འོས་སྦྱོར་བ། ཕུན་ཚོགས་དངོས་གྲུབ།
དེ་ཡང་བསྟན་པ་འདི་ལ་སྟོན་པ་གཉིས་པའི་མཛད་པ་བདག་གིར་བཞེས་པ། མང་བཀུར་གྱི་སློབ་དཔོན་ཆེན་པོ། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་བྱང་ཆུབ་ལམ་གྱི་རིམ་པ་འཁྲིད་ཆེན་བཅོ་བརྒྱད་ལས་ལམ་རིམ་ཆེ་འབྲིང་ཆུང་གསུམ་སོགས་ན་ནིང་བཀའ་ཁྲིད་སྩལ་གྲུབ་པ་རྣམས་ཕུད་ལྷག་འཕྲོས་རྣམས་ཉིན་ཤས་རྗེས་སུ་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་དུ་གནང་རྒྱུ་ཐུགས་གཏན་འཁེལ་ཡོད་པ་ལྟར། སྟོང་སྐོར་བློ་བཟང་དབང་ལྡན་ལགས་ཀྱིས་སྐུ་ངལ་འཛེམས་མེད་ཀྱི་སྒོ་ནས་ལམ་རིམ་ཁྲིད་ཡིག་ཆ་ཚང་འཕྲུལ་དེབ་ཏུ་བསྒྲིགས་ནས་རིན་མེད་ཐོག་ཕབ་ལེན་བྱེད་ཆོག་པ་བཟོས་འདུག་ལ། འཕྲུལ་དེབ་རྣམས་ཀྱང་ཧ་ཅང་སྤུས་ལེགས་འདུག
ཕབ་ལེན་བྱེད་ས་སྟོང་སྐོར་ནང་གཏེར་དཔེ་མཛོད་དྲ་ཚིགས་ཀྱི་ཁ་བྱང་ནི་ www.tongkhor.tk རེད་འདུག
ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ནི། ༡༽ བྱང་ཆུབ་ལམ་རིམ་ཆེན་མོ། ༢༽ ལམ་རིམ་འབྲིང་པོ། ༣༽ལམ་རིམ་ཉམས་འགུར། ༤༽ལམ་རིམ་གསེར་ཞུན་མ། ༥༽ལམ་རིམ་བདེ་ལམ། ༦༽ལམ་རིམ་འཇམ་དཔལ་ཞལ་ལུང།་༧༽ལམ་རིམ་མྱུར་ལམ། ༨༽ལམ་རིམ་ལེགས་གསུང་ཉིང་ཁུ། ༼འདི་ཡན་ལམ་རིམ་འཁྲིད་ཆེན་བརྒྱད་དུ་གྲགས་པ་རྣམས་ཡིན།༽ ༩༽བྱང་ཆུབ་ལམ་གྱི་སྒྲོན་མ། ༡༠༽ལམ་གཙོ་རྣམ་གསུམ། ༡༡༽ཡོན་ཏན་གཞིར་གྱུར་མ། ༡༢༽རྟོགས་བརྗོད་མདུན་ལེགས་མ། ༡༣༽ལྷོ་བརྒྱུད་ལམ་རིམ། ༡༤༽ལམ་རིམ་བདུད་རྩི་སྙིང་པོ། ༡༥༽ཞྭ་དམར་ལམ་རིམ། ༡༦༽ལྷག་མཐོང་དཀའ་འགྲེལ། ༡༧༽་རྣམ་གྲོལ་ལག་བཅངས། ༡༨༽ལམ་རིམ་འབྲིང་པོའི་ས་བཅད་བཅས་ཡིན།
དོན་གཉེར་ཅན་རྣམས་ཀྱི་ཤེས་རྟོགས་ཆེད་དུ་མཚམས་སྦྱོར་ཞུས།།
ཕུན་ཚོགས་དངོས་གྲུབ་མཆོག་གིས་དེ་ལྟར་ངོ་སྤྲོད་མཛད་པར་བཀའ་དྲིན་ཆེ། དི་རིང་བདག་གིས་མང་ཆེ་བ་གནས་བརྟན་སྡེ་པའི་དགེ་སློང་རྣམས་གཙོས་པའི། AM འཛིན་གྲྭར་བྱང་ཆུབ་ལམ་རིམ་ཆེན་མོ་ན། སྐྱེས་བུ་ཆུང་ངུ་དང་ཐུན་མོང་གི་ཆོས་བསྐོར་གྱི་ངོ་སྤྲོད་ཞུ་རྩིས་ལགས་སོ།
ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་འདི་སུས་ཕྱོགས་བསྒྲིགས་བྱས་པ་རེད། རྣམ་གྲོལ་ལག་བཅང་ཁྲི་བྱང་གིས་བརྩམས་པ་རེད་པ།
དྲ་གྲོགས་ཕུན་ཚོགས་དངོས་གྲུབ་ལགས་ཀྱིས་འོས་སྦྱོར་གནང་བ་དང་། རྒན་བློ་བཟང་འཇམ་དཔལ་ལགས་དང་ཀླུ་སྨྱོན་གཉིས་ཀྱིས་གསུང་འཕྲིན་གནང་བ་བཅས་ལ་བཀའ་དྲིན་ཆེ་ཞུ། ལམ་རིམ་རྣམ་གྲོལ་ལག་བཅངས་དགའ་ལྡན་ནས་པར་སྐྲུན་ཞུས་པའི་ནང་མཛད་པ་པོ་ཁྲི་བྱང་རིན་པོ་ཆེ་འཁོད་འདུག་ལ། སེར་སྨད་དཔེ་མཛོད་ཁང་ནས་པར་སྐྲུན་ཞུས་པའི་ནང་མཛད་པ་པོ་ཕ་བོང་ཁ་འཁོད་འདུག་སྟབས། བདག་གིས་འཕྲུལ་དེབ་བསྒྲིགས་སྐབས་མདུན་ཤོག་ལ་སྐྱབས་རྗེ་ཕ་བོང་ཁའི་གསུང་ཞེས་བཀོད་ཡོད་ཀྱང་། དངོས་གཞིའི་མཚན་བྱང་གི་གཤམ་དུ། མཛད་པ་པོ། ཁྲི་བྱང་རིན་པོ་ཆེ། ཞེས་གསུང་བ་པོ་དང་མཛད་པ་པོ་གཉིས་ལོགས་སུ་བཀོད་ཡོད་པས་འགལ་བ་ཆེར་མ་མཐོང་ལགས།
ཀླུ་སྨྱོན་ལགས། འཕྲུལ་དེབ་སྒྲིག་མཁན་སྟོང་སྐོར་བློ་བཟང་དབང་ལྡན་རེད་ཅེས་ཁ་གསལ་བྲིས་ཡོད་ལ། རྣམ་གྲོལ་ལག་བཅངས་རྗེ་ཕ་བོང་ཁའི་གསུང་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་ཟིན་བྲིས་སུ་བཏབ་པ་རེད།
འཔྲུལ་དེབ་ཏུ་སྤེལ་བར་ཐུགས་རྗེ་ཆེ་ཞུ། ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཅེས་པའི་མིང་ཚིག་འདི་གསར་ཏུ་བྱུང་པ་ཞིག་རེད། དེའི་ནང་གི་༡༽ལྷོ་བརྒྱུད་ལམ་རིམ། ༢༽ཞྭ་དམར་ལམ་རིམ། ༣༽ལྷག་མཐོང་དཀའ་འགྲེལ། ༤༽་རྣམ་གྲོལ་ལག་བཅངས། ༥༽ལམ་རིམ་འབྲིང་པོའི་ས་བཅད་སོགས་ལམ་རིམ་ཁྲིད་ཆེན་གྲས་སུ་མཇལ་བ་ད་རེས་ཙམ་མོ། མ་གུས་པ་མིན་ཀྱང་ལམ་རིམ་དང་འབྲེལ་ཡོད་རྣམས་བགྲངས་དགོས་ན་ཤིན་ཏུ་མང་བས་སོ། །
དཔེར་ན། སྤྱན་སྔ་བློ་གྲོས་རྒྱལ་མཚན་ཀྱི་ལམ་རིམ་གཞན་ཕན་སྙིང་པོ་སོགས་ཚན་པ་དྲུག པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ལམ་རིམ་མྱུར་ལམ། ལམ་གཙོའི་བཤད་པ་གསུང་རབ་གནད་བསྡུས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་བདེ་ལམ་མྱོང་ཁྲིད། ཀུན་མཁྱེན་འཇམ་དབྱངས་བཞད་པའི་འཇམ་དཔལ་ཞལ་ལུང་གི་ཉམས་ལེན་ཁྱེར་བདེ་དང་དྲིས་ལན། གུང་ཐང་བསྟན་པའི་་སྒྲོན་མེའི་བདེ་ལམ་ཟིན་བྲིས། པཎ་ཆེན་ཆོས་ཀྱི་ཉི་མའི་ལམ་རིམ་རྒྱུན་ཁྱེར་རམ་ཤར་སྒོམ། རྟ་ཕུག་བློ་བཟང་དམ་ཆོས་ཀྱི་དབེན་ས་སྙན་བརྒྱུད། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་ལམ་རིམ་ཡང་གསལ་སྒྲོན་མེ་དང་། འཇམ་དཔལ་ཞལ་ལུང་གི་དམིགས་ཁྲིད་སྐལ་ལྡན་འཇུག་ངོགས། འཇམ་བཞད་འཇིགས་མེད་དབང་པོའི་ལམ་རིམ་སྦྱོར་ཆོས་དང་དམིགས་སྐོར། ཞང་སྟོན་བསྟན་པ་རྒྱ་མཚོའི་ལམ་རིམ་ལུང་སྟོང་ཕྱུག་རྫིའི་གླིང་བུ་དང་། གླང་སྨྱོན་འདུལ་བའི་ལྕགས་ཀྱུ་སོགས་བྱང་ཆུབ་ལམ་རིམ་ཉམས་ལེན་ལ་ཉེ་བར་མཁོ་བ་ཤིན་དུ་མང་པའི་ཡིག་སྣ་་ཇི་སྙེད་པ་སྟབས་གཅིག་ཏུ་བཀོད་རྒྱུ་བྱུང་ན་ཤིན་ཏུ་ལེགས་སྙམ། །།
ཐུགས་རྗེ་ཤིན་ཏུ་ཆེ། འདིས་ཕན་ཐོག་ཆེན་པོ་ཡོང་ས་རེད།
རྣམ་གྲོལ་ལག་བཅངས་རྗེ་ཕ་བོང་ཁའི་གསུང་ཡིན་པ་ལ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ནས་ཟིན་བྲིས་གནང་བ་རེད།
དེ་རིགས་ང་ཚོ་བོད་པའི་གསུང་འབུམ་ནང་མང་པོ་འདུག འོན་ཀྱང་རྗེ་ཁྲི་ཆེན་བསྟན་པ་རབ་རྒྱས་ཀྱི་གསུང་ནང་
རྒྱལ་དབང་འཕྲིན་ལས་རྣམ་རྒྱལ་ཀྱིས་ཟིན་བྲིས་གནང་བ་མང་པོ་ཡོད་པ་རྣམས་རྒྱལ་དབང་མཆོག་གི་གསུང་འབུམ་ནང་མེད་པའང་འདུག
ངོ་མ་ཟིན་བྲིས་དེ་དག་གང་གི་གསུང་འབུམ་ཁུངས་སུ་བཅུག་དགོས་སམ།
དྲི་མེད་ལྷག་བསམ་ལགས། དགོངས་ཚུལ་ཡག་པོ་འདུག འོན་ཀྱང་ཤེས་དགོས་པ་ཞིག་ལ།
འདིར་གང་གཏན་འབེབས་གནང་བ་རྣམས་ཡོངས་གྲགས་ངོས་ལེན་དགོས་པའི་བཀའ་
ཁྱབ་གང་ཡང་མེད་པ་རེད། ཁྱེད་ནས་ཀྱང་དེ་དོན་ཕྱོགས་སྒྲིགས་གནང་ན་ཡི་རང་འོས་པ་
ཡིན། དེ་ལ་དགག་བྱ་ཡོད་མ་རེད། བླ་མ་སོ་སོའི་ཐུགས་འདོད་ལས་དེ་དགོས་དང་མི་དགོས།
ཚང་མ་ཚང་ལྟ་བ་ནི་ཆོས་ཕྱོགས་ཀྱི་རྭ་བ་ལས་འགལ་བའི་སྲིད་ཕྱོགས་ཀྱི་ལམ་བུ་རེད་དོ།།
བློ་བཟང་ལེགས། ཐ་སྙད་སྦྱོར་ཚུལ་གྱི་དབང་དུ་བྱས་ན་ཁྲིད་ཆེན་བཅོ་བརྒྱད་ཅེས་གཏན་འབེབས་བྱས་པར་ལེགས་ཉེས་གང་ཆེ་དཔྱད་པར་བྱ་བ་མང་ཡང་། མདོར་ན་མཛད་པ་འདི་ལེགས་པའི་བྱ་བ་ཞིག་ཡིན་པས་རྗེས་སུ་ཡི་རང་ཞུ་བ་ལས་འོས་མེད་དོ། །བསྟན་འགྲོར་སྨན་པའི་མཛད་པ་གེགས་མེད་འགྲུབ་པའི་སྨོན་ལམ་དང་། ལག་གཉིས་ཐལ་མོ་སྦྱར་ཏེ་ཐུགས་རྗེ་ཆར་ཞུའོ།།
ཁྲིད་ཆེན་བཅོ་བརྒྱད་ནང་གི་རྣམ་གྲོལ་ལག་བཅངས་དེ་ཞུ་ཐུབ་ས་མ་རེད། འགྲེལ་བཤད་ངས་མ་བརྒྱབ་ཀྱང་ཁྱེད་རྣམ་པས་ལོས་ཤེས། རྣམ་གྲོལ་ལག་བཅངས་ཁྲིད་ཆེན་བཅོ་བརྒྱད་ནང་དུ་འཇོག་མཁན་དེ་སུ་རེད། ཁྲིད་ཆེན་དེ་འདྲ་བང་བསྒྲིགས་དུས་མི་གང་བྱུང་མང་བྱུང་གིས་གང་འདོད་བྱས་ན་དགེ་ལྡན་པའི་བསྟན་པ་ལ་ཕན་ལས་གནོད་ཚབས་ཆེ། འདི་འདྲའི་དུས་སུ་གདན་ས་ཆེན་པོ་དྲུག་གི་མཁན་ལས་ཟུར་གདན་འཛོམས་ནས་གྲོས་བསྡུར་གནང་དགོས་རྒྱུ་གལ་ཆེན་པོ་རེད།
ཀླུ་སྨྱོན་ལགས། ཁྱེད་ཀྱིས་དང་པོ་མཆན་བཀོད་དུས་ནས་ཀུན་སློང་ཤེས་སོང་། འོན་ཀྱང་ཁ་གསལ་མེད་
སྟབས་དེ་མུར་བཞག་པ་ཡིན། ཁྱེད་གསར་བཀོད་པ་ཟུར་པ་ཞིག་དང་། སེར་མོ་ཞིག་ཡིན་དུས་བློ་གཟུ་བོར་
གནས་པ་གཞིར་བཞག་ཡིན། ད་དུང་ཁྱེད་རང་ངོས་ནས་མཁས་པ་དང་སྙན་ངག་པ་ཡིན་པའི་འདུ་ཤེས་
རྒྱུན་པར་ཡོད་པས་བསམ་ཞིབ་གཏོང་གལ་ཆེ། རྣམ་གྲོལ་ལག་བཅངས་སུས་འབད་བཅོས་མིན་ཀྱང་ཁ་
གསལ་ཤེས་བཞིན་ཡོད། གང་ལྟར་༧རྒྱལ་དབང་མཆོག་ལ་སྐུར་འདེབས་མ་ཡིན་པའི་ཡིད་ཆེས་ཡོད།
རྗེ་བཙུན་མི་ལ་རས་པ་མཆོག་ཚེ་སྟོད་དུ་མི་སྲོག་བཅད་པ་རེད། རྒྱུ་མཚན་དེས་ཁོང་གི་གསུང་མགུར་
རྣམས་དོར་དགོས་པ་ཡིན་ནམ། འོ་མའི་རྒྱ་མཚོར་ཁྲག་ཐིག་མེད་ན་བཟང་། དགེ་འདུན་དབྱེན་གྱི་ཉེས་
པ་མེད་ན་བཟང་། དགེ་སྡིག་ཁས་ལེན་པར་སོང་། སོ་སོའི་ངན་འགྲོའི་སྐྱེ་སྒོ་བཀག་ཐུབ་ན་བཟང་། དགེ་
སྡིག་མེད་ན་ལུས་ཀྱི་ཆ་ལུགས་བརྗེ་ན་བཟང་། ཚེ་རིང་བསྐྱེད་མེད་ནའང་ཁ་ལ་དཔག་པའི་སོ་ཞིག་རག་
རེ་ཆེ།
ཀླུ་སྨྱོན་ལགས་མཉམ་པར་མ་བཞག་པའི་གཏམ་འདིའི་རིགས་ཁྱེད་རང་གི་མཚན་མཐོང་ལ་
གནོད་རྒྱུ་ལས་གཞན་མ་མཐོང་། གདན་ས་དྲུག་གི་མཁན་པོ་རྣམ་པ་ཚོགས་ནས་གྲོས་བསྡུར་
གནང་ངམ། གང་ཡིན་ཟེར་ན་དེ་ནས་༧གོང་ས་མཆོག་ལ་ངོ་རྒོལ་གནང་ཡས་རེད་པའ།
