དོལ་སྨྱོན།
ཡ་གི་ལྷ་ཡི་ཡུལ་ལ། །ལྷ་མོ་བལྟ་རུ་ཕྱིན་པས། །
ལྷ་མོའི་རྐང་རྗེས་མ་གཏོགས། །ཞལ་རས་མཐོང་སྐལ་མ་བྱུང་། །
ལྷ་དེ་དབང་པོ་བརྒྱ་བྱིན། །ལྷ་མོ་འབུམ་གྱིས་བསྐོར་འདུག །
གཅིག་གི་གསོལ་རས་ཞུས་པས། །ཁྲོས་པའི་སྡང་མིག་བགྲད་བྱུང་། །
འཁྲུས་ཀྱི་རྫིང་བུའི་ནང་དུ། །གཅེར་ཉལ་བྱེད་པའི་ལྷ་མོ། །
དེ་དག་མཐོང་བའི་མོད་ལ། །བདག་གི་སྲོག་རྩ་འགག་འགྲོ། །
ལྷ་བུ་མདོག་ངན་རེ་ལ། །ལྷ་མོ་སྟོང་གིས་བསྐོར་འདུག །
མི་བུ་གསར་རྫིག་ང་ལ། །གཅིག་གི་སྐལ་བ་མ་བྱུང་། །
རེ་བ་རུམ་གང་ཁྱེར་ནས། །ལྷ་ཡི་ཡུལ་ལ་ཕྱིན་མོད། །
ཡིད་ཆད་སྟོང་གིས་མནར་གྱིན། །མི་ཡི་ཡུལ་ལ་ལོག་ཡོད། །
མ་གི་ཀླུ་ཡི་ཡུལ་ལ། །ཀླུ་མོ་བལྟ་རུ་ཕྱིན་པས། །
ཀླུ་མོའི་སེང་རས་མ་གཏོགས། །མྱོས་བུམ་མཐོང་སྐལ་མ་བྱུང་། །
ཀླུ་རྒྱལ་གཙུག་ན་རིན་ཆེན། །ཀླུ་མོ་སྟོང་གིས་བསྐོར་འདུག །
གཅིག་གི་སྐྱབས་འཇུག་ཞུས་པས། །ནད་ཀྱི་ཁ་རླངས་བཏང་བྱུང་། །
ཀླུ་ཡི་ཁང་བཟང་ནང་དུ། །ཀླུ་མོ་སྟོང་ཕྲག་ཁྲི་ཕྲག །
གཅེར་རྒྱུག་བྱེད་པ་མཐོང་དུས། །མཇེ་རྒན་གནམ་ལ་ལང་འགྲོ། །
ཀླུ་མོ་སྟོང་གི་མཚན་མ། །བེད་སྤྱོད་མེད་པར་རུལ་འདུག །
ཀླུ་རྒྱལ་སེར་སྣ་ཆེ་བས། །གཞན་ལ་སྤྱོད་སྐལ་མི་སྟེར། །
ཀླུ་མོ་ཨེ་རག་བསམས་ནས། །ཀླུ་ཡི་ཡུལ་ལ་ཕྱིན་མོད། །
ནད་ངན་རུམ་གང་ཁྱེར་ནས། །རང་གི་གནས་སུ་ལོག་ཡོད། །
ལྷ་མོ་སྟོང་གི་མྱོས་བུམ། །འཕུར་མཁན་མེད་པར་ལུས་འདུག །
ཀླུ་མོ་སྟོང་གི་མཚན་མར། །སྤྱོད་མཁན་མེད་པར་རུལ་འདུག །
འདང་དགོང་འབྲོག་མོ་ཞིག་ལ། །
རྒྱོ་དགོས་བསམ་ནས་སོང་ཡིན། །
སྒོ་ཁའི་ཁྱི་རྒན་བཙན་པོས། །
སྦྲ་ནང་འཛུལ་དུ་མ་བཅུགས། །
བར་གྱི་མི་ཡི་ཡུལ་ལ།།
མི་མོ་ལྟ་རུ་ཡིན་ཟེར།།
དོལ་སྨྱོན་སྨྱོན་པ་སྨྱོན་ནག །
མཇེ་ཆུང་སོར་བཞི་ཁྱེར་ནས།།
རེ་བ་སྤར་གང་ཁྱེར་ནས།།
རྒྱོ་འདོད་ལང་ལིང་ངང་ནས།།
