སྤྱན་ཆེན་པོ།
ཉི་འོད་དག་རི་བོའི་གསེབ་ཏུ་ཐོར་རྗེས
གར་ཡོང་མི་ཤེས་པའི་རྐང་རྗེས་འགའ
ངའི་ལག་མཐིལ་དུ་བབས
མེ་ལོང་ལ་གཙང་སྦྲ་ཞིག་བྱས་ཏེ
ལག་མཐིལ་གྱི་རྐང་རྗེས་དག་ལ་བལྟ་བསམ་དུས
གློ་བུར་དུ་ལྡང་འོང་བའི་ལྷགས་རླུང་ལྡོམ་པོས
ངའི་མཐོང་ཡུལ་ནས་ཕྱི་རོལ་ཏུ་ཁུར་སོང
འཆིང་ཐག་ཅིག་གིས་རང་ཉིད་དམ་པོར་བསྡམས་རྗེས
སྒེའུ་ཁུང་ལས་མར་བལྟས་པ་ན
འཚིག་བཞིན་པའི་གཞོབ་དྲི་ཞིག་སྣ་ལམ་ནས་རྒྱུ་སོང
མ་གཞི་རྐང་རྗེས་དག
ཉི་འོད་ཀྱིས་སྔ་མོ་ནས་བསྲེགས་ཚར་འདུག
༢༠༡༤-༠༩-༢༡