—-དཔལ་དགྱེས་པ་རྡོ་རྗེ།
ན་མོ་གུ་རུ་ཨརྱ་ཏཱ་ར་ཡེ།
གངས་ཅན་ཆོས་ལྡན་ཞིང་གི་སྣོད་བཅུད་ལ།།
བསམ་ཡུལ་འདས་པའི་གྱོང་རྒུད་འཐེབས་ན་ཡང་།།
ལྷག་བསམ་དུང་ལས་དཀར་བའི་མེས་པའི་སྲོལ།།
བྱམས་བརྩེའི་རང་མདངས་ངོམས་ལ་ཡོངས་སུ་བསྔགས།།
འཛམ་གླིང་གོ་ལ་ཟླུམ་པོའི་ཡངས་སྟེང་ན།།
སྙིགས་ལྔའི་སྤྱོད་ངན་མུན་ལྟར་འཐིབས་ན་ཡང་།།
ཡ་རབས་སྤྱོད་བཟང་མངའ་བའི་ན་གཞོན་རིགས།།
ཞི་བདེ་ཚུལ་བཞིན་མཛད་པར་མཆོག་ཏུ་བསྟོད།།
སྲོག་བླུ་ཚོགས་པའི་ཕན་བདེ་དགུང་དང་མཉམ།།
ཏང་ཡན་སྒེར་པའི་རྒུད་པ་དོང་དུ་བསྒྲིལ།།
དགེ་བཅུའི་ཁྲིམས་བཟང་ཉི་ཟླའི་འོད་སྣང་ལ།།
གཟུར་གནས་གང་ཞིག་ཡིད་སྨོན་ཅིས་མི་ཤོར།།
ཞི་བདེ་ཁ་ལ་ཁྱེར་བའི་གཡོ་འཕྲུལ་དང་།།
སྤྲུལ་རྫུན་གྲོག་ཚང་གཏོར་བའི་ཆོ་འཕྲུལ་རིགས།།
འགྲན་པའི་ཟླ་བྲལ་དྲང་བདེན་བསམ་སྤྱོད་ཅན།།
ནམ་ཡང་ཉམས་རྒུད་མེད་པའི་ཞབས་བརྟན་སྨོན།།
ཀུན་མཁྱེན་བླ་མའི་ཕྲིན་ལས་གཟི་དཔལ་ཀུན།།
ཀུན་གསལ་ཁྱོན་ལ་ཡོངས་སུ་ཁྱབ་པའི་ཚེ།།
ཚེ་སྲོག་འཚོ་བའི་ལང་འཚོ་གསར་དུ་ཤར།།
ཤར་ནུབ་བསྟན་པའི་བསྟན་པའི་བདག་པོ་སྙིང་ནས་དྲན།།
ཁྱད་པར་གཡང་དཀར་ལུག་གི་རྫི་མོ་ཁྱོད།།
བསགས་པའི་ནོར་དང་གཅེས་པའི་སྙིང་པོ་རྣམས།།
སྲོག་སྐྱོབ་འཚོ་བའི་ཆེད་དུ་བཏངས་པ་པ་འདིས།།
ཆོས་གཟུགས་འདྲ་འབག་ཚོགས་ཀྱིས་དོ་ཟླ་དབེན།།
བྱམས་བརྩེ་སྙིང་རྗེ་ཅན་གྱི་ཕྱུག་མོ་ཁྱོད།།
དྲུག་སྟོང་གཡང་དཀར་ལུག་གི་སྲོག་སྐྱབས་མ།།
ཁ་ཆེ་རྒྱ་རིགས་ངོ་ཚ་གཏད་མཁས་མ།།
ཞི་བདེའི་འཕགས་མ་སྒྲོལ་མ་ཁྱོད་ཉིད་རྒྱལ།།
སྙིང་རྗེ་ཕྱག་ཏུ་བཞེས་པའི་སྐྱབས་སྦྱིན་མ།།
དྲང་བདེན་ཕྲག་ཏུ་བཞེས་པའི་ཚུལ་ཁྲིམས་ཅན།།
དཀའ་སྡུག་གཡུལ་དུ་ཞུགས་པའི་བཟོད་བསྲན་དང་།།
དགེ་བཅུའི་ལས་ལ་སྤྲོ་དགའི་བརྩོན་འགྲུས་ལྡན།།
ཕན་བདེིའི་ཏིང་འཛིན་རྒྱལ་མོའི་ཞི་གནས་ལ།།
དགེ་ལེགས་གཟུངས་སྤོབས་ཤེས་རབ་དཔལ་མངའ་བའི།།
མི་དབང་ལྷ་ཡི་སྲས་མོ་སྒྲོལ་མ་འཚོས།།
ཞི་རྒྱས་དབང་གི་མཛད་པར་རྗེས་ཡི་རངས།།