དབུགས་རྒོད་སྟོད་དུ་འཚང་ནས།།
ངོ་གདོང་དམར་དམར་ཆགས་ནས།།
མཐེ་བོང་ཀེར་ཀེར་བགྲེང་ནས།།
ང་ཡི་མདུན་ལ་སླེབས་ནས།།
མཛེས་མ་དགོས་འདུན་བཏོན་ནས།།
པུས་མོ་ས་ལ་བཙུག་ནས།།
ཞུ་བ་ཨ་ཚུགས་བྱས་པས།
སྙིང་རྗེའི་བཟོད་ཐབས་བྲལ་བས།།
ལོ་ན་བཞི་བཅུ་ཟིན་པའི།།
དབྱིན་མོ་ནི་ཏམྦི་ཞིག །
ནུ་མ་ཀི་ལོ་རེ་རེས།།
བྲང་ཁོག་ཁྱབ་པར་གྱུར་དེ།།
ཁྱེར་ཅིག་བརྗོད་དེ་སྤྲད་པས།།
དགའ་བ་འབུམ་དང་བཅས་ཏེ།།
མཛུམ་གདངས་གཏིང་ནས་ཕྱུར་ཏེ།།
ཚག་ག་ཚིག་གར་བྱས་ཏེ།།
ཐལ་ཚུབ་ཕྱུར་རེ་ཕྱིན་སོང་།།
ནུབ་ཕྱོགས་ཨ་རིའི་ཡུལ་ལ།
དྲྭ་གྲོགས་དོལ་གྱི་སྨྱོན་པ།
དབྱིན་མོ་བལྟ་རུ་སླེབས་བྱུང་།
ང་ལ་དབྱིན་མོ་ངོ་ཤེས།
ལོ་ན་བཞི་བཅུ་བརྒལ་ཟིན།
འཕྲད་པས་སྦྱོར་འདོད་སྔོན་དུ།
མོ་ཡི་མཚན་མ་ལྡག་དགོས།
ལབ་པས་དོལ་སྨྱོན་ཧང་སང་།
ཧོན་འཐོར་བྱས་ནས་བྲོས་འདུག
ལྷ་བུ་མདོག་ངན་ཅན་པོ་།
གཞུགས་གནས་དག་ཞིང་ལྷ་ཡུལ་།
ལྷ་མོ་ཡོངས་ལ་དགོས་བའི་།
འདོད་དགུའི་ངོས་གྲུབ་རྩོལ་ཡོང་།
ཀླུ་རྒྱལ་གཙུག་ན་རིན་ཆེན།
ཕོ་བྲང་རྒྱ་མཚོ་ཆེན་མོ་།
ཀླུ་མོ་ཀུན་པོ་དགའ་སའི་།
རིན་ཆེན་གཏེར་གྱིས་ཕྱུག་རབ་།
བར་གྱི་མི་ཡི་ཡུལ་ལ།།
བུ་མོ་བལྟ་རུ་ཕྱིན་པས།།
སེམས་ལ་འབབ་པའི་བུ་མོ།།
མ་ཕྲད་ཡུན་རིང་འགོར་ཐལ།།
ལྷ་ལ་སྐྱབས་འཇུག་ཞུས་ཡོད།།
མི་ལ་རེ་བ་བཅོལ་ཡོད།།
ཉིན་ཞག་མཛུབ་མོས་བརྩི་བཞིན།།
ངང་སྒུག་བྱེད་ཀྱིན་ཡོད་དོ།།
སྒུག་གིན་སྒུག་གིན་ངང་ལ།།
ཐོད་པར་ན་རོ་འབྲི་འོང་།།
སྒུག་གིན་སྒུག་གིན་ངང་ལ།།
མགོ་ལ་ཁ་བ་བབ་འོང་།།
དེ་འདྲ་དེ་འདྲའི་ངང་ལ།
ཨ་ཁུས་མགྲོན་ཤོག་སླེབས་འོང་།།
ཡག་གི་ཡ།་ངོ་མ་ཡག་གི
ཐོད་པར་ན་རོ་ཤར་རུང་མི་སྐྱོན།།
མགོ་ལ་ཁ་བབ་རུང་མི་སྐྱོན།།
ཨ་ཁུའི་མགྲོན་ཤོག་སླེབས་ནའང་མི་སྐྱོན།།
ཚེ་འདིར་འཛོམས་པའི་སྐལ་བ་མེད་ན།།
སྐྱེ་བ་ཕྱི་མར་འཛོམས་པ་ཐག་ཆོད།།
ཁ་བ་་་་་ཞེས་བཅོས་རོགས།