སྐྱ་རེངས།
འཛུམ་མདངས་དེ་དོན་དུ་དང
མིག་ཆུ་དེ་ཕྱིར་དུ
ང་འཆི་ཕོད དངོས་ནས་འཆི་ཕོད
སྐྱེ་བ་གྲངས་མེད་དུ འཆི་ཕོད
བརྩེ་བ་མེད་པའི་ཚུ་རོལ་ན
འཇིག་རྟེན་འདིར་འཚོ་བ་ནི
དོང་ནང་དུ་འཚོ་བ་དང་འདྲ
ཁོང་མོའི་གསུང་གླེང་མ་ཐོས་ཚུན
བདག་རང་འོན་པ་རུ་གྱུར་ན་དགའ
“ཀྱེ དཀོན་མཆོག་ལགས”
“བདག་ལ་འཆི་མེད་རྒས་མེད་ཀྱི་རིལ་བུ་ཞིག་མི་དགོས”
“བདག་ལ་དུས་ཚིགས་མེད་པའི་བརྩེ་བ་ཞིག་སྩོལ་རོགས”
༢༠༡༤།༤།༢༨
སྙན་དེབ་འདི་རྒྱལ་བ་རིན་པོ་ཆེའི་གྱ་སྟོན་དང་ལྷན་ཁྱེད་ཅག་ལ་སྟོང་ལོ་བཅུ་བཞི་ལོའི་ལག་སྐྱེས་ཤིག་གི་ཚུལ་དུ་འབུལ་འཆར་ཡོད་པ་ལགས།
དེང་སྐབས་ང་རང་གཅིག་པུ་ལས་སྙན་ངག་ཀློག་མཁན་མི་འདུག བཀྲ་ཤིས་བདེ་ལེགས་ཞུ།
༼མིག་ཆུ་དེ་ཕྱིར་དུ
ང་འཆི་ཕོད དངོས་ནས་འཆི་ཕོད
སྐྱེ་བ་གྲངས་མེད་དུ འཆི་ཕོད༽
གྱ་སྟོན་གྱི་ཆེད་དུ་ཡིན་གསུངས་དུས་་་་ཚིག་འདི་ཚོ་མི་སྙན་གི
སྟོང་ལོ་བཅུ་བཞི་པའི་ལག་སྐྱེས་སུ་རྟེན་འབྲེལ་མི་ལེགས་
སྟོང་ལོ་གསར་པའི་ལེགས་སྐྱེས་ཞེས་བརྗོད་འདོད་པ་འདྲ།
ལག་སྐྱེས་ཞེས་པ་ནི་རང་གི་སྒོ་རར་སྐྱེས་པའི་ཕྱུགས་ལ་ཟེར།
གོང་དག་བཀྲ་ཤིས་པའི་གསས་མཁར་བརྩེགས་སར། ལྟས་ངན་པའི་ཐན་སྐད་སྒྲོགས་པར།
སྙན་ངགས་དེབ་འདི་ཐོན་རྗེས་ཀློག་ངེས་ཡིན།