བོད་ཁྱིམ་སློབ་མ། པདྨ་དཔའ་དབྱངས།
—————
གུས་ མོ་ནི་འཛིན་གྲྭ་བཅུ་གཅིག་གི་སློབ་མ་ཞིག་ཡིན། མི་རིང་བར་ང་ཚོའི་ཁང་ཚན་ནང་ཁུལ་བར་༼བཙན་བྱོལ་ནང་མི་ལོ་ལྔ་བཅུའི་རིང་ཤེས་ ཡོན་ཐོག་གྲུབ་འབྲས་ལེགས་ཤོས་བྱུང་ཡོད༽ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ བྱེད་འཆར་ཡོད་ལ། གུས་མོ་ནི་བརྗོད་གཞི་དེའི་དགག་ཕྱོགས་པར་འཁེལ་ཡོད་པས། ཁྱེད་རྣམ་པས་དེའི་ཐོག་གནད་དུ་འཁེལ་བའི་དགོངས་འཆར་དང་སྒྲུབ་བྱེད་གང་མང་གནང་ རོགས་གནང། བགྲོ་གླེང་གི་ཉིན་མོ་ནི་ཟླ་འདིའི་ཚེས་༢༡ཡིན།
༡ ཤེས་ཡོན་གྱི་གོ་དོན་དང་དེའི་ཁྱབ་ཚད།
༢ ཐོག་གྲུབ་འབྲས་ལེགས་ཤོས་ཐོན་ཡོད་མེད་རྒྱུ་མཚན་ལྔ་ལས་མི་ཉུང་བ།
༣ བརྗོད་གཞི་འདིའི་ཐོག་བགྲོ་གླེང་བྱེད་ཚུལ་གྱི་ལམ་སྟོན་ཞིག་གནང་རོགས།
ལམ་སྟོན་འདྲ་བོ་དང་བསམ་ཚུལ་འདྲ་བོ་ཁ་སྣོན་རྒྱག་ཁོམ་མེད།
སྔོན་མ་ང་དང་ངའི་གྲོགས་པོ་ཚོ་བོད་ཁྱིམ་ན་ཡོད་དུས། སུས་ཀྱང་བགྲོ་གླེང་འདྲ་བོ་དང་རྩོམ་ཡིག་འགྲན་བསྡུར། འདྲི་བརྩད་འགྲན་སྡུར་སོགས་ལ་ལམ་སྟོན་བྱས་མྱོང་མེད།
དཔེ་མཛོད་དུ་སོང་ནས་དེབ་མང་ཙམ་བཀླགས། བསམ་བློ་མང་ཙམ་བཏང༌། གྲོགས་པོ་ནང་ཁུལ་ལ་བགྲོ་གླེང་བྱས། མཚམས་མཚམས་ལ་རྩོད་པ་གཏིང་ལ་སོང་ནས་བསམ་ཚུལ་བཤད་རྒྱུའི་མཚམས་ལ་དགག་པ་རྒྱག་རེས་རྐྱང་རྐྱང་བྱས། མཚམས་མཚམས་ལ་རྩམ་སྐྱ་ཆུ་བརྫིས་ཤིག་མཉམ་དུ་ཟ་བཞིན། མཚན་གྱི་ཆུ་ཚོད་ལྔ་བ་དྲུག་པ་བར་ལ་ཕྱི་ལོགས་ནས་བསྡད།
ངས་འདི་ནས་ཁྱེད་ལ་སྒེར་གྱི་མི་ཚེའི་བརྒྱུད་རིམ་ཞིག་བཤད། ང་ཐོག་དང་པོར་ཁང་ཚན་ནང་ཁུལ་གྱི་བགྲོ་གླེང་ལ་འགྲོ་དུས། གོ་སྐབས་གཉིས་གྲ་གཉིས་པ་རེད།
བརྗོད་གཞི་དེ་སོ་སོས་ངོས་ནས་གྲ་སྒྲིག་བྱས་བ་ཡིན། གྲོགས་པོ་རྒན་པ་འགའ་ལ་དེའི་ཐོག་ལ་བསམ་ཚུལ་འདོན་བཅུག་པ་ཡིན།
ངེད་རང་གི་ཐད་ཕྱོགས་ནས་ཡིན། འོན་ཀྱང༌། ངེད་ཀྱིས་ཐད་ཕྱོགས་དང་དགག་ཕྱོགས་གཉིས་ཀའི་བརྗོད་གཞི་གྲ་སྒྲིག་བྱས་བ་ཡིན། ཕྱོགས་གཉིས་ཀ་ལ་སྦྱོང་བརྡར་བྱས་བ་ཡིན།
འོན་ཀྱང༌། བགྲོ་གླེང་ལ་སོང་ནས་ཨང་རིམ་ཞིག་རེག་རྒྱུ་ཕར་ཤོག ངའི་ཨམ་སྐད་དེ་གཟུ་དཔང་ཚོས་གོ་གི་མི་འདུག་ཟེར། ངེད་ཀྱི་འཛིན་གྲ་གཅིག་པའི་སློབ་གྲོགས་འགས་ཀྱང་མི་གོ་མདོག་མདོག་སྟོན་སོང༌། དེ་ནས་བཟུང་སྟེ། དུས་རྟག་པར་མཚན་གུང་ཉལ་ཁང་བརྒྱབ་ཀྱི་ཤིང་སྡོང་དེའི་རྩར་ཕྱིན་ནས། སོ་སོའི་བསམ་ཚུལ་རྣམས་ཤིང་སྡོང་རྒན་པ་ཞིག་ལ་བཤད་ནས་ལོ་གཉིས་ཕྱིན་སོང༌། ཤིང་སྡོང་ལ་དྲི་བ་བཏང༌། སོ་སོས་ལན་བརྒྱབ། ཉིན་རེར་གང་སྦྱངས་བ་དེ་ཚོ༌། དགོང་མོ་མ་ཉལ་བའི་སྔོན་ལ། ཤིང་སྡོང་དེའི་མདུན་ནས་སྦྱངས་བཤད་བྱས།
གལ་སྲིད༌། གྲོགས་པོ་ཞིག་གམ་དང་ཡང་ན་དགེ་རྒན་ཞིག་དང་མཉམ་དུ་འཛིན་གྲའི་ནང་ནས་བསམ་ཚུལ་མི་མཐུན་པ་འདྲ་བྱུང་ན། མཚན་མོར་ཤིང་སྡོང་དེའི་རྩར་ཕྱིན་ནས།
ཤིང་སྡོང་དེ་གྲོགས་པོ་དེའམ་དགེ་རྒན་དེའི་ཚབ་ལ་བཞག་ནས། དེ་ལ་སོ་སོའི་བསམ་ཚུལ་རྣམས་བསྐྱར་དུ་བཤད། བསམ་ཚུལ་བཤད་སྟངས་མི་འདྲ་བ་དང་དྲི་ལན་རྒྱག་སྟངས་མི་འདྲ་བ་སྦྱངས། མཚམས་རེར་ཤིང་སྡོང་དེ་དགེ་ཕྲུག་གི་ཚབ་འདྲ་བོར་བཞག་ནས། སོ་སོས་གང་ཤེས་བ་དེ་ཚོར་ཤིང་སྡོང་དེ་ལ་སློབ་འཁྲིད་བྱས། འདི་ལྟར། གང་འཚམས་ཕྱིན་པ་རྗེས་སུ།
