འདུས་བྱུང་ཕུན་ཚོགས་ཚེ་རིང་།
ཨཱ་ལན
ཁྱེད་ཀྱིས་མུ་མཐའ་མེད་པའི་རྒྱ་མཚོ་དེ་འགྲིམ་ཞིང་།
ལས་དབང་དང་། རེ་བ་ཞིག་གི་ཆེད
རང་དབང་དང་། བདེ་བ་ཞིག་གི་ཆེད
རང་ཡུལ་བྲལ་ནས་གཞན་ཡུལ་ལ་ཕྱོགས་མཚམས།
སྙིང་རྗེ་མེད་པའི་ལས་དབང་གིས
འཇིག་རྟེན་ཕ་རོལ་ལ་འགྲོ་རུ་བཅུག་སོང་།
གངས་རིའི་ཁྲོད་ནས།
རང་དབང་དང་། རེ་བ་ལ་བཅངས་པའི།
མི་རིགས་གཅིག་གི་ལས་དབང་དང་དེ་འདྲའི་འདྲ་བ་ལ།
ཡག་པོ་འདུག