རྒྱ་མིའི་དམག་མིས་བོད་མི་ཨ་ཐར་ལགས་འཛིན་བཟུང་བྱས་ཏེ་ད་ཆ་ཁོང་ག་པར་འཁྲིད་ཡོད་མེད་ཤེས་རྟོགས་མེད་པའི་སྐོར།
༄༅༎བདུན་ཕྲག་འགའ་ཤས་གོང་རྒྱ་ནག་གཞུང་གིས་ཁམས་ལི་ཐང་ནས་ཡིན་པའི་ ཁ་ཤག་ཤོད་མཁན་ཨ་ཐར་ལགས་འཛིན་བཟུང་བྱས་པའི་གནས་ཚུལ་འདུག ཨ་ཐར་ལགས་ཀྱི་དེ་སྔོན་སྤྱི་ཚོགས་ཀྱི་གནད་དོན་སྐོར་ལ་ཁ་ཤག་གི་སྐད་འཁོར་གཅིག་འགྲེམ་སྤེལ་གནང་ཡོད་པ་མ་ཟད། དེ་རྗེས་རྒྱ་ནག་གཞུང་གིས་བོད་མི་ཚོར་སྡུག་སྦྱོང་གཏོང་སྟངས་སྐོར་གྱི་སྐད་འཁོར་གསར་པ་ཞིག་འདོན་སྤེལ་གནང་རྒྱུའི་འཆར་གཞི་བྱས་ཡོད་ཀྱང༌། སྐད་འཁོར་གསར་པ་འདོན་སྤེལ་བྱེད་རན་མཚམས་སུ་ ཁོང་རྒྱ་མིས་འཛིན་བཟུང་བྱ་ཉེན་ཡོད་པའི་བློ་དྭོགས་བྱུང་ཡོད་པ་ལྟར། ཉེ་ཆར་མཚན་མོ་ཞིག་ཏུ་མགོ་རས་ནག་པོ་དཀྲི་པའི་རྒྱ་མིའི་དམག་མིས་ཁོང་གི་ཚོང་ཁང་ནས་འཛིན་བཟུང་བྱས་ཏེ། ག་པར་འཁྲིད་ཡོད་མེད་ཤེས་རྟོགས་མེད་པའི་སྐོར་ཨ་ཐར་ལགས་རྒྱུས་མངའ་ཡོད་མཁན་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག་ཅིང༌། ཨ་ཐར་ལགས་ཀྱིས་ལོ་སྔོན་མའི་ཕྱི་ཟླ་ ༡༡ པའི་ནང་བོད་ལ་ཕེབས་མཁན་ཞིག་ལ། གལ་སྲིད་ཁོང་འཛིན་བཟུང་བྱས་པ་ཡིན་ན། ཁོང་གི་སྒྲ་འཇུག་བྱས་པའི་སྙིང་གཏམ་ཕྱི་ཕྱོགས་སུ་དྲིལ་བསྒྲགས་ཡོང་བའི་འབོད་སྐུལ་གནང་ཡོད་པ་རེད༎
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་བཤུས།
མི་རིགས་ཀྱི་ལ་རྒྱ་སྙིང་ཁོང་དུ་བཅངས་ནས།
རང་རིགས་ལ་ཞེན་པའི་གླུ་ཆུང་ཞིག་བླངས་ན།
ལོག་སྤྱོད་དང་ཁ་བྲལ་གྱི་མིང་ངན་ཞིག་བཏགས་ནས།
མུན་པ་ཡི་བཙོན་ལ་བཅུག་པ་དེ་སྐྱོ་བྱུང་།
ཁམས་པའི་ཁ་སྐད་འདི་སྙན་གི་ཡ། ཁམས་ཕྱོགས་ཀྱི་བླ་རྣམ་པའི་བཀའ་སློབ། དཔའ་བོ་རྣམ་པའི་ཞལ་ཆེམས། རྒྱུ་རྩལ་བ་རྣམ་པའི་ཁ་ཤག་ཁང་ལ་ཉན་ན་ཡག་པོ་རྐྱང་རྐྱང་རེད་དོ།
ང་དུས་རྒྱུན་ནས་ཁོང་གི་ཁ་ཤག་ལ་ཧ་ཅང་དགའ་པོ་ཡོད། ངོ་མ་ཁོང་གི་ཀླད་པ་ལ་རྒྱའི་བང་མཛོད་རེད། མི་རིང་གློད་གྲོལ་ཡོང་བ་ཤོག