འཛིན་རིམ་བདུན་པ་དང་བརྒྱད་པ། དགུ་བ་སོགས་ཀྱི་སྐབས་སུ། བགྲོ་གླེང་ལ་སོང་ན། ཨང་རིམ་དང་པོ་ཡིན་ཡིན་པ་རེད། དེའི་རྗེས་ནས་བཟུང་ཁང་ཚན་ནང་ཁུལ་གྱི་བགྲོ་གླེང་བཀོད་སྒྲིག་བྱེད་མཁན་དང་ལམ་སྟོན་མཁན་འདྲ་བོ་བྱས་བ་ཡིན། ད་དེ་ཙམ་བྱས། སློབ་སྦྱོང་བྱེད་སྟངས་ཀྱི་གསང་བ་ཚང་མ་བཤད་ཀི་མིན། གཙོ་བོ་སོ་སོས་སྦྱོངས། སོ་སོས་སོ་སོར་མང་ཙམ་དྲིས། སོ་སོས་སོ་སོར་ཁ་བརྡ་བྱོས། དྲི་བ་ཐོངས། དྲི་ལན་རྒྱོབས།
ཞི་མོ་ཁྱོ་བོད་ཁྱིམ་ནས་ཡིན་ལབ་ན། ངས་ཅིག་མ་བཤད་པར་སོང་ན་ཡང་བདེ་བོ་མི་འདུག དེ་ལས་བསམ་ཚུལ་རྡོག་རྡོག་འགའ་བཤད་ཀྱི་ཡིན།
ལམ་སྟོན་མིན། ལམ་སྟོན་འདྲ་བྱེད་མི་ཤེས། གཞན་ལ་ལམ་སྟོན་བྱེད་མི་ཤེས༌།
ངེད་རང་སོ་སོས་སོ་སོར་ལམ་སྟོན་བྱས་ནས་འགྲོ་མཁན་ཞིག་ཡིན། ཕ་མའི་ལམ་སྟོན་མེད་པར་ལོ་ངོ་བཅུ་གྲངས་ཕྱིན་སོང༌། དཔུང་གཉེན་གྱི་རྒྱབ་རྩ་མེད་པར་ལོ་ངོ་བཅུ་གྲངས་ཕྱིན་སོང༌།
སློབ་གྲོགས་འདང་ཅན་ཚོ་དང་བོད་ཁྱིམ་གྱི་དགེ་རྒན་དྲིན་ཆེན་ཚོའི་བཀའ་དྲིན་ནམ་ཡང་སེམས་ལ་ཉར་མཁན་ཞིག་ཡིན། དེར་བརྟེན།
འདིར་བསམ་ཚུལ་ཐུང་ཐུང་ཞིག་བཤད་ཨེ་ཐུབ་བལྟ་རྒྱུ་ཡིན།
ཁྱེད་རང་དགག་ཕྱོགས་ནས་ཡིན་ཙང༌།
དང་པོ། བརྗོད་གཞི་འདི་བོད་གཞུང་གཙོས་བའི་ཤེས་རིག་ལས་ཁུངས་སོགས་ཀྱིས་མ་མཁྱེན་པར་སྣང་ཆུང་གི་ངོ་བོར་ལྷག་བསྡད་པ་ཞིག།
ཁྱེད་རང་ལྟ་བུའི་བོད་ཁྱིམ་གྱི་སློབ་མ་ཞིག་གི་བརྗོད་གཞི་མ་རེད་ལབ། སྤྱི་འཐུས་གྲོས་ཚོགས་ཀྱིས་ཀྱང་ལོ་རེའི་སྔོན་རྩིས་དང་ལས་བསྡོམས་མ་གཏོགས་ཤེས་ཡོན་སློབ་གསོའི་སྒང་ལ་དམིགས་བསལ་གྲོས་ཆོད་རྒྱ་ཆེ་བ་དང་ལག་ལེན་ལ་འཁྱོངས་བ་ཞིག་་གཏོང་རྒྱུའི་དགོངས་པ་མ་བཞེས་པར་ལོ་ངོ་བཅུ་གྲངས་ཕྱིན་པ་ཞིག་ ཁྱེད་ལྟ་བུའི་བོད་ཕྲུག་ཆུང་ཆུང་གི་བརྗོད་གཞི་མ་རེད་ལབ། བཙན་བྱོལ་བོད་མིའི་མི་རབས་དང་པོ་དང་གཉིས་པ༌། གསུམ་པ་སོགས་ཀྱི་གནས་སྟངས་ལ་དངོས་ཡོད་མིག་མཐོང་གི་ཉམས་མྱོང་མེད་མཁན། ལོ་རབས་བརྒྱད་ཅུ་དགུ་བཅུའི་ནང་ལ་སྐྱེས་བ་ཁྱེད་རང་ལྟ་བུ་ཞིག་ལ༌། བརྗོད་གཞི་དེ་འདྲ་ལག་པ་འཆང་རྒྱུའི་སྤོབས་པ་དང་གདེང་ཚོད་ཡོང་གི་མི་འདུག་ལབ།
གཉིས། བཙན་བྱོལ་གྱི་མི་ལོ་སུམ་ཅུ་ལྷག་ལ་རྨང་གཞི་བཏིངས་བ་རེད༌། གཞིས་ཆགས་དང་དགོན་པ། སློབ་གྲ་སོགས་ཀྱི་རྨང་གཞི་བཏིངས་བ་རེད།
ཤེས་ཡོན་སློབ་གསོའི་སྒང་ལ་ཕྱག་ལས་དམིགས་བསལ་གནང་ཐུབ་ཡོད་མ་རེད།
གསུམ་པ། དེའི་རྗེས་ཀྱི་མི་ལོ་ཉི་ཤུའི་ནང་ལ་ཐོག་མའི་རྨང་གཞི་དེ་ཚོ་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་པ་བརྒྱབ་འདུག འོན་ཀྱང༌། ཤེས་ཡོན་སློབ་གསོ་དེ་དབྱིན་ཇིས་རྒྱ་གར་ལ་བཏིངས་བའི་ཤེས་ཡོན་གྱི་ལམ་སྲོལ་དེའི་རྔ་མར་མུ་མཐུད་ནས་འཇུས་བ་ཡིན་ཙང༌། ཡག་པོ་འཁྱོངས་ཡོད་མ་རེད། བོད་ཕྲུག་རྣམས་ཕྱི་མི་ལ་བསྒྱུར་བྱེད་ཀྱི་ཤེས་ཡོན་ལམ་སྲོལ་ཞིག་ལག་བསྟར་བྱས་བ་རེད་མ་གཏོགས་བོད་མི་བཟོ་བྱེད་ཀྱི་ཤེས་ཡོན་ལམ་སྲོལ་ཞིག་ལག་བསྟར་བྱས་ཡོད་མ་རེད། ད་ལྟའི་བཀའ་བློན་ཁྲི་བ་དང་ཁོང་གི་འཛིན་སྐྱོང་སྐབས་དང་པོའི་བར་དུ།
