ཀླུ་འབུམ་བཀྲ་ཤིས།
ད་ལོར་ཨ་མི་རི་ཁར་དཔལ་འབྱོར་གྱི་ཉམས་རྒུད་དང་ཇུས་ངན་བྱུང་སྟེ། ལས་ཤོར་མི་སྣ་ཧ་ཅང་མང་པོ་བྱུང༌། ལས་མེད་བོད་མི་ཞིག་གིས་ཡུན་རིང་ཞིག་ལ་ལས་ཀ་བཙལ་ཀྱང་མ་རྙེད་པ་དང ། ཉིན་ཞིག་ཁོ་ལས་ཀ་བཙལ་བར་འགྲོ་བཞིན་པའི་སྐབས་ཁང་ལས་འཛུགས་སྐྲུན་བྱེད་བཞིན་པའི་ཐོག་ཁང་ཞིག་གི་ཐོག་ཁ་ནས་ལས་ཀ་བ་ཞིག་མར་ལྷུང་བ་མཐོང་བ་དང་། དེ་མ་ཐག་བོད་མི་དེ་མྱུར་མོར་སོང་སྟེ་ལས་བཟོ་འགོ་བ་བཙལ་ནས་ཁོ་ལ་ང་ལས་ཀ་བཙལ་མཁན་ཡིན། ངས་ད་ལྟ་ཁང་ཐོག་ནས་མར་ལྷུང་བའི་མི་དེའི་ལས་ཚབ་བྱས་ན་འགྲིག་གམ། ངས་ཁོ་ལས་ལས་ཀ་ཡག་པོ་བྱེད་ཆོག་ཞེས་དྲིས་པར་འགོ་བས་དགོངས་དག་ཁོའི་ལས་ཚབ་མི་ཞིག་ཡོད་ཡོད་པ་ཡིན་ཞེས་བཤད། བོད་མི་དེས”སུ་ཡིན་ནམ”ཞེས་དྲིས་དུས །”འགོ་པ་དེས་ དེ་ད་ལས་ཀ་བ་ཁོང་ཁང་ཐོག་ནས་མར་གཡུག་མཁན་མི་དེ་ཡིན་” ཅེས་ལན་བརྒྱབ།
I guess the person who pushed him down is also a Simi Tibetan.
ཨ་རི་ཡུལ་དུ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་མ་ཐག བོད་པ་ཚང་གི་སེམས་ནང་དུ་ཡང་ན་ཟུག་ཞིག་བསླེང་དགོས་དོན་དེ་ནི་བོད་པ་ཚང་ནི་ཨ་རིའི་ཡུལ་ལ་སྨོན་པ་ཆེ་བས་མ་ཡིན་ནམ། ཨ་རིའི་མི་དང་ཨ་སྒོར་གཉིས་ལས་ཨ་སྒོར་ལ་དགའ་བ་ནི་བོད་པ་ཚང་གི་འབྱོར་ལྡན་ཛ་དག་གི་རྨི་ལམ་དེ་ཡང་འདི་ལྟར་ལས་སླ་བོ་འཇིགས་འགྲོ་བ་ཞིག་ག་ལ་ཡིན། སེམས་འཁྲལ་མེད་པ་ནི་ཨ་རིའི་སྒྲོ་ལོ་སྦོན་པོ་མ་ཚར་ན་བོད་འཁྱམས་འབྱོར་བ་ཡོད་མེད་གཉིས་ལ་ལས་ཀ་རེག་ངེས་ཡིན།
སྔོན་པོ་ཞེས་པ་ལ་སྤོན་པོ་ཞེས་བྲིས་ནོར་ཤོར་བ་དང་འབྱོར་ལྡན་དག་གི་ཟེར་བ་དེའི་བར་དུ་ཛ་ཞིག་ཐོལ་བ་ཤོར་འདུག
འབྱོར་ལྡན་དག་གི་བར་དུ་ཛ་ཞིག་ཐོལ་བ་དང་སྔོན་པོ་ཟེར་བས་ཚབ་དུ་སྤོན་པོ་ཟེར་ནས་བྲིས་ནོར་ཤོར་འདུག