བཀྲ་ཤིས་ལགས་ཁོང་གི་སྐད་གདངས་དེ་ཁམས་པའི་གདངས་དག་མ་དེ་མ་རེད།
ཁོང་ནི་རྒྱལ་གཅེས་པ་ལྷད་མེད་ཅིག་ཡིན་པར་མ་ཟད་བློ་རྒྱ་ཤེས་རྒྱ་ཡག་པོ་ཡོད་པའི་རྣམ་པ་འདུག
ད་ལྟ་ཁོང་ལ་དཀའ་ངལ་མྱོང་བཞིན་ཡོད་པས་ཚང་མས་གདུང་སེམས་མཉམ་བསྐྱེད་མཛད་རྒྱུ་གལ་ཆེ།
ལུས་དང་སྲོག་ལ་མི་འཛེམས་པར།།
རང་དབང་རྩོད་ལེན་བདེ་སྡུག་ཆེད།།
སྤང་ལས་ཤ་མོ་བརྡོལ་བ་ལྟར།།
རྒྱལ་གཅེས་དཔའ་རྒོད་ཇེ་མང་རེད།།
ཁམས་པའི་མི་རྒོད་ཁྱོད་ལ་བསྟོད། སྐད་ཆ་ལ་གཟི་བརྗིད་ཆེ་ཞིང་། ནང་དོན་ལ་གོ་བ་ཟབ་པ། ད་དུང་རྗོད་བྱེད་སྙན་པ་ལ་ཚད་མི་འདུག ཁྱོད་གློད་དཀྲོལ་ཡོང་བར་སྨོན།
གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་ནི་གཅིག་ངར་གཉིས་ངར་རེད། ཁྱེད་རྣམས་ཀྱི་ལར་ཞེན་དང་། བློ་སྟོབས། ཆོད་སེམས་དང་། བློས་གཏོང་སོགས་ལ་སྙིང་ནས་ཡི་རང་ཡོད། ཁས་བཤད་དོན་གནས་ཅན་གྱི་གངས་རིའི་དཔའ་རྒོད་ཁྱེད་ཀྱི་ཐུགས་བསམ་ཡིད་བཞིན་འགྲུབ་སྨོན་རྒྱུན་མར་ཡོད་ལགས། བོད་རྒྱལ་ལོ།
གངས་རིའི་དཔའ་རྒོད་ཀྱི་སྙིང་སྟོབས་རྒྱལ་ལོ།
སྐད་གདངས་ལ་བཟང་ངན་མི་གླེང་བོད་པའི་དཔའ་རྒོད་ལ་ཡི་རང་ཡོད།
སྐད་གདངས་ལ་བཟང་ངན་མི་གླེང་བོད་པའི་ཕོ་རྒོད་ལ་བསྟོད་དོ།
ཁམས་རྒོད་ཨ་ཐར་ཁ་མཁས་པ་རེད། སེམས་བཟང་པོ་རེད། དོན་སྒྲུབ་པ་རེད། འབའ་ལི་ཐང་རྐུན་མའི་ས་ཆ་རེད། རྫོ་མི་དྲ་སྐྱབས་མགོན་འཁྲུངས་ས་རེད། །
འབའ་ལི་ཐང་ནི་རྐུ་མ་དང་ཇག་པའི་ས་ཆ་རེད་ཡིན་ན་མི་སྐད་གྲགས་ཅན་ཁ་ཤས་འཁྲུང་ས་ཡང་རེད་དཔེར་ན་ལི་ཐང་ཨ་བྲུག་མགོན་པོ་བཀྲིས་དང་འབའ་ཕུན་དབང་གཙུས་ཁ་ཤས་ཞིག་བྱུང་མྱོང་ཡོད་
གློད་གྲོལ་ཡོང་བ་སྨོན།