རང་གཞུང་ནས་ད་ལྟ་དང་མ་འོངས་བར་བོད་རང་དབང་བསྐྱར་གསོ་བྱུང་རྗེས་བཅས་སུ་ཕྱག་ལེན་བསྟར་འོས་བོད་ཀྱི་ཤེས་ཡོན་སྲིད་ཇུས་ཚད་ལྡན་ཞིག་གཏན་འབེབས་གནང་ཐུབ་ཡོད་པ་མ་རེད།
བཞི་པ། དེ་ནས་གཞུང་གི་སྡེ་ཚན་ཤེས་རིག་ལས་ཁུངས་གཙོས་བའི་འཛིན་སྐྱོང་དང་སྡེ་ཚན་ཁག་གི་ངོས་ནས་ཤེས་ཡོན་སློབ་གསོའི་ཐོག་ལ་ཕྱག་ལས་དོན་འབྲས་ཐོན་པ་གནང་ཡོད་མ་རེད་ལབ། ཉི་མ་གང་འཁྱོལ་གྱི་ལས་ཀ་མང་པོ་བྱས་བ་རེད་ལབ། ཐ་ན། གཞི་རིམ་འཛིན་གྲ་དང་པོ་ནས་དྲུག་པ་དབར་གྱི་ཀློག་དེབ་དེ་ཚོ་ཡང་ཡག་པོ་ཞིག་བསྒྲིགས་ཐུབ་ཡོད་པ་མ་རེད༌།མི་བདེན་ན། ཀློག་དེབ་དེ་ཚོའི་སྦྱོང་ཚན་གོ་སྒྲིག་བྱེད་སྟངས་གཅིག་པོར་ཞིབ་འཇུག་བྱས་གསུངས། སློབ་མའི་བསམ་བློའི་གནས་ཚད་དང་འབྲི་ཀློག་གི་གནས་ཚད་ལ་བབ་པའི་ཀློག་དེབ་བསྒྲིགས་མི་འདུག་གསུས། གཞི་རིམ་འཛིན་གྲ་བཅུ་བ་ལྟ་བུར་ལེགས་བཤད་བློ་གསལ་མི་འབྱེད་འཁྲིད་ན༌། ཚད་གང་ལ་སླེབས་ཐུབ་ཀྱི་རེད།
ལྔ་པ། དེ་ནས་དེའི་ཞོར་ལ། དགེ་རྒན་སྤུས་ཚད་ལྡན་པ་མང་པོ་མ་བྱུང་བ་རེད་ལབ། དེ་མ་བྱུང་བའི་རྒྱུ་རྐྱེན་ནི། སློབ་གསོའིལས་དོན་ལས་ཕོགས་ཐོབ་ཡག་པའི་ལས་ཀ་བྱེད་མཁན་མང་དུ་སོང་བ་རེད། བཙན་བྱོལ་ནང་གི་བོད་ཡིག་གི་ཆུ་ཚད་ཡག་པོ་ཡོད་མཁན་མང་ཆེ་བ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕྱིན་པ་རེད། བོད་ནས་སླེབས་མཁན་བོད་ཡིག་ཡག་པོ་ཡོད་མཁན་མང་ཆེ་བས་དགེ་ན་རྒན་མ་བྱས་བར༌། ཞིབ་འཇུག་འདྲ་བོ་དང་རྩོམ་སྒྲིག་གི་ལས་ཀ་ལ་འཇུས་བ་རེད། དགེ་རྒན་གྱི་ལས་ཀར་དབྱིངས་ཡོད་མཁན་ཉུང་དུ་ཕྱིན་པ་རེད།
མཐའ་མར་དགེ་རྒན་གྱི་ལས་ཀ་དེ་བོད་ཡིག་གི་ཤེས་ཡོན་ཅུང་ཙམ་སྐྱོ་བ་དེ་ཚོའི་ལག་ལ་ལྷུང་བ་རེད།
དྲུག་པ། དེ་ནས་༧གོང་ས་མཆོག་གི་དགོངས་གཞི་ནང་བཞིན་རིགས་གཅིག་རྐང་འཛིན་པ་མང་པོ་གསོ་སྐྱོང་གནང་ཐུབ་མེད་པ་དེ་འཐུས་ཤོར་གྱི་ཆ་ཆེ་ཤོས་དེ་རེད།
འདབ་གཤོག་གཉིས་ལྡན་གྱིས་བོད་རིགས་ཤེས་ཡོན་པ་མང་པོ་མ་བྱུང་བ་རེད། ཁ་ཤས་ཤིག་ཡོད་པ་དེ་ཚོས། གཤོག་པ་སྐྱེས་ནས་འཕུར་བ་རེད།
བདུན་པ། དེ་ནས་བཙན་བྱོལ་དུ་ཁྱིམ་ཚང་སློབ་གསོ་ཚད་གཞི་ཧ་ཅང་ནས་སྐྱོ་བོ་ཡིན་པའི་ཐོག་ལ་སློབ་མའི་ངོས་ནས་སློབ་སྦྱོང་ལ་དོ་སྣང་དང་སྦྱངས་བརྩོན་ཡང་ལོ་རེ་ནས་ལོ་རེར་ཉམས་རྒུད་དུ་འགྲོ་བཞིན་པ་དེ་རེད། ཁྱིམ་ཚང་གི་ནང་ན་སྒོར་མོའི་སྐད་ཆ་མ་གཏོགས་སློབ་སྦྱོང་གི་སྐད་ཆ་མེད། སློབ་མ་ཚོའི་ངོས་ན་ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུའི་འགྲན་བསྡུར་མ་གཏོགས་མེད། གྲོགས་པོ་གྲོགས་མོ་ཚོའི་དབར་ན་སློབ་སྦྱོང་གི་སྐད་ཆ་ལས་ཟ་རྒྱུ་འཐུང་རྒྱུའི་གླེང་མོལ་མང༌།
