གཅན . བཟོད་རྒྱམ།
ངེས་པར་དུ་བཀོལ་སྤྱོད་བྱེད་དགོས་པའི་བརྡ་དང་ཐ་སྙད།
འཛམ་གླིང་ཤེས་རིག་གི་ཁ་ཕྱོགས་དེང་རབས་འཕྲུལ་རིག་དང་ལྷག་པར་དུ་བརྡ་འཕྲིན་ཅན་གྱི་ལམ་དུ་བསྐྱོད་པ་ནས། འགྲོ་མིའི་ཉིན་རེའི་འཚོ་བའི་ཁྲོད་དུའང་ཤེས་བྱ་གསར་པ་དང༌། དངོས་རིགས་ཐོན་གསར་སྣ་མང་ཤིག་ཐོན་དང་ཐོན་བཞིན་པ་མ་ཟད། དེ་དག་གི་སྤྱོད་སྒོ་དང་བསྟུན་ནས་བརྡ་ཆད་དང་ཐ་སྙད་གསར་པ་སྦྱོང་རྒྱུར་ལྷག་བསྡད་པའང་རང་གི་མགོའི་སྐྲ་རྐང་ལས་ཀྱང་ཆེས་མངས་པས་ན། ང་ཚོ་སྟེ་སྒང་བ་བོད་མི་རྣམས་ཀྱང་འཛམ་གླིང་འདིར་འཚོ་དགོས་པ་དང༌། འཚོ་བ་ལ་དེང་རབས་འཕྲུལ་རིགས་དང་བརྡ་འཕྲིན་སྔོན་ཐོན་ཅན་གྱི་མི་རིགས་ཚོའི་རྗེས་ཟིན་དགོས་པའམ་ཁོ་ཚོ་དང་དཔུང་པ་མཉམ་ཞིབ་བྱ་དགོས་པ་ཧ་ཅང་གསལ་ཞིང་གལ་ཆེའི་རང་བཞིན་ཞིག་ཀྱང་ཅི་ལ་མིན། དེ་ལྟར་བྱེད་པ་ལ་ཐོག་མར་ང་ཚོས་འཕྲུལ་རིགས་དེ་དག་གི་མིང་དང་སྤྱོད་སྒོ་ཙམ་ཞིག་ངེས་པར་དུ་ཤེས་དགོས་པ་ཡིན་ལ། དེ་ཤེས་པ་ལ་མིང་བརྡ་ནི་དེ་བས་ཀྱང་གལ་ཆེ་སྙམ། དེས་ན་བོད་ཕྱི་ནང་གི་མཁས་པ་དང་སེམས་ཤུགས་ཅན་ཚོས་ཐ་སྙད་དང་བརྡ་ཆད་གང་མངས་ཤིག་དོན་དང་མཐུན་པར་སྔ་མོ་ཞིག་ནས་(1980གྱ་གྲངས་ཙམ་ནས་)བོད་ བསྒྱུར་གནང་ཡོད་ཀྱང༌། སྣང་མེད་དམ་དགོས་མཁོ་མི་ཆེ་བར་སྙམ་ནས་རང་དགར་གཡུག་སྟེ་གཞན་སྐད་ཅི་ཡིན་དེ་ག་ རང་བེད་སྤྱོད་བྱས་དང་བྱེད་བཞིན་པ་ནི་ཡིད་སྐྱོ་བའི་གནས་སུ་མཆིས། འོན་ཀྱང་ལ་ཤོས་ཀྱིས་ནི་རང་སྐད་ནང་བཤད་འདོད་ཀྱང་བརྡ་དང་ཐ་སྙད་ལ་རྨོངས་པས་ བཤད་རེ་སྐན། དཔེར་ན་དབྱིན་སྐད་ནང་དུ་walkmanལྟ་བུ་ལ་”འཁྱེར་ཉན”ཞེས་བསྒྱུར་པ་མ་ཤེས་པའམ་ མ་ལོབས་པས། “ཨ་ཅོག་ལ་ཉན་ས་”ཞེས་རང་གི་གང་འདོད་ཅིག་གིས་བརྡ་སྤྲོད་ཐབས་བྱེད་བཞིན་ཡོད། དེ་ཡང་བོད་ནང་དུ་མཁས་པ་ཚོས་བསྒྱུར་གནང་བའི་མིང་བརྡ་དག་གང་ཐུབ་ཅི་ཐུབ་ཀྱིས་ བེད་སྤྱོད་བྱས་དང་བྱེད་བཞིན་ཡོད་ནའང༌། མིང་བརྡ་དེ་དག་བཙན་བྱོལ་ནང་དུ་སླེབས་ཚེ། མཁས་བླུན་སུས་ཀྱང་སྣང་མེད་དུ་གཏོང་བ་དང༌། ཞི་དག་བྱེད་ཁུལ་གྱིས་བེད་མེད་དུ་གཏོང་བ་མ་ཟད། བསམ་གཟས་ནས་ཕྱི་སྐད་རང་བོད་ཡིག་ནང་བྲིས་ཏེ་བཀོད་སྤྱོད་བྱེད་ཀྱིན་འདུག་ལ། མིང་བརྡ་མང་པོ་ཞིག་ལ་སྣོན་འཕྲི་གང་མང་བྱས་ཏེ་མིང་དོན་མི་འབྱོར་བའམ་ཡང་ན་ ཉིས་བརྩེགས་སམ་བསྐྱར་བཟློས་ཡང་བཟློས་སུ་བཟོས་པའང་མང་སྟེ། དཔེར་ན། བརྙན་འཕྲིན་ Television. ལྟ་བུ་ལ་(གཟུགས་མཐོང་བརྙན་འཕྲིན།)་དང་། འོད་སྡེར་CD་ལ (འཁོར་ལེབ། )ཀློག་ཀླད་དམ་རྩིས་འཁོར་Computer་ལ་(ཀམ་སྤུ་ཀྲར།འདི་ལ་གཞན་སྐད་ཀྱི་སྒྲ་གདངས་ཀྱང་དག་མོ་ཞིག་སླེབས་ཐུབ་མེད།)ཁ་པར་ཨང་གྲངས་སམ་ཁ་པར་ཨང་ལ་(phone numbe)ལ་ཕོན་(phoneའདི་ལ་ཧྥོན་ཞེས་འབྲི་དགོས།)ནེམ་ བེར་)་སོགས་མང་ཡང་འདིར་འགོད་དུ་མི་ལངས། བརྙན་འཕྲིན་ལ་གཟུགས་མཐོང་བརྙན་འཕྲིན་ཟེར་ན་ཉིས་བརྩེགས་སུ་གྱུར་མི་འདུག་གམ། གཟུགས་དང་བརྙན་གཉིས་དོན་གཅིག་རེད་པས་བརྙན་འཕྲིན་ཟེར་ན་མིང་དོན་འབྱོར་ཆེ་སེ་ བ་ཞིག་མི་འདུག་གམ། གློག་ཀླད་ཅེས་པ་ནི་ཐོག་མར་ཐེ་ཝན་ནས་བསྒྱུར་བའི་རྒྱ་སྐད་ཏེའན་ནོད་ཅེས་པ་འདི་ རྒྱ་ནག་སྐམ་སས་བེད་སྤྱོད་བྱེད་སྐབས་སུ་བོད་སྐད་ཐོག་དོན་བསྒྱུར་བྱས་པས་གླ ོག་ཀླད་ཅེས་པ་རེད། འོན་ཀྱང་དེང་སེང་རྒྱ་ནག་སྐམ་སས་(ཏེའན་ཙིས་ཅིས་སོན་ཅིས་)ཟེར་བ་འདི་རྩིས་ འཁོར་ཅེས་བསྒྱུར་གནང་བ་མིང་དོན་འབྱོར་ཆེ་ཞིང་བློ་ལ་འཛིན་བདེ་བ་ཞིག་མི་འདུག་ གམƁ 3; ད་དུང་དབྱིན་ཡིག་གི Computer་ དང་ཡང་ཕྱོགས་ཙམ་མཐུན་པ་འདུག་སྙམ།