མ་གཞི་ཁྱེད་རང་ག་པར་སེམས་ཕྲལ་གནང་གིས་ཡོད། བོད་སྤྱི་དོན་རེད་དམ། དགེ་ལུགས་པ་
ལ་ཡིན། སེམས་ཕྲལ་གནང་རྒྱུ་རྫོགས་པ་འདྲ། ཨ་ཁ་ཁ།
ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཨེ་ཡིན་ནམ། སྔར་ནས་གྲགས་པའི་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་སྟེང་༧གོང་ས་མཆོག་གིས་ལམ་རིམ་གསུང་ཆོས་གནང་བའི་སྐབས་མང་པོར། ཞྭ་དམར་ལམ་རིམ་དང་རྣམ་གྲོལ་ལག་བཅངས་གཉིས་བསྣན་ན་ལེགས་པའི་བཀའ་སློབ་རྒྱུ་མཚན་བཅས་རིམ་པར་ཕེབས་པ་ལྟར་དེ་གཉིས་བསྣན་པས་ཁྲིད་ཆེན་བཅུ་དང་། དེའི་སྟེང་ལམ་རིམ་ཀུན་གྱི་མ་ཕྱི་བྱང་ཆུབ་ལམ་སྒྲོན་དང་། རྗེ་ཙོང་ཁ་པས་མཛད་པའི་ལམ་རིམ་གྱི་གནད་ཆ་ཚང་སྟོན་པའི་ཡོན་ཏན་གཞིར་གྱུར་དང་ལམ་གཙོ་རྣམ་གསུམ་གཉིས་ལམ་རིམ་ཆ་ཚང་བསྟན་པ་མ་ཟད་དགེ་ལྡན་པའི་དགོན་སྡེ་ཐམས་ཅད་ཀྱིས་རྒྱུན་འདོན་དུ་མཛད་ཅིང་བཙིགས་ཆེར་བྱས་པས་དེ་གཉིས་དང་། འཇམ་དཔལ་ཞལ་ལུང་གི་ཁྲིད་རྒྱུན་ལྷོ་བརྒྱུད། ལམ་རིམ་བདུད་རྩི་སྙིང་པོ་རྣམས་ལམ་གྱི་རིམ་པ་ཆ་ཚང་བ་མཐར་ཆགས་སུ་བསྟན་ཡོད་ལ། དེའི་ལྷག་འཕྲོས་རྟོགས་བརྗོད་མདུན་ལེགས་མ་ནི་དམ་པ་གོང་མའི་གསུང་སྲོལ་ལ་རྗེ་བདག་ཉིད་ཆེན་པོའི་ཐོས་བསམ་ཇི་ལྟར་མཛད་པའི་རྣམ་ཐར་གཙོ་བོར་གསུངས་པ་དང་། ལམ་རིམ་ཉམས་མགུར་ནི་རྗེའི་ཉམས་ལེན་ཇི་ལྟར་མཛད་པའི་རྣམ་ཐར་གཙོ་བོར་བསྟན་པས་ན། དེ་གཉིས་མཉམ་དུ་བསྡོམས་ན་རྗེའི་རྣམ་ཐར་སྙིང་པོ་ཆ་ཚང་བར་འགྱུར་བས་དེ་དང་། ཞྭ་དམར་པཎྜིཏའི་གསུང་ལྷག་མཐོང་དཀའ་འགྲེལ་ནི་ལམ་རིམ་ཆེན་མོའི་ལྷག་མཐོང་སྐོར་གྱི་དོན་བཤད་པས་ན་དེ་དང་། ལམ་རིམ་འབྲིང་པོའི་ས་བཅད་ཁ་སྐོང་ནི་ལམ་རིམ་འབྲིང་པོའི་བསྡུས་དོན་དུ་བྱས་ན་ཆོག་པ་མི་ཚད་ཤིན་ཏུ་ལེགས་པས་དེ་ཉིད་བཅས་ལམ་རིམ་གསུང་ཆོས་ཆེན་མོའི་སྐབས་༧གོང་ས་མཆོག་གིས་བཀའ་ཆོས་གནང་རྒྱུའི་ཆོས་ཚན་མི་འདྲ་བ་བཅོ་བརྒྱད་ཡོད་པས། ཆོས་ཚན་བཅོ་བརྒྱད་ཡིན་གྱི་ཁྲིད་ཆེན་བཅོ་བརྒྱད་ཅེས་པ་མི་འཐད་དོ།།
ཁུངས་ཕ་བོང་ཁ་བར་གཏུགས་ཡོད་པ་ཞིག་ཡིན་ན་རྣམ་གྲོལ་ལག་བཅངས་མ་དགོས་ཉིན་བདུན་སངས་རྒྱས་ཀྱི་གདམས་པ་ཞིག་ཡིན་ཡང་མི་དགོས་ཐག་ཆོད་ཡིན། ཁ་གསལ་བོ་ཡིན། ལྐོག་ཇུས་འཐེན་རྒྱུར་རྩ་བ་ཉིད་ནས་མི་དགའ། ང་ནི་ཕ་བོང་ཁའི་མིང་གོ་ན་ཡང་དགུང་མོར་རྨི་ལམ་འཁྲུག་མཁན་ཞིག་ཡིན། སྐད་ཆ་དྲང་བཤད་ཡིན། ཁྱོད་ཚོས་གང་འདོད་བྱེད་མིན་རང་རང་གི་བདམ་ཀ་རེད།
ཀླུ་སྨྱོན་དེ་འདྲ་ཨེ་ཡིན། ཁྱེད་ནས་ཕྱི་རྒྱལ་མགོ་སེར་ཚོར་བཤད་རྒྱུའི་དཔེ་དེབ་ནང་དེབ་དེ་
མེད་པ་ཡིད་ཆེས་ཆོག་གམ། ཁྱེད་རང་གི་ལྟ་ཚུལ་ནི། མི་གཅིག་ལག་པ་ཆག་ན་ཡན་ལག་
ཚང་མ་ཕན་མེད་དུ་འདོད་མཁན་དེ་ཡིན་འདྲ། རེད་པས།
ལམ་རིམ་ཆོས་ཚན་བཅོ་བརྒྱད་ཟེར་བ་དེར་མོས་མཐུན་ཡོད།
ལམ་རིམ་གྱི་བརྗོད་བྱ་ཆེན་པོ་གཉིས་ཏེ། མགོ་དགེ་བའི་བཤེས་གཉེན་བསྟེན་ཚུལ་དང་བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་གཉིས་ལ་བསམ་བློ་བཏང་ན། ངེད་ཨ་མདོ་རུ་བླ་མ་མཁས་པ་ག་འདྲ་ཞིག་ཡིན་ན་ཡང་དེའི་ལོ་རྒྱུས་ནང་བླ་མ་བསྟེན་ཚུལ་མ་འགྲིགས་པ་དང་བླ་མའི་གསུང་ལ་ངོ་ལོག་བརྒྱབ་པའི་རིགས་དེ་འདྲ་ཡོད་མཁན་ཞིག་ཡིན་ན་དེ་ལས་བརྒྱུད་པའི་ཆོས་ག་འདྲ་ཞིག་ཡིན་ཡང་ཞུ་རྒྱུར་ཧ་ཅང་འཚེར་སྣང་བྱེད་ཀིན་ཡོད། འདི་ལ་དམིགས་ནས་ང་རང་གིས་བླ་བརྒྱུད་ནང་དམ་སེལ་ཅན་གྱི་བླ་མ་གང་ཞིག་ཡོད་ཀྱང་དེ་ལས་བརྒྱུད་པ་ཞིག་ཡིན་ཚེ་ཟུར་འཇོག་ཅི་ཐུབ་བྱེད་ཀིན་ཡོད། གཅིག་བྱས་ན་ཨ་མདོ་བ་ཚོ་བློ་ཁོག་ཆུང་བའི་སྐྱོན་ཡིན་ཡང་སྲིད།
ཕ་བོང་ཁ་པ་འགྲོ་བ་སེམས་ཅན་ཐམས་ཅད་གྲལ་དུ་མ་ཚུད་པ་འདྲ། ཨ་ཁ་ཀླུ་སྨྱོན་ལགས།
ཕ་བོང་ཁ་བ་མཁས་པ་ཆེན་པོ་ཡིན་པ་ཁོའི་རྩོམ་བྲིས་ལ་བལྟས་ན་གསལ་བོ་རེད། སྙན་ངག་དག་ནི་ཚད་མཐོ་བོ་དེ་འདྲ་རེད་འདུག ཡིན་ཡང་། ཁོ་ནས་བརྒྱུད་པའི་ཆོས་ཞུ་དང་མི་ཞུ་ནི་ཁོ་མ་རྒན་སེམས་ཅན་ཞིག་ཡིན་མིན་དང་ཁོ་མཁས་པ་ཞིག་ཡིན་མིན་གྱིས་ཐག་གཅོད་རྒྱུ་ཞིག་མ་རེད། ཁོ་ཆོས་པ་ཚད་ལྡན་ཞིག་ཡིན་མིན། ཁོའི་བླ་མ་བསྟེན་ཚུལ་ལ་ནག་ནོག་ག་རེ་འདུག་མིན་གྱིས་ཐག་གཅོད་རྒྱུ་ཞིག་རེད། དེ་མི་འགྲིགས་ན་རྗེ་ཙོང་ཁ་པ་ནོར་འདུག ལམ་རིམ་ཆེ་འབྲིང་ཆུང་གསུམ་ནོར་འདུག ང་ནོར་མེད།
དེ་རིང་ཀླུ་སྨྱོན་དངོས་སུ་སྨྱོ་བ་འདྲ། ཟས་ཞིམ་པོ་ཟ་རྒྱུ་ཡོད་བཞིན་དུ་ཟས་དེ་ནག་ནོག་གི་སྐྱོན་ཡོད་སའི་མིས་བཟོས་པའི་རྒྱུ་མཚན་གྱིས་མི་ཟ་བ་ནི་རང་ཉིད་ཀྱི་སྡུག་གྱོང་རེད། ལེགས་བཤད་རྨད་དུ་བྱུང་བའི་གསུང་འདི་འདྲ་ཞིག་མཇལ་རྒྱུ་ཡོད་བཞིན་དུ་དེ་གསུང་བ་པོར་བླ་མ་བསྟེན་ཚུལ་ལ་ནག་ནོག་གི་སྐྱོན་ཡོད་པའི་རྒྱུ་མཚན་གྱིས་དོན་དུ་མི་གཉེར་བ་ནི་དཔེ་དེ་དང་མཚུངས་སོ།།
ཕྱོགས་གཞན་ནས་ཀླུ་སྨྱོན་གྱིས་རྗེ་ཕ་བོང་ཁའི་གསུང་མཇལ་བ་དང་ཕ་བོང་ཁ་བླ་མར་བསྟེན་པ་གཉིས་གཅིག་པར་མཐོང་གི་ཡོད་པ་འདྲ་འདུག
ཀླུ་སྨྱོན་ལགས་ཀྱིས་༸གོང་ས་མཆོག་གི་གསུང་རྣམས་ཉན་མ་མྱོང་བ་འདྲ། དེ་མ་གཏོགས་༸གོང་ས་མཆོག་ནས་སྐྱབས་རྗེ་ཕ་ཝོང་ཁ་བླ་མ་ཚད་ལྡན་རེད། བྱང་ཆུབ་ལམ་རིམ་གྱི་བསྟན་པའི་མངའ་བདག་རེད། མ་རྒྱུད་ཀྱི་བསྟན་པའི་སྲོག་ཤིང་རེད། རྙིང་མ་བཀའ་བརྒྱུད་རྣམས་ཀྱི་བདུད་འདྲ་བོ་མཐོང་བ་དེ་ནོར་བ་རེད། ཁོང་གི་མཛད་པའི་ཆ་ཤས་གཅིག་ནོར་བ་རེད། ཁོང་གི་མཛད་པ་གཙོ་བོ་ནོར་མེད་པ་རེད། ཅེས་ཡང་ཡང་གསུངས་པ་དེ་ཚོ་ཤེས་དགོས། གལ་སྲིད་༸གོང་ས་མཆོག་ལས་ཀླུ་སྨྱོན་མཁས་ན་གནས་ཚུལ་ཁ་ཁ་རེད་འགྲེལ་བཤད་རྒྱག་འདོད་མེད། དུས་རབས་ཉེར་གཅིག་པའི་སྒང་ལ་སླེབས་དུས་མི་ཡི་བསམ་བློ་འདི་འདྲ་གཏོང་མཁན་གྱི་རིགས་ལ་རྒྱུ་མཚན་མི་འདྲ་བ་ཡོད་སྲིད། དྲང་པོ་བཤད་ན་༸གོང་ས་མཆོག་གིས་ཉན་མི་རུང་བ་ཞིག་གཞན་ལ་སྟོན་མི་ཡོང་བ་ཡིད་ཆེས་མེད་མཁན་ཞིག་གིས་མང་པོ་བཤད་ན་རྒྱུ་མཚན་གཞན་པ་ཡོད་སྲིད། དེ་ལ་འགྲེལ་བཤད་རྒྱག་པའི་དགོས་པ་ཕལ་ཆེར་མེད་པ་རེད། མ་གོ་ནས་བཤད་པ་ཡིན་ན་གོང་གི་༸གོང་ས་མཆོག་གི་གསུང་དེ་ལ་གཟིགས་དང་ལོག་རྟོགས་དང་གཉིད་མི་ཁུག་པའི་ཞེད་སྣང་བརླགས་པར་ཐེ་ཚོམ་ཏིལ་འབྲུ་ཙམ་མི་དགོས་པར་ངེས་སོ།།
ཡ་ཡ། དེས་ན་ད་དགེ་བཤེས་སྐལ་བཟང་དང་གངས་ཅན་བླ་མ་སོགས་ཀྱི་ཡང་མཛད་པའི་ཆ་ཤས་གཅིག་ནོར་བ་རེད། ཁོ་ཚོས་ཀྱང་ནད་པར་སྨན་དང་སྤྲང་པོར་ཟས་གོས་སོགས་སྦྱིན། སྤྱོད་འཇུག་དང་ལམ་རིམ་སོགས་ཆོས་སྦྱིན་ཡང་གཏོང་གིན་འདུག ད་དུང་སྤྱི་ཚོགས་ཞབས་ཞུ་འཇོན་ཚོད་རེ་ཞུ་གིན་ཡོད་ལུགས་ཐོས། ད་ཁྱེད་ཅག་སོངས་ལ་ཁོ་ཚོའི་མདུན་ནས་ཀྱང་ཆོས་ཞུས་ན་ཡག་གི་རེད། ཕ་བོང་ཁའི་སློབ་བརྒྱུད་གཙོ་བོ་ཁོ་ཚོ་རེད།
ཁྱོད་ཚོས་ཕ་བོང་ཁ་བར་མ་རྒྱུད་སྲོག་ཤིང་དང་། ཁྲི་བྱང་བླ་རྒན་ལ་འཁོར་ལོ་སྡོམ་པའི་ཆོ་ལོ་ག་རེ་བཏགས་ཀྱང་མ་བཏགས་ཀྱང་རུང་། ཁོ་གཉིས་ཀྱིས་གོང་ས་སྐུ་ཕྲེང་བཅུ་གསུམ་པའི་བཀའ་དང་དམ་ལས་འགལ་ཏེ་དོལ་རྒྱལ་ས་སྤེལ་གནམ་སྤེལ་བྱས་པ་རེད། གངས་ཅན་བླ་གཟུགས་དང་སྡིག་བཤེས་སྐལ་བཟང་གཉིས་ཀྱིས་གོང་ས་སྐུ་ཕྲེང་བཅུ་བཞི་པའི་བཀའ་དང་དམ་ལས་འགལ་ཏེ་དོལ་རྒྱལ་ཤར་སྤེལ་ནུབ་སྒྲོག་བྱས་པ་རེད། ངས་མི་འདི་བཞི་བོར་རྒྱ་ནག་གི་རིག་གནས་གསར་བརྗེའི་སྐབས་ཀྱི་མི་བཞི་ཤོག་ཁག་ཟེར་བའི་མི་བཞི་བོ་དང་འདྲ་བར་ལྟ་གིན་ཡོད། མི་འདི་བཞི་བོ་དཀར་ན་དཀར་མཉམ་དང་ནག་ན་ནག་མཉམ་རེད། ངས་བལྟས་ན་ཁྱེད་ཅག་གིས་གངས་སྦལ་རྒྱ་བོ་དང་སྡིག་བཤེས་སྐལ་བཟང་གཉིས་གདན་ས་གསུམ་ལ་གདན་འདྲེན་ཞུ་ཆོག་པ་ཞིག་འདུག རྒྱུ་མཚན་ནི། ཕ་བོང་ཁ་བ་དང་ཁྲི་བྱང་བླ་རྒན་གཉིས་དང་མཉམ་དུ་ཆོས་དང་ཟང་ཟིང་ལ་ལོངས་སྤྱོད་བྱེད་ཐུབ་ས་ནས་གངས་སྦལ་དང་སྡིག་བཤེས་གཉིས་དང་མཉམ་དུ་མི་ཐུབ་པའི་གཏན་ཚིག་ཤིག་གི་སྒོ་ང་ཙམ་ཡང་མཐོང་མ་སོང་། ངས་རང་གི་རྩ་བའི་བླ་མ་གཙུག་གི་ནོར་བུ་གོང་ས་མཆོག་དོལ་རྒྱལ་གྱི་རྩོད་རྙོག་གིས་སྐུ་ངལ་ཚོད་མེད་དང་འཕྲད་པའི་ཉེར་ལེན་ནི་ཕ་བོང་ཁ་བ་དང་ཁྲི་བྱང་བླ་རྒན་གཉིས་དང་། ལྷན་ཅིག་བྱེད་རྐྱེན་ནི་གངས་སྦལ་རྒྱ་བོ་དང་སྡིག་བཤེས་སྐལ་རྒྱམ་གཉིས་ཡིན་པའི་ངོས་འཛིན་རྟག་པར་བྱེད་བཞིན་ཡོད། ཁྱེད་ཅག་སྣང་བ་དག་བསྡད་པ་ཡོད་པ་ཚོའི་སྣང་ངོར་ལྷ་བཤོས་ཁྱི་ཡིས་ཟོས་ཀྱང་འཛུམ་དམུལ་དམུལ་ཡིན་པ་ཡང་ངས་སྔ་མོ་ནས་ཤེས་བསྡད་ཡོད། ང་ནི་མི་ཁ་རུ་ཁ་ཐུག གྲུབ་མཐའི་ཕྱོགས་རིས་མེད་པར་སྐྱོན་སུ་ལ་ཡོད་ན་དེ་ལ་མཛུབ་མོ་འཛུག་ཨེ་ཐུབ་ལ་ལྟ་མཁན་ཞིག་ཡིན། དོལ་རྙོག་འདིར་སྔ་མོ་ནས་འཇུས་ནས་མགོ་བོ་ན་རོགས་ཡིན་པར་ཤེས་ནས་ཇུས་གཏོགས་བྱེད་འདོད་ཁྱོན་ནས་མེད་ཀྱང་། རང་ཉིད་ལ་ཉམས་ལེན་སྤུ་ཙམ་ཡང་མེད་ཀྱང་དགེ་ལུགས་པའི་ལམ་རིམ་གྱི་ཡང་ཞུན་ལྟ་བུའི་ཁྲིད་ཆེན་བརྒྱད་ཀྱིས་ཀྱང་མི་ལྡེངས་པར་འདོད་དེ་ལམ་རིམ་ཟིན་བྲིས་འབྲི་མཁན་ལ་བཏུས་ལུང་བཏུས་ཀྱིས་འོ་མའི་རྒྱ་མཚོའི་ནང་དུ་མི་གཙང་བའི་ས་རྡུལ་འདྲེན་པར་སྤྲོ་བའི་མི་དེ་དག་གི་བྱེད་སྤྱོད་ལ་ཡིད་སུན་ནས་འདི་ཙམ་འབྲི་བར་ཐལ་སོང་ལ། རྙོག་ངན་འདི་ལ་ཡིད་རབ་ཏུ་སུན་པས་ད་ནས་བཟུང་ཚིག་གཅིག་ཀྱང་འབྲི་གི་མིན། གོང་དུ་བྲིས་པ་དག་ལས་རྒྱུ་མཚན་དང་ལོ་རྒྱུས། གཏན་ཚིག་དང་སྒྲུབ་བྱེད་དུ་མི་འགྲོ་བ་རེ་ཡོད་ན་བཟོད་པར་གསོལ།