བརྒྱད་པ། ང་ཚོ་གནས་སྡོད་བྱེད་ས་དེ་སོ་སོའི་ས་ཆ་མིན་ཙང༌། ཚང་མ་སོ་སོའི་རང་དབང་ན་ཡོད་མ་མེད། ཚང་མ་གཞན་དབང་སྟབས་བསྟུན་ཤ་སྟག་རེད། འདི་དཀའ་ངལ་ཅིག་རེད། དགུ་བ། བོད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་མ་རེག་པ་རེད་ལབ། ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གྱོན་རྒྱུ། ལག་ནས་བསྣོག་རྒྱུ་ཚང་མ་བོད་ཡིག་མ་རེད༌།
བོད་ཡིག་དེ་བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་ཟུར་བ་དགེ་འདུན་རབ་གསལ་ལགས་ཀྱིས་གསུངས་བ་བཞིན། ཀློག་དེབ་དང་སྒྲོག་ཙེ་གཉིས་ཀྱི་རྒྱ་ཁྱོན་ལས་བརྒལ་མ་ཐུབ་པར་ལྷག་བསྡད་པ་དེ་རེད། མདོར་ན། བོད་ཡིག་ལ་ཟ་རྒྱུ་ཅང་མ་རེག་པར་ལྷག་ནས་ཡོད་པ་འདི་ཡང་གཅིག་རེད།
བཅུ་པ། གཞིས་ཆགས་ཁག་ན། རྒན་རྒོན་ཚོ་མ་གཏོགས་བོད་རིགས་ན་གཞོན་ཚོ། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཆུ་བཞིན་བཞུར་འགྲོ་བཞིན་པ་འདི་ཡང་ཤེས་ཡོན་སློབ་གསོའི་མ་འདང་བའེད།་ ངས་སེམས་ལ་གང་དྲན་དྲན་ཞིག་མ་གཏོགས། བསམ་བློ་ཞིབ་ཚགས་གཏོང་རྒྱུའི་དུས་ཚོད་རེག་མ་སོང༌། བརྗོད་གཞི་འདི་འདྲའི་རིགས་ལ་བསམ་བློ་མང་པོ་བཏང་ན།
སེམས་མི་སྐྱིད་ཀི་ དགོངས་དག
གཞན། ཁྱོད་རང་སློབ་གྲའི་དཔེ་མཛོད་དུ་སོང་ནས་ཟམ་གདོང་རིན་པོ་ཆེ་མཆོག་གིས་བརྩམས་གནང་བའི་བཙན་བྱོལ་བོད་མིའི་སློབ་གྲ་ཁག་ནང་འབྱུང་འགྱུར་འབྲིམ་རིམ་འཛིན་གྲ་བར་བོད་ཡིག་གི་ལམ་ནས་སློབ་ཚན་ཡོངས་རྫོགས་སློབ་ཁྲིད་བྱེད་ཕྱོགས་ཀྱི་འཆར་ཟིན་ཟེར་བ་དེར་ཅིག་བལྟོས་ར། ད་དུང་ཤེས་རིག་ལས་ཁུངས་ནས་འདོན་བཞིན་པའི་ཤེས་ཡོན་ཟེར་བའི་དུས་དེབ་དེ་ཚོར་ཅིག་བལྟོས་ར། གཞན། བུད་མེད་རྩོམ་པ་པོ་ཆུ་སྐྱེས་སྒྲོལ་མ་ལགས་ནས་དགེ་རྒན་དང་སློབ་མའི་སྐོར་ལ་སོ་སོའི་ཉམས་མྱོང་དང་སྦྱར་ནས་ཅིག་བྲིས་འདུག དེ་ལ་ཡང་གཅིག་བལྟོས་ར། གཞན་ཁྱེད་རང་རྡ་ལམ་ས་ལའི་ཉེ་འགྲམ་དེ་འདྲར་ཡོད་ན། ངེད་ཀྱི་གྲོགས་པོ་ཞིག་གིས་སྔོན་མ། བཙན་བྱོལ་གྱི་ཤེས་ཡིག་སློབ་གསོར་ཞིབ་འཇུག་བྱས་བའི་སྙན་ཐོ་དེབ་གཟུགས་ལོངས་བ་ཞིག་བྲིས་འདུག གཅིག་བྱས་ན༌། ཁོང་གི་སྙན་ཐོ་དེ་རྡ་ལམ་ས་ལའི་ཉེ་འཁོར་གྱི་དཔེ་མཛོད་དེ་བ་ནས་རེག་སྲིད།སྙན་ཐོ་དེའི་ནང་ན་བཙན་བྱོལ་གྱི་ཤེས་རིག་ལོ་རྒྱུས་དང་ཤེས་ཡོན་གནས་སྟངས་སོགས་སློབ་གྲ་རེ་རེར་ཞིབ་འཇུག་བྱས་ནས་བྲིས་འདུག ད་དེ་ཙམ་ཡིན།
ཡང་ངས་ཞི་མོ་ཁྱོ་ལ་ཐབས་ལམ་ཞིག་བཤད། ཁྱེད་ཀྱིས་སོ་སོའི་བརྗོད་གཞི་དེ་མ་བྲིས་བའི་སྔོན་ལ།
སང་ཉིན་བགྲོ་གླེང་གི་གཟུ་དཔང་ལ་དགེ་རྒན་འདི་ཡོང་གི་རེད་བསམ་པ་དེ་ཚོའི་རྩར་ཕྱིན་ནས། ཁོང་ཚོའི་རྩ་ནས་བསམ་ཚུལ་ལོངས།
གལ་སྲིད་ཁོང་ཚོའི་བསམ་ཚུལ་དེ་ཚོ་ཡག་པོ་འདུག་བསམ་ན། དེ་ཚོ་ཡང་ཁྱེད་རང་གི་བརྗོད་གཞིའི་ནང་ལ་ཅུང་ཟད་རེ་བཅུག་དང༌།
ཁྱེད་རང་ཨང་རིམ་དང་པོ་དེ་འདྲ་དགོ་མཁན་ཡིན་ན། ཕན་ཐོགས་ཡོད། གཙོ་བོ་སྐད་ཆ་བཤད་དུས་གདེང་ཚོད་དགོས་རྒྱུ་ཧ་ཅང་གལ་ཆེ།
དེ་ནས་བགྲོ་གླེང་གི་བརྗོད་གཞི་དེ་གནད་དོན་གཙོ་བོ་གཉིས་གསུམ་གྱི་ནང་ལ་བཅུག་ནས་སྐྱོར། གདེང་ཚོད་ཡོད་པ། སྐད་གདངས་གསལ་བ།
