སོག་མདའ།
རྡ་སའི་རི་གྲོང་ཆུང་ཆུང་དེ་ནས་ངེད་གཉིས་ཐུག་པའི་ཉིན་མོ་ལ།།
ཁྱེད་དང་ང་ལ་ལས་འཕྲོ་ཡོད་པའི་ལས་དབང་ངེད་གཉིས་མ་མཁྱེན་ཀྱང་།།
འཛིན་གྲྭའི་ཁང་མིག་གྲུ་བཞི་དེ་ནས་དགེ་སློབ་གྱུར་པའི་བར་གསེང་ནས།།
ཁྱེད་ཀྱི་ཡིད་སེམས་ང་ལ་ཤོར་བའི་སྙན་ངག་ཅིག་གི་མགོ་བརྗོད་བྲིས།།
དུས་བཞིའི་བར་ཐག་འཁྱུག་ཙམ་བཞུད་པའི་ལོ་ཟླའི་ཕྲེང་བའི་བརྒྱུད་རིམ་ནས།།
ངེད་གཉིས་དགེ་སློབ་འབྲེལ་བ་ཙམ་ལས་བརྩེ་བའི་འཚོ་བ་ཅི་ཡང་དབེན།།
ཡིན་ཡང་ཁྱེད་ཀྱིས་དྲ་བའི་ཐོག་ནས་ངེད་ཀྱི་སྒོ་གླེགས་ཡང་ཡང་བརྡུང་།།
དེ་ལྟར་དྲ་བའི་འཕྲུལ་གྱི་གྲོང་ནས་རེ་འགའ་ཐུག་ཀྱང་རེ་འགའ་གླེང་།།
ཁྱེད་ཀྱི་སེམས་པ་གཤོག་ཐོགས་རྒོད་པོ་ང་ཡི་ཕྱོགས་སུ་ཤོར་བ་ཤེས།།
ངའི་ཡང་རེ་ཞིག་བཏང་སྙོམས་བཞག་ནས་ཅི་བྱེད་འདི་བྱེད་མ་ཤེས་ཀྱང་།།
བསམ་གཞིག་རྣལ་མ་ཡང་ཡང་བཏང་སྟེ་རང་སེམས་རང་གིས་ཐག་བཅད་ནས།།
ངེད་གཉིས་མཇལ་འཛོམས་ཐུག་འཕྲད་ཞིག་གི་སྔོན་འགྲོ་ཡོ་ལང་སྒྲུབ་ལ་བྲེལ།།
ཟླ་འགའི་ཉིན་ཞག་སྐད་ཅིག་འདས་པའི་མཇལ་འཛོམས་ཉིན་མོ་ཆང་གིས་བསུས།།
ལྡི་ལིའི་གནམ་གྲུ་འབབ་ཚིགས་དེ་ནས་དྭངས་གཙང་དྲི་མེད་ལྷ་དར་ཞིག །
བདག་ཡིད་སེམས་ཀྱི་འོ་མཚོ་འཕྱུར་བཞིན་ཁྱེད་ཀྱི་སྐེ་ལ་དལ་སེ་གཡོགས།།
ཁྱེད་ཀྱང་དགའ་བ་འབུམ་གྱིས་མྱོས་ནས་རང་དབང་མེད་པར་ང་ལ་འཐམས།།
སྐད་ཅིག་དེ་ཡི་བདེ་བ་ཕྲ་མོ་ལྷ་དབང་ཡིན་ཡང་བག་ལ་ཞ།།
འདི་ལྟར་མཇལ་འཛོམས་སྐྱིད་ཀྱི་ཉིན་མོ་ཁྱེད་དང་ངེད་གཉིས་གདོང་ནས་བསུས།
གླ་གཏོང་རླངས་འཁོར་བྱ་བཞིན་འཕུར་ནས་མ་ཅང་ཏྲེ་ལའི་གྲོང་ལ་ཐོན།།
ཁང་བརྩེགས་མཐོན་པའི་བང་རིམ་བར་ནས་ཞི་བདེ་མགྲོན་ཁང་ཐོ་འགོད་བྱས།།