ཀླུ་སྨྱོན་གྱིས་དགེ་ལུགས་ཀྱི་གཞུང་ལ་སྦྱངས། རྙིང་མའི་སྤྲུལ་སྐུའི་མིང་བཟུང། ཟ་འཐུང་ས་སྐྱའི་ཆོས་ཚོགས་ལ་བརྟེན། རང་གི་རྩ་བའི་བླ་མ་དང་ཡོངས་འཛིན་གྱི་རྒྱུད་པའི་བླ་མ་ཚོའི་སྤྱོད་པར་འགྲེལ་བཤད་སྙན་པོ་འདྲ་རྒྱབ། ཕྱི་རྒྱལ་སློབ་མ་ཚོར་ཉིན་ལྟར་ཆགས་པའི་ཆོས་བཤད། གསང་སྔགས་དང་སྔ་གྱུར་གྱི་གསང་ཆོས་རྣམས་སྟུ་དང་མཇེ་ཁ་སྦྱོར་ཙམ་གྱི་འགྲེལ་བཤད་བརྒྱབ། སྔ་ཕྱི་མ་གཏོགས་ཁྱེད་ཀྱིས་ས་སྐྱའི་་བླ་མ་ཚོར་སྐུར་བ་ཆེན་མོ་ཞིག་འདེབས་རྒྱུ་རེད་ཅེས་ཌེ་ར་དུན་སྒྲོལ་མ་ཕོ་བྲང་དང་ས་སྐྱའི་གྲ་པ་ཚོ་ཁོང་ལ་འཇིགས་ནས་མིང་ཡང་སྨྲོས་མ་ནུས། ཧ་ཧ།
ངས་སྔོན་མ་ནས་བཤད་ཡོད། ཀླུ་སྨྱོན་ལགས་ཀྱིས་བོད་ཀྱི་ལོ་རྒྱུན་དང་ཆབ་སྲིད་སྐོར་སྦྱངས་པ་མེད་ལ་རྣམ་དཔྱད་ཡང་མེད། འོན་ཀྱང་སྤྱིར་ནང་ཆོས་དང་བྱེ་བྲག་ཏུ་བོད་བསྟན་ནང་ཆོས་སྐོར་གྲལ་གྱི་མཐར་དུ་གནས་པའི་ཆོས་གཟུགས་པ་ཞིག་ཡིན་གྱི་རེད་བསམ་མྱོང་མེད། ད་བྱེད་དུས་ཁོང་ནི་ནང་ཆོས་ཀྱི་གཞུང་ལུགས་ལ་རྣམ་དཔྱད་མེད་ཁར་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་གདུལ་བྱའི་དབང་པོའི་རིམ་པ་དང་འཚམས་པར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས་གང་ཟག་གཅིག་གིས་ཉམས་ལེན་དུ་བསྡུས་པའི་ཚུལ་གྱི་བྱང་ཆུབ་ལམ་རིམ་གྱི་བསྟན་བཅོས་སྤྱིར་དང་། བྱེ་བྲག་ཏུ་ལམ་རིམ་རྣམ་གྲོལ་ལག་བཅངས་བཅས་ཀྱི་བརྗོད་བྱ་དང་བརྗོད་བྱེད་ལ་བློ་ཁ་ཅུང་ཟད་ཙམ་ཡང་མེད་པས་རང་གི་རྣམ་རྟོག་གིས་དྲ་བས་བཅིངས་ནས་གང་ཟག་ལ་ཀླན་ཀ་འཚོལ་བ་ནི་ཅི་འདྲ་སྙིང་མི་རྗེ་བམ། སྤྱིར་སྐྱ་མིན་སེར་མིན་ཆོས་མིན་སྲིད་མིན་གྱི་སྤྱོད་པའི་ཡ་མ་ཀླན་གྱིས་ལྟོ་འཚོལ་བ་རང་དོན་རྐྱང་པའི་དོན་གཉེར་བ་ཞིག་གིས་གངས་རིའི་ལྗོངས་སུ་ཡོངས་སུ་གྲགས་པའི་ལམ་རིམ་གྱི་བསྟན་བདག་ཕ་བོ་ཁ་པའི་གསུངས་རྒྱུན་དྲི་མ་མེད་པའི་རྣམ་གྲོལ་ལག་བཅངས་ལ་ཀླན་ཀ་འཚོལ་བ་ནི་བསྟེན་བཞི་བླང་དོར་སོགས་བཀའ་གདམ་པའི་ནང་ཆོས་ཀྱི་སློབ་གཉེར་བར་གདམས་པའི་སློབ་བྱ་ལ་ཟུར་ཙམ་ཡང་བསམ་མྱངས་མེད་པའི་རྣམ་པ་ཞིག་གསལ་པོ་རེད། ད་དུང་ཨ་མདོ་བ་ལ་བླ་རྒྱུད་དང་ཆོས་རྒྱུད་སྐོར་བཤད་ཁུར་ནི་བསྟེན་བཞི་བླང་དོར་ཕྱི་ཅི་ལོག་ཏུ་བཤད་པ་འི་བབ་ཅོལ་རང་རེད་དོ།
ལམ་རིམ་རྣམ་གྲོལ་ལག་བཅངས་འདི་ཁྲི་བྱང་གི་སློབ་བརྒྱུད་མ་གཏོགས། གཞན་པ་སུ་གང་གི་ཞུ་གི་མ་རེད་ལོ། ད་དུང་གངས་རིའི་ལྗོངས་སུ་གྲགས་པའི་ལམ་རིམ་གྱི་བསྟན་བདག་ཅེས་འུར་སྒྲོགས་བྱེད་པ་ནི་བགད་མོ་ཤོར་རྒྱུ་ལས་མ་འདས། གངས་རིའི་ལྗོངས་ཀྱི་ཡོངས་གྲགས་ལམ་རིམ་རྣམས་ནི་ཇོ་བོ་རྗེས་གསུངས་ལམ་སྒྲོན་དང་། དྭགས་པ་ོ་ལྷ་རྗེས་གསུངས་ཐར་རྒྱན། རྗེ་རིན་པོ་ཆེས་གསུངས་ལམ་རིམ་ཁག རྗེ་བཙུན་ཏཱ་ར་ནཱ་ཐས་གསུངས་སྐྱེས་བུ་གསུམ་གྱི་ལམ་རིམ་རྣམས་ཡིན་དགོས། སྐྱེས་བུ་དམ་པ་འདི་དག་ལམ་རིམ་བསྟན་བདག་ཡིན་དགོས།
ཀླུ་སྨྱོན་ལགས། ཁྱེད་རང་བཤེས་གཉེན་བསྟེན་ཚུལ་གྱི་ཉམས་ལེན་ལ་དགག་བྱ་མེད། སོ་སོའི་ལམ་ལུགས་སྲོལ་
ཁག་ཁག་རེད། འོན་ཀྱང་ཁྱེད་ཀྱི་ཕ་བོང་ཁ་པ་ཟེར་བ་གོ་མི་འདོད་པ་དང་། བསམ་མི་འདོད་པ་དེར་ཁོང་འགྲོ་བ་སེམས་ཅན་
གྲལ་མེད་པ་འདྲ་ཞུས་པ་ཡིན།
ལར་ནས་ཁྱེད་རང་གི་བླ་མ་གང་ཡོད་པ་དག་དམ་སེལ་ཅན་བྱུང་མ་མྱོང་བ་ཞིག་ཡིན་པར་ཐག་གཅོད་དམ། ང་ལ་མང་པོ་བཤད་རྒྱུ་མང་པོ་ཡོད། དེ་ལས་ཁྱེད་རང་ཉམས་ལེན་གང་ཟབ་གནང་། སེམས་ཅན་ལས་ཀྱིས་མནར་བ་ལ་ཀུན་དགའ་བོ་མྱ་ངན་མ་བྱེད་ཅིག་ གསུང་པ་དེ་ཐུགས་ལ་བཞག གཞན་པ་ཚོ་སྡིག་བཤེས་ཡིན་རུང་ཁྱེད་རང་སྡིག་གྲོགས་གྲལ་མེད་ན་བཟང་།
ཆོས་མི་གཙོ་མི་དང་རྣམ་རྟོག་གཙོར་འཛིན་མཁན་རྣམས་ཀྱིས་ཁྲི་བྱང་རིན་པོ་ཆེའི་གསུང་བཅུད་མྱོང་བའི་སྐལ་བ་བྲལ་སོང་ནི་རེད། རྒྱལ་བ་རིན་པོ་ཆེའི་ལམ་རིམ་བླ་རྒྱུད་དང་འབྲེལ་བའི་བཀའ་ཆོས་ཕལ་ཆེ་བར་ཕ་བོང་ཁ་བར་རྒྱུད་ནས་རྒྱུད་པ་དང་ཁྲི་བྱང་ཚང་གིས་དངོས་སུ་རྒྱུད་པའི་རྐྱང་རེད། ད་རྒྱལ་བ་རིན་པོ་ཆེའི་ལམ་རིམ་རྒྱུད་པ་ལ་ཡང་ཁྱེད་ཚོ་ཆོས་འབག་གྱོན་ནས་ཆོས་ལ་རྒོལ་མཁན་ཚོས་ལམ་ཆོས་ཞུ་རྒྱུ་འོས་བབ་ཡོད་ནི་མ་རེད། མཉམ་མེད་དག་པོ་ལྷ་རྗེ་དང་རྗེ་བཙུན་ཏྭ་ར་ན་ཐ་སོགས་ལ་ལམ་རིམ་གྱི་བསྟན་བདག་ཞེས་གངས་རིའི་ལྗོངས་སུ་གྲགས་པའི་ཡིག་རིགས་གང་དང་ཆོས་རྗེ་སུའི་ས་ནས་གྲགས་པ་རེད། ཁོང་རྣམ་ཚོའི་སྐབས་སུ་བྱང་ཆུབ་ལམ་རིམ་ཞེས་ས་ལམ་གྱི་རིམ་པར་ལམ་རིམ་ཞེས་པའི་མིང་ཚིག་འདི་སྤྱོད་པའི་གསུང་རྩོམ་ཞིག་སྟོན་རྒྱུ་ཡོད་དམ། ཁོང་རྣམ་ཚོ་བྱང་ཆུབ་ལམ་གྱི་རིམ་པར་མཁས་མྱོང་ཅན་གྱི་སྐྱེས་ཆེན་དག་དག་ཡིན་པ་ངས་ཀྱང་འདོད་བཞིན་ཡོད། འོན་ཀྱང་ཁོང་རྣམ་ཚོ་ལམ་རིམ་གྱི་བསྟན་བདག་ཞེས་གོ་མྱོང་མེད་ལ་གསུང་རྩོམ་ཡང་མཇལ་མྱོང་མེད།
འོ་དགེ་བཤེས་ཀླུ་སྨྱོན་ཚང་། ད་ཚིལ་ལུ་ཟ་གི་མིན་ཤ་ཚོན་པོ་ཟ་གི་ཡིན་ལབ་ས་རག་གི་མ་རེད། དེང་གི་དུས་སུ་ཕ་བོང་ཁ་པ་ནས་བརྒྱུད་ཏེ་ཁྲི་བྱང་གི་དངོས་སློབ་མ་ཡིན་པའི་དགེ་ལུགས་པ་ཞིག་ཡོད་མི་སྲིད་པ་རེད། གཙོ་བོ་༧གོང་ས་ཡིད་བཞིན་ནོར་བུ་མཆོག་ཁྲི་བྱང་གི་དངོས་སློབ་རེད་བ། ༧གོང་ས་མཆོག་གིས་རྟག་ཏུ་སྐྱབས་རྗེ་ཁྲི་བྱང་ཚང་དང་སྐྱབས་རྗེ་ཕ་བོང་ཁ་པ་ཞེས་ཆེ་བསྟོད་བརྗོད་གནང་ནས་ཐུགས་རྩི་ཆེ་ལུགས་ལ་གཅིག་གཟིགས་དང་། དེང་སང་གི་ཆབ་སྲིད་ཀླད་པ་དེ་དག་ཙམ་འགུལ་བསྐྱོད་ཅིག་མ་བཏང་ན་གླེན་པས་ཨུ་ཚུགས་གཅིག་པོས་ཅི་ཡང་ཡོང་གི་མ་རེད་ལོ།
གང་ལྟར་ལམ་རིམ་གློག་དེབ་ཏུ་བཟོ་བ་པོ་སྟོང་སྐོར་བློ་བཟང་དབང་ལྡན་དང་འོས་སྦྱོར་གནང་བ་པོ་ཕུན་ཚོགས་དངོས་གྲུབ་ཁྱེད་རྣམ་པ་གཉིས་ཀ་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། དགེ་བས་སེམས་ཅན་ཐམས་ཅད་བྱང་ཆུབ་ལམ་ལ་འགོད་པར་སྨོན།
ཚ་ཕྲུག་ལགས། བོད་གངས་ཅན་ལྗོངས་ན་ལམ་རིམ་ཐོག་མར་མཛད་མཁན། མཉམ་མེད་དྭགས་པོ་ལྷ་རྗེ་རེད། ཁོང་གིས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་གདམས་ངག་ལམ་རིམ་ཐར་རྒྱན་བརྩམས་གནང་བ་རེད། དེ་བཞིན་དུ་ཇོ་ནང་རྗེ་བཙུན་ཏཱ་ར་ནཱས་སྐྱེས་བུ་གསུམ་གྱི་ལམ་རིམ་མཛད་ནས། དུས་ད་ལྟའི་བར་ཇོ་ནང་དང་བཀའ་བརྒྱུད་པའི་ནང་ལ་ཁྲིད་རྒྱུན་དང་ཉམས་ལེན་གནང་བཞིན་ཡོད། འདི་དག་དགེ་ལུགས་པའི་ལམ་རིམ་བསྟན་པའི་བདག་པོ་མ་ཡིན་ནའང་། བོད་བརྒྱུད་ནང་བསྟན་གྱི་ལམ་རིམ་བསྟན་བདག་ཡིན་ལོས་དགོས།
བོན་གྱི་་ཡར་འབྲོག་མེ་སྟོན་ཤེས་རབ་འོད་ཟེར་མཆོག་ནི་1058 ལོར་སྐུ་འཁྲུངས་ནས་1132 ལོར་དགུང་གྲངས་དོན་བཞིར་སྐུ་ཞི་བར་གཤེགས་ཅེས་གསུངས། བླ་མ་ཁོང་གིས་་་བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་པ་་་ཞེས་པ་ཞིག་མཛད་གནང་འདུག །
དེའི་འགྲེལ་བ་་་བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་པའི་རྣམ་བཤད་གཞན་ཕན་སྙིང་པོ་ཞེས་བྱ་བ་་་གཤེན་སྟོན་ནམ་མཁའ་རྒྱལ་མཚན་་་1088 – 1163 མཆོག་གིས་མཛད་གནང་འདུག །
བཀའ་བརྒྱུད་པའི་་་མཉམ་མེད་དྭགས་པོ་ལྷ་རྗེ་ནི་1079 ལོར་སྐུ་འཁྲུངས་ནས་1153 ལོར་དགུང་གྲངས་དོན་བཞིར་སྐུ་ཞི་བར་གཤེགས་ཅེས་གསུངས། བླ་མ་ཁོང་གིས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་གདམས་ངག་ལམ་རིམ་ཐར་རྒྱན་བརྩམས་པར་གསལ། །