གདོང་གི་རྣམ་འགྱུར་རན་པ། མིག་གི་བལྟ་སྟངས་མ་ནོར་བ། མིག་གི་གཏད་ས་གཙོ་བོ་དེ་གཟུ་དཔང་རྣམས་པ་བྱོས།
དྲི་ལན་རྒྱག་དུས། གནད་དོན་གཅིག་གཉིས་གཞི་ལ་བཞག་ནས་རྒྱོབས། དྲི་བ་འདྲི་དུས། ཁ་གཏད་ཀྱི་བརྗོད་གཞིའི་ནང་ནས་དྲི་བ་འཚོལ་ཐུབ་ན་རབ་རེད།
དེ་མ་ཐུབ་ན་དང་པོ་ནས་དྲི་བ་ཡག་པོ་གསུམ་བཞི་རེ་སེམས་ལ་གྲ་སྒྲིག་བྱས་ནས་སོང༌།
གལ་སྲིད་ཁྱེད་རང་ཨ་མདོ་བ་ཞིག་ཡིན་ན། སང་ཉིན་བགྲོ་གླེང་ལ་ཨ་མདོ་ཞི་མོའི་ཆས་གཙང་མ་ཞིག་གྱོན་ནས་སོང༌།
དབུས་གཙང་དང་ཁམས་པ་ཡིན་ན་ཡང་དེ་བཞིན་བྱོས། འདི་རེ་བ་ཡིན།
སྤྱིར་དྲ་ཐོག་འདི་ན་ཞི་མོ་ཞིག་རིག་སོང་ན་རང་གི་སྲོག་ཀྱང་བརྗེད་འགྲོ་མཁན་དྲ་གྲོགས་གཉིས་ཡོད། དང་པོ་ཨ་ཁུ་ཀླུ་སྨྱོན་ཚང་དང་གཉིས་པ་དེ་ཨ་ཁུ་རིག་འབྱུང་ཚང་གཉིས་ཡིན།
ཞི་མོ་ཞིག་ཡིན་ན་མ་གཏོགས་འདི་གཉིས་ཀྱིས་ཞེ་བསམ་པའི་གཏིང་ནས་དང་ཤ་མཆིན་པའི་འོག་ནས་མཆན་བུ་མི་འདེབས་ལ་རོགས་པ་ཡང་བྱེད་བློ་མི་ཤར།
གྱེ་རིང་ཡང་རིག་འབྱུང་ཚང་གིས་རང་གི་ནམ་དུས་རྒྱུན་གྱི་རང་གཤིས་སྟོན་ནས་ཞི་མོ་འདི་ལ་ལམ་སྟོན་ཟེར་ནས་སྟོང་བཤད་རྒྱག་གིན་འདུག ཡིན་ནའང༌། ཡ་མཚན་པ་ཞིག་ལ་དེ་རིང་ཨ་ཁུ་ཀླུ་སྨྱོན་ཐོན་མི་འདུག འདི་ད་བདེན་ནི་ཟིག་ཡིན་དཀའ་མོ་རེད།
བཙན་བྱོལ་ནང་མི་ལོ་ལྔ་བཅུའི་རིང་ཤེས་ཡོན་ཐོག་གྲུབ་འབྲས་ལེགས་ཤོས་བྱུང་ཡོད་ཅེས་པ་འདི་བདེན་མི་བདེན་ནི་སྔ་ལོ་སྐྱབས་མགོན་རིན་པོ་ཆེན་མཆོག་ནས་བོད་ཁྱིམ་སློབ་གྲྭཌྷའི་མཛད་སྒོ་ཐོག་ཤེས་ཡོན་དང་འབྲེལ་བའི་བཀའ་སློབ་དེ་ངེས་པ་དུ་ལས་གཅིག་ལྟ་ཀློག། བཀའ་སློབ་དེའི་རྗེས་སུ་བཙན་ཌྷབྱོལ་སྤྱིར་ཚོགས་ནང་ཤེས་ཡོན་སྐོར་ལ་རླུང་འ༷ཕྲིན་དང་ཚགས་ཤོག་སོགས་ནང་བགྲོ་གླིང་དང་ཆེད་རྩོམ་སྤེལ་བ། དེ་དང་ལྷན་དུ་ཤེས་རིག་ལས་ཁངས་ནས་ཀྱང་རྡ་ས་ཉེ་འཁོར་དུ་ཡོད་པའི་བོད་པཌྷའི་ཆེད་ལས་པ་དང་མཁས་བ་ཁག་གཅིག་སྐད་བཏང་སྟེ་ཤེས་ཡོན་ཐོག་ཚོགས་འདུ་ཞིང་འཚོགས་ཡོད་པས་དེ་ཚོཌྷའི་ཐོག་སླར་ཡང་ལྟ་ཀློག་བྱ་ཐུབ་ན་དགེ་ཕན་ཡོད་སྲིད་སྙམ།
ཞོར་ལ་སྒྲུང་ཞིག་བཤད་ཆོག་བ་ཞུ།
སྔོན་མ་རང་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་༡༡་ནང་ཡོད་དུས་ཤིང་ལ་ང་ཚོའི་ཁང་ཚན་དགེ་རྒན་རང་ས་འོང་ནས་ཁྱེད་རྩེད་མོ་ནང་འཛིལ་རྒྱུ་ཡིན་ནམ། ཡང་ན་བོད་ཡིག་བགྲོ་གླེང་ནང་ཆ་ཤས་ལན་འདོད་ཡོད་ཅེས་བོད་ཡིག་བགྲོ་གླེང་ནང་འཛིལ་མཁན་གྱི་སློབ་མ་དཀོན་པོ་ཡོད་ཙམ་བསྐུལ་སྐབས་སུ་རང་གཉིས་ཀ་ནང་འཛིལ་འདོད་ཀྱི་བློ་མ་མཆིམ་རང་དགེ་རྒན་གྱི་བཀའ་ཡིན་ཙམ་བོད་ཡིག་བགྲོ་གླེང་ནང་འཛིལ་ཡིན། སྐབས་དེ་བརྗོད་གཞི་ནི་བཀའ་བློན་ཁྲི་པའི་ལ་སྐོར་ཡིན། སྔོན་མ་རང་དབྱིན་སྐད་ཐོག་བགྲོ་གླེང་ནང་ཐེངས་འགར་སྡིངས་ཆ་སྟིང་ལོངས་མྱོང་རུང་བོད་སྐད་རང་ཐོག་ལོངས་མྱོང་རྩ་མ་ནས་མེད་སྟབས་ཉིན་འགའ་ལ་སེམས་འཚབ་དང་སྐྲག་སྣང་ནང་དུས་འདས་སོང། ཡང་དགོས་བོད་ཡིག་གི་བགྲོ་གླེང་སོང་ཙམ་རང་ཉིད་སོ་སོས་འགན་བཟུང་ནས་གྲ་སྒྲིག་མ་བྱེད་པ་དགེ་རྒན་གྱིས་རོགས་རམ་ལ་སྐྱོང་ན་ནམ་ཡང་མི་འགྲུབ་ངེས། སྐབས་དེ་ངེས་བསམ་པར་དགེ་རྒན་གྱིས་རོགས་མི་བྱེད་ཐལ་དྲན་ནས་སྐུར་འདེབས་ཀྱང་བྱས་མྱོང་མོད། ད་དོན་དངོས་ཐད་མནོ་བསམ་རེ་གཏོང་ཁུལ་བྱེད་དུས། སྐབས་དེ་དགེ་རྒན་དེས་ཌྷའགན་ཆ་ཚང་ང་ལ་སྤྲོད་དེ་གྲ་སྒྲིག་དགོས་བ་བཤད་པ་དེའི་ཤེད་ཀྱིས་བགྲོ་གླེང་དང་འབྲིལ་བའི་དཔེ་བདེ་མང་ངག་ཤིག་དགོས་པའི་དབང་གིས་བཀླགས་རྒྱུ་གོ་སྐབས་ཐོབ།
