ཀླུ་སྨྱོན།
སངས་རྒྱས་ཀྱི་བསྟན་པའི་མཇུ་བསྡུ་སའི་ལི་ཡུལ་དེ་དེང་སང་གི་ཤིན་ཅང་ཡིན་ནམ། ཡིན་ན་ཤིན་ཅང་ནས་སངས་རྒྱས་བསྟན་པའི་མཇུག་བསྡུས་ནས་ལོ་སྟོང་ལ་ཉེ་བ་ཕྱིན་འདུག་ག ཤིན་ཅང་ནས་སངས་རྒྱས་ཀྱི་བསྟན་པ་མཇུ་བསྡུ་སྟངས་དེ་ནི་བུ་སྟོན་ཆོས་འབྱུང་སོགས་སུ་གསུངས་པའི་ཉན་ཐོས་ཚོས་གཅིག་གིས་གཅིག་བསད་དེ་མཇུག་བསྡུས་པ་ཞིག་མ་ཡིན་པར། ཀླ་ཀློ་མུ་ཟི་ལིམ་གྱི་དམག་དཔུང་གིས་ང་ཚོའི་ཉན་ཐོས་ཚོ་གསོད་བཟུང་སྐྲོད་གསུམ་བྱས་ནས་མཇུག་བསྡུས་པ་ཞིག་ཡིན་པ་ལོ་རྒྱུས་ཡོངས་གྲགས་རེད། བསྟན་པའི་མཇུག་བསྡུ་ལུགས་མདོ་སྡེ་སོགས་སུ་གསུངས་པ་དེ་ཐེག་དམན་གྱི་བསྟན་པ་མཇུ་བསྡུ་ལུགས་ཤིག་ཡིན་ནམ་ཐེག་ཆེན་གྱི་བསྟན་པའི་གནས་ཚད་ཅིག་ཡིན། ཡང་ན་ཐེག་པ་ཆེ་ཆུང་འདྲེས་མ་ཞིག་ཡིན། རྒྱའི་བཙུན་པ་ཧྥ་ཞན་(ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས)་དུས་རབས་བཞི་བའི་མཇུག་དང་ལྔ་བའི་འགོ་ཙམ་ལ་་ལི་ཡུལ་བརྒྱུད་ནས་རྒྱ་གར་དུ་འདུལ་བའི་དཔེ་ཆ་འཚོལ་དུ་ཕེབས་དུས་ཞང་ཞང་ནས་ཟླ་བ་གཅིག་དང་ལི་ཡུལ་ནས་ཟླ་བ་3་ཙམ་བཞུགས་པའི་རིང་ཡུལ་དེའི་ནང་བ་ཚོའི་ཆོས་སྤྱོད་ཐད་མཐོང་ཆོས་འདི་འདྲ་ཞིག་བྱུང་འདུག
“ལི་ཡུལ་ནི་སྤྲོ་སྐྱིད་ལྡན་ལ་ལོངས་སྤྱོད་དར་བ། མི་འབོར་མང་བའི་རྒྱལ་ཁབ་ཞིག་དང་། དགོན་ཆུང་རྣམས་མ་བགྲང་བར་དགོན་པ་ཆེ་བ་14་དང་གྲྭ་བའི་གྲངས་འབོར་ཁྲི་ཤས་ཡོད་པ་མང་ཆེ་བ་ཐེག་ཆེན་པ་དང་གྲ་མང་གི་འཚོ་བ་སྤྱི་ཐབ་ཡིན་འདུག དགོན་པའི་ནང་གྲྭ་བཙུན་གནས་འགྲིམས་པ་བཞུགས་སའི་འགྲུལ་ཁང་ཡོད་ཐོག་གྲ་བཙུན་གནས་འགྲིམས་པ་ཚོར་དགོན་པ་ཁག་ནས་འགྲུལ་ཤག་དང་དགོན་པར་བཞུགས་རིང་འཚོ་བའི་མཐུན་རྐྱེན་ཡང་སྦྱོར་གི་ཡོད་འདུག”
གལ་སྲིད་ཐེག་དམན་གྱི་བསྟན་པར་དགོངས་པ་ཡིན་ན་ནི། ཤིན་ཅང་གི་ཡུལ་དུ་མ་འོངས་པར་ཡང་སྐྱར་ཞིན་ཅང་དུ་མི་དམངས་ཀྱིས་ཁ་ཆེའི་ཆོས་ལུགས་དོར་ནས་སངས་རྒྱས་ཀྱི་བསྟན་པར་ཞུགས་དགོས་ལ། ཞིན་ཅང་ནས་ལེ་དབར་སྟོང་ཕྲག་གིས་ཆོད་པའི་ཐེག་དམན་གྱི་རྒྱལ་ཁབ་ཤྲྰི་ལིངྐ་དང་ཐེ་ལན་སོགས་ནས་དགེ་སློང་སེར་པོ་ཚོ་གདན་ཞུས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྤེལ་དགོས་ཤིང་། དེ་ལྟར་བསྟན་པ་ཕྱི་དར་ཞིག་འབྱུང་ན་མ་གཏོགས་ཡོང་མི་སྲིད་པ་ཞིག་རེད། གཤམ་དུ་དུང་དཀར་ཚིག་མཛོད་ཆེན་མོར་ལི་ཡུལ་སྐོར་རོབ་ཙམ་བྲིས་པ་ཞིག་ཀྱང་སྤྱན་འབུལ་ཞུས་ཡོད།
“འདི་དེང་སང་ཤིན་ཅང་དུ་འབོད་པ་དེ་ཡིན་ཅིང་། སྔར་བཙན་པོའི་དུས་སྐབས་ནས་ལི་ཡུལ་ཞེས་འབོད། བོད་ཀྱི་མཁས་པ་འགའ་ཞིག་གིས་བལ་ཡུལ་ལ་ངོས་འཛིན་མཛད་ཀྱང་། ཀུན་མཁྱེན་གྲོ་ལུང་པ་དང་། ས་སྐྱ་པཎ་ཆེན། བཅོམ་ལྡན་རིག་རལ། རྗེ་བཙུན་རེད་མདའ་བ་སོགས་མཁས་པ་མང་ཆེ་བས་བལ་ཡུལ་དང་ལི་ཡུལ་གཅིག་པ་མིན་པར་གསུངས་པ་མ་ཟད། ངོར་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་བལ་ཡུལ་དང་ལི་ཡུལ་མི་གཅིག་པའི་རྒྱུ་མཚན་དངོས་ཡོད་ལུང་མང་པོ་དྲངས་ནས་གསུངས་ཡོད་པ་དེའི་གསུང་རྩོམ་《མིའི་དབང་པོ་མགོན་པོ་རྒྱན་མཚན་གྱི་དྲི་ལན་རྒྱལ་སྲས་བཞད་པའི་མེ་ཏོག་》 (བྲིས་མ་)ལས་གསལ་ལ། ས་ཆ་འདི་ཕྱོགས་གང་དུ་ཡོད་པ་སོགས་དུས་ཡུན་རིང་པོ་ཞིག་གི་ནང་བཤད་ཚུལ་མི་འདྲ་བ་སྣ་ཚོགས་བྱུང་སྟེ། འགའ་ཞིག་གིས་བལ་ཡུལ་དང་ལི་ཡུལ་གཉིས་གཅིག་ཏུ་བརྩིས་ནས་གླང་རུ་ལུང་བསྟན་གྱི་གནས་ཀྱང་བལ་ཡུལ་ལ་ཡོད་པར་ངོས་འཛིན་མཛད་ཡོད་ན་ཡང་བལ་ཡུལ་དང་ལི་ཡུལ་གཉིས་གཅིག་པ་མིན་པ་ནི་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱིས་“རྒྱ་གར་ཤར་ནུབ་ལི་དང་བལ་པོའི་ཡུལ་”ཞེས་བལ་ཡུལ་དང་ལི་ཡུལ་སོ་སོར་གསུངས་པ་དང་། དཔའ་བོ་གཙུག་ལག་ཕྲེང་བས་《མཁས་པའི་དགའ་སྟོན་》ནང་ལི་ཡུལ་གྱི་ལོ་རྒྱུས་གསུངས་སྐབས་རྒྱལ་པོ་མྱ་ངན་མེད་ཀྱི་བུ་ས་ནུས་བཟུང་བའི་ལི་ཡུལ་དང་《གླང་རུ་ལུང་བསྟན་གྱི་མདོ་》དང《ལི་ཡུལ་ལུང་བསྟན་པའི་མདོ》གཉིས་ནས་རི་དང་མཆོད་རྟེན་སོགས་ནི་བལ་ཡུལ་ན་ཡོད་པའི་དེའི་སྐབས་ཀྱི་ལི་ཡུལ་ནི་བལ་ཡུལ་ཡིན་པའི་ཕྱོགས་དེ་འཐད་པ་དང་། 《དུས་འཁོར》གྱི་ནང་དུགསུངས་པ་པའི་ཕྱི་ནང་གི་ཡུལ་བདུན་དང་། ཡུལ་དྲུག་གི་དུས་སྦྱོར་འཆད་པའི་སྐབས་ཀྱི་ལི་ཡུལ་ནི་བོད་ཀྱི་བྱང་དུ་ཡོད་པའི་ལི་ཡུལ་ལ་གོ་དགོས་པར་གསུངས། བཅོམ་ལྡན་རིག་པའི་རལ་གྲིས། ས་ནུས་བཟུང་བའི་ལི་ཡུལ་དེ། རྒྱ་བོད་མཚམས་ཀྱི་བལ་པོ་མིན། ཞེས་གསུངས་པ་ལྟར་མདོར་ན་ལི་ཡུལ་དེ་ནི་བོད་ཀྱི་བྱང་རྒྱབ་དང་། ཨུ་རུ་སུའི་ལྷོ་མཐར་ཆགས་པའི་ཡུལ། རྒྱ་གར་སྐད་དུ་ཀམ་ས་དེ་ཤ། ཡུལ་གཞན་དུ་ཏུར་ཀི་སྠིན། རྒྱ་ནག་གི་སྐད་དུ་ཤིན་ཅང་དུ་འབོད་པ་འདི་ཡིན་ཏེ་། འདིའི་ཤར་མཐའ་མཚོ་སྔོན་ཞིང་ཆེན་གྱི་བྱང་རྒྱབ་དང་འབྲེལ་ཞིང་ནུབ་མཐའ་ནི་མངའ་རིས་ལ་དྭགས་ཕྱོགས་དང་ཚོང་འགྲུལ་ཡོད་མཁན་ཡེར་ཁེན་ཟེར་བ་དེ་ཡིན་། སྔར་ཡུལ་འདིར་ནང་་པའི་ཆོས་ལུགས་དར་རྒྱས་ཆེ་བ་ལ། སྲོང་བཙན་སྒམ་པོའི་དུས་ཙམ་ནས་ནང་ཆོས་བསྣུབས་ཏེ། ཡུལ་དེའི་དགེ་སློང་རྣམས་བོད་དང་རྒྱ་གར་དུ་བྲོས། དེ་ནས་བཟུང་མུ་སྟེགས་པའི་ཆོས་ཀྱི་ལྟེ་བ་ལྟ་བུར་གྱུར། ད་དུང་ཡང་གོ་ཤྲངྒའི་གླང་རུའི་གཙུག་ལག་ཁང་གི་ཤུལ་དང་། གཞན་ཡང་མཆོད་རྟེན་ཞིག་པོ་དང། སྔོན་གྱི་དགོན་ཤུལ་ཤིན་ཏུ་མང་བ་ཡོད་འདུག ཡུལ་འདིའི་མི་རིགས་རྣམས་སོག་རྒྱུད་ཡིན་པས། ཀུན་མཁྱེན་ཀློང་ཆེན་པས། ལྕང་ར་སྨུག་པོ་ལ་སོགས་པའི་སོག་ཡུལ་ཞེས་གསུངས་པ། ཡུལ་འདི་ལ་མདོ་སྨད་པ་རྣམས་ཀྱིས་ཡུལ་ལི་ཞེས་འབོད་པ་ཡང་དོན་ལ་ལི་ཡུལ་ཟེར་བའི་ཚིག་མགོ་མཇུག་ལྡོག་པའམ། ཡང་ན་རྒྱ་གར་ཡུལ་ཟེར་བ་ལ་ཡུལ་རྒྱ་གར་ཞེས་སྨྲས་པ་དང་འདྲ། ཡུལ་འདི་བོད་དང་ཤིན་ཏུ་ཐག་རིང་བའི་རྒྱུ་མཚན་གྱིས་སྔར་བོད་ཀྱི་འོག་ཏུ་འདུས་མྱོང་ཟེར་བར་ཡིད་ཆེས་དཀའ་ཙམ་ཡིན་མོད། བོད་ཕྱི་རབས་ཀྱི་མཁས་པ་མང་ཆེ་བས་ལི་ཡུལ་ནི་ཤིན་ཅང་དུ་འབོད་པ་དི་ཡིན་པར་བཞེད་པ་མཐུན་ལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་《དེབ་ཐེར་དཀར་པོ》ལས། བོད་བྱང་མཐར་ཡོད་པའི་ཤིན་ཅང་ནི་ལི་ཡུལ་ངོ་མ་ཡིན་པའི་མཚོན་རྟགས་སུ་ཡུལ་འདིའི་བྱེ་མའི་གསེབ་ནས་བོད་ཀྱི་རྫོང་གོག་མང་པོའི་ཤུལ་གསར་དུ་རྙེད་པ་ལས་སྔ་མོའི་བོད་ཀྱི་ཡོ་བྱད་སྣ་ཚོགས་དང་། ཡུལ་མི་ལས་ཁྲལ་བསྡུས་པའི་བྱང་བུ་ཆེ་ཆུང་མང་པོ། དམག་དཔོན་སོགས་ཀྱིས་དཔོན་རིགས་རྣམས་ཕན་ཚུནབཏང་བའི་ཡི་གེ་ལ་སོགས་པ་ཧ་ཅང་མང་པོ་ཐོན་ནས་རྒྱལ་ཁབ་མང་པོར་བགོས་ནས་ཁྱེར་ཏེ། ཁོང་ཚོའི་དངོས་མང་བཤམས་སྟོན་ཁང་དུ་ཡོད་པར་གསུངས་འདུག”
གཤམ་གྱི་དྲ་ཐག་ནི་ཀླད་ཀྱི་འདྲ་པར་དེའི་འགྲེལ་བཤད་ཡིན།
http://windhorsetour.com/xinjiang-attraction/bezeklik-thousand-buddha-caves
དྲ་ཐག་གཉིས་པ་འདིའི་ནང་དུ་བོད་པ་ཚོས་ལི་ཡུལ་དང་བྲུ་ཤའི་སྐོར་བགྲོ་གླེང་ཡག་པོ་ཞིག་བྱས་འདུག
http://blog.amdotibet.cn/Chen/archives/16752.aspx
ལི་ཡུལ་སྐད་ནས་བསྒྱུར་བའི་བོད་དཔེའི་དཔེ་མཚོན་སུའི་གསུང་ཐུབ་བམ་། ལགས།