ཁྱོད་ཀྱི་ཡིག་ནོར་དེ་ལ་དགོངས་དག་ཞུ་མི་དགོས། དེ་ཡིག་ནོར་ཞིག་མ་རེད། འབྱོ༷ར་ལྡན་ཚོའི་བར་དུ་གནའ་ནས་ད་བར་དུ་ཛ༷་དྲག་གི་འགྲན་རྩོད་རྫོགས་རྒྱུ་མེད་པ་ཞིག་ཡོད་ལ། སྔོན་པོ༷་འདི་ནི་སྤོ༷ན་པོའམ་བོན་པོ་ཚོའི་མཚོན་རྟགས་བླ་ན་མེད་པ་ཞིག་ཡིན། སྤོན་པོའམ་བོན་པོའི་བླ་མའི་དབུ་ཞྭའི་ཁ་དོག་ལ་སྔོ་མདངས་ཤས་ཆེ་ལ་གྲྭ་པའི་སྟོད་འགག་གི་ཕྲག་ལྷན་ཡང་སྔོན་པོ་རེད། ད་དུང་གཡུང་དྲུང་སྔོན་པོ་དང་ཆོས་གོས་གྲྭ་རྟགས་སྔོན་པོ་སོགས་སྤོན་པོའམ་བོན་པོའི་རིང་ལུགས་ལ་སྔོན་པོ་འདི་གཙོ་ཆེ། ད་དུང་ངའི་ཕ་ཡུལ་དུ། བོན་པོའི་སྐུ་ཤ་སྔོ། དགེ་ལུགས་རུས་པ་སེར། ཟེར་སྲོལ་ཞིག་འདུག་ཀྱང་འདི་ལ་ངེས་པ་དེ་ཙམ་ཡོད་མེད་མ་ཤེས།
ཐུགས་རྗེ་ཆེ། ཁྱོད་ཀྱིས་ཡིག་ནོར་ཡིན་ཟེར་བ་འདིས་ང་ལ་དོན་དག་གལ་ཆེན་གཉིས་དྲན་གསོ་བྱེད་དུ་བཅུག་སོང་། དེ་འདྲའི་སྟབས་ལེགས་པ་ལ་ཨང་།
ྐླུ་སྨྱོན་ལགས། ཁྱེད་ཀྱི་ཕ་ཡུལ་གྱི་གཏམ་དཔེ་དེའི་ནང་དོན་ཅི་ཡིན་ནམ། བོན་པོ་སྐུ་ཤ་སྔོ་བ་དང་དགེ་ལུགས་རུས་པ་སེར་བ་དངོས་གནས་ཡིན་ནམ་དེ་ལ་མཚོན་དོན་གཞན་རེ་ཡོད་དམ།
ངས་དེར་བདེན་ཞད་ཅིག་མཐོང་སོང་ལ། ཁྱོད་ཀྱིས་ཀྱང་བརྟག་པར་འཚལ། བླ་བྲང་ཨ་ལགས་བླ་ཁོ་ཚང་གི་གདུང་རུས་ཚང་མ་སེར་བོ་ཡིན་ལུགས་ཤིག་གོ་མྱོང་།
གཅིག་མ་ཤི་ན་གཞན་ལ་གོ་ས་ཐེབས་ནི་མ་རེད། བོད་མི་དེས་ལས་བཟོ་འགོ་བ་དེ་མར་གཡུག་ཡོད་རྒྱུ་ན་ད་བོད་མི་མང་པོ་ཞིག་ལས་ཀ་རེག་རྒྱུ་རེད། དེ་དུས་ང་ཚོར་ཡང་གོ་སྐབས་རེག་རྒྱུ་རེད།
ལས་བཟོ་འགོ་བ་དེ་མར་གཡུག་མི་དགོས་པར་རང་རང་གི་ནུས་པས་འཇོན་ན་ས་གང་ནས་ཡིན་ཡང་ལས་ཀ་མི་རེག་པ་གང་ཡང་ཡོད་པ་མ་རེད། རང་ཉིད་ལ་འཇོན་ཐང་གང་ཡོད་པ་དེའི་རང་རང་ལ་ལས་ཀ་དེ་དང་འཚམ་པ་རེ་རེག་གི་ཡོད་པ་རེད། དེ་མིན་ལས་ཀ་བའི་འགོ་ཁྲིད་སོགས་གང་ལ་འཕོག་ཐུག་བཏང་ཡང་ཕན་ལས་གནོད་མ་གཏོགས་གང་ཡང་མེད་དོ།