གངས་ཕྲུག་ལགས། ཐོག་མར་ངས་བཤད་པའི་ཚིག་དོན་ལ་ཀློག་ཤེས་གོ་ཤེས་མཛད་དགོས། ༼རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་གདུལ་བྱའི་དབང་པོའི་རིམ་པ་དང་འཚམས་པར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས་གང་ཟག་གཅིག་གིས་ཉམས་ལེན་དུ་བསྡུས་པའི་ཚུལ་གྱི་བྱང་ཆུབ་ལམ་རིམ་གྱི་བསྟན་བཅོས་སྤྱིར་དང་། བྱེ་བྲག་ཏུ་ལམ་རིམ་རྣམ་གྲོལ་ལག་བཅངས་བཅས་ཀྱི་བརྗོད་བྱ་དང་བརྗོད་བྱེད་ལ་བློ་ཁ་ཅུང་ཟད་ཙམ་ཡང་མེད་པས་རང་གི་རྣམ་རྟོག་གིས་དྲ་བས་བཅིངས་ནས་གང་ཟག་ལ་ཀླན་ཀ་འཚོལ་བ་ནི་ཅི་འདྲ་སྙིང་མི་རྗེ་བམ། སྤྱིར་སྐྱ་མིན་སེར་མིན་ཆོས་མིན་སྲིད་མིན་གྱི་སྤྱོད་པའི་ཡ་མ་ཀླན་གྱིས་ལྟོ་འཚོལ་བ་རང་དོན་རྐྱང་པའི་དོན་གཉེར་བ་ཞིག་གིས་གངས་རིའི་ལྗོངས་སུ་ཡོངས་སུ་གྲགས་པའི་ལམ་རིམ་གྱི་བསྟན་བདག་ཕ་བོ་ཁ་པའི་གསུངས་རྒྱུན་དྲི་མ་མེད་པའི་རྣམ་གྲོལ་ལག་བཅངས་ལ་ཀླན་ཀ་འཚོལ་བ་ནི་བསྟེན་བཞི་བླང་དོར་སོགས་བཀའ་གདམ་པའི་ནང་ཆོས་ཀྱི་སློབ་གཉེར་བར་གདམས་པའི་སློབ་བྱ་ལ་ཟུར་ཙམ་ཡང་བསམ་མྱངས་མེད་པའི་རྣམ་པ་ཞིག་གསལ་པོ་རེད།༽ ཅེས་བཤད་མ་ཐག་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་བརྗོད་བྱ་གཙོ་བོར་བྱས་ནས་ཇི་ལྟར་ས་ལམ་མཐའ་ཕྱིན་ཚུལ་སྟོན་པའི་ལམ་རིམ་དེ་རེད། དེ་ནི་རྗེ་གཙང་ཁ་པས་བྱང་ཆུབ་ལམ་གྱི་སྒྲོན་མེ་རྩ་བར་གཟུང་ནས་གངས་ཅན་ལྗོངས་སུ་མཁས་གྲུབ་གཞན་གྱི་བཤད་སྲོལ་དང་མི་འདྲ་བ་བྱང་ཆུབ་ལམ་རིམ་ཆེན་མོ་ཞེས་པའི་ཁ་བ་ཅན་དུ་ཡོངས་སུ་གྲགས་པའི་བསྟན་བཅོས་དེ་བྱུང་བ་ནས་ཁོང་གི་བླ་རྒྱུད་དང་སློབ་རྒྱུད་བཅས་ཀྱིས་ལམ་རིམ་རྒྱས་འབྲིང་སྡུས་གསུམ་དང་དམར་ཁྲིད་མྱུར་ཁྲིད་བདེ་ལམ་མྱུར་ལམ་སོགས་ལམ་རིམ་གྱི་བཤད་པ་སྐོར་དགའ་ལྡན་པ་ལས་གྲགས་ཆེ་བ་དང་གྲུབ་མང་བ་ཞིག་གངས་ཅན་པ་ན་མེད། དེ་ལྟར་ལམ་རིམ་གྱི་བཤད་རྒྱུད་དང་ཁྲིད་རྒྱུན་སོགས་ཀྱིས་དགའ་ལྡན་པ་ནི་ལམ་རིམ་གྱི་བསྟན་བདག་ཡིན་ཞུ་ན་དོན་དང་མཐུན་ནི་རེད། སྐབས་རེ་བྱང་ཆུབ་ལམ་རིམ་ཞེས་བཤད་དུས་དགའ་ལྡན་པའི་སྒེར་ཆོས་ཞིག་ཏུ་ངེས་འཛིན་བྱེད་མཁན་དེ་ཡང་བོད་པའི་སྤྱི་ཚོགས་སུ་ཉུང་ཉུང་མ་རེད།
དོགས་སློང་དེ་དཔེ་ཡག་པོ་རེད། པན་ཆེན་བཅུ་བའི་གསུང་འབུམ་ནང་དོལ་སྐོར་ཚང་མ་བཞག་ནས་རྒྱ་ནག་བོད་ཡུལ་ཡོངས་ལ་ཁྱབ་པར་བྱས་པ་རེད། དེར་བསྟེན་དགོན་པ་མང་པོ་ཞིག་གིས་དེབ་དེ་ལ་བརྩོག་ཏི་བལྟ་གི་ཡོད་པ་རེད། འོ་མ་ནང་དུ་རིལ་ཐིགས་རླུགས་པ་རེད། དེས་ན་༧གོང་ས་མཆོག་གི་དགོངས་གཞི་མིན་ན་དཔེ་ནག་ཉེས་ཆེན་པོ་བཟོས་པ་རེད། བླ་བརྒྱུད་རྩི་མ་ཤེས་ན་༼ རྗེ་རྒྱལ་བ་བློ་བཟང་གྲགས་པ། ༽
རྟོགས་ལྡན་འཇམ་དཔལ་རྒྱ་མཚོ།
མཁས་གྲུབ་རྗེ།
བ་སོ་ཆོས་རྗེ།
གྲུབ་ཆེན་ཆོས་ཀྱི་རྡོ་རྗེ།
དབེན་ས་བློ་བཟང་དོན་གྲུབ།
མཁས་གྲུབ་སངས་རྒྱས་ཡེ་ཤེས།
པཎ་ཆེན་བློ་བཟང་ཡེ་ཤེས།
རྡོ་རྗེ་འཛིན་པ་དཀོན་ཅོག་རྒྱལ་མཚན།
པཎ་ཆེན་བློ་བཟང་ཡེ་ཤེས།
ཕུར་ལྕོག་ངག་དབང་བྱམས་པ།
རྗེ་བཙུན་བློ་བཟང་སྙན་གྲགས།
རྗེ་བཙན་རྒྱ་མཚོ་མཐའ་ཡས།
རྗེ་བཙུན་བསྟན་པ་རབ་རྒྱས།
རྗེ་བཙུན་བློ་བཟང་རྣམ་གྲོལ།
རྗེ་བཙུན་བློ་བཟང་སྦྱིན་པ།
རྗེ་བཙུན་སྐལ་བཟང་བསྟན་འཛིན།
དྭགས་པོ་སྐལ་བཟང་མཁས་གྲུབ།
དྭགས་པོ་འཇམ་དཔལ་ལྷུན་གྲུབ།
སྐྱབས་རྗེ་ཕ་བོང་ཁ། ཁང་གསར་རྡོ་རྗེ་འཆང་།
ཁྲི་བྱང་རིན་པོ་ཆེ། པན་ཆེན་བཅུ་གཅིག་པ་དང་རྒྱལ་དབང་བཅོ་ལྔ་པ་ལ་རྒྱུད་ས་རེད།
དགོངས་དག།་རྗེ་གཙང་ཁ་པ་ཞེས་ནོར་འདུག། རྗེ་ཙོང་ཁ་པར་བཅོས་རོགས།
ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་པོ་དེ་དགེ་ལྡན་པའི་བླ་མ་སུས་ཕྱོགས་བསྒྲིགས་གནང་བ་རེད། རྣམ་གྲོལ་ལག་བཅངས་ཁྲིད་ཆེན་བཅོ་བརྒྱད་ནང་ལ་སུས་བཅུག་པ་རེད། ལར་ནས་བོད་གངས་ཅན་ན་བཀའ་ཕྱག་གཉིས་ཀྱི་ལམ་རིམ་གྱི་དཔེ་ཆ་རྩོམ་མང་པོ་མེད་ནའང་། ལམ་རིམ་ཉམས་རིམ་གནང་མཁན་གཙོ་བོ་ནི། སྔོན་དུས་སུ་ཇོ་བོ་བཀའ་གདམས་པའི་དགེ་བཤེས་རྣམས་དང་། མཉམ་མེད་དྭགས་པ་ལྷ་རྗེ་ནས་བཟུང་བཀའ་བརྒྱུད་པ་རྣམས་ཡིན།
ཀླུ་སྨྱོན་ལགས་ཀྱི་སྐད་ཆ་ལ་བསམ་བློ་གཏང་རྒྱུ་མེད་པ་གཏན་ནས་མ་རེད།
ལམ་རིམ་བསྟན་པ་སྤྱིའི་ནང་མཛོད་ཅིག་ལས་ཆོས་རྒྱུན་སྒེར་བ་ཞིག་གི་ལ་རྩོམ་པ་པོའི་བདག་དབང་ལྟ་བུ་ཞིག་སྤྲོད་རྒྱུ་མེད་སྙམ།ལམ་རིམ་རྣམ་གྲོལ་ལག་བཅངས་ལ་ཆོས་རྒྱུན་གཞན་ཐམས་ཅད་ཀྱིས་རྣམ་རྟོག་ཟ་བ་བདེན་པ་རེད། དེས་ན་དེ་དགེ་ལྡན་པ་དད་པ་ཡོད་མཁན་རྣམས་ཀྱི་སྙན་བརྒྱུད་བྱས་ན་ལེགས་པར་སེམས། ༧གོང་ས་མཆོག་གི་ལམ་རིམ་བཀའ་ཆོས་ལ་གྲུབ་མཐའ་གཞན་འགྲོ་བའི་སྒོ་ཡང་དེས་བཀག་ཡོད་པ་གོ་མྱོང་། ཝ་མང་པཎྜི་ཏ་སོགས་ཀྱིས་རྙིང་ཆོས་ཚེ་བདག་གི་རྗེས་སུ་རྙིང་མའི་སྲུང་མ་རྣམས་འབྲངས་ཡོང་བས་ཆོས་རྒྱུན་དེ་འཛིན་པར་རྣམ་རྟོག་དགོས་ཚུལ་མང་པོ་ཞིག་གསུངས་ཡོད། དེ་ལྟ་བུའི་ལུགས་སྲོལ་ཞིག་དགེ་ལྡན་རྙིང་མ་སོགས་ལ་སྔ་མོ་ནས་གྲགས་པ་ཞིག་རེད། དེ་འདྲའི་རྣམ་རྟོག་བཀྲུས་ཀྱང་མི་དག་པའི་རྩོད་སྙོག་མང་པོ་བྱུང་ཚར་བས་དེ་དག་མི་གླེང་པར་རང་སར་བཞག་ན་ལེགས། ལམ་རིམ་གྱི་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་རེད། འཕགས་ཡུལ་དུ་སྤེལ་མཛད་ཀླུ་ཐོགས་གཉིས་དང་རིམ་པར་ཇོ་བོ་རྗེ་ལ་བཀའ་བབ་པ་ཉམས་ལེན་བྱིན་རླབས་བརྒྱུད་པ་བྱ་བ་དེ་རེད། བོད་དུ་ལམ་རིམ་ཐོག་མ་མཛད་པ་པོ་གྲོ་ལུང་པ་མིན་ནམ་སྙམ། གྲོ་ལུང་པའི་བསྟན་རིམ་རྩ་བའི་སྦྱར་བྱང་དུ།། སངས་རྒྱས་ཀྱི་བསྟན་པ་ལ་རིམ་གྱིས་འཇུག་པའི་ཚུལ་ལམ། བློ་སྦྱོང་ངམ། ལམ་རིམ་ཞེས་བྱ་བ་ནི་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱིས་གསང་ཕུར་སྦྱར་བའོ། །ཞེས་གསལ་བོར་གསུངས་ཡོད། དེ་རྗེས་དྭག་པོའི་ལམ་རིམ་ཐར་རྒྱན་ཡིན་པ་ཡོང། རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་བྱང་ཆུབ་ལམ་ཀྱི་རིམ་པ་ཡང་གྲོ་ལུང་པ་སོགས་ཀྱི་གསུང་ལ་བརྟེན་ནས་མཛད་ཚུལ་མཇུག་བྱང་དུ་གསལ། དྭགས་པོ་དང་ཇོ་ནང་གི་བརྒྱུད་པ་གཉིས་ཀ་རྗེ་ཙོང་ཁ་པ་ལས་བྱུང་བ་མིན་ཡང་བཀའ་གདམས་རྙིང་མའི་བརྒྱུད་པ་རེད། དེ་བཞིན་རྙིང་མའི་ཀློང་ཆེན་པའི་སེམས་ཉིད་ངལ་གསོའི་བྱང་ཆུབ་སེམས་སྡོམ་སྐོར་དང་ཉམས་ལེན་ལམ་གྱི་རིམ་པའང་གདམས་པ་གཅིག་ལས་བྱུང་བ་རེད། ཇོ་ནང་ཀུན་དགའ་གྲོལ་མཆོག་གི་ཁྲིད་བརྒྱའི་ནང་གི་བསྟན་རིམ་ནི་སྤྱི་དོན་རེད། རྗེ་བཙུན་ཏཱ་ར་ནཱ་ཐ་འི་ལམ་རིམ་མམ་བསྟན་རིམ་བདུད་རྩིའི་ཉིང་ཁུ་ནི་བསྟན་རིམ་མན་ངག་ཐུན་དུ་བཅད་པའི་དམིགས་རིམ་ཤིན་ཏུ་གསལ་བའི་བསྟན་རིམ་ཐམས་ཅད་ཀྱི་སྙིང་པོའི་བཅུད་བདུད་རྩི་ལྟ་བུར་ཡིན་པར་བཞེད། འདི་ལ་རྭ་སྦྲེང་ཁྲི་ཆེན་བསྟན་པ་རབ་རྒྱས། ལྕང་ལུང་པཎྜི་ཏ། ཕུར་ཅོག་ངག་དབག་བྱམས་པ་སོགས་ཀྱིས་བསྟོད་པ་ཡོད་ཚུལ་ཇོ་ནང་པའི་གསུང་རྒྱུན་ལ་ཡོངས་སུ་གྲགས་ཀྱང་། གསུང་འབུམ་དེང་སང་ཡོད་པ་དག་ལས་མ་མཇལ་བས་ཕལ་ཆེར་ཆབ་ཤོག་ཀྱི་ནང་དུ་འཁོད་པ་འདྲ། བཀའ་བརྒྱུད་། ཇོ་ནང་། རྙིང་མ་བཅས་པར་གྲགས་ཆེ་བའི་ལམ་རིམ་ནི་ཏཱ་ར་ནཱ་ཐའི་ལམ་རིམ་དང་། པཎ་ཆེན་རིན་པོ་ཆེའི་བདེ་ལམ་གཉིས་མིན་ནམ་སྙམ། འདི་ཐོབ་ཡིག་ཁག་དང་རང་ལ་རྒྱུས་ཡོད་ཚུལ་ཙམ་ལས་ཞིབ་འཇུག་ནན་མོ་བྱེད་མ་མྱོང་པས་ནོར་ཡང་སྲིད། ལམ་རིམ་མང་པོ་མཇལ་ཡང་རང་རྒྱུད་ལ་ལམ་རིམ་གྱི་དྲི་ཙམ་ཡང་འགོས་མེད་པའི། དྲི་མེད་ལྷག་བསམ་གྱིས།
ཀླ་སྨྱོན་འདི་སྨྱོན་རྫུན་རང་རེད་ ཆོས་ལུགས་ཐོག་ཤ་ཞེན་ཆེ་འདོག་
གིས་ ཞེ་འདོད་ནི་ ཁམས་པ་ ལ་མི་འདོད་པས་ སྔ་མོ་ནས་འདིས་
རྒྱལ་གླུ་ཚུན་ཆད་མི་འགྲིག་ཚུལ་མང་པོ་བཤད་མྱོང་ཡོད་་ཧཧཧཧཧ
སྙིང་རྗེ་་་་་་་་
འདི་ནང་ཆོས་སྤོང་གི་ལས་གང་བསགས་པ་དེ་དག་དང་། གཞན་ལ་ཁོང་ཁྲོའི་སློང་བའི་ཉེས་པ། དབེན་གྱིས་མི་མཐུན་པ་བཟོ་བའི་ཉེས་པ་ཚང་མ་ཀླུ་སྨྱོན་ཀྱི་བཤེས་གཉེན་བསྟེན་ཚུལ་ཕན་པའི་རེ་བ་ཡོད།
དབུ་མ་རིན་ཆེན་འཕྲེང་བ་ཡང་། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ལམ་རིམ་ཡིན་དགོས་པ་འདུག དེས་ན་བོད་གངས་ཅན་ན། རྒྱལ་ཚབ་དར་མ་རིན་ཆེན་མ་གཏོགས། ལམ་རིམ་གྱི་བསྟན་བསྟན་བཅོས་འདི་ལ་འགྲེལ་པ་མཛད་མཁན་མེད་པར་ཟད་རྒྱ་གར་དུ་ཡང་བསྟན་བཅོས་འདི་ལ་འགྲེལ་པ་ཚིགས་བཅད་རེ་རེ་བཞིན་དུ་འགྲེལ་མཁན་ནི། རྒྱལ་ཚབ་རྗེས་མཛད་པའི་དབུ་མ་རིན་ཆེན་འཕྲེང་བའི་སྙིང་པོའི་དོན་གསལ་བར་བྱེད་པ་ལས། གཞན་པའི་དབུ་མ་རིན་འཕྲེང་གི་འགྲེལ་པ་མེད་པ་ནི་ཡ་མཚན་པའི་གནས་སུ་མཆིས་སོ།
གསར་བརྗེ་རུ་རློམ་པའི་ཡུ་རོབ་དང་ར་ཤའི་ཡའི་སྲིད་དོན་པ་ཚོས་གནའ་སྔ་མོ་ནས་ཆོས་ལུགས་གང་ཡིན་རུང་དུག་ཏུ་བརྩིས་ཡོད་ལ་སྲིད་དོན་རྐྱང་བའི་ཐད་ནས་བཤད་ན་དེ་འདྲ་ཡིན་ཡང་སྲིད། རྒྱ་ནག་ལ་དམར་བོའི་ལྟ་བའི་དབང་བསྒྱུར་མཁན་མའོ་ཙེ་ཏུང་གིས་ཀྱང་ཆོས་ལུགས་ནི་དུག་ཅིག་རེད་ཅེས་བཤད་ཡོད། ཆོས་ལུགས་ནི་དུག་ཅིག་ཡིན་རུང་མིན་རུང་ཆོས་སྲིད་གཉིས་འགལ་ཟླ་ཡིན་པ་བདེན་པ་རེད། དེ་ལྟར་འགལ་ཟླའི་ཆ་ནས་བཤད་ན་ཆོས་ལུགས་ནི་སྲིད་དོན་པས་དུག་ཏུ་མཐོང་སྲིད་ལ། ཆབ་སྲིད་ཀྱང་ཆོས་ལུགས་པ་རྣལ་མ་ཞིག་གི་ངོས་ནས་བཤད་ན་དུག་ལྟ་བུ་ཞིག་རེད་ཅེས་བཤད་ན་མི་ཆོག་པ་མེད། འདི་ནི་ཕན་ཚུན་སྤངས་འགལ་གྱི་འགལ་བ་ཙམ་ལས་དོན་ངོ་མར་ཆོས་ལུགས་རང་ངོས་ནས་དུག་ཅིག་མིན་ནའང་། ཆོས་ལུགས་པ་ཚོའི་བྱ་སྤྱོད་ཀྱི་ངོས་ནས་དུག་ཏུ་བསྒྱུར་མཁན་དང་མཐོང་མཁན་གཉིས་ཀ་ཡོད་པའང་དངོས་ནས་རེད།