ཨཕགྷ་ནིས་ཐན་དང་བྲུ་ཤ་དང་་ཏ་ཟིག་དང་་ཤིན་ཅང་་དེ་ཕྱོགས་ནས་དར་བའི་གནའ་བོའི་སངས་རྒྱས་པའི་ཆོས་ལུགས་དེ་ཚོ་དང་བྱིན་རླབས་ཀྱི་འབྲེལ་བ་ཡོད་ས་དེ་ནི་ཡེ་ཕྱི་མོའི་་་་གཡུང་དྲུང་བོན་་་མ་གཏོགས་གཞན་དེང་སང་གི་བོད་བརྒྱུད་ནང་བསྟན་གསར་པ་ཚོ་དང་འབྲེལ་བ་ཕལ་ཆེར་བྱུང་ཡོད་པའི་བཟོ་མི་འདུག གལ་སྲིད་འབྲེལ་བ་བྱུང་ཡོད་ན་བྱུང་སྟངས་ཁ་གསལ་ཞིག་ཁྱེད་ཚོས་གསུངས་རོགས་གནོངས། །
བོན་དཔེ་འགར་་་་ལི་ཡུལ་ལྗང་ར་སྨུག་པོ་རུ། ལི་བོན་སྤུངས་སྒྱུང་མཐུ་ཆེན་གྱིས། གསུངས་པ་དེ་འདྲ་ཡོད་ས་ཡོད། །
བདེ་མོ།
ཡུལ་ནི་ལི་ཡུལ་ལི་སྟོད་ན། ཆེ་བཙན་རྒྱལ་པོ་་་ཡང་ནེ་ཝེར་་ཞེས་
ཞང་སྐད་དང་འབྲེལ་ནས་འདུག།
མངའ་རིས་དང་ལི་ཡུལ་ས་འབྲེལ་ནས་ཡོད། མངའ་རིས་ནས་ལི་ཡུལ་ལ་རླུངས་འཁོར་སོང་ན། ཉིན་གཅིག་
གི་ལམ་ཡིན། བོད་སྐད་བཤད་མཁན་ཡང་མང་པོ་ཡོད་སྐད་འདུག།
ལི་ཡུལ་དུ་་གོས་ཆེན་ཚོང་པའི་རྒྱ་ལམ་ཆེན་པོ་ཆགས་པས། ལི་ཡུལ་བརྒྱུད་སངས་རྒྱས་བསྟན་པ། བོད་ལས་རྒྱ་ནག་ཏུ། ལོ་ངོ་བརྒྱ་ཕྲག་མང་པོའི་སྔོན་དུ་དར།
་
བུ་སྟོན་ཆོས་འབྱུང་དུ། གླང་དར་མའི་སྐབས། བོད་ཀྱི་གྲྭ་པ་རབ་གསལ་དང་། གཡོ་དགེ་འབྱུང་། དམར་ཤཱ་ཀྱ་མུ་ནི་གསུམ་གྱིས་འདུལ་བ་དྲེལ་ཁལ་བཀལ་ཏེ། མངའ་རིས་སྟོད་དུ་བྲོས་ནས། གར་ལོག་ནས་ལམ་ཐོན་ནས་ཧོར་ཡུལ་དུ་ཕྱིན། ཅེས་པའི་ཧོར་ཡུལ་དེ་ལི་ཡུལ་ཡིན་པར་གོ ང་ཕྲུག་གུའི་སྐབས། ཧོར་མུ་སུལ་མན་གྱི་་ཚོང་པ་མང་པོ་ལ་དྭགས་སུ་འོངས་པ་མཐོང་། དིང་སང་ལི་ཡུལ་ནས་ལ་དྭགས་སུ་ཚོང་པ་འོང་མི་ཐུབ་ཀྱང་མ་འོངས་པ་ན་འོང་ཐུབ་པའིར་རེ་སྨོན།
དྲྭ་གྲོགས་ཁ་ཤས་ཀྱིས་བོན་པོ་དང་ཤིན་ཅང་གཉིས་སྔར་ནས་འབྲེལ་བ་ཡོད་སྐོར་བཤད་དུས་ཏ་ཟིག་འོལ་མོ་ལུང་རིང་ནི་ཁ་ཆེའི་ཡུལ་གྲུ་ཞིག་ཡིན་པ་དང་། སྟོན་པ་མི་པོ་ཆེ་ཟེར་བ་ཡང་ཁ་ཆེའི་ཆོས་སྤེལ་མཁན་ཞིག་སྟོད་མངའ་རིས་ལ་སླེབས། ཟེར་བའི་ལོ་རྒྱུས་ཞིབ་འཇུག་པ་ཚོའི་སྐད་ཆ་དང་ཁེལ་ཉེ་རུ་འགྲོ་གི་མི་འདུག་གམ།
བགྲོ་གླེང་མང་ཙམ་གནང་པ་ཡིན་ན་བོན་པོ་ཚོའི་རྫུན་རྐུབ་བརྡོལ་ཡོང་ས་རེད།
བོན་པོ་ཆོས་ཡང་དག་ཡིན་ཀྱང་རུང་མིན་ཀྱང་རུང་ང་ཚོའི་ཕ་ཆོས་རེད། དེའི་མ་ཚད་ད་ལྟ་ང་ཚོས་སྤྱོད་བཞིན་པའི་བོད་ཀྱི་ཆོས་རྒྱུད་ཡོངས་ཀྱི་ཆོ་གའི་རིགས་མང་བོ་ཞིག་བོན་ལུགས་ཡིན་པ་གསལ་པོ་རེད། རྫོགས་ཆེན་ཙམ་གྱིས་མ་ཟད་མདོའི་ཁུངས་ཀྱང་བོན་ལ་ཐུག་འགྲོ་ས་རེད། གང་ཡིན་ཅེས་ན་བོན་གྱི་ཡུམ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པར་ཆ་ཚང་བ་ཡོད་པ་དང་ཆོས་ཀྱི་ཡུམ་ལ་ཆ་ཚང་མེད་པ་མངོན་གསུམ་ཚད་མས་གྲུབ་པ་རེད། འགྲོ་མགོན་འཕགས་པ་ཀླུ་གྲུབ་ཀྱིས་ཀླུ་ཡུལ་ནས་གདན་འདྲེན་ཞུས་དུས་བཞི་ལྷག་པ་ཡིན་སྐད། དོན་དུ་བོན་གཞུང་ནས་ཡུམ་ཆེན་མོ་ཀླུ་ཡུལ་ནས་གདན་དྲངས་པ་མིན་པར་བོན་གྱི་ཡུམ་ཆོས་སུ་བསྒྱུར་ནས་འཕྲོ་ལྷག་པ་རེད་ཟེར། དེ་ལ་རྒྱུ་མཚན་འདུག །ཀླུ་བྱོལ་སོང་ཡིན་པས་ཇི་ལྟར་ཐེག་ཆེན་གྱི་བསྟན་པ་འཛིན་མི་ནུས། འདི་ནི་ལྷ་སྒྲུང་ལྟ་བུ་ཞིག་ལས་རྒྱུ་མཚན་ཡང་དག་ཅིག་མི་འདུག་སྙམ།།
ཀླུ་བྱོལ་སོང་ཡིན་པས་ཇི་ལྟར་ཐེག་ཆེན་གྱི་བསྟན་པ་འཛིན་མི་ནུས། འདི་ནི་ལྷ་སྒྲུང་ལྟ་བུ་ཞིག་ལས་རྒྱུ་མཚན་ཡང་དག་ཅིག་མི་འདུག་སྙམ།།
ཞེས་པའི་ལན་དུ།
བྱང་ཆུབ་ཀྱི་སེམས་ཐོག་མར་བརྒྱུད་ལ་སྐྱེས་སི་ལུས་རྟེན་ལ། འགྲོ་བ་རིགས་དྲུག་ག་ཡོད་པ་གསུངས་འདུག་ན། ཀླུ་བྱོལ་སོང་ཡིན་ཡང་། ཐེག་ཆེན་གསང་སྔགས་ཀྱི་བྶཏན་པ་འཛིན་མཁན་ལྷ་ཀླུ་ཞི་བདག་དང་། སྲིན་པོ་ཡང་ཡོད་པར་གསུངས་འདུག
ཐུགས་རྗེ་ཆེ། ཡིན་ཡང་། སངས་ཆོས་སླར་ཡང་གནས་དེར་དར་རྒྱུ་ནི་ཧ་ཅང་གི་ཁག་པོ་རེད། ཡིན་ཡང་། མི་རེ་ཟུང་སངས་ཆོས་ཀྱི་རྗེས་འབྲང་བར་འགྱུར་སྲིད་ལ། ད་ལྟའང་ཡོད་དུ་ངེས།
