དབུས་བོད་ཀྱི་བུད་མེད་ལྷན་ཚོཊ་ཀྱི་གོ་སྒྲིག་འོག བོད་ཀྱི་བུད་མེད་ལྷན་ཚོཊ་བསྐྱར་འཛུཊ་བྱས་ཏེ་ཁྱོན་མི་ལོ་ ༢༨ འཁོར་བའི་དུས་དྲན་དང་བསྟུན་ཏེ། ཁ་སང་ཕྱི་ཚེས་ ༡༠ ཉིན་གྱི་དགོང་དྲོའོ་ཆུ་ཚོད་ ༥།༣༠ སྟེང་བཞུཊ་སྒར་ངྷ་ས་ཉིན་སློབ་ཚོཊ་ཁང་དུ། ༼དབུ་མའི་ལམ་གྱི་འདས་མ་ད་གསུམ། ༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོཊ་འདུ་ཞིག་ཚོཊ་ཡོད་ཅིང་། བགྲོ་གླེང་ཐོག་བཀའ་ཟུར་དང་སྤྱི་འཐུས་ཐུབ་བསྟན་ལུང་རིཊ་ལཊ་ཀྱིས་དབུ་མའི་ལམ་གྱི་གྲུབ་འབྲས་དང་། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལཊ་ཀྱིས་དབུ་མའི་ལམ་གྱི་མདུན་ལམ། སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལཊ་ཀྱིས་དབུ་མའི་ལམ་གྱི་འཕེལ་རིམ་བཅས་ཀྱི་ཐོག་གཏམ་བཤད་གནང་ཡོད། རྒྱས་པ་བོད་ཀྱི་དུས་བབ་དྲ་བ་བརྒྱུད་ནས་གཟིགས་རོགས་གནང། http://www.tibettimes.net/news.php?showfooter=1&id=6589
དབུ་མའི་ལམ་གྱི་ཚོགས་འདུ་ཞིག་ཡོད་ཚེ་དེར་༧གོང་ས་༧མཆོག་གི་བཀའ་དགོངས་ཡིན་ཟེར་ནས་ལུང་འདྲེན་བྱེད་རྒྱུ་དང་། ཚོགས་པ་གཞན་དང་གང་ཟག་སྒེར་ལ་སྐྱོན་བརྗོད་རྐྱང་བྱས་ན་ཚོགས་པའི་ངོ་བོར་ངོས་ལེན་རྩ་བ་ནས་མེད། ལྷག་པར་༧གོང་ས་༧མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱི་ལྟ་གྲུབ་དབུ་མ་ཡིན་རབ་གལ་ཏེ་དེ་ལ་སྐྱོན་བརྗོད་བྱས་ན་༧གོང་ས་༧མཆོག་ལ་སྐྱོན་བརྗོད་རེད་ཟེར་བ་སོགས་ནི་མང་གཙོའི་བཀག་རྡོ་རང་རེད་འདུག
༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་ལ་དགག་པ་རྒྱབ་པས་༸སྐྱབས་མགོན་རིན་པོ་ཆེ་ལ་དགག་པ་རྒྱབ་པར་མི་བརྩི་བ་དེ་ཡ་མཚན་རེད། ལམ་དབུ་མ་ནི་ཁོང་གི་དགོངས་པ་ཡིན་པ་གསལ་བོ་རེད། ཁ་ཤས་ཀྱིས་ལམ་དབུ་མར་སྐྱོན་བརྗོད་བྱེད་པ་ཙམ་ལས་དེ་མིན་གྱི་ཐབས་ཤེས་ཀྱི་ཕྱོགས་ལ་འབད་བརྩོན་མི་བྱེད་པ་དེ་ཆེས་སྡུག་ཤོས་རེད། དེ་ནི་ནང་ཁུལ་དཀྲུགས་ཤིང་གི་གཏེ་བོ་རེད། ༸གོང་ས་མཆོག་གི་ཁ་གཏད་དུ་ལོང་དང་ཉེ་ཆར་ལ་དྭགས་ནས་བསྩལ་བའི་བཀའ་སློབ་དེ་གསན་སོང་ངམ། ཁོང་གི་དགོངས་པ་ལ་ངོ་རྒོལ་བྱས་པ་དེས་ཁོང་ལ་ངོ་རྒོལ་བྱས་པ་གསལ་བོ་རེད།