དྲི་མེད་ལགས་སུ།
༼འཕགས་ཡུལ་དུ་སྤེལ་མཛད་ཀླུ་ཐོགས་གཉིས་དང་རིམ་པར་ཇོ་བོ་རྗེ་ལ་བཀའ་བབ་པ་ཉམས་ལེན་བྱིན་རླབས་བརྒྱུད་པ་བྱ་བ་དེ་རེད།༽ ཅེས་ོཔར།
ཇོ་བོ་ལ་བརྒྱུད་པ་གསུམ་ཡོད་དེ། ཀླུ་སྒྲུབ་ནས་བརྒྱུད་པ་ལ་ཟབ་མོ་ལྟ་བརྒྱུད། ཐོགས་མེད་ནས་བརྒྱུད་པ་ལ་རྒྱ་ཆེན་སྤྱོད་བརྒྱུད། ཏཻ་ལོ་པ་ནས་བརྒྱུད་པ་ལ་ཉམས་ལེན་བྱིན་རླབས་བརྒྱུད་བཅས་གསུམ་ཡོད་པ་ལས་ཚང་མ་རྡོག་རྡོག་བཟོས་མི་ཉེན།
༼བོད་དུ་ལམ་རིམ་ཐོག་མ་མཛད་པ་པོ་གྲོ་ལུང་པ་མིན་ནམ་སྙམ།༽ ཅེས་པར།
གྲོ་ལུང་པའི་བསྟན་རིམ་ཆེན་མོའི་རྩ་བ་ནི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་བསྟན་རིམ་ཡིན་པས། དེ་གཉིས་ལ་བསྟན་རིམ་ཆེ་ཆུང་གཉིས་ཞེས་ཡོངས་སུ་གྲགས་པས། བསྟན་རིམ་ཆེན་མོ་ལམ་རིམ་གྱི་ཐོག་མར་མི་འཐད་ཅིང་། ཇོ་བོས་མཛད་པའི་ལམ་རིམ་རྒྱས་པ་ཞིག་ཡོད་པ་བསྟན་འགྱུར་ཁྲོད་མ་བཞུགས་ལ་ཞིག་ཀྱང་ཡོད་སྣང་བས། ལམ་རིམ་ཞེས་པའི་ཐ་སྙད་ཀྱིས་བསྙད་པའི་གསུང་རབ་ཀྱི་ཐོག་མ་ནི་འདི་ཉིད་དུ་ངེས་སོ།། དུས་ཚོད་བྱུང་ན་མུ་མཐུད་ཀྱི་ཡིན།
བཀའ་འགྱུར་དང་བསྟན་འགྱུར་མི་ཤེས་པས་ཤེས་ཁུལ་བྱེད་ན་མཐའ་འཁྱོལ་གི་མ་རེད། གོང་ན་ཅིག་གིས་ཀླུ་སྨྱོན་གྱིས་རྒྱལ་གླུ་ལ་མི་འཐད་པའི་རྣམ་པ་བསྟན་རེད་ཟེར་ནས་ཧ་ལས་མདོག་ཁ་བོ་ཞིག་བཤད་འདུག ང་ཡང་དེའི་ནང་གི་གཅིག་ཡིན། ཡིན་དགོས་པའི་རྒྱུ་མཚན་འུ་ཚོའི་རྒྱལ་གླུ་རུ་འདོད་པའི་ཚིག་བཅད་དམ་དུམ་དེས་དངོས་ཡོད་ལ་འཁྱོག་བཤད་བྱས་འདུག་ག བོད་མི་རིགས་ཀྱི་གནས་བབ་མི་མཚོན་གི མི་མང་གི་སེམས་དོན་མི་བཤད་གི འདིའི་སྐོར་གྱི་སྐད་ཆ་ཞིག་ཉེ་སྔོན་ཁ་བརྡ་ཚང་ལ་ཅིག་བཏང་ཡིན་མོད་ཕལ་ཆེར་གཏོང་རིན་མི་འདུག་དགོངས་པ་ཡིན་འདྲ། འུ་ཚོས་དགྱ་ནག་གི་རྒྱལ་གླུ་བཏང་མྱོང་ཡོད་རེད་ལྦ། དེས་ཅི་ཞིག་བཤད་ཀྱི་འདུག རྒྱ་གར་གྱི་རྒྱལ་གླུ་རེད་དེ་མིན་ད་དུང་རྒྱལ་ཁབ་རེ་གཉིས་ཀྱི་རྒྱལ་གླུ་གཏོང་ཤེས་ཀྱི་ཡོད་ན་དེ་ཚོ་ལ་ལྟོས།
ང་ཚོ་མི་རབས་གསར་པས། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་དང་། ཁོང་གི་ལམ་རིམ་བླ་མ་ཕ་བོང་ཁ་བར་ཁ་བཏང་ན་གྱོང་ལས་ཁེ་ཆེ་བ་མེད། འོནད་ཀྱང་། གངས་ཅན་བླ་གཟུགས་དང་སྡིག་བཤེས་སྐལ་བཟང་སོགས་ལ་མ་བཀག་ན་ཁེ་ལས་གྱོང་ཆེ་བ་ཡོད་དོ།། །།
སྤྱིར་སྟངས་ལམ་རིམ་ཡུམ་ཤེར་ཕྱིན་སྦས་དོན་མངོན་རྟོགས་རིམ་པ་ནས་དབུ་ཚུགས་པ་དང་། དེ་ཇི་བསྡུས་སུ་གཏོང་བ་མངོན་རྟོགས་རྒྱན་རེད། དེ་གོ་བདེར་གཏོང་བ་བྱང་ཆུབ་ལམ་སྒྲོན་རེད། དེའི་འགྲེལ་པར་རིས་སུ་མ་མཆིས་པའི་མཁས་གྲུབ་རྣམས་ཀྱིས་མཛད་། དེའི་རྗེས་འཇུག་པས་ང་དང་ཁོ་ཞེས་བརྩོད།
རྣམ་འགྲོལ་ལག་བཅངས་དེ་ད་རེབ་ཀྱི་གསུང་ཆོས་ནང་ལ་བཅུག་དགོས་པ་འདི་རྒྱལ་བ་རིན་པོ་ཆེའི་དགོངས་པ་རེད་འདུག ད་ཁྱེད་ཚོ་སྐེ་འདོད་ནས་ལྦ་བ་མ་འདོད་མཁན་ཚོ་ག་རེ་བྱེད་དམ། ཀླུ་སྨྱོན་ལན་ཇི་འདྲ་བརྒྱབ་རྩིས་ཡིན་ནམ།
ཡ་ད་ཡིན་ད་ང་ཚོ་ཚང་མ་དམ་ཉམས་ཆགས་ཚར་འདུག གངས་སྦལ་རྒྱ་བོ་དང་སྡིག་བཤེས་སྐལ་བཟང་ང་ཚོ་བླ་མ་གཅིག་གི་སློབ་རྒྱུད་རེད་འདུག་ག རྡོ་རྗེ་སྤུན་ལ་ཁྲོས་ནས་ནི།།ཉེས་པ་བརྗོད་པ་གསུམ་པ་ཡིན།།ཞེས་གསང་སྔགས་ཀྱི་རྩ་བའི་ལྟུང་བའི་སྐབས་སུ་གསུངས་འདུག
སྤྱིར་བཏང་ང་ཡང་ཁྲི་བྱང་ལ་དད་པ་མེད་ཀྱང་དགའ་ཞེན་ཡོད། དད་པ་མེད་པའི་རྒྱུ་མཚན་ནི་ཁོངགི་བླ་མ་ཕ་བོང་ཁ་བདེ་ཆེན་སྙིང་པོ་རེད་། ཁོང་གི་མཛད་སྤྱོད་སོགས་ཞུས་མ་དགོས་པ་རེད། རེད་དེ་ཕ་བོང་གོང་མ་ཐམས་ཅད་དེ་འདྲ་མ་རེད། ཕ་བོང་གིང་མ་དེ་ནི་སྔ་འགྱུར་གསང་སྙིང་གི་བླ་རྒྱུད་གྲས་ཡོད། གསལ་མཁྱེན་དགོས་པ་རེད།
བཀའ་ཁྲིད་ཞུ་དུས་བླ་མ་བརྒྱུད་པ་དེ་གལ་ཆེན་པོ་རེད། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་གསུང་མགུར་ནང་། ཉ་མ་དཔལ་འདར་འབུམ་གྱི་བརྒྱུད་པ་ག་འདྲ་ཡིན། དྲིས་པའི་ལན་དུ། བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། ཞེས་སོགས་གསུངས་ཡོད། དེ་འདྲ་སོང་ཙང་ཕ་བོང་ཁ་ནས་བརྒྱུད་པའི་ཆོས་བསྐོར་མ་ཞུས་ན་ལེགས།
ཀླུ་སྨྱོན་གྱིས་ལམ་རིམ་རྒྱུད་པའི་རྩོམ་འདི་བསུབ་འདུག། ངས་གསལ་བཤད་བྱེད་དགོས་པ་ཞིག་ལ། དམ་ཚིགས་ཟེར་བ་འདི་རྟོགས་པ་སྐྱེ་བའི་རྒྱུ་གཙོ་བོ་གཅིག་རེད། ཀླུ་སྨྱོན་གྱིས་ཉིན་ལྟར་ཁྲི་བྱང་རིན་པོ་ཆེར་རྙོག་ཁྲ་བཤད་ནས་གཙོ་བོ་་རྒྱལ་བ་རིན་པོ་ཆེའི་སྙིང་གར་གྲི་སྣུན་གང་ཐུབ་བྱས། ཕྱི་ཚུལ་ལ་རྒྱལ་བ་རིན་པོ་ཆེར་དད་པ་ཡོད་ཁུལ་བྱེད་པ་འདི་ལ་ང་དགའ་པོ་མིན་འདུག། ཁྱོད་ཀྱིས་ཁྲི་བྱང་རིན་པོ་ཆེར་སྐུར་འདེབས་བྱེད་པ་འདི་རྒྱལ་བ་རིན་པོ་ཆེས་གཟིགས་ན་ཁོང་གི་སྙིང་མི་ནའམ། ཁྱེད་འདི་ཤེས་ཀྱི་ཡོད། ཁྱེད་རྒྱལ་བ་རིན་པོ་ཆེའི་དྲུང་ནས་དབང་ག་ཚོད་ཞུས་པ་མིན་ནམ། གསང་སྔགས་ཀྱི་དམ་ཚིགས་དང་སྡོམ་པ་དེ་དག་མི་འདྲན་ནམ། རྒྱལ་བ་རིན་པོ་ཆེར་འདི་ལྟར་རྙོག་ཁྲ་བཤད་ན་རྒན་རྒོན་ཁོང་སྙིང་མི་རྗེའམ། གནས་སྟངས་འདི་འདྲ་ཞིག་གི་འོག་ལ་ཁྱེད་ཞོགས་པ་སྐྱབས་འགྲོ་འདོན་དུས་ཡིད་ལ་གང་ཤར་གྱི་འདུག།
ཁྱོད་སྤྲུལ་སྐུར་ངོས་འཛིན་བྱེད་མཁན་འཁྲུལ་ཞིག་རིན་པོ་ཆེས་རྒྱལ་བའི་དྲུང་ནས་ལམ་རིམ་ལ་སོགས་ཞུས་འདུག། ཕ་བོང་ཁ་དང་ཁྲི་བྱང་རིན་པོ་ཆེར་རྙོག་ཁྲ་ཤོད་ཀྱི་མིན་འདུག
ཁྱོད་ངོ་མ་ཆོས་ཀྱིས་ཐུལ་མི་བཏུབ་པའི་རྡོ་ལེབ་ཅན་པོ་ཞིག་རེད། གཞན་པ་ལ་ཆོས་ག་རེ་ཤོད་ཀྱི་ཡོད།
ཚ་ཕྲུག་རྒྱལ་ལགས། དྲ་ཐོག་ཏུ་ཕེགས་ནས་ཀླུ་སྨྱོན་ལགས་ཚར་གཅད་པ་གཉིས་པའམ་གསུམ་པ་ཡིན། རྩོམ་པ་པོ་མིང་གྲགས་ཅན་པ་དེ་ཚོར་བོད་པའི་རིགས་གཞུང་གི་ཕུགས་ཐག་འདི་འདྲ་བ་ཞིག་ལས་མེད་པ་ཧ་གོ་བ་གྱིས་ཤིག། ཀླུ་སྨྱོན། ང་ཚོ་ཚང་མ་དམ་ཉམས་ཀྱི་ཕྱོགས་སུ་རྒྱུགས་བཞིན་པར་ད་གཞི་ནས་སེམས་ལ་འཁོར་བ་རེད་དམ། ཧཧཧཧཧཧཧཧཧ། ལམ་རིམ་བླ་རྒྱུད་སྐོར་གྱི་རྩོམ་ཐུང་དེ་དྲ་ཐོག་ནས་ཕྱིར་སྡུས་བྱེད་དགོས་ཀྱི་མ་རེད། དེའི་སྐོར་གླེང་མོལ་བྱེད་ན་མི་འགྲིག་རྒྱུ་ཅི་ཡོད།། དེས་ཁྱེད་རང་གི་རྒྱུད་ཀྱི་ལོག་རྟོག་དང་རྣམ་རྟོག་མང་པོ་སེལ་ཐུབ་ཀྱི་རེད།
ལམ་རིམ་གྱི་བླ་བརྒྱུད་རྩད་གཅོད་ལ་བསམ་ཚུལ་མྱོང་བྱང།
ལམ་རིམ་ལ་དོགས་གཅོད་འདྲ་བོ་མང་པོ་བྱེད་ཀྱི་འདུག མིང་ལ་བསམ་བློ་བཏང་ན་ཡོངས་གྲགས་འདྲ་བོ་ལ་རྗེ་རིན་པོ་ཆེའི་ལམ་རིམ་ཆེ་ཆུང་སོགས་བརྩམས་པ་ནས་བཟུང་ལམ་རིམ་ཅེས་དགེ་ལྡན་པའི་ཕྱོགས་ལ་ཡོངས་གྲགས་ཆགས་པ་རེད། འདིའི་དབང་དུ་བྱས་ན་སྒྲ་བཤད་འཇུག་གི་མུ་བཞི་བརྩིས་ན་འགྲིགས་ཀྱི་རེད། དོན་ལ་བསམ་བློ་བཏང་ན་བསྟན་པ་འདིའི་དབང་དུ་བྱས་ན་སྟོན་པ་སངས་རྒྱས་ནས་ལམ་རིམ་གདུལ་བྱ་ལ་བསྟན་པ་རེད། དེའི་རྗེས་འཇུག་རྣམས་ཀྱིས་རྒྱས་བསྡུས་མི་འདྲ་བའི་ལམ་རིམ་བརྩམས་པ་རེད། བླ་བརྒྱུད་དོགས་པ་གཅོད་དགོས་ན་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལ་གཟིགས་ན་ཡག་པོ་མཁྱེན་གྱི་རེད། ལམ་རིམ་རྣམས་༸སྐྱབས་མགོན་རིན་པོ་ཆེས་གང་ནས་ཞུས་པ་སང་ཉིན་གསལ་པོ་གསུང་ཡོང་གི་རེད་ཡག་པོ་ཉོན་དང་འགྲིགས་ཀྱི་རེད། དེ་འདྲ་རྩད་མི་ཆོད་པའི་དཀའ་ངལ་མེད་པ་རེད། སྐྱབས་མགོན་རིན་པོ་ཆེ་ལ་ལམ་རིམ་རྣམ་གྲོལ་ལག་བཅང་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ནས་བརྒྱུད་པ་ལ་དོགས་པ་མི་དགོས་པ་རེད། དགེ་ལྡན་ལམ་རིམ་གྱི་བརྒྱུད་པ་གང་ནས་དེད་ཀྱང་༸གོང་ས་མཆོག་གི་ཐུགས་རྒྱུད་ན་ཡོད་པ་འདི་སྐྱབས་རྗེ་ཕ་བོང་ཁ་ནས་བརྒྱུད་པ་མ་གཏོགས་ཧ་ལམ་མེད་པ་རེད། གླིང་རིན་པོ་ཆེ་དང་། ཁྲི་བྱང་རིན་པོ་ཆེ་གཉིས་ཀས་ཞུ་ས་དེ་སྐྱབས་རྗེ་བདེ་ཆེན་སྙིང་པོ་ལས་གཞན་མིན་པ་ཧ་ལམ་གསལ་པོ་རེད། གླིང་རིན་པོ་ཆེའི་རྣམ་ཐར་༸གོང་ས་མཆོག་གི་ལྗགས་རྩོམ་གནང་བ་དེར་གཟིགས་དང་གླིང་རིན་པོ་ཆེའི་བླ་མ་སུ་ཡིན་གསལ་པོ་ཧ་གོ་གི་རེད། གང་ལྟར་༸གོང་ས་མཆོག་གི་ཐུགས་རྒྱུད་ན་དགེ་ལྡན་པའི་དབང་ལུང་མན་ངག་གང་ཡོད་པ་དེ་ཡོངས་འཛིན་རྣམ་གཉིས་དང་རྟ་བྲག་སོགས་ནས་བརྒྱུད་པ་མ་གཏོགས་མེད་པ་གསལ་པོ་རེད། ད་འགའ་ཤས་དོགས་པ་འདྲ་བོ་གཞི་ནས་ལང་པ་འདི་ཡག་པོ་མིན། དང་པོ་བླ་མ་བརྟག་པའི་བློ་མིག་དང་མི་ལྡན་བཞིན་གཡམ་ལ་རྒྱུགས་ནས་དབང་ལུང་མན་ངག་ཞུས་ཞུས་ནས་ད་བླ་མ་དང་བརྒྱུད་པ་རྩད་གཅོད་པ་འདི་དང་པོ་བསྟན་པ་ལ་འཇུག་ཚུལ་ནོར་བ་གསལ་པོ་རེད། ལམ་རིམ་ཆེན་མོའི་ནང་ནས་བསྟན་པ་བཞིན་དང་པོ་མགོ་བཤེས་གཉེན་བསྟེན་ཚུལ་སྐབས་དང་པོ་མདོ་རྒྱུད་ནས་བསྟན་པའི་བླ་མ་ཞིག་རེད་འདུག་དང་མི་འདུག་བརྟགས། དེ་ནས་བསྟེན་དགོས་ཚུལ་རྣམ་མ་ངེས་པའི་ཐོག་ནས་གང་གྲགས་པ་ཡོད་པ་ཞིག་གི་རྗེས་སུ་རྒྱུགས། རྗེས་ནས་བརྒྱུད་པ་རྩད་གཅོད་ནས་ལོག་ལྟ་དང་སྐུར་འདེབས་ཀྱི་རང་རྒྱུད་མ་རུངས་པར་བྱེད་པ་འདི་བོད་ཀྱི་བླ་མ་བསྟེན་ཚུལ་ལ་ལྷག་པའི་སྐྱོན་ཆེ་ཤོས་དེ་ཡིན་པས་གང་ཟག་རེ་རེ་ལ་འཁང་ར་བྱེད་རིན་གང་ཡང་མེད། སྔ་མོ་གདོང་ཐོག་བསྟན་པའི་རྒྱལ་མཚན་གྱིས་ང་ཚོ་བོད་གངས་ཅན་ལྗོངས་ལ་ཕྱི་ཡི་བསྟན་དགྲ་དང་། ནང་གི་བསྟན་དགྲ་གཉིས་ཡོད་པ་རེད། གཅིག་དེ་རྒྱ་མི་གུང་ཁྲན་ཏང་རེད། དེས་བསྟན་པ་ཞེ་དྲག་བཤིགས་ཐུབ་མེད་པ་དང་། ནང་གི་བསྟན་དགྲ་དེ་སྐྱབས་རྗེ་ཕ་བོང་ཁ་རེད། དེས་བསྟན་པ་ཚབ་ཆེན་བཤིགས་པའི་སྐོར་བང་ཆེན་གསར་འགྱུར་ནང་དུ་བཏོན་པ་རེད། དེ་དུས་ངས་གདོང་ཐོག་རིན་པོ་ཆེ་ལ་ང་ཚོ་བོད་གངས་ཅན་གྱི་མགོ་ལྡན་ལུང་པ་ཁུག་ལྕོག་ལས་དང་བསོད་ནམས་དམན་པ་རེ་ཟུང་རེད་མ་གཏོགས་༸གོང་ས་མཆོག་གི་སློབ་མར་མ་གྱུར་པ་མེད་པས་སྐྱབས་རྗེ་ཕ་བོང་ཁ་བརྒྱུད་པའི་བླ་མའི་གྲལ་དུ་སེར་ཛོ་ཛོ་བཞུགས་ཡོད་རེད་ཅེས་རིགས་པའི་སྒྲུབ་བྱེད་བཅས་བྲིས་པ་ཡིན། དེ་ཚགས་པར་ནང་ལ་འཇོག་དགོས་ཞེས་ངའི་གྲོགས་པོ་ཞིག་གིས་ཁུར་སོང། ངས་དེ་ག་ས་མཚར་རྩེད་དུ་བྲིས་པ་རེད། མ་ཁུར་མ་འཇོག་མང་པོ་ལབ་པ་ཡིན། འོན་ཀྱང་ཉན་མ་སོང། ཁུར་ནས་འགྲོ་སོང། འོན་ཀྱང་ཚགས་པར་ནང་ལ་བཞག་མི་འདུག དེའི་སྐབས་ཚགས་པར་ལས་བྱེད་པ་ཞིག་གིས་རྣམ་གྲོལ་གླིང་དང་། རྫོང་གསར་སོགས་ནས་རྩོད་པ་མང་པོ་ཡོང་ཚུལ་བཤད་ཀྱི་འདུག་ཟེར་དེ་ལ་ང་ཡ་མཚན་འདྲ་བོ་ཏོག་ཙམ་སྐྱེས་སོང། གང་ཡིན་ཞེ་ན་ཕྲུག་གུ་མགོ་སྐོར་གཏོང་བྱེད་འདྲ་བོ་བཤད་འདུག་བསམ་བྱུང། ཁུར་མཁན་དགེ་ལུགས་པ་རེད། གཞན་པ་ཁོང་ཚོ་ཡང་དགེ་ལུགས་པ་རང་ཡིན་དུས་ཆོས་བརྒྱུད་ཁག་ལ་རྒྱུས་མེད་པའི་ཚོད་རྩིས་འདྲ་བོ་དེ་ལ་དྲང་མོ་བཤད་ན་རྣ་བ་ལ་གང་ཡང་འགྲོ་མ་སོང། རྫོང་གསར་གྱི་མཁན་པོ་སོགས་ང་ཚོའི་གྲོགས་པོ་རྒྱུན་པར་ནང་ཚག་གི་རྩོད་འདྲ་བོ་ག་རེ་རྒྱག་དགོས་ན་རྒྱག་ཆོག་ཆོག་འདྲ་བོ་དང་བསམ་ཚུལ་གང་ཡོད་པ་ཤོད་རེས་བྱེད་ནས་དཀའ་ངལ་གང་ཡང་མེད་པ་ངས་གསལ་པོ་ཤེས་ཀྱི་ཡོད་པས་དེ་གི་རེད། དེ་བཞིན་རྣམ་གླིང་གི་མཁན་པོ་རྣམས་དང་རྒྱུས་ཡོད་པ་རེད། ང་དགེ་ལུགས་པ་ཞིག་ཡིན་ན་གཏམ་དེ་ལ་ཞེད་སྲིད་པ་དང་ཡང་ན་ཆགས་སྡང་དེ་ལས་ཆེ་བ་ལང་སྲིད་པ་རེད། ངས་དེ་ལ་རྒྱུ་མཚན་གང་ཡང་མཐོང་མ་སོང། གནས་ཚུལ་དེ་དག་ལ་ལྟ་དུས་དེའི་སྐོར་དེ་གལ་ཆེན་པོ་འདྲ་བོ་ལ་མཐོང་སོང། མ་འོངས་པར་ང་ཚོའི་ཆོས་བརྒྱུད་ཁག་གི་ལྟ་ཚུལ་འདི་ལ་ད་དུང་ཡང་འདི་འདྲ་ག་རེ་ཡིན་ན་བསམ་ནས་ནང་ཁུལ་འཆམ་འཐུན་ལ་འགོག་ཅན་ཅན་འདིའི་རིགས་ག་ཚད་ཡིན་ན་མེད་ན་བཟང་བ་འདི་མཐོང་ན་ཤིན་ཏུ་ནས་བཟང། དེ་ལ་བསམ་ནས་ངས་གདོང་ཐོག་བསྟན་པའི་རྒྱལ་མཚན་དང་བགྲོ་གླེང་བྱ་འདོད་བྱུང། དེའི་བར་ནས་བྱེད་ཐུབ་མ་སོང། ངས་གདོང་ཐོག་རིན་པོ་ཆེ་ལ་དད་ཞེན་དང་གཟི་བརྗིད་ཅན་ཞིག་ཏུ་བརྩི་བའི་དབང་གིས་དགྲ་ཁ་གཏད་འདྲ་བོ་མཐོང་གི་མེད། དེས་ངས་བགྲོ་གླེང་ཐུབ་པ་རེད། དགྲ་ཁ་གཏད་འདྲ་བོ་ཡིན་པའི་བསམ་བློ་ཡོད་ན་ངས་དང་པོ་ནས་རྩོད་གྱི་མ་རེད། ལྷག་པར་དུ་ག་དུས་ཡིན་ན་ཁྲི་བྱང་རིན་པོ་ཆེ་ལ་ངས་ཁ་མང་པོ་གཏོང་མྱོང་ཡོད་པ་མ་ཟད་སྐྱབས་རྗེ་ཕ་བོང་ཁ་ལ་ཧ་ཅང་དོགས་པ་དང་རྣམ་རྟོག་ཡོད་མཁན་གྱི་གང་ཟག་ཞིག་ཡིན་དུས་སྐབས་ཤིག་ཁྲི་བྱང་རིན་པོ་ཆེའི་རྣམ་ཐར་དེ་ངའི་གཤག་ནང་ལ་ཁུར་ཡོང་ནས་བལྟས་པ་ཡིན། དེ་སྐབས་རྣམ་རྟོག་ཆེ་བའི་དབང་གིས་རྨི་ལམ་ཡང་ཡང་འཁྲུགས་ཀྱི་འདུག དེ་ནས་སྐབས་གཅིག་ལ་སྐྱབས་མགོན་རིན་པོ་ཆེ་ནས་སྟག་ཕུ་གི་དག་སྣང་དང་རྡོ་རྗེ་འཇིགས་བྱེད་ཀྱི་སྐོར་དེ་གནང་དུས་ཡི་མི་རང་པ་ཞེ་དྲག་ཡོང་གི་ཡོད་ཀྱང་བླ་མས་ཉན་མི་རུང་བ་ཞིག་གཏན་གཏན་གནང་མི་སྲིད་ག་རེ་ཡིན་ན་བསམ་ནས་རང་གི་རང་ལ་དོགས་འདྲི་མང་པོ་ཡོང་གི་འདུག འོན་ཀྱང་བཤད་པ་ཟབ་ལ་རྒྱ་ཆེ་བ་དང་ཟབ་གནད་དེ་དྲན་ནས་བློས་གཏོང་ཐུབ་ཀྱི་མེད། སྐབས་རེ་འུ་འདྲ་བོ་ཐུག་དུས་གསང་སྔགས་ཀྱི་ཐོག་བརྫིས་ཀྱི་སྤྱོད་པ་དེ་འདྲ་ལ་བསམ་བློ་གཏོང་ནས་དག་མཉམ་ཀྱི་ལྟ་བའི་སྐོར་ལ་བསམ་བློ་རེ་གཏོང་ནས་སྡོད་ཀྱི་ཡོད། གང་ལྟར་ལོ་མང་རིང་ངས་དེའི་ལྟ་བ་དེ་དོར་མ་ཐུབ་ནས་དཀའ་ངལ་འདྲ་བོ་མང་པོ་བྱུང། དེ་ནས་མི་ལོ་བཅུ་དྲུག་བཅུ་བདུན་རིང་ལ་གསུང་ཆོས་གང་གནང་བ་དེ་གང་ཐུབ་ཅི་ཐུབ་བྱས་ནས་ཞུས་ཤིང་ཟིན་བྲིས་བརྒྱབ་པ་ཡིན། དེ་ནས་གོང་ས་མཆོག་གི་རྣམ་དཔྱོད་ཀྱི་ཤེས་རབ་དེའི་ཟུར་འདྲ་བོ་མཐོང་དུས་ལོག་ལྟ་ཆུང་རུ་ཆུང་རུ་འགྲོ་སོང། ངའི་གྲོགས་པོ་ཚོ་དང་མཉམ་དུ་འདིའི་སྐོར་བགྲོ་གླེང་རྒྱུན་མ་ཆད་པ་ག་དུས་ཡིན་ནའང་ཡོད་ཡོད་པ་རེད། ངས་ཁོང་ཚོ་ལ་ཁྲི་བྱང་རིན་པོ་ཆེའི་སྐུ་ཡོན་མཁྱེན་རྒྱ་དང་རྣམ་དཔྱོད་དང་བློ་གྲོས་བྱམས་པ་དང་བརྩེ་བ་སོགས་ཀྱིས་༸གོང་ས་མཆོག་ལ་སྐུ་ཡོན་ཕུལ་ཚུལ་རྣམས་དྲན་ན་སྒྲོ་སྐུར་མང་པོ་བྱས་ན་མི་འོས་པ་ཆེན་པོ་འདྲ་བོ་མཐོང་གི་ཡོད་པས། ༸གོང་ས་མཆོག་གི་ཐུགས་རྒྱུད་གཅིག་རེད་མ་གཏོགས་རྒྱུད་པ་སོ་སོ་ཉར་ས་འདྲ་བོ་ཁ་ཁ་གང་ཡང་ཡོད་གྱི་མ་རེད། དམ་ཉམས་པའི་བླ་མ་ལས་བརྒྱུད་པའི་བརྒྱུད་པ་འཛིན་པའི་ཐུགས་རྒྱུད་གཅིག་དང། དམ་ལྡན་གྱི་བླ་མ་ལས་གསན་པའི་ཐུགས་རྒྱུད་གཅིག་འདྲ་བོ་དེ་འདྲ་ཡོང་གི་ཡོད་ན་དེ་ཡོང་མི་ཤེས་པ་འདྲ་བོ་རེད། རྣལ་འབྱོར་ཉམས་པ་གཅིག་གིས་ནི།། རྣལ་འབྱོར་ཅན་ཀུན་མ་རུང་བྱེད།། ཅེས་པ་འདི་ལ་བསམ་བློ་བཏང་ན་བླ་མ་དམ་ཉམས་ན་སློབ་མ་དམ་ཉམས་པའི་གོ་ཚུལ་འདི་ཡིན་གྱི་རེད། ཤེས་རབ་༸གོང་ས་མཆོག་འདྲ་བོ་མེད་ན་ཁག་པོ་ཡིན་གྱི་རེད། སྐུ་ཚེ་སྟོད་སྨད་ཀྱི་སྐད་ཆ་འདྲ་བོ་བཤད་ན་ད་ལྟ་དབང་ལུང་དེ་དག་ནས་བརྒྱུད་པ་གནང་མི་སྲིད་པ་འདྲ་བོ་ཡིན་ཀྱང་༸གོང་ས་མཆོག་ནས་ཁོང་རྣམ་པ་ལས་བརྒྱུད་པའི་དབང་ལུང་མན་ངག་གནང་རྐྱང་ལས་ཐུགས་དོགས་སྤུ་ཙམ་མེད་པ་འདི་ཤེས་དགོས་པ་རེད། སྔ་མོ་༸ས་སྐྱ་བདག་ཁྲི་རིན་པོ་ཆེ་དང། ༸རྒྱལ་དབང་ཀརྨ་པ་དང་། རྒྱུད་སྟོད་གྲྭ་ཚང་སོགས་ཀྱིས་ཞུས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསང་བ་འདུས་པའི་དབང་དང་ཁྲིད་གནང་སྐབས་བརྒྱུད་པ་དེ་ཁྲི་བྱང་རིན་པོ་ཆེ་ལ་གཏུགས་སོང། དེ་ངས་དགོས་གནད་ཆེན་པོ་མཐོང་སོང། ད་བསམ་བློ་བཏང་ན་ངས་རྩེད་མོ་དང་སྦྲགས་གྲོགས་པོ་ཚོ་ལ་ང་དགེ་ལུགས་པ་ཚད་ལྡན་ཞིག་ཆག་པ་རེད་ཅེས་འུབ་ཤོབ་བཤད་ཀྱི་ཡོད། གང་ཡིན་ཞེ་ན་ང་རྙིང་མ་ལྟ་བ་མཁྲེགས་པོ་རང་ལྟ་མཆོག་འཛིན་ཚད་ལས་བརྒལ་བའི་གང་ཟག་ཞིག་ལ་བསམ་བློ་བཏང་ན་མི་ཐོག་གཅིག་ལ་མི་སྲིད་པ་ཞིག་སྲིད་པ་ཆག་པ་འདྲ་བོ་ཡོད། མདོ་མེད་ཐ་ཤལ་པ་ང་འདྲ་བོས་དེ་ཚོ་མཐོང་ས་ལ་གཞན་བློ་གྲོས་ཅན་རྣམས་ཀྱིས་དེ་ལས་ལྷག་པ་ཞིག་མཁྱེན་དགོས་པའི་ཚོད་དུ་ཡོད་ཀྱང་དེང་དུས་ཀྱི་རྩོམ་པ་པོའི་འགའ་ཤས་ལ་རྣམ་དཔྱོད་ཀྱི་ཤེས་རབ་ཡོད་པ་ཞིག་ཡིན་པའི་ངོས་འཛིན་འདྲ་བོ་ཡོད་ཀྱང་ཁོང་ཚོས་བྲིས་པའི་ཁྲི་བྱང་རིན་པོ་ཆེ་དང་ཕ་བོང་ཁ་ལ་ལྟ་ཚུལ་དེ་དུས་རབས་བཅུ་དགུ་ཉི་ཤུའི་བླ་རྒན་མཁྲེགས་འཛིན་ཅན་ཞིག་གི་ལྟ་ཚུལ་ཙམ་ལས་མེད་པ་དེར་ཁེ་མཚར་འདྲ་བོ་མཐོང་སོང། འདི་འདྲའི་དགོས་པ་ལས་ཀྱང་དགག་བྱ་ཆེ་བའི་བརྒྱུད་པ་དག་མ་དག་འདི་མ་བཤད་ན་བཟང་བར་སེམས། གང་ཡིན་ཞེ་ན་༸གོང་ས་ སྐྱབས་མགོན་རིན་པོ་ཆེ་མི་ལ་མགོ་སྐོར་གཏོང་མཁན་འདྲ་བོ་ཆག་བསྡད་པ་ཞིག་དོན་ལ་ཁས་བླང་བ་རེད། གང་ཡིན་ཞེ་ན། ཕྱོགས་གཅིག་ནས་བསམ་ཚེ་༸གོང་ས་མཆོག་གི་གསུང་རྣམས་ཉན་མ་མྱོང་བ་འདྲ་བོ་ཡོད། དེ་མ་གཏོགས་༸གོང་ས་མཆོག་ནས་སྐྱབས་རྗེ་ཕ་ཝོང་ཁ་བླ་མ་ཚད་ལྡན་རེད། བྱང་ཆུབ་ལམ་རིམ་གྱི་བསྟན་པའི་མངའ་བདག་རེད། མ་རྒྱུད་ཀྱི་བསྟན་པའི་སྲོག་ཤིང་རེད། རྙིང་མ་བཀའ་བརྒྱུད་རྣམས་ཀྱི་བདུད་འདྲ་བོ་མཐོང་བ་དེ་ནོར་བ་རེད། ཁོང་གི་མཛད་པའི་ཆ་ཤས་གཅིག་ནོར་བ་རེད། ཁོང་གི་མཛད་པ་གཙོ་བོ་ནོར་མེད་པ་རེད། ཅེས་ཡང་ཡང་གསུངས་པ་དེ་སྐབས་འདི་འདྲ་བོ་ལ་དྲན་དགོས། དེ་བཞིན་ཁྲི་བཟང་རིན་པོ་ཆེ་ལ་ལན་མང་གསུངས་པ་རེད། དེ་ཚོ་ཧ་གོ་དགོས་པ་རེད། དེ་མ་ཡིན་པར་ཁ་ནས་ངའི་རྩ་བའི་བླ་མ་སོགས་བཤད་མཁས་མ་མཁས་མེད་པ་རེད། བོད་ཀྱི་ཆོས་བརྒྱུད་ཐམས་ཅད་འཆམ་མཐུན་ཡོང་བ་ལ་འདི་ཙམ་གྱི་སྤང་བླང་གྱི་རྒྱུ་རེ་བསྒྲུབ་ན་ག་འདྲ་མི་བཟང་ན། སྐྱོ་བསྔོགས་ཀྱི་འཆལ་རྩོམ་འདི་རིགས་མ་སྤེལ་ན་བཟང་བ་དང། གོ་རིགས་པ་རྣལ་མ་ཡོད་ན་འདྲ་མི་འདྲ་མི་བཤད་པར་༸གོང་ས་མཆོག་གིས་གང་གནང་བ་དེ་ཞུས་ན་བཟང་བར་སེམས་སོ།།