སྔར་གྱི་ལི་དང་། དེང་གི་ཨཕྒྰན་ ནིསཏན། གཉིས་ལ་འབྲེལ་མེད་དམ། ལགས།
གར་ལོག་ནས་ལམ་ཐོན་ནས་ཧོར་ཡུལ་དུ་ཕྱིན། གར་ལོག ཅེས་པ་སྦལ་ཏིའི་ཡུལ་ཡིན་ནམ། འབྲུ་ཤ་༿འགིལ་གྱིད༾་ཡང་ན། ཨཕ་ག་ནི་སྟཱན། ཡིན། བརྩད་གཅོད་དགོས་པ་ཞིག་ཏུ་སྣང་། སྟོད་མངའ་རིས་ནས་ལི་ཡུལ་ཐག་ཉེ་ཡིན་ཀྱང་། ཉིན་ལམ་མང་པོ་ཆུ་མེད་པ་འགྲོ་དགོས་པས། འགྲུལ་པ་ཐ་མལ་པ་དེར་འགྲོ་མི་ཐུབ། ཧོར་ཚོང་པ་ཀུན་རྔ་མོང་ལ་འཐུང་ཆུ་བཀལ་ནས་འོང་བ་ཐོས། གོང་གསལ་གསལ་བོད་ཀྱི་གྲྭ་པ་གསུམ་པོ་དེ་ཡང་གར་ལོག་འགྲོ་དགོས་པ་བྱུང་། མཐར་དེ་དག་ཨ་མདོའི་ལུང་པ་ཞིག་ཏུ་འབྱོར། དགོངས་པ་རབ་གསལ་གྱིས། གྲྭ་པ་དེ་དག་གི་ནང་ཚན་གཙང་རབ་གསལ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་སོ།
མཁྱེན་དཔྱོད་ལྡན་པའི་རྩོམ་པ་པོ་ཀླུ་སྨྱོན་ལགས་ལ་ཞུ་རྒྱུ་ལ། “ལི་ཡུལ་ནི་སྤྲོ་སྐྱིད་ལྡན་ལ་ལོངས་སྤྱོད་དར་བ། མི་འབོར་མང་བའི་རྒྱལ་ཁབ་ཞིག་དང་། དགོན་ཆུང་རྣམས་མ་བགྲང་བར་དགོན་པ་ཆེ་བ་14་དང་གྲྭ་བའི་གྲངས་འབོར་ཁྲི་ཤས་ཡོད་པ་མང་ཆེ་བ་ཐེག་ཆེན་པ་དང་གྲ་མང་གི་འཚོ་བ་སྤྱི་ཐབ་ཡིན་འདུག དགོན་པའི་ནང་གྲྭ་བཙུན་གནས་འགྲིམས་པ་བཞུགས་སའི་འགྲུལ་ཁང་ཡོད་ཐོག་གྲ་བཙུན་གནས་འགྲིམས་པ་ཚོར་དགོན་པ་ཁག་ནས་འགྲུལ་ཤག་དང་དགོན་པར་བཞུགས་རིང་འཚོ་བའི་མཐུན་རྐྱེན་ཡང་སྦྱོར་གི་ཡོད་འདུག”ཅེས་པ་དང་། ཀུན་མཁྱེན་ཀློང་ཆེན་པས། ལྕང་ར་སྨུག་པོ་ལ་སོགས་པའི་སོག་ཡུལ་ཞེས་གསུངས་པ་པའི་ལུང་ཚིག་སྔ་ཕྱི་གཉིས་ཀྱི་དཔེ་ཁུངས་ཤིག་བསྟན་གནང་རོགས། འདིར་གུས་མོར་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་སུ་འགྲོ་བའི་རེ་བ་ཡོད།
བདུད་འཇོམས་ཆོས་འབྱུང་ཤོག་གྲངས་། ༡༥༠ ལས།
བེེ་རོས། ་་་་་་ ཚ་རོང་སྟག་རྩེ་མཁར་དུ་གསང་སྟོན་ཡེ་ཟེས་བླ་མ་ལ་རྫོགས་པ་ཆེན་པོའི་སྐོར་རྣམས་གསུངས། ་་་་་་་་ དབུས་སུ་གཉགས་ཛྙྰ་ན་ཀུ་མ་ར། ལི་བཟའ་ཤེས་རབ་སྒྲོན་མར་གསུངས་པ་སྟེ། རིམ་པ་ལྔར་གྲགས་ཤིང་། ཕྱི་མ་འདིས་བེེ་རོ་ལི་ཡུལ་དུ་ཡང་སྤྱན་དྲངས། མཐའ་བལ་པོ་བྷ་སིང་གི་ནགས་སུ་ཟུང་འཇུག་གི་སྐུར་གྱུར་ཏོ།།
ཆར་པ་ཆུ་གྲོགས་དང་། ཉི་མ་མེ་གྲོགས་སུ་འགྱུར་བའི་སྨོན་འདུན་ཞུ།།
ཕྱི་མ་འདིས་བེེ་རོ་༼ལི་ཡུལ་༽དུ་ཡང་སྤྱན་དྲངས། མཐའ་བལ་པོ་བྷ་སིང་གི་ནགས་སུ་ཟུང་འཇུག་གི་སྐུར་གྱུར་ཏོ།།
ཡུལ་ཡར་ཀླུང་ལ་བསྡད་ན། ལྷ་ཡར་ལྷ་ཤམ་པོ་གསོ་དགོས། ཅེས་བཤད་སྲོལ་ཡོད་པའི་་་ཡར་ལྷ་ཤམ་པོ་་་ཁོང་ནི་བོན་པོའི་ཡུལ་ལྷ་ཞིག་རེད། ཡང་། ཡུལ་ཡར་ཀླུང་ལ་བསྡད་ན། ཆུ་ཡར་ཆབ་སྔོན་མོ་མཐུང་དགོས། ཅེས་པའི་ཡར་ཆབ་སྔོན་མོའི་བྱུང་ཁུངས་དེ་ནི་ཞང་ཞུང་ཡུལ་གྱི་རྟ་མཆོག་ཁ་འབབ་ལ་ཐུག་ཡོད། དེ་ནི་བོན་སྟོན་པ་གཤེན་རབ་ཀྱིས་བྱིན་རླབས་པའི་ཆུ་བོ་ཞིག་ཡིན་པ་རེད། ། ས་མགོ་བོན་མིང་ཅན་མ་ལ་ཕུལ། བོན་པོ་ཚོ་ལ་རྫུན་རྐུབ་ཅིག་བརྡོལ་རྒྱུ་ཡོད་ན་་་ཡར་ཀླུང་སོག་ཁའི་རྫུན་རྐུབ་བརྡོལ་རྒྱུ་ཡོད་པ་ཡང་ཉག་གཅིག་རེད། །
སྤྱིར་ཆོས་ལུགས་ནི་མོས་པ་གཙོ་བོ་ཡིན་པ་མཁས་པ་མང་པོས་གསུངས་བས། ཁུངས་དེ་གལ་ཆེན་པོ་ཨེ་ཡིན། ཁུངས་འདེད་དགོས་བྱུང་ན་སྤྲེའུ་རྐུབ་དམར་པོ་ཞིག་ལ་ཐུག་གི་ཡོད་པ་ཚང་མས་མཁྱེན་གསལ་རེད།
རྫོགས་པ་ཆེན་པོ་གཤེན་ལ་གཏུགས། གཤེན་ག་པར་ཐུག་སམ།
རྫོགས་པ་ཆེན་པོ་་ནི་བོན་ལ་གཏུགས།
བོན་ནི་རྫུན་ལ་གཏུགས།
རྫུན་རྐུབ་ནི་ཉི་མས་དྲོས།
ཞང་ཞུང་ནི་སྟོད་མངའ་རིས་ཀྱི་ཡུལ་བྱེ་བྲག་པ་ཞིག་དང་རྫོང་ཁག་ཆུང་ངུ་ཞིག་གི་མིང་རེད། ཁ་འབབ་བཞི་དང་འབྲེལ་བ་གང་ཡང་ཡོད་ཚོད་མི་འདུག