སྒོ་རྟགས་གཅིག་ཐིག་གསུམ་གྱི་ནང་ནས་ལྷན་འཛོམས་བརྩེ་བ་རློན་པ་དེ།།
སེམས་དང་སེམས་པ་གཅིག་ལ་འཐིམས་ནས་སྙིང་གཏམ་ཕར་བཤད་ཚུར་བཤད་རེ།།
ལུས་དང་ལུས་པོ་གཅིག་ལ་འཐིམས་ནས་འདོད་པའི་རྩལ་དྲུག་ཀུན་ཏུ་འཁྲིགས།།
མ་ཐུག་ལོ་ཟླའི་ཕྲེང་བའི་ཁྲོད་ནས་དྲན་པའི་གདུང་བ་གཡང་ལ་བསྐྱུར།།
ཕྱིར་ཉིན་ཞོགས་པའི་ཉི་མ་གཞོན་ནུ་མཁའ་དབྱིངས་རྩེ་ནས་དལ་གྱིས་འཕགས།།
རྡ་སར་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་སྤ་སེ་ཉོ་སའི་ལས་ཁུངས་ནས།།
ལྔ་བརྒྱ་གཉིས་ཀྱི་སྦ་སེ་ཉོས་ནས་རྡ་སའི་གྲོང་ལ་འགྲོ་ཆས་བསྒྲིགས།།
མུ་འགོད།
དུས་ངན་རྙིགས་མའི་ལས་ངན་རེད།
དགེ་རྒན་སྒང་ལ་དགེ་ཕྲུག་བཞོན།
སློབ་སྦྱོང་འདོད་བདེ་ཁེ་བཟང་རེད།
སྒོར་མོ་མེད་ན་སྡུག་གྱོང་རེད།
བཞོན་པ་ཅིག་སྲལ་ས་རེད་ཨ། དེང་རབས་ད། ཚེ་གཅིག་བཙལ་ན། ས་ན་འདུག་ནི་ཞིག་གི་ཚུལ་ན་གནམ་ལ་འཕུར་ནི་ཞིག་གི་མི་དགའ་ནེ། ཨ་མདོ་བ་ཞིག་གི་ལག་གི་མདུན་ལམ་འདིར། བར་ཆད་འདྲ་མེད་པར་ཤོག།
འབྲི་རྒྱུ་མེད་ན་ངུ་རྒྱུ་ཞིག་ཡིན་ན་ཨེ་ཡོད་ཀི་ལྟོས་རེད། མཚམས་རེར་སྙན་མོ་རེ་གོ་རྒྱུ་ཡོད་ཀི།
ཨ་དཀོན་མཅོག་མཁྱེན་དེང་སང་ཁྱོས་ད་རུང་དགའ་རོགས་ཞིག་བརྩེ་བ་བཤད་ནས་རང་མགོ་རང་གིས་སྐོར་ནས་འདུག་ཐུབ་བམ།
སོག་མདའ་ལགས་སྙན་མོ
ཁྱོད་ཀྱི་འབྲི་སྟངས་འདི་སྣང་འགྲོ་འདུག
བཟང་ངན་བརྗོད་རོགས།དག་ཐེར་བྱེད་རོགས།ཀློག་པར་དགའ།
རྐང་དྲུག་བུང་བས་འགོག་མེད་རོ་མངར་རྩི་བཅུད་ཟས་ལ་འཁོར་བ་ལྟར།
དྲྭ་གྲོགས་ཀུན་གྱི་འདྲེན་བྱེད་དབང་པོས་མི་ཡུལ་ལྷ་མོ་དེར་གཟིགས་དང།
བུང་བ་ལྟར་ནག་གནག་སྣུམ་ལན་བུར་རིན་ཆེན་སྣ་ལྔས་མཛེས་པར་རྒྱན།
མཐོན་མཐིང་རལ་པ་ཕྲག་ཏུ་ཕབ་ལ་ཁད་དེར་ལྷག་རླུང་དལ་བུར་གཡོ།