ངས་བརྗོད་འདོད་པ་ཚང་མ་མཆན་ཨང་ཉེར་གཅིག་པ་དང་ཉེར་གཉིས་པའི་ནང་དུ་བྲིས་ཡོད། སུས་སུ་ཚར་བཅད་ཡོད་མེད་དེ་ནས་ཤེས། ལན་འདེབས་ཡོད་ན་མཆན་ཨང་ཉེར་གཅིག་པ་དང་ཉེར་གཉིས་པའི་ཡིག་ཕྲེང་རེ་རེ་དེད་ནས་ལན་ཕྲིས། དེ་མེད་ན་ནི་ཁྱོད་ཚོ་ཚང་མའི་སྐེ་ལ་ཕ་བོང་ཁས་བལ་བསྲེལ། ཁྲི་བྱང་གིས་སྐུད་པར་བསྒྲིལ། གངས་སྦལ་གྱིས་ཐག་པར་བཟོས། སྐལ་རྒྱམ་གྱིས་དགུང་ལ་འཕྱར་བའི་དོལ་ཞགས་ནག་པོ་འདོམ་པ་དགུ་བརྒྱ་དགུ་བཅུ་ཅན་ཞིག་དཀྲིས་ཚར་བ་ཁས་ལོངས། དགའ་ལྡན་ཁྲི་པ་དང་ལྡན་མ་བློ་ཆོས་སོགས་རེ་རེ་བཞིན་དོལ་འབྲེལ་ཅན་དུ་གྱུར་དང་འགྱུར་བཞིན་པའི་སྐོར་ཐོས་རྒྱུ་འདུག་པར་ཡང་ཡིད་ཆེས་དེ་ཙམ་མ་སྐྱེས་ཀྱང་། ཁྱེད་ཅག་གི་བྱེད་སྤྱོད་ལ་བལྟས་ན་བདེན་ཤས་ཆེ་བར་འདུག་སྙམ།
སྟོན་པ་ཤྰཀྱ་ཐུབ་པས།
“དགེ་སློང་དག་གམ་མཁས་རྣམས་ཀྱིས། །
བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །
ལེགས་པར་བརྟགས་ལ་ང་ཡི་བཀའ། །
བླང་བར་བྱ་ཡི་གུས་ཕྱིར་མིན། །”
དོལ་ཤུལ་ལམ་dhoshul གྱིས།
“གོ་རིགས་པ་རྣལ་མ་ཡོད་ན་འདྲ་མི་འདྲ་མི་བཤད་པར་༸གོང་ས་མཆོག་གིས་གང་གནང་བ་དེ་ཞུས་ན་བཟང་བར་སེམས་སོ།།”
དང་པོ་བླ་སློབ་བར་དུ་དམ་ཉམས་པའི་ཚད་གཅིག་ཞོག་དང་བགྲོ་གླེང་བྱེད།
ལུང་དེའི་དོན་ལ་བསམ་བློ་གཏོང་བའི་དུས་ལ་སླེབ་འདུག
དཔེར་ན་ཕ་བོང་ཁ་བ་དང་ཁྲི་བྱང་བླ་རྒན་གཉིས་ཀྱིས་གོང་ས་སྐུ་ཕྲེང་བཅུ་གསུམ་པའི་སྐུ་མདུན་ནས་མདོ་སྔགས་ཀྱི་ཆོས་ཚུལ་དུ་མར་མཉན་ནས་བླ་མར་བཀུར། དེ་རྗེས་གོང་ས་མཆོག་གིས་དོལ་རྒྱལ་སྐོར་དམ་བསྒྲགས་གནང་བའི་བཀའ་མ་བརྩིས་པར་དོལ་རྒྱལ་ས་སྤེལ་གནམ་བསྒྲགས་བྱས་པ་རེད། འདི་འདྲས་དམ་ཉམས་མི་ཆགས་ན་གངས་སྦལ་རྒྱ་བོ་དང་སྡིག་བཤེས་སྐལ་རྒྱམ་གཉིས་དམ་ཉམས་ཡིན་པའི་དཔང་རྟགས་ག་རེ་ཡོད།
༸གོང་ས་མཆོག་གི་ཁྲི་བྱང་རིན་པོ་ཆེ་བླ་མ་བསམ་གྱིས་མི་ཁྱབ་པ་རེད་གསུང་པ་ངས་ཐོས་པ་ལན་གཅིག་མ་ཡིན་དེ་རྫུན་གསུང་པ་རེད་ལབ་དགོས་ན་ག་འདྲ་ཡོང་གི་ཡོད་ན།
ང་ཚོ་ལ་ལྟོས་ན་རིགས་ངེས་ཐེག་ཆེན་ཚོགས་ལམ་ཞིག་ཀྱང་བསམ་གྱིས་མི་ཁྱབ་པ་རེད། ཡིན་ཡང་ཁོང་ཚོར་ཡང་སྒྲིབ་པ་གཉིས་ཡོད་པ་རེད། སྒྲིབ་པ་གཉིས་ཡོད་ན་ཁོ་ལ་སྒྲིབ་གཉིས་ཡོད་པ་རེད་ཅེས་སྐྱོན་བརྗོད་འདྲ་བོ་བྱེད་ཆོག་གི དངོས་ཡོད་གནས་ཚུལ་རེད་པ། ཁྲི་བྱང་དང་ཕ་བོང་ཁ་པ་གཉིས་ཀྱི་ཤེས་བྱ་རིག་པའི་གནས་ལ་སྦྱངས་པའི་ཡོན་ཏན་ནི་ང་འདྲ་བོ་ཞིག་གིས་འགྲན་ཟླ་ཐུབ་པ་དེ་འདྲ་མ་རེད། དེ་ནི་ཁོ་གཉིས་ཀྱི་ངག་རྩོམ་ལ་བལྟས་ན་ཤེས་ཐུབ་ཀི ཡིན་ཡང་ཁོ་གཉིས་དང་དོལ་རྒྱལ་གྱི་འབྲེལ་བ་དེའི་ངོས་ནས་ཁོ་གཉིས་ལ་ནོར་འཁྲུལ་ག་རེ་ཡོད་ན་བཤད་ཆོག་གི་རེད་པ། དོལ་རྒྱལ་དམ་བསྒྲགས་མ་བརྩིས་པར་སྐུ་ཕྲེང་བཅུ་གསུམ་པ་དང་དམ་ཚིག་ཉམས་པའི་ལོ་རྒྱུས་ནག་པོ་ཡོད་ན་དེ་ཡང་བཤད་ཆོག་གི་རེད་པ། དཔེར་ན་གངས་སྦལ་རྒྱ་བོ་དང་སྡིག་བཤེས་སྐལ་རྒྱམ་གཉིས་ཀྱིས་དོལ་རྒྱལ་དམ་བསྒྲིགས་ཀྱི་བཀའ་སློབ་མ་བརྩིས་པར་གོང་ས་སྐུ་ཕྲེང་བཅུ་བཞི་པ་དང་དམ་ཚིག་ཉམས་པའི་སྐོར་ལྟ་བུ་རེད་པ། མ་རེད་པས།
ང་སྒེར་ངོས་ནས་དོལ་ཚོགས་དང་ཞེ་འཁོན་ཅི་ཡང་མེད་མོད། འདི་ཚོས་གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་སྐུ་ངལ་ག་ཚོད་ཅིག་སྤྲད་པ་དེ་ལ་བསམ་བློ་གཏོང་དུས། རྩ་བ་ནག་པོ་ཐུག་ས་དེ་ཕ་ཁྲི་གཉིས་ལ་ཐུག་འདུག་ཨང་བསམས་ནས་འདི་ལྟར་བཤད་པ་དང་བྲིས་པ་ཡིན།
སྐྱོན་བརྗོད་དང་སྐུར་འདེབས་གཉིས་རྩ་བ་ཉིད་ནས་འདྲ་གི་མ་རེད། སྐྱོན་བརྗོད་ཡིན་ན་སྐུར་འདེབས་ཡིན་པའི་ངེས་པ་ཡོད་པ་མ་རེད། རྒྱུ་མཚན་ཁུངས་བཙན་ཡོད་ནས་སྐྱོན་བརྗོད་ན་དེ་སྐུར་འདེབས་མ་རེད། སྐུར་འདེབས་ནི་གཞི་འཛིན་ས་ཅི་ཡང་མེད་པར་མི་ལ་སྐྱོན་བརྗོད་པ། དཔེར་ན་མི་ཞིག་གིས་དངུལ་མ་བརྐུས་བཞིན་དུ་ཁོས་བརྐུས་སོ་ཟེར་ན་སྐུར་འདེབས་རེད། ཁོས་དངུལ་བརྐུས་པ་ལ་རྐུན་མ་ཞེས་བརྗོད་ན་དེ་སྐྱོན་བརྗོད་རེད་མ་གཏོགས་སྐུར་འདེབས་མ་རེད། ཁྱེད་ཚོ་གྲྭ་སའི་དགེ་བཤེས་ཏག་ཏག་ལ་ཐ་སྙད་སྦྱོར་སྟངས་ཀྱི་ཕྱོགས་སུ་བྱིས་པར་ཀ་ཁ་འཁྲིད་སྟངས་བྱེད་དགོས་པ་འདི་བློ་ཕམ་གྱི་གནས་རེད།
གྲྭ་ས་ནས་གྲུབ་མཐའི་རྩོད་པ་བྱེད་དུས། སེམས་ཙམ་པའི་ལུགས་གཞིར་ཞོགས། མདོ་སྡེ་བ་ཆོས་ཅན། ཟེར་སྲོལ་ཞིག་ཡོད་པ་བཞིན། བདག་གིས་ཀྱང་གོང་ས་མཆོག་གི་དོལ་རྒྱལ་དམ་བསྒྲགས་ཀྱི་བཀའ་སློབ་གཞིར་ཞོགས། ཕ་ཁྲི་གཉིས་ཆོས་ཅན། ཟེར་གིན་ཡོད་མ་གཏོགས། ཁོ་གཉིས་ཀྱི་ནང་གི་རྟོགས་པའི་ཡོན་ཏན་དངོས་གནས་པ་དེ་ག་འདྲ་ཞིག་ཡིན་མིན་ང་ལྟ་བུས་ཁ་ཚོན་བཅད་ནས་ནམ་ཡང་བཤད་མི་ཐུབ་པས། འདི་ཡང་ཐུགས་འཇགས་ཞུ།
རེད་རེད། ཀླུ་སྨྱོན་ལགས། དོལ་རྒྱལ་གྱིས་གོང་ས་ཆོག་ལ་སྐུ་ངལ་དེ་ཕྱེད་ཁོང་རང་ཉིད་ཀྱིས་བཟོ་པ་རེད། རྒྱལ་བ་བཅུ་བཞི་པ་ཆེན་པོས་ཀྱང་རྒྱལ་བ་བཅུ་གསུམ་པའི་བཀའ་དང་འགལ་བའི་་དོལ་རྒྱལ་རྟེན་པ་ནས་ཕྱག་ལས་གནང་བ་རེད། པཎ་ཆེན་སྐུ་གོང་མས་ཀྱང་རྒྱལ་བ་བཅུ་གསུམ་པའི་བཀའ་དང་འགལ་བའི་དོལ་རྒྱལ་རྟེན་པ་རེད། ཡོང་འཛིན་རྣམ་པ་གཉིས་དབུས་པའི་དགེ་ལུགས་པའི་བླ་ཆེན་དང་དགེ་བཤེས་ང་ཡིན་ཟེར་མཁན་ཕལ་ཆེ་བས་དོལ་རྒྱལ་རྟེན་པ་རེད། དེ་དག་ཚང་མས་བཅུ་གསུམ་པའི་བཀའ་བའི་ལས་བྱས་སོང་བ་རེད། ད་དུང་ཡང་རྒྱལ་བ་བཅུ་གསུམ་པའི་བཀའ་དང་འགལ་རྒྱུ་མང་ནི་རེད། བོད་རང་བཙན་མ་སྒྲགས་པ་དེ་ཡང་བཅུ་གསུམ་པའི་བཀའ་དང་འགལ་སོང་བ་རེད། ཁོང་གིས་བོད་རང་བཙན་སྒྲོགས་ནས་བཅུ་བཞི་པས་རྒྱུན་སྐྱོང་མ་གནང་བ་དེ་ཡང་བཅུ་གསུམ་པའི་བཀའ་དང་འགལ་སོང་ནི་རེད། བོད་རང་བཙན་མི་དགོས་བཤད་མཁན་བོད་པ་ཚང་མས་བཅུ་གསུམ་པའི་བཀའ་དང་འགལ་བ་རེད། ད་དུང་དམ་ཉམས་སྐོར་བཤད་ན་བོད་མི་ནང་པ་ཁས་ཆེན་པ་ཕལ་ཆེ་བ་དམ་ཉམས་ནང་གི་ཡང་ཉམས་སུ་ཆགས་ཟིན་པ་རེད། ཀླུ་སྨྱོན་ཁྱེད་རང་ཡང་དམ་ཉམས་ཨང་དང་པོའི་གྲལ་དུ་ཡོད་པར་བཤད་མི་དགོས་པ་རེད།
མཆན་༤༢། དབྱངས་ཅན་འབངས་ལ། ཉིད་ཐུགས་མད། རྔོག་བློ་ལྡན་ཤེས་རབ་ཀྱི་བསྟན་རིམ་བོད་རྩོམ་ཞིག་གི་ནང་ནས་སྔ་ཤོས་རེད། གྲོ་ལུང་པའི་བསྟན་རིམ་ཆེན་མོ་ནི། ཁོང་རང་གིས་མཛད་པའི་བསྟན་རིམ་ཆེན་མོའི་བསྡུས་དོན་ནམ་ལམ་རིམ་གྱི་འགྲེལ་བ་བྱས་ན་འབྱོར་ཤས་ཆེ་སྙམ། ཟབ་མོ་ལྟ་བ། རྒྱ་ཆེན་སྤྱོད་པ། ཉམས་ལེན་བྱིན་རླབས་གསུམ་རྡོག་རྡོག་བཟོ་བ་པོ་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ཡིན་ཏེ། སྲས་བཅས་རྒྱལ་བའི་རྨད་བྱུང་ཕྲིན་ལས་ལས་།།ལེགས་གྲུབ་བྱང་ཆུབ་ལམ་གྱི་རིམ་པ། །ཞེས་གསུངས་པ་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་ལམ་རིམ་བླ་བརྒྱུད་རྣམ་ཐར་དུ་སྐབས་རེར་ཉམས་ལེན་བྱིན་རླབས་བརྒྱུད་པར་གསུངས་ཡོད་པས་སོ། །དེ་བཞིན་ལུགས་གཉིས་གཅིག་གཅིག་འདུས་ཀྱི་བྱང་སྡོམ་ལེན་ཆོག་དང་། ལུགས་གསུམ་གཅིག་སྒྲིལ་གྱི་བྱང་སྡོམ་བརྒྱུད་པའང་ཡོད་པས་གནད་ཆེ་ས་ཞིག་ན་རྡོག་རྡོག་གཅིག་ཏུ་གྱུར་བས་སོ། །
ཀླུ་སྨྱོན་གྱིས་སྒྲོ་སྐུར་བར་གྱི་ངོ་བོ་ཡང་ཤེས་མི་འདུག། གོང་དུ་ཁྱེད་ཀྱིས་སྐུར་འདེབས་ཀྱི་དཔེར་ལ་དངུལ་མ་བརྐུས་བཞིན་དུ་ཁོས་དངུལ་བརྐུས་སོང་ཟེར་ན་སྐུར་འདེབས་རེད། ཞེས་པ་དེ་སྐུར་འདེབས་ཀྱི་དཔེར་རུ་ཇི་ལྟར་རུང་ངམ། དེ་ཙམ་ལ་ཡང་བློ་མིག་གི་རྣམ་དཔྱད་མེད་པས་གཞུང་བརྒྱ་བཤད་ཁུར་བྱེད་པ་ནི་གད་མོའི་གནས་རང་རེད།
བོད་རྒྱ་ཚིག་མཛོད་ཆེན་མོ་ལགས། སྒྲོ་འདོགས་སྐུར་འདེབས: ཡོན་ཏན་ཡོད་པ་ལ་མེད་པར་སྨྲ་བ་དང་། སྐྱོན་ཆ་མེད་པ་ལ་ཡོད་པར་སྨྲ་བ། རོང་བཙན་གྱི་ཁ་ནང་ལ་རྡོ་རྗེ་བཞག་པ་ཡིན།
བོད་རྒྱ་ཚིག་མཛོད་ཆེན་མོ་ལགས། སྐུར་བ་འདེབས་པའི་ལྟུང་བྱེད: ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས། མཐོང་ཐོས་དོགས་གསུམ་མེད་པའི་དགེ་སློང་ལ་བསམ་བཞིན་དུ་ལྷག་མ་བཅུ་གསུམ་གང་རུང་གི་སྐུར་བ་འདེབས་པ། རོང་བཙན་གྱི་ཁ་ནང་ལ་རྡོ་རྗེ་ཐེངས་གཉིས་པར་བཞག་པ།
