བརྒྱུད་སྤྲོད་པ། བསྟན་འཇམ།
ཉེ་ལམ་ལག་བྲིས་ཕྱི་བསྐྱོད་ལག་དེབ་སེར་པོ་རྙིང་པ་(Non-machine readable passport) ཡོད་མཁན་བོད་མི་འགའ་ཤས་ཕྱི་བསྐྱོད་གནང་སྐབས་གནམ་ཐང་ལ་དཀའ་ངལ་བྱུང་བའི་གནས་ཚུལ་བྱུང་འདུག འདི་ནས་རྒྱ་གར་ལག་དེབ་ལས་ཁུངས་སུ་དེ་ལྟར་སྙན་སེང་ཞུས་པར། རྒྱལ་སྤྱི་གནམ་འགྲུལ་མཐུན་ཚོགས་ནས་ལག་བྲིས་ཕྱི་བསྐྱོད་ལག་དེབ་ཡོངས་བརྩི་མེད་གཏང་རྒྱུ་དང་། ཀཱོམ་པཱུ་ཀྲར་བརྒྱུད་ལམ་བཟོས་པའི་ཕྱི་བསྐྱོད་ལག་དེབ་(Machine readable passport) ཁོ་ན་རྩ་འཛིན་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་འདུག
འདི་རང་རེའི་ཕྱི་བསྐྱོད་ལག་དེབ་སེར་པོ་དེའང་དེ་ལྟར་སྤྱི་མཚུངས་ཡིན་མིན་གྱི་གསལ་ཁ་མི་འདུག་ནའང་། མ་འོངས་དཀའ་ངལ་མི་འཕྲད་ཆེད་སྔོན་བརྟན་དུ་ད་ལྟ་ནས་ལག་དེབ་གསར་པར་བསྒྱུར་དགོས་གལ་མཐོང་འདུག་ན། ལག་བྲིས་ལག་དེབ་རྙིང་པ་རྒྱབ་ཤ་མཁྲེགས་པོ་ཡོད་མཁན་ཡོངས་ནས། ཤོག་བུ་འཕར་མ་དགོས་ཀྱི་ཡོད་པའི་ཁོངས་སུ་ཀཱོམ་པཱུ་ཊར་བརྒྱུད་སྙན་ཞུ་གང་མྱུར་གནང་རོགས་ཞུ་རྒྱུ་དང་། འདི་ནས་ལག་དེབ་གསར་པ་གང་མྱུར་ཐོན་ཐབས་འབད་བརྩོན་ཞུ་རྒྱུ་དང་། ཅི་ཏེ་གང་མྱུར་ལག་དེབ་རྙིང་པའི་ཐོག་ཕྱི་བསྐྱོད་གནང་དགོས་གནས་སྟངས་ཆགས་ཡོད་ན་འདི་གར་འབྲེལ་བ་གནང་རོགས་ཞུ།
ལྡི་ལི་དོན་ཁང་ནས་ ༢༠༡༥ ཟླ་ ༡༡ ཚེས་ ༢༥ ལ།།
http://tibetbureau.in/%E0%BD%A3%E0%BD%98%E0%BC%8B%E0%BD%A6…/
སྤྱི་ཕན་དགོངས་བཞེས་ལ་བཀྲིན་ཆེ། ཐུགས་རྗེ་ཆེ་ཞུ།
ཀམ་པཱུ་ཀྲར་ནང་བཅུག་པའི་ལག་དེབ་གསར་པ་དེ་འགྱུར་བྱ་རྒྱུ་ཆེད་དམིགས་བསལ་ཡིག་ཆ་དགོས་མཁོ་དེ་འདྲ་ཡོད་མིན་དང་། ཅི་སྟེ་དེབ་རྙིང་པ་དང་གསར་པར་འགྱུར་དགོས་ཚེ་དུས་ཡུན་ཇི་ཙམ་ཞིག་འགོར་གྱི་ཡོད་མིན་ཐད་གསར་འགྱུར་འགོད་པ་པོ་རྣམས་ནས་འབྲེལ་ཡོད་འགན་འཛིན་དང་ལྷན་བཀའ་མོལ་གནང་ཏེ་ཡིག་ཐོག་ལམ་སྟོན་ཞིག་བྱུང་ཚེ་མི་མང་ལ་ཕན་ཐོག་ཆེ་ཙམ་ཡོང་བ་འདུག དེ་མིན་བོད་མི་སྐྱབས་བཅོལ་ལག་དེབ་གསར་པོ་བཟོས་རྒྱུའི་ལོ་རྒྱུས་ནང་གནས་ཚུལ་མ་སྙན་པ་དེ་འདྲ་གང་ཙམ་ཡོད། དེ་དོན་གོང་འཇགས་ཞུ།