ཉ་གང་རྒྱས་འདྲ་མོ་ཡི་ཞལ་རས་ཅུང་ཟད་འཛུམ་པའི་ཉམས་ལྡན་ལ།
དབྱེས་པོ་ཆེ་བའི་དཔྲལ་བར་སྨིན་མ་ལེགས་སྟུག་འཇའ་ལྟར་འཁྱོག་པོར་མཛེས།
སྤྱན་དཀྱུས་རིང་ལ་མཐིང་ནག་རྫི་མ་གནམ་སར་གཏད་པའི་འབྱེད་མཚམས་ན།
གློག་འོད་འཁྱུག་འདྲའི་སྤྱན་ཟུང་ཟེར་མདས་འདོད་ལྡན་འབུམ་ཕྲག་གྲོགས་སུ་བཀུག
དབྱིབས་གཟུགས་ལེགས་པའི་མོ་ཡི་ཤངས་ནི་ཅུང་ཟད་གཟིངས་མཐོ་ཡིད་དུ་འོང་།
བྱུ་རུའི་མདངས་ལྡན་མཆུ་སྒྲོས་མཛེས་པའི་ཞལ་ནི་ཕྱེད་འཛུམ་མགྲིན་པ་ནས།
དྲི་ཟའི་དབྱངས་ལྟར་གསུང་སྐད་སྙན་པོས་དབྱིན་བོད་ཧིན་གསུམ་ཤུར་ཤུར་སྨྲ།
རིན་ཆེན་ཨ་ལོང་གཡས་གཡོན་སྙན་གྱི་བུག་པར་འཆངས་ཏེ་ལྡམ་ལྡེམ་གཡོ།
སྐུ་སྟོད་སྒེག་ལ་ཉམས་ལྡན་འདོད་མོའི་དརགོས་ལྷབ་ལྷུབ་འཕྱངས་འོག་ན།
ཟག་མེད་བདེ་བའི་གཏེར་ཆེན་ནུ་འབུར་རབ་རྒྱས་བྲང་གི་དཀྱིལ་འཁོར་མཛེས།
ལྟེ་བ་གཡས་འཁྱིལ་སྐེད་མེད་མ་དེ་ཕྲ་སྦོམ་གསུམ་གྱི་འཁྱུག་རྩལ་ལྡན།
རོ་སྨད་སྟུག་ཅིང་གསུམ་འཁྱོག་མ་དེས་འདོད་པའི་སྒྱུར་རྩལ་ངོམ་སྐབས་སུ།
ལང་ཚོ་དར་ཞིང་འདོད་པས་སྨྱོས་ཏེ་དཀར་ལ་དམར་བའི་མདངས་གཟུགས་དང།
ལྡེམ་ལྡེམ་འཁྱུག་པའི་ལུས་ཀྱི་ཉམས་འགྱུར་འཇོ་སྒེག་གར་གྱི་སྟངས་སྟབས་ཀྱིས།
སུན་རྩེན་མདུན་སར་འཆི་མེད་བུ་མོ་སྟོང་གི་ཡིད་ལ་སྡང་ཟུག་སྦྱིན།
ཚངས་སྤྱོད་རྣམས་ལའང་རེ་ཞིག་སྡོམ་སེམས་ངེས་འབྱུང་ལམ་གྱི་བང་ཁ་བཀག།
འདོད་པས་གདུང་བའི་གཞོན་ནུ་འབུམ་གྱིས་སེམས་པའི་འཕྲུལ་ཞགས་མོ་ལ་འཕེན།
བཞིན་བཟང་བུ་མོ་སྟོང་དག་གིས་ཀྱང་མོ་ཡི་བྲན་མོར་གོ་སྐབས་དབེན།
མོ་ནི་མ་དག་འཇིག་རྟེན་ཁམས་ཀྱི་དག་པའི་ལེགས་བྲིས་མ་གཅིག་མ།
དེ་ནི་ད་ལོའི་རྡ་རམ་ས་ལར་ཧི་མ་ལ་ཡི་མཛངས་མ་མཚོན།