ཞང་ཞུང་ནི་བློ་ལ་མི་ཤོང་པའི་ཡུལ་རྒྱ་ཆེན་པོ་དེ་འདྲ་ཅང་རེད་མི་འདུག་གདའ། ཞང་ཞུང་པ་ཡིན་ན་བོན་པོ་ཡིན་པའི་ངེས་པ་ག་ལ་ཡོད།
ཞང་ཞུང་པ་ཡིན་ན་བོན་པོ་ཡིན་པའི་ངེས་པ་ག་ལ་ཡོད།༽ ངེས་པ་མེད་ན་ཞང་ཞུང་པ་ཡིན་པ་གང་ཞིག་ལ་བོན་པོ་མིན་མཁན་སུ་དང་སུ་ཡོད་དམ། དྲི་བ་ཡིན་ད། །
བོན་པོའི་འདུལ་བརྒྱུད་དེ་ཚོའི་ནང་དུ་་་་སྟག་གཟིག་གི་མཁན་བརྒྱུད། ཞང་ཞུང་གི་མཁན་བརྒྱུད། བོད་ཀྱི་མཁན་བརྒྱུད། ཟེར་ནས་ཁ་ཁག་བརྩི་རྒྱུ་ཡོད་པ་རེད། དེ་ཚོ་དངོས་གནས་ངོ་མཚར་པོ་ཆེན་པོ་ལོས་ཡིན། ཁྱེད་ཚོ་གསར་པ་ཚོ་ལ་དེ་འདྲ་ཅང་ཨ་ཡོད་ན། ད་དུང་བོད་གཡས་རུ་དབེན་ས་ཁའི་བོན་གྱི་བྲུ་ཚང་གི་གདུང་བརྒྱུད་ཀྱི་འོངས་ཁུངས་དངོས་དེ་ནི་་་བྲུ་ཤའི་ཡུལ་་་ཡིན་པས་ན་་་བྲུ་ཚང་་་ཞེས་པའི་མཚན་སྙན་ཡོངས་སུ་གྲགས། བྲུ་ཚང་གི་གདུང་ཁྱིམ་དུ་པན་ཆེན་བླ་མ་ཐེངས་གཉིས་སྐུ་དངོས་སུ་འཁྲུངས་དགོས་ཐུག་ཡོད་པ་རེད་དོ། །
གོང་དུ་ལི་ཡུལ་སྐོར་བཤད་ཚུལ་མི་འདྲ་བ་འགའ་འདུག། ཁ་ཤས་ཀྱི་ལི་ཡུལ་དང་་་ཨ་རབ་་པ་ཀི་སི་ཐན་་སོགས་གནའ་ནས་ད་བར་མུ་སུ་ལེན་་ཡིན་པར་འདོག་མཁན་ཁྲོན་སྦལ་ཡང་འདུག། ཁ་ཤས་ཀྱི་ལི་ཡུལ་ཟེར་ན་སོག་ཡུལ་དུ་འདོད་མཁན་ཡང་འདུག།
གང་ལྟར་ན་ད་ལྟའི་ཤིན་ཅང་དང་པ་ཀི་སི་ཐན་ཨ་རབ་ཀྱི་ཡུལ་རྣམ་སྔོན་བོད་སྐད་བཤད་མཁན་ཞིག་ཡིན་པ་ནི་སྨོས་མ་དགོས་པ་ཞིག་རེད། ད་སྐབས་འཛམ་གླིང་ཡོངས་སུ་རང་དབང་ཇེ་ཆེ་དང་ཆོས་ལུགས་འཐེན་འཁྱེར་ཇེ་ཆུང་སོང་སྐྱེན། སྔོན་འདས་ཀྱི་རྗེས་ཤུལ་མང་པོ་ཞིག་ཇེ་མངོན་དང། རྫུན་བཟོས་གྱི་མུན་ཁུང་ནང་དུ་འཕྲུལ་སྒྲོན་མང་པོ་ཞིག་གིས་ཇེ་གསལ་དུ་གཏོང་བཞིན་ཡོད། ཡིན་ཡང་ང་ཚོ་བོད་པ་ཚང་ལ་པདྨ་སབྷ་བའི་དུས་ནས་བཟུང་ཆོས་ལུགས་འཐེར་འཁྱེར་གྱི་རིག་དུག་ནད་ངན་ཞིག་འགོས་ཁྱབ་བྱུང་ནས། བོད་རྒྱལ་ཁབ་ཀྱི་མི་རིགས་དང་དཔལ་འབྱོར། སྲིད་དབང་གི་ནུས་ཤུགས་ཡོད་ཚད་མར་མེ་སྣུམ་ཟད་ལྟར་ཇེ་སྡུག་དུ་སོང་ནས། ད་སྐབས་ནད་པ་ཉལ་ས་ནང་དུ་ལྷུང་བསྡད་པ་ཞིག་ཆགས་འདུག།
ད་རུང་ནད་ངན་དེ་རྒྱུད་འབྱམས་སུ་སོང་ནས་དྲག་ཐབས་མེད་པ་ཞིག་རེད། ཡིན་ཡང་ཤིན་ཅང་དང་སོག་པོ་གཉིས་ཁ་ཁ་རེད། སོག་ཡུལ་དུ་སྔ་ནས་ད་བར་ཁ་ཆེའི་ཆོས་ལུགས་དར་ཡོད་པའི་ལོ་རྒྱུད་བོད་སོག་གང་ལ་ཡང་མཐོང་ཡ་མི་འདུག། གཡོ་དགེ་འབྱུང་མངའ་རིས་ནས་བྲོས་ཅིང་གར་ལོག་ནས་ལམ་ནོར་སྟེ་སོག་ཡུལ་ལ་སླེབ་ཅིང་སོག་དང་ལི་ཡུལ་གཅིག་པ་ངོས་འཛིན་གནང་འདུག། དེ་ན་མངའ་རིས་དང་ཐག་ཉེ་བའི་གར་ལོག་གི་ཡུལ་དེ་གང་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
ད་སྐབས་སོག་པོ་ལ་ཁག་མ་གཉིས་བྱེ་ནས་ཡོད། གཅིག་རྒྱ་འོག་ལ་གནས་པ་དང་གཅིག་ཨུ་རུ་སུའི་ཁ་འོག་ལ་ཚུད་ནས་ཡོད། སོག་པོ་དེ་བོད་ཀྱི་བྱང་ཤར་ངོས་ཨ་མདོ་མཚོ་སྔོན་དང་ས་འབྲེལ་རེད། བོད་ཀྱི་རྒྱལ་རབ་ལོ་རྒྱུས་ནང་སོག་པོ་མངའ་རིས་དང་ས་འབྲེལ་ཡིན་པ་ལ་ནས་མེད། མངའ་རིས་ནི་བོད་ཀྱི་ནུབ་ཕྱོགས་སུ་གནས་ཡོད། མངའ་རིས་ནས་སོག་པོ་འགྲོ་དགོས་ན་ལོ་གཅིག་ལྷག་ཙམ་འགོར་ངེས་རེད། དེའི་བར་མི་མེད་ལུང་སྟོན་ཡིན་ན་མ་གཏོགས་ལམ་ནོར་ཐེབ་ཟེར་ན་དེ་ཡ་མཚན་ངོ་མ་རེད།
ཁག་གཅིག་གི་་་ཨ་རབ་དང་་པ་ཀི་སི་ཐན་ལི་ཡུལ་སོགས་བསྐལ་པ་ས་ཆགས་ནས་མུ་སི་ལིན་ཡིན་པ་འདོད་མཁན་ཡང་འདུག། དེ་དག་གི་བོན་གྱི་སྟོན་པ་གཤེན་བར་མི་སི་ལིན་ཡིན་ས་རེད་ཟེར་ནས་ལོང་བའི་ལག་གི་རྫས་ཀྱི་ཁ་དོག་མི་མཐོང་བ་ལྟར་གནས་འདུག། ཨ་རབ་དང་པ་ཀི་སི་ཐན་ཤིན་ཅང་སོགས་སྔོན་བོད་རིགས་ཡིན་པའི་ར་སྤྲོད་གསལ་པོ་བྱུང་ཡོད།