བགྲོ་གླེང་སྐབས་སུ་རྩེད་རོགས་ཚོ་ལས་ངའི་བརྗོད་གཞིའི་དོན་དག་བཟང་ཞིང་དོན་ལ་བབས་པ་ཞིག་ཡོད་པ་ངཌྷཌྷའི་གྲོགས་དང་དགེ་རྒན་འགས་ལབ་་མྱོང། བོད་ཁྱིམ་སློབ་གྲྭ་ནང་ལོ་རིང་འགྲིམས་པའི་བརྒྱུད་རིམ་ནང་སྐབས་དེ་བདེ་ལྟ་ཀློག་བྱེད་པ་ནང་བཞིན་ཞིང་འཛིན་གྲྭ་༡༠་དང་༡༢་ཡི་རྒྱལ་ཡོངས་ཡིག་རྒྱགས་ལ་ཡང་སྦྱངས་མེད། ཡིན་ན་ཡང་བགྲོ་གླེང་སྐབས་སུ་རང་ནས་ཁམས་སྐད་ཤུགས་ཆེ་རྒྱག་སྟབས་ཁམས་སྐད་ལ་འཆར་རྒྱུས་མེད་པའི་གཟུ་དཔང་རྣམས་པ་གསུམ་གྱིས་དོན་ཡག་མོ་མ་གོ་བའི་རྐྱོན་གྱིས་ཨམ་རིམ་དྲུག་པ་ལས་སྤྲོད་མི་འདུག། དཀའ་ལས་གང་ཙམ་རྒྱག་པའི་འབྲས་བུ་འདི་ཡིན་རྒྱུ་མ་རེད་དྲན་ནས་ཉིག་འགར་དགེ་རྒན་དང་རང་གཉིས་ཀར་ལ་སྐྲོག་ན་ཞིག་ལོངས་ཁུལ་ཡང་བྱས་ཡིན། བགྲོ་གླེང་ཐོག་གཟུ་དཔང་བྱེད་མའི་དགེ་རྒན་གཅིག་ནི་རང་དང་འཆམ་པོ་ཡོད་པས། ཁོང་གིས་ཉིན་འགའི་རྗེས་ངས་གྲ་སྒྲིག་གནང་བའི་བགྲོ་གླེང་གྱི་བརྗོད་གཞི་དེ་འཁྱེར་ནས་སོང། ཕྱི་ཉིན་རངཌྷ་དགེ་རྒན་དེས་ངས་བྲིས་པཌྷཌྷའི་བགྲོ་གླེང་གྱི་བརྗོད་གཞིའི་ཤོག་འོག་ལ་ལེགས་ཤེས་པའི་མཆན་ཞིང་སྨྱུག་གུ་དམར་བས་བཀོད་ནས་སྦྱིན་སོང། བདེ་པོ་རང་མ་བྱུང་།
མི་ལ་དེ་ཙམ་མ་རེ་ནས་གནད་དོན་འདིཌྷའི་རིགས་ལ་སོ་སོས་འབད་མརྩོན་གྱིན་དང་ཨམ་རིམ་རེག་མེད་ལ་མ་བརྟན་པ་ཡོན་ཏན་གང་འཕེལ་འགྲོ་བར་ཕན་ངེས་ཅན་རེ་མཆིམ་པ་ནི་ཟེར་མེད་ཡིན། དཔའ་དབྱངས་ལགས
མཅོས་ དེབ་ལ་བདེ་སོགས་ཚིག་འགའ་རེ་ནོར་འདུག་བས་དགོངས་སྲན་ཞུ།
གོང་གི་ངེད་ཀྱི་བསམ་ཚུལ་དེ་ཚོའི་ནང་ན་ཚིག་ནོར་ཧ་ཅང་མང་པོ་ཤོར་འདུག དེ་ལ་དགོངས་དག་ཞུ།
རྒྱུ་མཚན། དེ་རིང་སང་ཉིན། ངེད་རང་ལྷོད་ལྷོད་བྱས་ནས་ལས་ཀ་གཅིག་གི་སྒང་ལ་འཐམ་འདུག་རྒྱུའི་དུས་ཚོད་དེ་མེད།
བོད་ཁྱིམ་སློབ་མ་པདྨ་དཔའ་དབྱངས་ལགས་ལ།
གལ་ཏེ་ཁྱེད་རང་བགྲོ་གླེང་འདིའི་མཐུན་ཕྱོགས་ཡིན་པའི་དབང་དུ་བྱས་ནས་བཤད་ན། ས་མཐའ་དང་གཞན་གྱི་ཡུལ་དུ་ཆབ་སྲིད་དང་འཚོ་གནས་གང་ཐད་ནས་གཏད་སོ་གང་ཡང་མེད་པའི་འོག་བཙན་བྱོལ་ནང་མི་ལོ་ལྔ་བཅུའི་རིང་ཤེས་ཡོན་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཡར་རྒྱས་སུ་བཏང་བ། དེ་ཡང་ཤེས་རིག་སྡེ་ཚན་འོག་ཏུ་བསླབ་གྲྭ་ཁག་ཤེས་ཡོན་དང་། ཆོས་རིག་ལས་ཁུངས་འོག་ནས་དགོན་སྡེ་ཁག་གི་ཤེས་རིག་འཛིན་སྐྱོང་ཡར་རྒྱས་དངོས་ཡོད་ཀྱི་ལོ་རྒྱུས་ཆུ་ཚོད་ལ་བསྟུན་དེ་ཅུང་ཟད་བཤད་ཐུབ་ན་བཟང་།
