རྩོམ་པ་པོཿ Rabind Ranath Tagore)
སྒྱུར་མཁནཿ རེབ་ཐོག་མདའ།
ཞོགས་པའི་ཅོང་བརྡ་ཐེངས་འགར་གྲགས་པའི་སྒྲ་དེ་རྣ་བས་ཐོས་སྐབས་སུ།།
བདག་རང་སྡེ་བའི་ལམ་ཕྲན་དེད་དེ་སློབ་གྲྭའི་ཕྱོགས་སུ་གོམ་སྟབས་སྒྱུར།།
གདུ་བུ་ལྟ་བུའི་ཤེལ་རྡོ་དང་ནི་བྱ་ཁྲ་ངུ་བའི་སྐད་དག་ལ།།
སློབ་གྲྭར་འགྲོ་བའི་ལམ་བར་དེ་ནས་ཉིན་ལྟར་བདག་ལ་ཐུག་བཞིན་ཡོད།།
ལམ་ཁ་མེད་པའི་རྐང་ལམ་དོག་མོ་ཁོ་རང་བྲེལ་དགོས་མ་བྱུང་ལ།།
གནས་ཡུལ་གང་ཞིག་འགྲིམ་དགོས་བསམ་པའི་དམིགས་ཡུལ་བདག་ལ་མེད་པས་ན།།
ཡུལ་དུ་ལོག་པའི་དུས་ཚོད་དེ་ལ་དེ་འདྲའི་བྲེལ་དགོས་མ་བྱུང་བས།།
བདག་ནི་སོས་དལ་དུས་ཡུན་ཁྲོད་ནས་སློབ་རར་ཆས་ན་དེ་བས་འགྲིག།།
བདག་གིས་བསམ་ན་བདག་ནི་ལམ་དུ་ངུ་འབོད་བྱེད་པའི་བྱ་ཁྲ་བཞིན།།
ཉིན་གཅིག་ལམ་གྱི་དུས་ཡུན་དེ་ཡང་གསེར་མདོག་ཆུ་ཤེལ་གདོང་ནས་ལུས།།
ཕྱི་དྲོའི་དུས་སུ་སློབ་གྲྭ་གྲོལ་ནས་རང་ཡུལ་ཕྱོགས་སུ་སླེབས་པས་ན།།
ཁང་པ་དེ་ཡི་སྒོ་ཆེན་མདུན་དུ་དོང་ཞིག་བརྐོ་བ་བདག་གིས་མཐོང་།།
ཁོ་བོས་ཕྱགས་མ་ལག་ཏུ་བཟུང་སྟེ་རང་གི་ཅི་འདོད་བསྒྲུབས་བཞིན་འདུག།
ཁོ་བོས་ལྭ་བ་རྡུལ་གྱིས་ཁེངས་ཡང་ཞིང་ཁའི་གྲུ་ན་འདུར་བཞིན་འདུག།
ཁོ་བོས་ཚ་བའི་རྔུལ་ནག་ཀློང་ནས་བག་ལེབ་བསྲེགས་པར་མ་བྱས་ན།།
སུ་དང་གང་གིས་ཁོ་བོ་དག་ལ་ལས་འགན་སྤྲད་པར་མི་བྱ་འོ།།
གལ་སྲིད་བདག་རང་ས་དོང་བསྔོག་པའི་སྔོན་གྱི་གང་ཟག་དེ་ཡིན་ན།།
སུ་དང་གང་གིས་བཀག་ཀྱང་མི་ཁོག་བདག་གིས་ས་དུང་བསྔོག་ངེས་ཡིན།
གལ་སྲིད་མཚན་མོའི་ཟླ་བ་ལྷ་མོ་བདག་གིས་མགོ་ནས་ཤར་ན་ཡང་།།
གལ་སྲིད་བདག་གི་ཨ་མ་མཆོག་གིས་བདག་ལ་ཉལ་བར་སྐུལ་ན་ཡང་།།
བདག་གིས་ཁང་པའི་སྒེའུ་ཁུང་ཕྱེས་ཏེ་ཕྱི་རོལ་ཡུལ་ལ་བལྟས་པས་ན།།
མཚན་སྲུང་རྒན་པོ་གོམ་སྟབས་ཡང་མོས་ཡར་མར་ཕྱོགས་ལ་རྒྱུག་བཞིན་འདུག།
ཁེར་རྐྱང་ལུས་པའི་གྲོང་བརྡལ་འདི་ནི་སྨག་རུམ་ཁྲོད་ན་གཉིད་དུ་ཡུར།།
ཁྲོམ་གྱི་གློག་སྡོང་ཀྲོང་ངེར་འགྱིང་བ་མི་ཆེན་གདོང་གི་མིག་ཟུང་བཞིན།།
མཚན་སྲུང་རྒན་པོའི་ལག་གི་ལག་བཞུ་ཐེངས་འགར་ཡར་མར་གཡུག་པ་དང་།།
ཁོ་བོས་གོམ་ཁ་གྲིབ་མར་འགྲོགས་བཞིན་མལ་ཁྲིའི་ཕྱོགས་ལ་གོམ་སྟབས་བསྒྱུར།།
གལ་སྲིད་བདག་རང་སྲང་ལམ་ཉུལ་བའི་མཚན་སྲུང་བགྲེས་པོ་ཡིན་པས་ན།།
བདག་རང་གློག་བཞུའི་འོད་སྣང་སྙེགས་ཏེ་མཚན་གང་དུས་ཡུན་འགདའ་བར་བྱེད།།