ཁོ་ཚོའི་ནང་༥༩་སྔོན་བོད་སྐད་བཤད་མཁན་མང་པོ་ཡོད་པ་དང། དེ་ནས་རིམ་བཞིན་ཉམས་ནས་ད་སྐབས་བོད་སྐད་ཉུང་ཤས་ལས་བཤད་མི་ཐུབ་པ་ཆགས་ཡོད། བོན་གཞུང་དག་ལ་ལི་ཡུལ་༼ལྗང་ར་༽ འམ་ལྕང་ར་༽སྨུག་པོ་རུ། ལི་བོན་སྤུང་སྒྱུང་མཐུ་ཆེན་ཞེས། གཞན་་་ཡུལ་ནི་ལི་ཡུལ་ལི་སྟོད་ན། མཁར་ནི་ལྕང་ར་སྨུག་པོའི་ནང། ཡབ་ནི་ལེ་རྗེ་གསེར་གྱེ་ཅོད་པན་ཅན་ཞེས་བོན་གྱི་ལོ་རྒྱུས་ནང་མང་དག་ཞིག་མཁོད་ཡོད། ཡུལ་དེར་སྔོན་བོན་བསྟན་དར་ཁྱབ་ཆེ་པོ་བྱུང་བས་མ་ཚད་ཞང་ཞུང་ཕུགས་པའི་ཁོངས་སུ་བཞག་འདུག།
ཡིན་ཡང་མཁས་པ་མང་དག་ཞིག་གི་༼ལི་ཡུལ་ལྕང་ར་༽ངོས་འཛིན་སྟངས་མི་རེ་རེའི་རེ་རེ་བཤད་ནས། མཐར་འཇུ་ས་མེད་པ་ཞིག་བཟོས་འདུ། ལི་ཡུ་ལྕང་ར་ངོས་འཛིན་པ་ལ་དེ་འདྲའི་དཀའ་མོ་ཞིག་ལ་
ནས་མ་རེད། ལི་ཡུལ་ལྕང་ར་དུས་ཡུན་རིང་པོར་རྒྱ་གར་་དབང་བསྒྱུར་འོག་ཚུད་ནས་ཆོས་ལུགས་ཚང་མ་ཁ་ཆེ་ལ་འགྱུར་བས མ་ཚད། སྐད་ཡང་རྒྱར་གར་སྐད་ལ་འགྱུར་ནས་ཡོད། ཡིན་ཡང་ཁོ་ཚོའི་སེམས་ཁོང་དུ་བོད་མི་རིགས་ཡིན་བསམ་པའི་ཞེན་ཁོག་དེ་ད་ལྟ་ཡང་ཤུགས་ཆེན་གནས་ཡོད། ད་ལྟ་ཡང་དུས་ཆེན་དང་ལོ་སར་སྐབས་བོད་ཆས་གྱོན་ནས་བོད་གཞས་གཏོང་ཅིང་ན་ཞོན་ཚོ་ལ་ལི་ཡུལ་ལྕང་ར་འདི་སྔོན་བོད་མི་རིགས་ཡིན་པ་དྲན་ཀུལ་བྱེད་ཀྱི་ཡོད་འདུག། ཡུལ་དང་ལུང་པའི་མི་མ་ཉམས་པར་ད་ལྟ་ཡང་ལྕང་ར་ཞེས་འབོད་ཀྱི་འདུག། ཁོ་ཚོའི་མི་མང་པོ་ཞིག་ལ་ངོ་དེབ་ནང་གྲོགས་པོ་ཡིན། ཁོ་ཚོའི་བཤད་གསལ་ལྟར་མི་རབ་རྒན་པ་དག་གི་བོད་སྐད་དང་བོད་ཡིག་ཤེས་མཁན་ཡོད་ཚུལ་བཤད་བཞིན་འདུག།
ད་སྐབས་བོད་ཀྱི་སྐད་ཡིག་ཤིན་དུ་ཉམས་རྒུད་སོང་སྐྱེན། བོད་ཀྱི་སྐད་ཡིག་སླར་གསོའི་ཚོགས་པ་ཞིག་བཙུག་ནས་ཕ་མིན་གྱི་རིག་གཞུང་སླ་གསོ་བྱེད་ཀྱི་ཡོད་ཚུལ་བཤད་བཞིན་འདུག། ད་སྐབས་ལི་ཡུལ་ལྕང་ར་ཟེར་བ་དེ་་་པ་ཀི་སི་ཐན་་་གྱི་མངའ་ཞབས་སུ་ཚུད་བསྡད་འདུག། ཁོ་ཚོའི་ལིང་པ་ནང་རྡོ་བཀོས་བོད་ཡིག་དང་ནང་པའི་དགོན་ཤུལ་ཡང་མང་པོ་མཐོང་ཡ་འདུག། བོད་རང་བཙན་ཤོར་དུས་འཛམས་གླིང་ཐོག་པ་ཀི་སི་ཐན་གཅིག་པུའི་རྒྱལ་དར་མར་ཕབ་ནས་བོད་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱས་ཡོད། དེས་མཚད་བོད་དག་པ་ཀི་སི་ཐན་ནང་སྐྱབས་བཅོལ་ཞུ་འདོད་ཡོད་ཚེ་སྐྱབས་བཅོལ་ལེན་གྱི་ཡིན་ཞེས་བཞད་ཡོད།
དེ་ལ་གཞིག་ན་ཁོ་ཚོའི་ང་ཚོ་ལ་དུང་སེམས་ཞིག་ཡོད་པ་མཚོན་འདུག། ད་ཁྱེད་ཚོའི་ ༼ལི་ཡུལ་ལྕང་རའི་༽ དྲ་རྒྱ་ལ་ལྟ་འདོད་ན་ངས་འབུལ་ཆོག། དེ་ལ་ལྟོས་དང་ཁྱེད་ཚོའི་ཁོ་ཚོ་གནའ་སྔ་མོ་བོད་མི་རིགས་ཞིག་རེད་འདུག་དང་མི་འདུག་ཧ་གོ་ཡོང།
རྫོགས་པ་ཆེན་པོ་གཤེན་ལ་ཐུག།
དབུ་མ་ཆེན་པོ་འདྲེ་ལ་ཐུག།
གཤེན་རབ་ཚང་ཡང་རྫུན་ལ་ཐུག།
ད་ནི་ཐུག་ས་མང་ཚོད་རེད།།
ཧཧཧ
ཧཧཧ་ད་ལུང་རྟོགས་ལགས་སྐད་ཤོར་འདུག། ད་སྐབས་སྤྱི་ཚོགས་ཚང་མ་ཕྱོགས་ཞེན་ཇེ་ཆུང་དང་དྲང་བདེ་ཡང་ཇེ་ཆེ་དུ་སོང་ཙམ། རྫུན་ཁུང་ཡང་བན་བོན་གཉིས་ཕྱོགས་ནས་ཇེ་རྡུལ་རེད། ད་ཁྱེད་ཁོང་འཁྲོ་མ་ལང། བོན་སྟོན་ནས་རྫོགས་ཆེན་དང་སྔགས་མཛད་པ་བཅུ་གཉིས་སོགས་ཡོད་པ་ངོ་མ་རེད། བན་དེ་ལ་དྲང་མོ་བཤད་ན་རྫོགས་ཆེན་དང་སྔགས་མཛད་བཅུ་དེ་ཚོ་མི་འདུག་བ། ཐེག་ཆེན་ལུགས་
ཐེག་དམན་ལུགས་ཟེར་ནས་ཡར་བཤད་མར་བཤད་ཀྱི་ཀྱག་གེ་ཀྱོག་གེ་པོ་མང་པོ་འདུག་བ།