འགྲོ་ཁམས་སེམས་ཅན་ཕན་བདེའི་སྣང་བ་བཀྲ།།
རྒྱལ་བསྟན་དྲི་མེད་བཤད་སྒྲུབ་དར་རྒྱས་ཤིས།།
ཀུན་བཟང་སྤྱོད་པ་རྒྱ་མཚོའི་བདེ་ལེགས་དཔལ།།
འབད་མེད་ལྷུན་གྲུབ་འཇིག་རྟེན་མཛེས་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་མེ་སྤྲེལ་སྤྲེལ་ཟླའི་གནམ་གང་ལ་ཡུལ་གངས་ཅན་གྱི་སྲས་མོ་སྒྲོལ་མས་གཡང་དཀར་ལུག་དང་ལ་ག་ལུ་གུ་སོགས་དྲུག་སྟོང་སུམ་བརྒྱ་གྱ་བདུན་དུས་གཅིག་ལ་བཤས་རྭ་ནས་བླུས་པའི་གནས་ཚུལ་འདི་བདེན་ན་བོད་ཀྱི་ལོ་རྒྱུས་ཐོག་གི་དུས་གཅིག་ལ་ལུག་གི་སྲོག་བསྐྱབས་པ་ཆེས་མང་ཤོས་ཀྱི་བོད་ཀྱི་བུ་མོའི་ལོ་རྒྱུས་བཟང་བོ་མཐོང་ཐོས་བྱུང་བར་དགའ་འགུ་ཡི་རང་བཅས་གང་ཤར་དུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་དབྱིན་ཡུལ་རྫོགས་ཆེན་དུས་འཁོར་འོད་གསལ་ཆོས་གླིང་ནས་བགྱིས་པར་དགེའོ།། །།
༅༅། ཁྱོད་གདོང་མཛེས་ལ་འཛུམ་མདངས་བཞད་པ་ལ།
ཁ་བ་ཅན་གྱི་མ་འོངས་ཡུམ་ཅན་མ།
བལྟ་ན་སྡུག་ལ་འཐམ་ན་འཇམ་ཞིང་འཇམ།
མེས་པོའི་གདུང་བོུ་སྒྲོལ་མར་བསྟོད།
ལས་དང་བསྐལ་བ་ཡོད་ན་མཇལ་བར་ཤོག་
བཀྲིས་བདེ་ལེགས་བསམ་དོན་འགྲུབ་པར་སྨོན།
གོང་ཞུས་བཞིན་ལས་་་
མེས་པོས་གདུང་རྒྱུད་བོུ་སྒྲོལ་མར་བསྟོད་ཅེས་ཛིན་པར་དགོངས་འཇགས་ཞུ།
འདི་འདྲ་བའི་སྙིང་སྟོབས་ཅན། འདི་འདྲ་བའི་བྱམས་སེམས་ཅན། འདི་འདྲ་བའི་སྤོབས་པ་ཅན། བོད་གངས་ཅན་པའི་བསོད་ནམས་རེད། འཛམ་བུ་གླིང་པའི་མིག་དཔེ་རེད། འདི་ལ་མི་བསྟོད་སུ་ལ་བསྟོད། འདི་ལ་མི་བསྔགས་སུ་ལ་བསྔགས།
སྙིང་སྟོབས་ཆེན་པོ་རེད་དགེ་བ་ཡང་ཆེན་པོ་ཡོད་རྒྱུ་རེད་ཡིན་ན་ཡང་སྤྱི་ཚོགས་ཡར་རྒྱས་ལ་མི་འགྲོ་བའི་རྒྱུ་རུ་འགྱུར་ངེས་རེད་མི་རིགས་དུས་ནམ་ཡང་འདི་འདྲ་ཞིག་རེཅ
སྙིང་སྟོབས་ཆེན་པོ་རེད་དགེ་བ་ཡང་ཆེན་པོ་ཡོད་རྒྱུ་རེད་ཡིན་ན་ཡང་སྤྱི་ཚོགས་ཡར་རྒྱས་ལ་མི་འགྲོ་བའི་རྒྱུ་རུ་འགྱུར་ངེས་རེད་མི་རིགས་དུས་ནམ་ཡང་འདི་འདྲ་ཞིག་རེད