ཀླུ་སྨྱོན་སྒེར་ལ་རྣམ་རྟོག་ག་རེ་སྐྱེས་མིན་རང་དབང་རེད། ཆོས་ག་འདྲ་ཞུ་མིན་ཡང་སྒེར་དོན་རེད། འོན་ཀྱང་དྲ་ཁང་དུ་བརྩད་གཅོད་གཏོང་ཁུལ་བྱེད་པ་ནི། འུར་སྒྲོག་དང་སྐུལ་སློང་བྱས་ཏེ་གསུངས་ཆོས་ལ་བར་ཆད་ཕྲན་བུ་རེ་བཟོ་ཐུབ་རེ་མིན་འགྲོ་སྙམ། གང་ལྟར་དམིགས་ཡུལ་གཞན་ཞིག་ཡོད་པ་འདྲ། མེད་ན་སེམས་ལ་མ་ཕོགས་རོགས། མ་གཞི་ཁྱེད་ཀྱིས་ཁོང་གི་བླ་རྒྱུད་སྔོན་མ་ནས་ཤེས་གསལ་བཞིན་དྲ་ཐོག་ལ་མི་ཤེས་ཁུལ་གྱིས་རྩོད་གླེང་སློང་སྟངས་དེ་སྐྱུགས་བྲོ་སེ་བྱུང་།། འོན་ཀྱང་ཀླུ་སྨྱོན་ནི་རང་གིས་གང་བཤད་འདོད་པ་ལས་ཀློག་མཁན་ལ་ཚོར་བ་ག་རེ་སྟེར་མིན་ལ་འགན་ཁུར་དང་སེམས་ཁུར་མེད་པའི་རྩོམ་པ་པོ་ཞིག་ཡིན་པ་སྔོན་མ་ནས་ཤེས་སོང་།
ཡུལ་གངས་ཅན་པའི་བཤེས་གཉེན་རྣམས་ལ་གུས་ཞུ། ཚད་མའི་བསྟན་བཅོས་ཆེན་པོ་རིགས་པའི་རྒྱན་ན། ཀུན་གཞི་རྣམ་ཤེས་དེ། མ་བསྒྲིབས་པ། ཡིད་ཉོན་དེ་བསྒྲིབས་པར་གསུངས་པའི་གང་གིས་མ་བསྒྲིབས་པ་དང་དང་། བསྒྲིབས་པ་ཡིན་པ་དང་། དེ་བཞིན་ད྄྄྄ུ། དེ་བཞིན་དུ། སློབ་དཔོན་དབྱིག་གཉེན་གྱིས། ཆོས་མངོན་པ་མཛོད་གནས་གཉིས་པའི་ཚིགས་བཅད་༢༧དང་ཕྱེད་དག་གིསརང་འགྲེལ་ན་ཡང་མ་བསྒྲིབས་པ་དང་། བསྒྲིབས་པ་ཞེས་གསུངས་པའི་གང་གིས་མ་བསྒྲིབས་པ་དང་བསྒྲིབས་པ། ཞེས་པའི་ཁྱད་པར་དེ་གསུངས་གྲོགས་མཛན་ན་ཕན་པ་ཆེའོ།
ཧཧཧཧཧ། ཀླུ་སྨྱོན་ལགས། མི་ཁྱེད་ལ་རྣམ་དཔྱད་མེད་ཁོ་ཐག་རེད། མེད་པར་སྒྲོ་འདོགས་དང་ཡོད་པར་སྐུར་འདེབས་ཟེར་ལེ་རེད། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སྒྲོ་འདོགས༽མེད་པར་ཡོད་འཛིན་གྱི་ཀུན་བཏགས། ཁྱད་གཞི་མེད་པར་ཁྱད་ཆོས་མང་པོའི་སྒྲོ་བཏགས། ཁྱེད་ཀྱི་སྙིང་ཁམས་ལ་རྡོ་རྗེ་ཐེངས་གཅིག་བཞག་རྒྱུ་དང་།
བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སྐུར་འདེབས༽ སྐུར་བ་འདེབས་པ་སྟེ་གཞན་ལ་ཡོན་ཏན་ཡོད་པ་རྣམས་མེད་པ་དང་། བཟང་པོ་རྣམས་ངན་པར་བཅོས་པའི་སྨོད་ཚིག། ཞེས་སོགས་ཀྱིས་ཀླུ་སྨྱོན་གྱི་ཀླད་ཁམས་ལ་རྡོ་རྗེ་ཐེངས་གཉིས་པ་བཞག་པའོ།
རྒན་ལ་དྭགས་པར་ཞུ་གསོལ། ཉིད་ཀྱི་གངས་ལྗོངས་མཁས་པར་བཀའ་འདྲི་མཛད་པར། ཕྲན་ཡིག་ངོ་ཆོད་ཙམ་ལས་ཤེས་བྱ་ཡོན་ཏན་ཅི་ཡང་མེད་པ་ཞིག་སྔོན་དུ་ཐོན་ནས་ལན་ཞུ་བ་མ་ལེགས་ཀྱང་། ནང་ལུགས་སུ་ཉིད་ལ་དཔྱད་སྒོ་་ཅུང་ཟད་ཞིག་ཞུ་བ་ལ། མཛོད་ལས། བསྒྲིབས་པའི་གཟུགས་ཀྱིའང་འདོད་པ་ན། །གཟུགས་ཀྱི་སྔར་ནི་སྐྱེ་བ་མེད། །མ་ཐོབ་མ་བསྒྲིབ་ལུང་མ་བསྟན།།ཅེས་པའི་དོན། བསྒྲིབ་པ་ནི་གོང་དུ། བསྒྲིབ་ལ་བཅོ་བརྒྱད་ལུང་མ་བསྟན།།ཅེས་པ་དེ་དང་། མ་བསྒྲིབས་པ་ནི། གཞན་ལ་བཅུ་གཉིས་དག་ཏུ་འདོད།།ཅེས་པ་དེ་མིན་ནམ་སྙམ། །དེའི་དོན་མཆིམས་མཛོད་ལས། འཇིག་ཚོགས་མཐར་འཛིན་དང་ལྡན་པའི་(བསྒྲིབས་པའི་)སེམས་ལ་སྡེ་ཚན་དང་པོ་དང་། གསུམ་པ་དང་། རྟོག་དཔྱོད་དེ་བཅོ་བརྒྱད་འབྱུང་ལ་བསྒྲིབས་ལ།ལུང་མ་བསྟན་ལས་གཞན་(མབསྒྲིབ་པའི་)སེམས་ལ་སྡེ་ཚན་དང་པོ་དང་རྟོག་དཔྱོད་དེ་བཅུ་གཉིས་དག་ཏུ་འདོད་དོ།།ཉི་འོག་པ་འགྱོད་པ་མ་བསྒྲིབས་ལུང་མ་བསྟན་ཡང་ཁས་ལེན་པས་དེ་དང་ལྡན་པ་བཅུ་གསུམ་མོ།།གཉིད་ནི་དགེ་མི་དགེ་ལུང་མ་བསྟན་གྱི་སེམས་ཀུན་ལའང་མི་འགལ་བའི་ཕྱིར་གང་ལ་འཁོར་དུ་དེ་ཡོད་པ་དེ་ལ་དེས་བསྣན་ནོ། །ཞེས་གསུངས་པ་ཡིན་མིན་དཔྱད་པར་འཚལ།།
དྲི་མེད་ལྷག་བསམ་མཆོག་སྐུ་དཀྱིལ་གསལ་དྭངས་ངང་ནས་དཔྱད་གླེང་མཛད་པར་བཀའ་དྲིན་ཆེ། སྒྲིབ་དང་། འགྲིབ། བྱ་་ཚིག་གཉིས་པོ་དེ། སྐོར་དང་། འཁོར། ལྟ་བུར་འདུག་པས། སྒྲིབ་པ། འགྲིབ་ཏུ་འཇུག་པ་དང་། སྐོར་བ། འཁོར་དུ་འཇུག་པ། ། ཞེས་པའི་དོན་དུ་མཐོང་བས། ལུང་གི་རྗེས་འབྲངས་ཀྱི་སེམས་ཙམ་པས། རྣམ་ཤེས་ཚོགས་བརྒྱད་ན། ཀུན་གཞི་རྣམ་ཤེས་དེ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། ཉོན་མོངས་ཅན་གྱི་ཡིད་ཀྱི་རྣམ་ཤེས་དེ་བསྒྲིབས་ལ་ལུང་དུ་མ་བསྟན་པར་གསུངས་པས། མ་བསྒྲིབས་པ་དང་། བསྒྲིབས་པའི་ཁྱད་པར་གསུངས་པས། སྒྲིབ་པ་པོ་འམ། འགྲིབ་པར་བྱེད་པ་པོ་དེ་གང་ཡིན་ནམ་སྙམ་པའི་སེམས་ལ་དོགས་པ་ཞིག་ཤར་བས། དེ་ལྟར་བཀའ་འདྲི་ཞུས་པ་ལགས། དགེ་སློང་སེར་པོ་གོས་ཅན་གཞོན་པ་འགའ་ཞིག་སོགས་ལ་པཱ་ལིའི་གཞུང་དཔེ་ན་དེ་ལྟར་ཡོད་ན། གཟིགས་དགོས་ཞེས་མངགས་ཡོད། ཡིད་མགུ་བའི་ལན་གསལ་འབྱུང་ན། སླར་ཁྱེད་ལ་ཞུ་ཆོག ཅེས་སོ།
སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་སུམ་ཅུ་པ་ན་གསུངས་པ་ལྟར། ཕལ་ཆེར་ཉོན་མོངས་པས། མ་བསྒྲིབས་པ་དང་། བསྒྲིབས་པ་ཞིག་ཡིན་འདུག ཡིད་ཉོན་དེ། “ཉོན་མོངས་བཞི་དང་རྟག་ཏུ་འགྲོགས།” ཉོན་མོངས་བཞི་ནི། བདག་ལྟ། བདག་རྨོངས། བདག་ཏུ་ང་རྒྱལ། བདག་ཏུ་ཆགས་པ་རྣམས་ཡིན་པར་གསུངས། དགྲ་བཅོམ་པའི་གོ་འཕང་ཐོབ་པ་ན། རྣམ་ཤེས་འདི་གཉིས་ལྡོག་པར་གསུངས། དེ་ལྟར་ཡིན་ན། ཀུན་གཞི་རྣམ་ཤེས་དེ་ཉོན་མོངས་པས་མ་བསྒྲིབས་པའི་རིགས་པའམ་གཏན་ཆིགས་རེ་ཅང་ཡོད་དམ་ཞུའོ།
རྒན་ལ་དྭགས་པར་ཐུགས་རྗེ་ཆེ་ཞུ། འདི་སྐོར་ཞིག་ཀུན་མཁྱེན་དོལ་པོ་པའི་རི་ཆོས་སུ་སེམས་དམིགས་པ་དང་བཅས་པའི་སྟོང་ཉིད་དང་། དམིགས་མེད་སྙིང་རྗེའི་སྟོང་ཉིད་བཤད་པའི་སྐབས་སུ་བསྒྲིབ་མ་བསྒྲིབས་རྟག་པ་ཡིན་མིན་མིན་སོགས་སེམས་ཙམ་པ་དང་སྔགས་ཀྱི་རྒྱུད་མང་པོ་ཞིག་གུང་བསྒྲིགས་ནས་དཔྱད་པ་དང་། ས་བཟང་གི་ཀུན་བཏུས་འགྲེལ་ལའང་དེ་སྐོར་ཡོདསྣང་ཤར་ཏེ་གནས་སྐབས་དྲན་མ་སོང་། དེ་བཞིན་ཀློང་ཆེན་པས་ཀྱང་། ཀུན་གཞིའི་རྣམ་ཤེས་ལ། ཡུལ་ལ་འདྲེས་པ་དང་། གཟུང་འཛིན་ཅན་ཞེས་པའི་རྣམ་བཞག་གནང་ཡོད་སྙམ། རྨོངས་བློར་དྲན་ཚོད་ཙམ་ཞུས་པ་སྟེ་འབེན་ལ་པོག་ཡོད་མེད་མ་འཚལ་ལོ།།
ལ་དག་པ་དང་དྲི་མེད་པས་མཆན་དེ་ཚོ་སྙན་པོ་འདུག སྙིང་ཐག་པ་ནས་ཐུགས་རྗེ་ཆེ།
རྒན་ལགས་སྐུ་ཁམས་གསལ་དྭངས་ལ་དགའ་སྤྲོ་བཅས་ཞུ་བ། སུམ་བཅུ་པའི་ལུང་དེས་དྲན་གསོ་བྱས་སོང་། ས་བཟང་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན་གྱི་ཀུན་བཏུས་པོད་དང་པོའི་ཀུན་གཞི་བཤད་པའི་སྐབས། བམ་པོ་གཉིས་པའི་འགྲེལ་བར་ཡང་སུམ་བཅུ་པའི་ལུང་དེ་དྲངས་ཡོད་པ་དྲན། ས་བཟང་གི་རྒྱས་འགྲེལ་ན་ལུང་དང་རིགས་པ། སྐབས་རེར་སཾསྐྲི་ཏའི་སྐད་དོད་ཡང་ཡོད་པས་གསལ་བོ་ལོས་ཡོད་སྙམ། རྨོངས་བློར་ཤར་ཚོད་དུ། བསྒྲིབས་ལ་ལུང་མ་བརྟན་ནི། ལུང་མ་བརྟན་རྨོངས་པའི་མ་རིག་པ་ཡིན་པ་གཞིར་བཞག གང་ལ་སྒྲིབ་ན་ཐར་བ་ཐོབ་པ་ལ་བསྒྲིབས། གང་གིས་ན་མ་རིག་པ། ཅི་ལྟར་ན་དགེ་བའི་སེམས་མངོན་དུ་མི་འགྱུར་བའི་ཉོན་ཡིད་དང་བཅས་པས་སོ། །ཞེས་དཔྱད་ན་ཕྱོགས་ནོར་ཨེ་ཡོད་སྙམ། མ་བསྒྲིབས་པ་ཡང་དེས་འགྲོས་ཀྱིས་དཔྱད། ཕྲན་རང་དཔེ་ཀློགས་ཙམ་ལས་ཐོས་བསམ་རྣལ་མའི་ནོར་གྱིས་དབུལ་བས་ནོར་བ་ཡིན་ཡང་སྲིད།
དྲི་མེད་ལྷག་བསམ་ལགས། །
བོད་ཀྱི་བན་དེའི་ལུགས་ལ་་་མདོ་སྔགས་ཟུང་འབྲེལ་་་་ཟེར་བའི་ལམ་ལུགས་འདི་ག་དུས་དར་བར་བཞེད་དམ། སྔོན་ཆད་གསང་སྔགས་ཕལ་ཆེར་བརྟེན་བཅས་ཡིན་པར་བརྗོད་མཁན་འདུག། བརྟེན་མེད་ཀྱི་ཉམས་ལེན་འདི་བན་ལུགས་ལ་སུས་སྲོལ་གཏོད་པར་འདོད་དམ །
རྒན་ལ་དྭགས་པ་ལགས་་་་རྨོངས་དང་བག་མེད་ལེ་ལོ་དང་་་་མ་དད་པ་དང་རྨུགས་དང་རྒོད་་་ཉོན་མོངས་ཅན་ལ་རྟག་ཏུ་འབྱུང་་་་ཟེར་བ་མིན་ནམ་་་་ངས་དེ་འདྲ་ཞིག་མཐོང་བ་དྲན་
བན་དེ་ལགས། ངའི་དྲན་ཚོད་ལ། ཉམས་སུ་ལེན་ཚུལ་སྲོང་བཙན་སྒམ་པོའི་མ་ཎི་བཀའ་འབུམ་དར་བ་ནས་བྱུང་། བཀའ་བཅད་ཁྲི་སྲོང་ལྡེའུ་བཙན་སྐབས། མདོ་ཕྱོགས་མཁན་པོ་བྷོ་དྷི་ས་ཏྭ་དང་། སྔགས་པདྨ་སཾ་བྷ་པའི་ལུགས་བཞིན་བཀས་བཅད་པ་ནས་གསལ་བོ་བྱུང་འདུག དུས་ཚོད་བྲེལ་སྒང་ཞིག་ལ་སླེབས་པ་དེ་ཙམ་ལས་ཞུ་རྒྱུ་མ་བྱུང་། །
བན་དེ་བ་མཆོག་དང་དྲི་མེད་ལྷག་བསམ་མཆོག་ལ།
དཔྱད་པ་མཛད་པར་མཛད་པར་དགའ་བ་སྐྱེས།
་
རྨོངས་དང་བག་མེད་ལེ་ལོ་དང་།
མ་དད་པ་དང་རྨུགས་དང་རྒོད་།
ཉོན་མོངས་ཅན་ལ་རྟག་ཏུ་འབྱུང་།
་
ཞེས་པ་མཛོད་གནས་གཉིས་པའི་ཤློ་ཀ་༢༦ཡིན་འདུག དྲུག་པོ་འདིས་སེམས་བསྒྲིབས་པ་དང་། མ་བསྒྲིབས་པ་གང་ཡང་མི་བྱེད་པར་ཉོན་མོངས་ཅན་གྱི་ཡིད་ལ་རྟག་ཏུ་འབྱུང་། ཤློ་ཀ་འདི་ལ་རང་འགྲེལ་ཤོག་བུ་གཅིག་ལྷག་ཡོད་ངེས། རང་འགྲེལ་མཐའ་ན། དེ་དག་ཀྱང་རྟག་ཏུ་ཉོན་མོངས་པ་ཅན་གྱི་སེམས་ཁོ་ན་ལ་འབྱུང་གི་གཞན་དུ་ནི་མ་ཡིན་ནོ། ཞེས་གསུངས། མདོ་ཕྱོགས་མཁན་པོ་བོ་དྷི་ས་ཏྟྭདང་། སྔགས་ཕྱོགས་པདྨ་སཾ་བྷ་བའི་ལུགས་བཞིན་བཀས་བཅད་བྱུང་བ་སེམས་ལ་ངེས་པར་ཕན། ལྷན་རྒྱས་གཉིས་ལ་བཀའ་དྲིན་ཆེའོ།