ཧཧཧ་ལུང་རྟོགས་ལགས་ཁོང་འཁྲོ་མ་ལང། དེང་སང་དྲང་ཕྱོགས་ཇེ་ཆེ་དང་ཕྱོགས་ཞེན་ཇེ་ཆུང་རེད། དེ་ཡིན་དུས་བན་བོན་གཉིས་ཕྱོགས་ནས་རྫུན་ཁུང་ཇེ་རྡུལ་རེད་འདུག། རྫོགས་ཆེན་དང་སྔགས་མཛད་བཅུ་སོགས་བོན་གཞུང་ནས་བྱུང་བ་ཞིག་རེད་འདུག་བ། དྲང་མོ་བཤད་ན་བན་ཕྱོགས་ཐེག་དམན་པ་དག་ལ་རྫོགས་ཆེན་དང་སྔགས་མཛད་པ་བཅུ་སོགས་མི་འདུག་བ། བོད་ཀྱི་བན་དེ་དེ་ཚོ་རྫོགས་ཆེན་ལུགས་ཡིན་ཟེར་ནས་སྔགས་དང་རྫོགས་ཆེན་མཛད་བཅུ་སོགས་རྒྱ་གར་ལ་མེད་པའི་དཔེ་ཆ་མང་པོ་ཁུར་ཡོང་ཡ་འདུག་བ།
ཧཧཧ ཁ་བའི་ཡུལ་གྱར་ལགས། ཁྱེད་རང་གིས་ཅང་ཤེས་མི་འདུག བོད་ལ་མཁན་སློབ་ཆོས་གསུམ་གྱི་དུས་ནས་བོན་བསྟན་ནུབ་ནས་བན་བསྟན་དར་ཡོང་བ་རེད། བོན་པོ་ཡར་ལང་རེ་མེད་པ་ཆགས་རྗེས་བོན་པོ་ཚོས་བན་བསྟན་ལ་བོན་མིང་བཏགས་ནས་བན་དེ་དང་བསྲེ་ཅི་ཐུབ་བྱས་པ་རེད། དེང་སང་བོན་པའི་རྫོགས་ཆེན་ཡོད་པ་མ་ཟད་བོན་པོའི་བཀའ་སྤོད་ལྔ་ཡང་ཡོད་པ་རེད། དོན་ལ་བན་ཆོས་ལ་བོན་པོའི་མིང་བཏགས་བཞག་པ་ཙམ་རེད།
ཁ་བའི་ཡུལ་གྱར་ལགས། ཁྱེད་ཀྱི་གང་ལྟར་ན་ཨ་རབ་དང་པཀིསྟན་ཤིན་ཅང་ཡུལ་་སོགས་དེ་སྔ་བོད་་སྐད་བཤད་མཁན་ཡིན་པ་སྨོས་མ་དགོས་པ་ཞིག་རེད། ཅེས་སྐྱག་རྫུན་ལུང་པ་གང་བཤད་པ་དང་། ཁག་གཅིག་གིས་ཨ་རབ་པཀིསྟན་ལི་ཡུལ་སོགས་བསྐལ་པ་ཆགས་ནས་མུ་སལ་མན་འདོད་མཁན་ཡང་འདུག ཅེས་མུ་སལ་མན་གྱི་ཆོས་དུས་རབས་ག་དུས་དར་བ་ཡིན་པ་མི་ཤེས་བཞིན་རྫུན་བཤད་པ། སོག་པོ་ཕྱི་ནང་གཉིས་ལས་ཕྱི་སོག་རང་བཙན་མི་ཤེས་པ། ད་དུང་ཨུ་རུ་སུའི་མངའ་ཁོངས་ཡིན་པ་རྫུན་སོགས་ལོ་རྒྱུས་མི་ཤེས་བཞིན་དུ་མ་བཤད་རོགས།
ནུབ་ཕྱོགས་གངས་ཕྲུག་ལགས་་་་ཁྱེད་ནི་བྲག་སྐམ་ཐོག་ཆར་ཆུ་ཇི་ཙམ་བབས་རུང་སྐྱེ་དངོས་སྨིན་རྒྱུ་མེད་པ་བཞིན་རེད་འདུག། ཆོས་ལུགས་དང་ལོ་རྒྱུས་ལ་རྨོངས་པས་མ་ཚད་ཆབ་སྲིད་ལ་ཡང་རྨོངས་བསྡད་འདུག། ཡིན་ཡང་ངས་འབྲེལ་བཤད་ཅུང་ཙམ་ཞིག་བྱེད། པ་ཀི་སི་ཐན་ནང་ལྕང་ར་ཟེར་བའི་ཡུལ་ལུང་དེར་སྔོན་བོད་མི་རིགས་ཡིན་པ་དང། ནང་པའི་དགོན་སྡེ་མང་པོའི་གནའ་ཤུལ་ཡོད་པ་མ་ཟད། ཨ་ཤ་ཡ་རང་དབང་བརྙན་འཕྲིན་ཁང་དུ་༼ པ་ཀི་སི་ཐན་ནང་ལྕང་ར༽ བོད་ཀྱི་རིག་གཞུང་སླར་གསོ་ཚོགས་པའི་ཚོགས་གཙོ་མཆོག་གི་བཀའ་མོལ་མང་དག་ཞིག་གནང་སོང་བ་དེ་དག་ཁྱེད་རང་ལ་འུག་པའི་མིག་ལ་ཉི་མའི་བསྐལ་པ་མེད་པ་ལྟར་གྱུར་ཡོད་བཟོ་འདུག། ཕྱི་སོག་རང་བཙན་རེད་ཟེར་ནས་ཐག་བཅད་འདུག། སོག་ཡུལ་གི་ཕྱི་སྲིད་ཆབ་ཚང་ཨུ་རུ་སུས་གཏོང་འཛིན་འོག་གནས་ཡོད། ནང་སྲིད་ནང་སོག་རང་གི་འཛིན་སྐྱོང་བྱེད་བཞིན་ཡོད། དེའི་མིང་ལ་རང་བཙན་མ་རེད་ཆེ་མཐོའི་རང་སྲིད་རང་སྐྱོང་ཟེར། བོན་གྱི་སྟོན་པ་མངའ་རིས་ལ་འཁྲུང་ནས་ད་བར་མི་ལོ་ཁྲི་ཡས་མས་ལོ་རྒྱུས་འདུག། མུ་སུ་ལིན་ཆོས་ལུགས་དར་ནས་ད་བར་མི་ལོ་༢༠༡༤ཙམ་ཕྱིན་འདུག། ཁ་ཆེ་དང་ཡེ་ཤུ་གཉིས་སྟོན་པ་གཅིག་གི་ཆོས་ལུགས་དེ་མི་གཉིས་ཀྱི་འདོད་ཚུལ་མི་འདྲ་བ་གཉིས་བཟུང་ནས་ཁ་ཆེ་དང་ཡེ་ཤུ་བྱུང་བ་རེད། དེ་ཡིན་དུས་བོན་གྱོ་སྟོན་པ་ཁ་ཆེའི་ཆོས་ལུགས་ཡིས་ས་ཟེར་ནས་ལོང་འགྲོག་བྱོད་མཁན་དེ་དག་གི་བསམ་བློ་ནང་ཁ་ཆེའི་ཆོས་ལུགས་བསྐལ་པ་ཆགས་ནས་དར་བ་ཞིག་འདོད་ཡོད་ས་རེད་ཟེར་བ་དེ་དོན་ཡིན། ཁྱོད་ལ་་་ཨབ་རྒ་ནི་སི་ཐན་དང་་་ཤིན་ཅང་་་པ་ཀི་སི་ཐན་་་སོགས་སྔོན་བོད་རིགས་མིན་པའི་བསྒྲུབ་བྱེད་ཡང་དག་ཅི་ཞིག་ཡོད།
ཁ་བའི་ཡུལ་གྱར་ལགས་ ལི་ཡུལ་ལྕང་ར་དྲ་རྒྱ་དེ་ངོ་སྦྱོར་གཅིག་གནང་རོགས་ བཀའ་དྲིན་ཆེ་