དེ་ནས་ཤེས་ཡོན་གྱི་གོ་དོན་ནི། ཤེས་བྱའི་རྣམ་གྲངས་གང་ཞིག་སྦྱང་ནས་རང་ཉིད་ཀྱིས་ཤེས་ཟིན་པ་ཙམ་མ་ཡིན་པར་དེ་ཉིད་ཀྱིས་རང་ཉིད་དང་གཞན་སྤྱི་ཚོགས་ནང་ལ་ཕན་པ་སྒྲུབ་ཐུབ་པའམ། བསྒྲུབས་ཟིན་པའི་ནུས་པ་ཅིག་ལ་ཤེས་ཡོན་ཟེར་ན་འགྲིག སྐབས་དང་སྦྱར་ནས་བཤད་ན་བོད་ཀྱིས་ཤེས་ཡོན་རེད། བོད་ཀྱིས་ཤེས་ཡོན། བསླབ་གྲྭ་ཁག་གི་ནང་དུ་སྦྱང་ནས་རང་ཉིད་དམ་བོད་སྤྱི་ཚོགས་ནང་དུ་ཞབས་ཞུ་སྒྲུབ་པའི་དཔེར་མཚོན་དང་སྦྱར་ནས་གང་ཐུབ་ཐུབ་ཅིག་བཤད་། དེ་ནས་ཁྱབ་ཚད་ཀྱི་ཕྱོགས་ནས་བེད་སྤྱོད་གང་དག་ལ་གཏོང་གི་ཡོད་པ། དཔེར་ན། ཆབ་སྲིད་ཕྱོགས་ནས་རེད། དཔལ་འབྱོར་ཕྱོགས་ནས་རེད། རིག་གནས་ཕྱོགས་ནས་རེད། ཆོས་ཕྱོགས་ནས་རེད་གང་དང་གང་ལ་བེད་སྤྱོད་གཏོང་གི་ཡོད་པ་དེ་དག་དཔེ་དང་སྦྱར་ནས་བཤད།
གྲུབ་འབྲས་དེ་བོད་གཞུང་གིས་དང་། ལས་ཀྱི་སྣེ་མོ་བ་དག་གིས་དང་། སློབ་དགེ་རྣམས་ཀྱི་དང་། རང་ཉིད་ཀྱི་སྦྱང་བའི་བརྩོན་འགྲུབ་བཅས་ཀྱི་ཕྱོགས་ནས་བཤད་དེ་གྲུབ་འབྲས་བཤད་ནས་རང་ཉིད་ཀྱི་བགྲོ་གླེང་གི་མཇུག་བསྡུས་ན་ཡག
གལ་ཏེ་ཁྱེད་རང་བརྗོད་གཞི་དེའི་དགག་ཕྱོགས་པ་ཡིན་པའི་ཆ་ནས། ༼བཙན་བྱོལ་ནང་མི་ལོ་ལྔ་བཅུའི་རིང་ཤེས་ ཡོན་ཐོག་གྲུབ་འབྲས་ལེགས་ཤོས་བྱུང་ཡོད༽ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཐོག་མི་མཐུན་ཕྱོགས་བགྲོ་གླེང་བྱེད་དགོས། གཙོ་བོ་གྲུབ་འབྲས་ཕྱོགས་ནས་ཤོད། འདིས་གཙོ་བོ་གཞུང་གི་ཕྱོགས་ན་མ་འདང་ས་ཡོད་པ་དང་། ལས་བྱེད་ཕྱོགས་ནས་མ་འདངས་ས་ཡོད་པ་དང་། སློབ་གྲྭའི་བཀོད་སྒྲིག་ཕྱོགས་ནས་མ་འདངས་ས་ཡོད་པ་དང་། སློབ་ཕྲུག་རྣམས་ཀྱི་དོ་སྣང་སྤྲོད་ཕྱོགས་ཐད་ནས་མ་འདངས་ས་ཡོད་པ་རྣམས་ལ་དགག་ཕྱོགས་ཐོན་དགོས།
༡ གཞུང་ཕྱོགས་ནས་མ་འདང་ས་ཡོད་པ་དཔེར་ན། སློབ་དེབ་རྣམས་སློབ་མའི་ལོ་ཚད་དང་དོ་སྣང་ལ་བསྟུན་ནས་མ་བཟོས་པ། དེ་ནས་བོད་ཡིག་གི་འཛིན་གྲྭ་དེ་ཉིན་རེའི་དུས་ཚོད་ཀྱི་བརྒྱ་ཆའི་བཅུ་ལས་མེད་པ། བོད་ཡིག་གི་ཤེས་ཚད་ལོངས་པར་ལས་ཀ་བཀོད་སྒྲིག་བྱེད་མ་ཐུབ་པ། དེ་ནས་བོད་ཡིག་བེད་སྤྱོད་བྱེད་ཕྱོགས་ཐད་སྟངས་འཛིན་གང་ཡང་མེད་པ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཡིག་འབྲེལ་གང་ཡིན་ན་ཡང་བོད་ཡིག་བེད་སྤྱོད་མ་བཏང་བ། རང་རེ་སྤྱི་ཚོགས་ཀྱི་ཐོན་རྫས་གང་ཡིན་ལ་བོད་ཡིག་གི་མིང་མ་བཏགས་པ། འདི་ཚོའི་དཔེ་དོན་དེ་ཐག་རིང་ནས་མ་འཇོག ཀ་ལི་ཀ་ཏའི་རྒྱ་ནག་གྲོང་དང་། ཏ་མེལ་ན་རོའི་ཧྥ་རན་སའི་གྲོང་ལྟ་བུ་དང་བསྡུར་ནས་ཤོད། དེ་ཚོས་རང་གི་ཐོན་ཁུངས་དཔེར་ན་མོག་ཚགས་ཅིག་བཟོ་ན་རང་གི་སྐད་ཡིག་ལ་བརྟེན་ནས་བཟོ་རྒྱུ་རེད་ལ། མཐའ་མར་འགྲེམ་སྤེལ་བྱས་ན་ཡང་ཀ་ལི་ཀ་ཏེ་རྒྱ་ནག་གྲོང་ནས་ཐོན་ཅེས་འགྲེམ་སྤེལ་བྱེད་པ་དེ་དག་དང་། ད་མེལ་གྱི་ཧྥ་རན་སིའི་གྲོང་གི་ཐོན་རྫས་དེ་དག་ལ་དེ་ལས་ཀྱང་རང་གི་རིག་གཞུང་ཁོ་ན་མ་གཏོགས་བེད་སྤྱོད་མི་གཏོང་བ་འདི་དང་བསྡུར་ནས་འདི་དག་ནི་བེད་སྤྱོད་བཀོད་སྒྲིག་ཕྱོགས་བོད་གཞུང་ནས་མ་འདང་བའི་ཁུངས་ལ་རྩིས་ནས་ཤོད།