གང་ ལྟར་མདོ་དོན་སྙིང་པོ་སྒྲ་གདངས་འཁྱོང་མི་འཁྱོང་གིས་གཞན་སྐད་སོར་ བཞག་བྱེད་པ་”ཀམ་སྤུ་ཀྲར”རམ་(བོད་གཞུང་ཀམ་པཱུ་ཊར་སྡེ་ཚན)་ལྟ་བུ་ཟེར་བ་ལས་རང་ སྐད་དུ་བསྒྱུར་བ་(གློག་ཀླད་དམ་རྩིས་འཁོར་)དེ་སྤྱོད་རྒྱ་ཆེ་རུ་གཏོང་རྒྱུ་ དང༌། དེ་ཡང་མིང་དོན་ལ་གནས་པ་ཞིག་ཡོང་རྒྱུ། ཁ་ལ་བདེ་ཞིང་བློར་འཛིན་སླ་བ་ཞིག་དགོས་སྙམ། དེས་ན་ཚིག་ཉོག་བསྐྱུངས་ཏེ་འདིར་བརྗོད་འདོད་པ་ནི། མཁས་པ་བོད་ཞེན་ཅན་ཚོས་བསྒྱུར་གནང་བའི་མིང་བརྡ་དེ་དག་ང་ཚོས་སྤྱི་ཚོགས་ནང་ སྤྱོད་རྒྱ ཆེ་རུ་གཏོང་དགོས་ལ། དེ་ཡང་རྩོམ་པ་པོ་དང་རྩོམ་སྒྲིག་པ། ལྷག་པར་དེང་སེང་དྲ་ལམ་ནས་བོད་རང་གི་སྐད་ཡིག་བཀོད་སྤྱོད་ཀྱི་ལམ་བུ་ཆེ་ཆེར་ ཕྱེས་ཡོད་པས། ང་ཚོ་གཞོན་སྐྱེས་ཚོས་རང་འགན་རང་གིས་ཁུར་ཏེ་བོད་ཀྱི་ཤེས་རིག་གི་བང་མཛོད་ནང་ དུ་ཐ་སྙད་གཅིག་གི་འབྲེལ་ཙམ་འཇོག་ཐུབ་ནའང་བོད་མི་རིགས་རིག་གཞུང་ལ་ཞབས་ཞུ་ར ུ་འགྱུར་བས་ན། ཁོང་དང་ཁྱོད་ཚོས་བསྒྱུར་གནང་བ་དང་ཡང་ན་གཞན་གྱིས་བསྒྱུར་གནང་བའི་མིང་བརྡ་ཅི་ དང་གང་ཡིན་(གཅིག་དང་གཉིས་ཡིན་རུང་དོན་ཆེན་དུ་དགོངས་ནས་)འདི་གའི་མྱུར་འཕྲིན་དུ་སྐུར་རོགས། མིང་བརྡ་གང་འཚམས་ཤིག་ལོང་ཚེ་ལག་དེབ་སྟབས་བདེ་ཞིག་དཔར་བསྐྲུན་བྱས་ཏེ་རྒྱ་ཆེའི་དམངས་ཚོགས་(དེ་ཡང་སློབ་གྲྭ་ཁག་གཙོ་གནན་དུ་འཛིན་རྒྱུ། )་ ལ་རིན་མེད་དུ་འགྲེམས་ཐུབ་ན་ཧ་ཅང་ཕན་རླབས་ཆེ་སྙམ། དེས་ན་དེ་དོན་ཡིད་ལ་བཅངས་ཏེ་ལས་གཞི་འདིར་བསམ་ཚུལ་དང་རྒྱབ་སྐྱོར་རེ་བྱེད་ རྒྱུ་ངའི་ཆེས་ཆེ་བའི་རེ་བ་ཡིན་ལ། དོན་འདི་ལེགས་འགྲུབ་བྱེད་ཐུབ་མིན་ནི་ང་ཚོ་སྟེ། བོད་ཡིག་དྲ་རྒྱའི་སྟེང་གི་ཟིན་བྲིས་པ་དང་མཆན་བུ་འདེབས་མཁན་ཚོར་དམིགས་བསལ་ གྱི་འགན་ཡོད་པས་ན། གང་མགྱོགས་ཅི་ཡོང་གིས་རང་གི་ཤེས་ཚོད་གོ་ཚོད་ཀྱི་མིང་བརྡ་ཚང་མ་གཞན་སྐད་དང་ ཤན་སྦྱར་གྱིས་འདི་གར་གཏོང་གནང་ཡོང་བ་ཞུ་ཞུ་ཞུ།
དཔེར་ན། Television ལ་ བརྙན་འཕྲིན། Media ་ལ་སྨྱན་བྱེད། CD.ལ་འོད་སྡེར། VCD.ལ་བརྙན་སྡེར། Computer. རྩིས་འཁོར། sound box or speaker ལ་སྒྲ་སྒམ། printer ལ་ཡིག་དཔར། Laptop Computer. ལ་ལག་འཁྱེར་རྩིས་འཁོར། USB drive ལ་མཐེབ་སྡེར། Video Telephone. ལ་གཟུགས་མཐོང་ཁ་པར།(འདི་དངོས་གནས་ཡག་པོ་འདུག་སྙམ།)microphone. ལ་སྐད་སྦུག་གམ་བཤད་སྦུག cassette.ལ་སྒྲ་ཐག Video cassette ལ་བརྙན་ཐག Video Player.ལ་བརྙན་གཏོང༌། paper cutter. ལ་གཏུབ་ཆས། mouse.་ལ་ཙི་ཙི། ཙིག་བརྙན། སོགས་ལྟ་བུ་ནི་དཔེ་ཙམ་དང༌། གཞན་ཁྱིམ་ཆས་དང་བཟའ་བཏུང་གི་རིགས། གྱོན་ཆས་སོགས་རྒྱུན་སྤྱོད་ཡོ་བྱད་ཀྱི་ཐ་སྙད་དག་གལ་ཆེ་བར་འདོད། རབ་བྱུང་ན་དངོས་པོའི་འདྲ་རིས་དང་ལྷན་དུ་བོད་དབྱིན་གྱི་དངོས་པོ་རང་གི་འབྲེལ་ བཤད་ཐུང་ངུ་རེ་ཡོད་ན་བཟང༌། (ངས་གང་མང་ཞིག་འཚོལ་བསྡུ་བྱས་ཡོད།)
རིགས་མཐུན་ཚོ། ལས་གཞི་འདི་ལ་ཞུགས་མཁན་ཇི་ལྟར་མང་ན་དེ་ལྟར་དུ་མགྱོགས་མྱུར་ངང་དཔེ་དེབ་དཔར་སྐྲུན་བྱ་ཐུབ་པ་དང༌། བརྡ་དང་ཐ་སྙད་འཚོལ་སྒྲིག་མང་ཉུང་གིས་མ་འོངས་དཔེ་དེབ་འདིའི་རྩོམ་སྒྲིག་ཁོངས་མིའི་མཚན་ཐོ་བཟོ་རྒྱུ་ལས་དེང་སྐབས་ང་རང་ཉིད་གཅིག་པུ་ཡིན། དེས་ན་ང་ཚོས་དོན་མེད་གཞན་ལ་ཚིག་རྩུབ་དང་ཁ་བཏང་ནས་ཟིན་བྲིས་དང་མཆན་བུ་འདེབས་ཁུལ་གྱིས་དུས་ཚོད་སྟོང་ཟད་དུ་གཏོང་བ་ལས། ལས་གཞི་འདི་ལ་མཉམ་ཞུགས་ཀྱིས་བོད་མི་རིགས་རིག་གཞུང་ལ་ཞབས་ཞུ་ཙམ་ཞུ་ཨེ་ཐུབ་ལྟ་་ན་མི་བཟང་ངམ། ཐུགས་རྗེ་ཆེ།
འབྲེལ་བ་གནང་ས།
ssopa23@yahoo.com.hkདང་ཡང་ན་tashi1@live.com དེ་མིན་བོད་ཀྱི་དུས་བབ་ཟིན་བྲིས་པ་གཅན་བཟོད་རྒྱམ་གྱི་ཟིན་བྲིས་སུ་མཆན་བུ་རུ་འགོད་རོགས་གྱིས་དང༌། ཁོས་ལས་གཞི་འདིའི་འགན་ཁུར་བཞིན་ཡོད།
ང་ཚོའི་ལས་གཞི་འདི་ལམ་ལྷུང་ཡོང་བར་སྨོན་འདུན་ཞུ།
ཧ་ཅང་ཡག་པོ་འདུག རྩམ་བཟན་པ་ཡོངས་ལ་ཕན་པའི་ལས་གཞི་འདི་འདྲ་སྤེལ་བར་ཐུགས་རྗེ་ཆེ་ཞུ། རྗེས་ཕྱོགས་ཐ་སྙད་འགའ་རེ་ཞལ་འདེབས་སུ་འབུལ་ངེས་ཡིན། བརྒྱ་བཤད་པ་ལས་གཅིག་ལག་ལེན་དུ་འཁེལ་བ་བཟང། བཀའ་དྲིན་ཆེ།
དངོས་གནས་ལས་གཞི་འདི་ལམ་ལྷོང་ཡོང་པའི་རེ་བ་ཡོད།
ངེས་པར་དུ་ཚིག་མཛོད་གསར་པ་བཟོ་དགོས་ཀྱི་འདུག དབྱིན་ཡིག་ལྟ་བུ་ལ་མཚོན་ན་མི་དམངས་ཀྱི་བརྡ་དང་ཐ་སྙད་བཀོལ་སྤྱོད་ལ་གཞིགས་ནས་མིང་ཚིག་གསར་པ་རྣམས་དུས་ཐོག་ཚིག་མཛོད་དུ་ཁ་སྣོན་བྱེད་ཀྱིན་ཡོད་།
ང་ཚོ་རྙིང་ཞེན་ཆེ་དྲགས་པས་མིན་ནམ་གང་ལྟར་མིང་ཚིག་གསར་པ་ལ་གོ་མིང་སྤྲོད་ནས་ཚིག་མཛོད་དུ་ཁ་སྣོད་བྱེད་པར་དཀོན་པོ་རེད་འདུག ཚིག་མཛོད་རྙིང་པ་དག་ཨ་ལོག་བསྐྱར་ལོག་བརྒྱབ་ནས་དཔར་སྐྱུན་བྱེད་པ་ཙམ་རེད།
ལས་གཞི་འདིས་བོད་ཕྱི་ནང་གཉིས་ཀས་མུས་མཐུན་ཡོད་པའི་ཚིག་མཛོད་ཅིག་བསྒྲིག་ཐུབ་ན་ཡག་པོ་འདུག
CD ལྟ་བུ་ལ་བརྡ་ཐ་སྙད་འདྲ་མིན་སྤྱོད་ཀྱིན་ཡོད་པའི་རྒྱུ་མཚན་ཡང་ཚང་མས་ཆ་འཇོག་ཡོད་སའི་ཚིག་མཛོད་ཅིག་མེད་པའི་སྐྱོན་གྱི་རེད་སྙམ།