ཡུལ་གྱར་བ་འདི་ཧམ་པ་ཆེ་བ་ལ། མུ་སལ་མན་གྱི་སྟོན་པ་མུ་ཧ་མཌ་ཕྱི་ལོ་570 ལོར་སྐུ་འཁྲུངས་པ་རེད། ཡེ་ཤུ་སྟོན་པའི་ལོ་བརྒྱ་ཁྲག་ལྔའི་རྗེས་ལ་རེད། ལྗེའུ་དང་ཡེ་ཤུ་། ཨིས་ལམ་གསུམ་གྱི་འཇིག་རྟེན་བཀོད་པ་པོ་འདོད་ཚུལ་གཅིག་པ་དང་། བྱུང་སའི་ས་གནས་གཅིག་པ་་དཀྱིལ་ཤར་ཨེ་ཤི་ཡ་ཡིན་པདང་། བྱུང་རིམ་དུས་་མི་འདྲ་བ་ཡིན་པ། ལྟ་གྲུབ་འདོད་ཚུལ་ནང་གསེས་མི་འདྲ་བ་དང་། སྟོན་པ་ཐ་དད་ཡིན་པ་བཅས་རེད། ཨུ་རུ་སུའི་ཕྱི་སོག་གི་་ཕྱི་སྲིད་ཆ་ཚང་སྟངས་འཛིན་འོག་གནས་ན་ཡང་རང་བཙན་རེད། དེ་འདྲ་ཡིན་ན་ཨ་རིའི་སྟངས་འཛིན་འོག་གནས་པའི་ད་ལྟ་དང་ཨབ་གྷན་དང་ལྷོ་ཀོ་རི་ཡ་སོགས་རང་བཙན་མ་རེད་དམ། པཀིསྟན་གྱི་བྱང་ཕྱོགས་ལ་དྭགས་ཀྱི་ཉེ་འཁྲིས་སུ་Gilgit Baltistan ཟེར་བ་གཅིག་ཡོད། དེཚོའི་སྐད་བོད་དང་ལ་དྭགས་ཀྱི་སྐད་རྒྱབ་མཁན་སྦལ་ཏི་བ་ཡོད། དེ་་ཚོ་ནི་གནའ་སྔ་མོ་མངའ་རིས་ཀྱི་ཁོངས་གཏོགས་ཡིན་སྲིད།
ཁ་ཆེ་མུ་སལ་མྰན་གྱི་ཆོས་ལུགས་སྤེལ་མཁན་དེ་ཐོག་མ་ནང་པའི་དགེ་སློང་ཅིག་ཡིན་ཚུལ་དང་། ཡི་ཤུའི་སྟོན་པ་ཡི་ཤུ་མ་ཤི་ཀ་ཡང་། ནལེན་དྲེའི་ནང་པའི་དགེ་སློང་ཅིག་ཡིན་པའི་ལོ་རྒྱུས་ཀྱང་ཡོད་རེད།
ཡང་འདི་ན་བན་བོན་གྱི་རྩོད་པ་ཞིག་བཙན་གྱིས་འཚང་འོང་གིན་འདུག ད་ཅི་བྱེད། ཁྱོད་དང་ང་ཟེར་ནས་འཁོན་རྩོད་བྱེད་རྒྱུ་དེ་བན་དང་བོན་གྱི་བསྟན་པ་ཡིན་ནམ། དེ་མིན་ན་དེ་ལྟར་རྩོད་མཁན་ཚོར་དེའི་དྲི་མ་ཙམ་ཡང་མི་བྲོ་བའི་རྟགས་རེད་དོ།
ཡེ་ཤུ་དང་ཁ་ཆེ་གཉིས་དཀོན་མཆོག་གཅིག་མཚུངས་སུ་འདོདད་ལ། ཡིན་ཡང་ཁ་ཆེ་བ་དང་ཡེ་ཤུ་མི་གཅིག་ས་དེ་དཀོན་མཆོག་ལ་བློ་འགེལ་དང་ཡིད་ཆེས་བྱེད་ཕྱོགས་སྐོར་འབྲེལ་བཤད་བྱེད་སྟངས་མ་འདྲ་བའི་དབང་གི་དགལ་བ་ཆགས་ཡོད། གཞི་རྩའི་ལྟ་གྲུབ་ཡེ་ཤུ་དང་ཁ་ཆེ་གཅིག་མཚུངས་ཡིན་པས་མ་ཚད། དཀོན་མཆོག་ཡང་གཅིག་པ་རེད། ཡེ་ཤུས་བཤད་གསོལ་ལྟར་ན། དཀོན་མཆོག་གི་ཞལ་ནས། ང་ལ་ཡིད་ཆེས་ཡོད་ན་རྒྱལ་བུ་ཁྱོད་ཀྱི་སྐེ་ཆོད་གཅིག་གསུང་ནས། རྒྱལ་བུ་རང་སྐེ་གཅོད་ལ་ཉེ་བའི་སྐབས་དཀོན་མཆོག་གི་ད་འདྲིག་སོང་ཟེར་ནས་སྐེ་མ་བཅད་པ་རེད་ཟེར་ཀྱི་ཡོད། ཁ་ཆེ་བ་ཚོའི་ཟེར་ན་རྒྱལ་བུའི་སྐེ་བཅད་ནས་ཨ་ལ་ལའི་དྲུང་དུ་མཁོད་པ་རེད་ཟེར། བཤད་ཕྱོགས་དེས་དོན་དུ་ཁ་ཆེ་བ་དང་ཡེ་ཤུ་བ་གཉིས་སུ་གྱེས་པ་རེད། མོ་ཧན་མོད་ཏི་ནི་དུས་རབས་བདུན་པའི་སྟོད་དུ་ཨ་རབ་ཕྱེད་གླིང་དུ་བྱུང་ཞིང་། ཁོང་ནི་དཀོན་མཆོག་གི་བཀའི་ཕོ་ཉ་མངོན་ཤེས་ཅན་དུ་གྲགས། མོ་ཧན་མོད་ཏིའི་ཟེར་ན་ཡེ་ཤུས་དེ་དཀོན་མཆོག་གི་གསུང་པ་བཞིན་ལག་ལེན་མི་བྱེད་མཁན་རེད། དཀོན་མཆོག་ལ་ཡིད་ཆིས་དང་དད་པས་རང་སྲོག་ཡིན་ཡང་དཀོན་མཆོག་གི་ཆེད་དུ་གཏོང་ན་ད་བཟོད། དཀོན་མཆོག་གི་དྲུང་དུ་མཁོད་ནུས་ཟེར་ན་ཁ་ཆེ་བ་ཚོའི་ཆོས་ལུགས་གི་དོན་དུ་དམར་གསོད་དང་དྲགས་སྤྱོད་བྱེད་མགོ་ཙམ་སྟེ། འཛམ་གླིང་ནང་ཁ་ཆེའི་ཆོས་ལུགས་དར་ཁྱབ་ཆེ་ཤོས་སུ་གྱུར་བ་རེད། ཁ་ཆེ་ཆོས་ལུགས་དེ་གཙོ་བོ་ཡ་གླིང་ནུབ་མ་དང་དཀྱིལ་མ། ལྷོ་མ། ད་དུང་ཤར་ལྷོ་ས་ཁུལ་དང་། ཧྥེ་གླིང་བྱང་མ་སོགས་སུ་དར་ཁྱབ་ཆེ་ཞིང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ། ཡོ་རོབ་ནུབ་མ་དང་མེ་གླིང་བྱང་མ། ཧྥེ་གླིང་དང་ཨོ་སི་ཁྲུ་ལི་ཡ་སོགས་ལའང་མགྱོགས་མྱུར་གྱིས་དར་ཁྱབ་ཏུ་སོང་། དེང་སྐབས་འཛམ་གླིང་དུ་ཁ་ཆེ་ཆོས་ལུགས་ལ་དད་པ་བྱེད་མཁན་ཕལ་ཆེར་མི་དུང་ཕྱུར༡༣ལྷག་ཡོད་པ་རེད། ལྕང་རའི་སྐོར་ལ་ཅུང་ཙམ་བཤད་ན་ལྕང་ར་ནི་ཁོ་ཚོའི་དྲ་རྒྱ་དང་ཁ་བྱང་ཚར་མ་ལ་ལྕང་ར་ཞེས་བྲེས་ཡོད་འདུག། ཐ་ན་ངོ་དེབ་ཁ་བྱང་ཡང་བོད་ཡིག་ཐོག་་་ལྕང་ར་ཟེར་ནས་བྲིས་འདུག། མདོར་ན་ཡུལ་དེ་སྔོན་ཞང་ཞུང་མངའ་ཁོང་ཡིན་པ་ནི་བརྩོད་མེད་རེད། ག་རུང་རང་ཤད་ཅན་འགས་ཞང་ཞུང་གི་ཡུལ་སྡེ་ཞིག་མིན་པ་དང། ཡི་ལུལ་ལྕང་ར་དང་འབྲེལ་བ་མེད་ཞེས་ཁ་ཚོད་གཅོད་ག་ལ་ཐུབ།