དེ་ནས་སློབ་དེབ་དང་དུས་ཚོད་ཕྱོགས་ནས་རེད། སྔོན་མ་ང་དགེ་རྒན་ཡིན་དུས་འཛིན་གྲྭ་དྲུག་པ་བདུན་པ་ལ་སྙན་ངག་མེ་ལོང་དང་རྒྱལ་རབས་ལོ་རྒྱས་མཁྲེག་ཐག་ཆོད་ཡོད། ཡིན་ན་ཡང་སུམ་རྟགས་གི་ཐོབ་ཐང་སོགས་ལ་དཔེ་སྦྱོར་དང་སྦྱར་ནས་ཡིད་ཚིམ་པ་ཅིག་མེད། ད་དུང་དབུ་མེད་སྦྱང་བའི་སྐོར་ལ་ཡང་མང་པོ་ཅིག་ཡོད། དེ་ཚོ་དུས་ཚོད་ཀྱི་འདང་གི་མི་འདུག་ན་གལ་ཆེན་པོ་མ་རེད། དེ་ནས་མིང་ཚིག་སྐོར་ལ་མེད་། འདི་ཚོ་གལ་ཆེ། དང་པོ་མིང་ཚིག་མ་གསོགས་པར་སྙན་ངག་ཁྲིད་ན་འདི་ཡང་ཡ་མཚན་ཅིག་ཡིན་དེ་ཚོ་བཤད་དགོས།
དེ་ནས་གཞན་དག་གིས་དཔེར་ན་འཁུར་ཁུག་ཅིག་ཡིན་ན་ཡང་ཤེས་ཡོན་གྱི་གོ་དོན་དང་དེའི་ཁྱབ་ཚད།
དེ་ནས་སློབ་སྤྱི་ལས་དགེ་རྒན་དབང་ཆེ་བ་དེ་ཚོས་དུས་ཚོད་འཐུས་ཤོར་གཏོང་བ་དཔེར་ན་འཛིན་གྲྭའི་དུས་ཚོད་ལ་དག་དག་མི་སླེབས་པ། སློབ་ཕྲུག་ལ་ཡ་རབས་ཀྱི་བག་ཆགས་མི་འཇོག་པ། དེ་ཚོ་ཡང་སྟབས་བདེ་ན་ཤོད། དེ་མིན་སྟབས་མི་བདེ་ན། སློབ་སྦྱོང་ཡར་རྒྱས་གཏོང་ཕྱོགས་ཐད་དགེ་སློབ་མཉམ་འཛོམས་ཀྱི་ཚོགས་འདུ་ཟླ་རེར་ཐེངས་རེ་ཚོགས་དགོས་པའི་བསམ་ཚུལ་བཏོན།
དེ་ནས་སློབ་མཐར་ཕྱིན་རྗེས་བོད་ཡིག་ཐོག་ལས་ཀ་སྤྲོད་ཕྱོགས་ཐད་ནས་བསམ་ཚུལ་མང་ཙམ་འདོན་དགོས། གཞུང་འབྲེལ་ལས་ཁུངས་ཁག་གཅིག་པུ་མ་ཡིན་པར། ཁེ་ལས་བཟོ་གྲྭ་དང་ཚོང་ལས། སོ་ནམ་སོགས་ཀྱི་སྐོར་ནས་ཤོད།
དེ་མིན་མང་པོ་ཅིག་གོང་དུ་གྲྭ་གྲོགས་ཁ་ཤས་ཀྱིས་གསུངས་པ་ལྟར་ཤིན་ཏུ་ལེགས་པས་དེ་ནས་ལོངས།
ད་དེ་ཙམ་བྱོས། རྗེས་ནས་ཁོམས་པ་ཡོད་ན་ཡང་བསྐྱར་བཏང་ཡོང་། དེ་རིང་འདིའི་ནང་དུ་བཀོད་ཡོད་པས་ཉིད་ཀྱི་ཁ་བྱང་ཐོག་གཏོང་མི་དགོས་པ་བྱ།
རེ་བ་ཅན་གྱི་དགེ་རྒན་ལ་བདུན་ཕྲག་ལ་བོད་ཡིག་ལ་ཆུ་ཚོད་གསུམ་ལས་སློབ་སྐལ་མེད་སར་འདི་འདྲའི་ལས་བྱ་འགུལ་སྤེལ་བར་རྗེས་སུ་ཡི་རངས་ཡོད་ཅེས་ཤོད།
འོ་ཡ་ད་རིག་འབྱུང་གི་དེ་ནས་མང་ཙམ་ལེན་རོགས། ངས་དེ་ནང་ལ། ལྷག་པ་དང་ནི་ཆད་པ་དང་མང་པོ་འདུག
བོད་ནང་སྐྱེས་ཀྱང་སློབ་གྲྭ་ཆས་མ་མྱོང་ཙམ། བོད་ནང་ཉིན་གཅིག་ལ་བོད་ཡིག་དང་འབྲེལ་བའི་འཛིན་གྲྭ་ཛྷཇི་ཙམ་འཚོགས་རྒྱུ་ཡོད་མེད་དེ་ཁ་གསལ་མ་ཤེས། ཡིན་ན་ཡང་བཙན་བྱོལ་སྤྱིར་ཚོགས་ནང་ཡོད་པའི་སློབ་གྲྭ་ཁག་ནང་བོད་ཡོག་གི་འཛིན་གྲྭ་འཚོགས་ཡ་དེ་ཉིན་གཅིག་ལ་དུས་ཡུན་སྐར་མ་དྲུག་བཅུ་དང་ཡང་བདུན་གཅིག་ནང་ནང་ཆོས་དུས་སྐར་མ་དྲུག་བཅུ་རེ་གསུང་སྲོལ་ཞིག་མཆིས། ཡང་འཚམས་རེ་ཉིན་་གཅིག་ནང་བོད་ཡིག་གི་འཛིན་གྲྭ་ཐེངས་གཉིས་ཙམ་རེ་འཚོགས་སྲིད་མོད། དུས་ཡུན་ཐུང་ཐུང་འདི་འདྲ་ཞིང་ནང་བོད་ཕྲུག་ཚེས་བོད་ཡིག་དོན་བཟང་ཞིག་ཤེས་ཨི་ཐུབ།
བོད་ནས་འོང་པའི་བོད་ཕྲུག་རྣམས་བོད་ཡིག་སྦྱངས་ཡོད་ན་སློབ་མ་དེ་བོད་ཡིག་ཐད་་ལེགས་དབང་ཡོད་པ་ཞིིང་ལ་་ངེས་འཛིན་བྱེད་བཞིན་ཡོད། ཡང་བོད་ནས་སློབ་གྲྭ་འགྲིམས་མ་མྱོང་བ་དང་སློབ་གྲྭ་ཆས་ཡོད་ཀྱང་བོད་ཡིག་སྦྱོང་མ་མྱོང་ན་བཙན་བྱོལ་སློབ་གྲྭ་ནང་ཡིག་གེ་སྦྱོང་སྟེ་སློབ་མཐའ་ཕྱིས་སྐབས་སློོབ་དམངས་དང་གཅིག་པ་བོད་ཡིག་འབྲི་ཀློག་མི་ཐུབ་པ་ཞིག་འགྱུར་བཞིན་ཡོད། དེ་སོང་ཙམ། བོད་ཕྲུག་རྣམས་ཀྱི་བོད་ཡིག་ཞན་དགོས་དོན་གང་ལ་ཐུག་ཡོད་པ་ཤེས་རྒྱུ་གལ་ཆེ་སྙམ། དགག་ཕྱོགས་ཀྱི་ཐད་བསམ་སྣང་འཁོར་སྟངས་གཅིག་དེ་ཡོན་དྲན།