ལས་བཟོ་འགོ་ཁྲིད་ལ་འཕོག་ཐུག་བཏང་བས་གང་ཡང་མི་ཡོང་། སོ་སོ་ལ་འཇོན་ཐང་ཡོད་ན་ལས་ཀ་གང་ནས་བྱེད་བྱེད་ཡིན། དེ་ནི་མི་སོ་སོའི་ནུས་བ་རེད། ནུས་མེད་ཀྱི་མི་ནི་གང་དུ་སོང་ཡང་དུད་འགྲོ་དང་གཅིག་པ་རེད།
དེ་འདྲའི་སྟབས་ལེགས་པ་ཞིག་ལ། འབྲི་ནོར་ཤོར་སྟངས་གཉིས་ཀྱི་ཁྱེད་རང་ལ་དྲན་སྐུལ་ཐེབས་སུ་བཅུགས་པ་དེ་ནི་ཡག་པོ་རེད།
རེད་་རེད། ནུས་མེད་ཀྱི་མི་དེ་ཚོ་གང་དུ་སོང་ཡང་ཡར་མར་གཉིས་ལ་ཁ་བཏང་ནས་རང་ཉིད་ཀྱི་ཡིད་མ་ཚིམས་པར་འདུག་ནི་རེད། དུད་འགྲོ་ལས་ཀྱང་སྡུག་ཐུག་ཅིག་རེད་འདུག
འདི་ལྟར་མི་ལ་ཁ་བཏང་ནས་འདུག་པ་ལས་དེ་ལས་ལྷག་ཞིག་འགུལ་ལྕགས་བརྒྱབ་པ་ཡིན་ན་བོད་མི་ཚང་གི་བྱས་རྗེས་རེད།
གོང་གི་མཆན་དེ་བཏབ་རྗེས་་་་ ངས་གཞི་ནས་གོང་དུ་བཀོད་ཡོད་པའི་མཆན་བུ་དག་ལ་ཅིག་བལྟས་པ་ཡིན། གནས་ཚུལ་འདི་ཐད་ཀའི་སྐད་ཆ་ཞིག་མིན་པ་འདྲ་བས། ངས་གོང་གི་མཆན་བུ་འདི་སུ་ལ་གཟས་ནས་གོ་རྒྱུ་བཏང་པ་ཞིག་མིན་པའི་གསལ་འདེབས་སུ།
འདྲེ་རིག་ལྡན་ནས།
ྐླུ་སྨྱོན་ལགས་ཀྱིས་གོང་དུ་གསུངས་པའི་དགེ་ལུགས་པའི་རུས་པ་སེར་པོ་ཆགས་ཙུལ་སྐོར་ལ་དོགས་སློང་འདི་འདུག དགེ་ལུགས་པའི་རུས་པ་སེར་པོ་ཆགས་པ་འདི་ཡག་བཙོག་གི་རྟགས་གང་ཡིན་ནམ། གདུང་དང་རིང་བསྲེལ་འཇའ་འོད་འབྱུང་བ་འདི་ཚེ་འདིའམ་འཆི་ཁ་བར་དོར་གྲོལ་བའི་རྟགས་སུ་གསུངས་འདུག་མོད་རུས་པ་སེར་པོར་ཆགས་པ་དེ་གང་གི་རྟགས་ཡིན་ནམ།
གང་ལྟར་དོན་དངོས་ཤིག་ཐད་གར་གླེང་མི་འཕོད་པ་དག་གིས་འདི་ལྟར་འབྲི་སྲོལ་ཡོད་པ་རེད། དེ་ནི་སྤྱིར་བཏང་གི་འགྲོ་ལུགས་ཤིག་ལས་གནས་ཚུལ་གསར་བ་དཀྲོགས་དགོས་པ་དེ་འདྲ་གང་ཡང་མ་རེད། དེས་ན་ང་ཚོས་རང་རང་གི་གང་གླེང་འདོད་པ་ཙམ་ཁོ་ན་ཞིག་གིས་མི་ལ་འཕོག་ཐུག་ཆེན་པོ་བཟོ་མི་སྲིད་ལ། འཕོག་ཐུག་ཤོར་སླ་བས་མི་དེ་དག་ཡང་འདི་རུ་ཡོང་མེད་ངེས་ཡིན།
སྐྱག་རྫུན་མ་བཤད། འཇིག་རྟེན་འདིའི་སྒང་ན་མི་ནུས་མེད་གཅིག་ཀྱང་ཡོད་པ་མ་རེད། ཐ་ན་འབུ་ནུས་མེད་ཅིག་ཀྱང་ཡོད་པ་མ་རེད་དོ།