སྐད་ཆ་འདིའི་ནང་དུ་བཙན་ཁྲིད་བཙོན་འཇུག་བྱེད་དགོས་པའི་ཆབ་སྲིད་ཀྱི་ཚིག་དེ་འདྲ་མི་འདུག་སྙམ། སྐད་ཆ་ཙམ་ཡང་བཤད་མི་ཆོག་པར་བཙན་ཁྲིད་བཙོན་འཇུག་བྱེད་ཀྱི་ཡོད་ན་རྒྱ་རྒན་བང་ལི་ཞོན་ཅིའི་ཕྱིར་བདེ་འཇགས་ངང་པེ་ཅིན་མཁར་ནས་འདུག་ཐུབ་པ་རེད། གཞོན་ལྷན་གྱིས་ལི་ཐང་པ་ཨ་ཐར་ལགས་ཀྱི་སྐད་ཆའི་ཚིག་དོན་རྣམས་ཡིག་ཐོག་ཏུ་ཕབས་ཏེ་དེང་སྐབས་བོད་ནང་དུ་བོད་མི་ཚོས་སྐད་ཆ་འདི་ཙམ་ཡང་བཤད་པའི་ཐོབ་ཐང་མི་འདུག་པའི་སྐོར་སོགས་རྒྱལ་ཚོགས་སོགས་ལ་ཞུ་གཏུགས་གནང་རོགས།
དཔའ་བོ་ལི་ཐང་པ་ཨ་ཐར་ལགས་ལ་བཀའ་དྲིན་ཆེ་ཞེས་དང་། གང་མགྱོགས་གློད་གྲོལ་ཐོབ་པའི་རེ་བ་ཧ་ཅང་ཆེ།
གཞན་དྲ་གྲོགས་ཚོས་ལི་ཐང་དང་འབྲེལ་བའི་ཚིག་ངན་དེའི་འདིར་འདིར་འབྲེལ་བ་ཡེ་ནས་མེད་པས་མ་བཀོད་ན་བཟང་། དེ་མིན་དཔའ་བོའི་བོད་དོན་དུ་བཤད་པའི་སྐད་ཆའི་མཇུག་དེར་དོན་མེད་ཆོལ་ཁ་དང་ལུང་ཚན་གྱི་ཁ་རྩོད་སྣ་རྩོད་མང་པོས་དུས་འདའ་བར་བྱེད་སྲིད་པས་སྐད་ཆ་དེའི་རིགས་མ་གསུང་ཞེས་རེ་བ་སྙིང་ནས་ཞུ།
ཁམས་པའི་རྒྱ་རྩལ་པ་རྒྱལ་གྱུར་ཅིག
ད་ལྟའི་དཔའ་བོ་ཁྱོད་གསུང་སྙན་པ་ལ། སྙིང་ནས་རྗེས་སུ་ཡིད་རང་ཡང་ཡང་ཞུ།
ངོ་མ་ཁྱེད་ཉིད་སྙིང་སྟོབས་ཆེ་ལ། ལ་རྒྱ་ཡང་ཡོད་པས་ཁྱེད་ཀྱི་སྐད་ཆ་དེ་དག་ངོ་མ་ང་ཚོས་སེམས་ལ་འཛིན་དགོས་པ་དག་དག་རེད། དེ་ཙམ་མ་ཟད་དེ་རིང་ནས་བཟུང་ང་ཚོས་ལྡོག་རྩ་གཅིག་སྒྲིལ་གྱིིས་མདུན་ནས་མདུན་དུ་བསྐྱོད་དགོས་པ་དེ་ཁྱེད་རྣམ་པའི་ཞལ་ཆེམས་ཡིན་པ་ཐག་གིས་ཆོད་ལ་ང་ཚོས་ཀྱང་བདེ་ས་སྐྱིད་ས་ཞིག་ནས་གཅིག་གིས་གཅིག་ལ་ཁ་ཚོད་ཚིག་རྩོད་ཀྱི་ངན་གཤིས་མཐའ་དག་སྤངས་ཏེ་རང་གཤིས་ངོ་མ་ཞིག་སྟོན་རྒྱུའི་དམ་བཅའ་བཞག་པ་ཡིན།
ངོ་མ་ཡག་པོ་ཞེ་དྲག་འདུག།མི་རིགས་ཀྱི་ལ་རྒྱ་མཚོན་འདུག།ཁམས་པ་རྒྱ་རྩལ་པ་དེ་འདྲ་རེད།གཞན་པ་ལྷ་སའི་ཉི་མ་ལ་དང་ཐུབ་བསྟན་ལ།ཨ་མདོའི་སྨན་ལྷ་དང་མགོ་ལོག་ཟླ་པེ་སོགས་ལ་ཆོ་ཅི་ཡང་མེད་པ་རེད།མི་རིགས་ཀྱི་ལ་རྒྱ་དང་རྩ་དོན་སོགས་ཚིག་གཅིག་ཀྱང་བཤད་མྱོང་མེད་པ་གསལ་བོ་རེད།སྐྱག་པ་རྒྱུ་རྩལ་པ།ཕ་རོ་རྒྱུ་རྩལ་པ།