དཔར་བསྐྲུན་བྱས་པའི་ཚིག་མཛོད་ཀྱི་སྟེང་ལ་ཡིན་གཅིག་མིན་གཉིས་བོད་གཞུང་དང་བཀའ་ཤག་ལྟ་བའི་མིང་འཁོད་དགོས་ཀྱིན་མིན་འདུག་སྙམ། ཆབ་སྲིད་ཀྱི་གཞན་དབང་དུ་མ་སོང་ན་བོད་ཕྱི་ནང་གཉིས་ཀས་བཀོལ་སྤྱོད་ཐུབ་རྒྱུ་རེད། ངས་བསམ་ཚུལ་དེ་ཙམ་གྱིས།
རྗེས་མ་ཤོད་ཆོག
ང་ཚོ་འཛམ་གླིང་མི་དམངས་དང་མཉམ་བཤིབ་ཐུབ་མིན་དེ་མིང་གསར་ཁ་ཤས་བོད་སྐད་ལ་བསྒྱུར་བ་ཙམ་མ་རེད། འཛམ་གླིང་མི་མང་གི་རྗེས་ཟིན་དགོས་ན་ངེས་པར་བོད་ཡིག་ཤེས་དགོས་པ་ཅང་མེད། གཙོ་བོ་འཕྲུལ་རིག་སོགས་ཀྱི་ཐ་སྙད་བོད་སྐད་ལ་བསྒྱུར་བ་ནི་དགོས་མཁོ་དབང་གི་ཡིན། དེ་མིན་དགོས་མཁོ་མེད་ན་མ་བསྒྱུར་ཡང་གྱོང་རག་གི་མ་རེད། དེ་ཙམ་ཡིན།
ཡིག་བསྒྱུར་གྱི་བྱ་བ་འདི་གལ་ཆེན་ཡིན་ཡང་ཁ་ནས་བཤད་པ་ཙམ་མིན། སྤྱི་ཚོགས་སྟེང་གི་ཅ་ལག་དེ་ཚོའི་མིང་ཐད་བསྒྱུར་ཡིན་ཡང་ཆོག་ལ། སྒྲ་བསྒྱུར་ཡིན་ཡང་ཆོག དེ་མིན་དོན་བསྒྱུར་ཡིན་ཡང་ཆོག གང་ལྟར་མིང་དེ་བེད་སྤྱོད་བྱས་ན་རང་གི་ཆགས་པ་རེད། གཙོ་བོ་སྤྱི་ཚོགས་ཡར་རྒྱས་འགྲོ་དགོས་ན་རྩ་བ་དེ་ཚན་རིག་དང་ནུབ་ལུགས་རྩིས་རིགས། སྒྱུ་རྩལ་གྱི་ཕྱོགས་ཀྱི་གཞུང་དེ་བོད་འགྱུར་བྱེད་དགོས། དེ་མིན་བེད་སྤྱོད་གཏོང་བའི་འཕྲུལ་ཆས་ཁ་ཤས་ཀྱི་མིང་ནི་གཡོན་ནས་བཏགས་ཀྱང་ཆོག་ལ། གཡས་ནས་བཏགས་ཀྱང་ཆོག ཟུར་ནས་བཟོས་ཀྱང་ཆོག་ དེར་སྐྱོན་ཆེན་པོ་མེད། ཡ་ད་ཡིན་ཁྱོད་ཀྱིས་ཚན་རྩིས་ཀྱི་བརྡ་ཆད་གོ་རིམ་ཅན་ཞིག་མུ་མཐུད་འདྲེན་བཀོལ་བྱས་ཏེ་འགྲེལ་བཤད་བརྒྱབ་ན། ལོ་གཅིག་གི་རྗེས་ནས་བརྡ་ཆད་སྟོང་གཅིག་ལོངས་ཀྱང་གྲུབ་འབྲས་དེ་ལས་ཆེ་བ་མེད། ནམ་རྒྱུན་མཐོང་བཞིན་པ་དེར་ཡང་སྐོར་བསྒྱར་སྐོར་མ་རྒྱག དེས་ཕན་ཐོགས་དེ་ཙམ་མི་ཡོང༌།