག་མི་འདུག་་་་་ཅེས་སྐད་ངན་རྒྱག་གི་མ་རེད་དམ།
སློབ་གྲྭ་ནི་ཁྲོམ་ལམ་དང་མི་འདྲ། ཕྱི་དངོས་པོར་འགྲན་རྩོད་དང་ང་རྒྱལ་སློང་བ་ནི་སློབ་སྦྱོང་གི་འགག་གནད་ཆེ་ཤོས་དེ་ཡིན་པས། གང་ལ་གང་ལྟོས་བྱེད་པ་ནི་འཛིན་སྐྱོང་ལག་ལེན་གྱི་ཐབས་ལམ་ཞིག་རེད།
སློབ་ཕྲུག་ལོ་ངོ་བཅོ་བརྒྱད་མ་ཟིན་པར་ཆང་རག་འཐུང་རྒྱུ་ཕར་བཞག་དང་། གཞན་གྱི་ཆེད་དུ་ཉོ་མི་ཆོག་པ་དང་། གློག་བརྙན་འཁྲིད་སྤྲོད་རིགས་བལྟ་མི་ཆོག་པ་གཉིས་ལས། གཞན་སྒྲིག་ལམ་ག་ཚོད་བཟོ་དགོས་དོན་ནི། སྒྲིག་ལམ་བཟོ་མཁན་དང་། སྒྲིག་འཁུར་མཁན་གཉིས་ཀ་འཛམ་གླིང་སྤྱི་ཡི་སྡིང་ཆ་ལས་རྗེས་ལུས་ཙམ་ཡིན་པར་འདོད་དགོས།
བོད་པའི་སློབ་ཕྲུག་ཚོ་ཕྱི་གླིང་བའི་སློབ་ཕྲུག་ནང་བཞིན་མ་རེད། མཐུན་རྐྱེན་ཡོད་ན་བེད་སྤྱོད་ལོག་པར་མ་གཏོགས་གཏོང་ཤེས་ཀྱི་མིན་འདུག། འགྲིག་གི དགེ་རྒན་ལས་བྱེད་ངོས་ནས་སྒྲིག་ལམ་སོགས་གང་སྤྱིའི་ཐད་ལ་ཏོག་ཙམ་ནན་ཙམ་བྱེད་རྒྱུ་ཧ་ཅང་གི་གནད་འགག་རེད་འདུག མ་གཞི་ནས་སོ་སོ་འགྲོ་ས་མེད་པ་ཤེས་ཀྱི་ཡོད་ན་རང་ཚོད་རང་གི་ཟིན་ན་ཡག་ཤོས་རེད། ལག་ཐོག་ཁ་པར་ལ་དང་དོད་བྱེད་པ་ལས་དཔེ་ཆ་ཁག་ལ་དོ་སྣང་མང་ཙམ་བྱོས་ཨ་རོགས། ཨ་མའི་བུ་ལ་ཡོན་ཏན་ཡོད་ན་ལག་ཐོག་ཁ་པར་ག་དུས་འཁྱེར་འཁྱེར་རེད།
དགོན་པ་གྲྭ་ཚང་ཡིན་ན། ཡུལ་ཁྲིམས་སྟེང་ལ། དགོན་ཁྲིམས་ཀྱང་འཁྱེར་དགོས་པ་རེད་མ་གཏོགས། སྐྱ་སེར་གཉིེས་ལ་མཐོ་དམན་དབྱེ་བ་མེད་པ་ཆགས་སྲིད་པས། དེ་བས་ཀྱང་གཟབ་དགོས་ལགས།
དེང་སང་རླུང་རྟ་མར་ལ་ཕྱོགས་པའི་དུས་ཚོད་ཡིན་ཙང་། ཚང་མས་གཟབ་གཟབ་གནང་དགོས་པ་ལགས།
དྲ་གྲོགས་ཚོའི་ཁ་ནས་གཏམ་བཟང་ཞིག་གོ་བའི་ཉིན་མ་ཞིག་ཤར་བའི་རེ་བ་ཡོད།