རྩྭ་ཐང་ལ་ནོར་ལུག་བསྐྱལ་ཡོང་ན་སྤྱི་ཚོགས་ཀྱི་མདུན་ལམ་ལ་ག་འདྲ་བྱས་ནས་གནོད་པ་ཡིན་ནམ། སྤྱི་ཚོགས་ཀྱི་མདུན་ལམ་ལ་ཕན་རྒྱུ་རེད་ཡ། ལུག་ལ་བལ་འབྲེག་རྒྱུ་ཡོད་རེད། འོ་མ་བཞོ་རྒྱུ་ཡོད་རེད། འཕེལ་ཏོག་འགྲོ་རྒྱུ་ཡོད་རེད། ལུག་ཟེར་བ་དེ་ཡོད་ཚད་བསད་ནས་ཟ་འཇོག་རྒྱུ་མ་གཏོགས་མེད་པར་བསམ་མཁན་དེ་ཁྱོད་ཚོ་དང་ཤར་རྒྱ་ཁ་ཆེ་ཤན་པ་ཚོ་རེད།
དེང་སང་རྩ་ཐང་རིན་མེད་བདག་མེད་ཟིག་གང་ན་ཡོད་རྩ་ཐང་ཚང་མ་ཤ་དང་གྲི་བཞིན་སོ་སོར་བགོད་ནས་ཡོད་གྲངས་འབོར་མང་བའི་ལུག་འདི་དག་སུ་ལ་ཡང་མི་མཁོ་་་་་་ལུག་བལ་དང་འོ་མ་ཙམ་གྱིས་འཚོ་བ་ལ་ཐུགས་ཡིད་ཚིམ་ན་ལུག་སོག་ཚང་མ་ཚེ་ཐར་ལ་བཏང་ནས་བསྡད་ན་ག་འདྲ་སྐྱིད། འདི་ལྟར་སོང་ན་འབྲོག་པའི་འཚོ་བ་ཡུན་རིང་ལ་གནས་མི་པ་བཤད་མི་དགོས།
ང་ཚོ་བོད་མི་རིགས་ནི། བོད་མི་རིགས་ཀྱི་ས་ཆ་མཐོ་ཤོས། བོད་མི་རིགས་ཀྱི་བསམ་བློ་མཐོ་ཤོས། བོད་མི་རིགས་ཀྱི་རིག་གཞུང་ཛམ་གླིང་ནང་མཐོ་ཤོས། བོད་མི་རིགས་ཀྱི་ཆོས་དད་དང་ཆོས་གཉིས་འཇིག་རྟེན་ནང་ལ་མཐོ་ཤོས། ང་ཚོ་ནི། མི་རིགས་མཐོ་ཤོས་ཡིན། ཡག་ཤོས་ཡིན། འཇོན་ཤོས་རེད།
འོནད་ཀྱང། ཆབ་སྲིད་ཀླད་ཀོར། དེང་དུས་འཁྲུལ་རིག་རྗེས་ལུས། གཤིས་ཀ་ངན་པ་འགའ་ཤིག་གིས་རྗེས་ལུས་སུ་གྱུར་འདུག་པས་་་་་་་་་
༅༅། དེང་དུས་འཕྲུལ་ཆས་ཇི་ལྟར་རྒྱས་གྱུར་ཡང།
འཆི་བ་སྲོག་ལས་སྐྱོབ་པའི་ཐབས་ལམ་མེད།
ཕྱི་ཡི་འཚོ་དཔལ་ཇི་྆ལྟར་རྒྱས་ནའང།
ནང་གི་སེམས་ཁམས་བདེ་བ་བསྟེར་བ་དཀའ།
ཆོས་བ་ཆོས་བའི་ས་ནས་མ་བསྡད་པར།།
ཆོས་བས་གྲོང་ལ་ཆོས་འཁོར་སྐོར་ཙ་ན།།
གྲོང་གི་སྒོ་ཕྱུག་ཐམས་ཅད་ཚེ་ཐང་བཏང་།།
གྲོང་བ་ཕོ་མོའི་ཁ་ཟས་ཅི་ལྟར་རོལ།།
ཁ་བདེ་ལྕེ་བདེ་ཆོས་བ་ཡིན་མདོག་སྐད།།
ཆོས་སེམས་གྲོང་ལ་འཁོར་བའི་སྐྱོ་མདོག་ཞིག།
དགེ་བཅུའི་ཁྲིམས་ཀྱི་ནད་ཡམས་གང་སར་ཁྱབ།།
འབྲོག་པའི་འཚོ་བ་ཡུན་རིང་གནས་མདོག་དཀའ་།།
འབྲོག་པ་གྲོང་ཁྱེར་ཅན་དུ་བསྒྱུར་འདོད་པ།།
རོང་བ་ཚོང་ལས་ཕྱོགས་ལ་བསྒྱུར་འདོད་པ།།
མདོར་ན་འཚོ་བའི་ཁ་ཕྱོགས་བསྒྱུར་འདོད་པ།།
རྒྱ་ནག་གུང་ཁྲན་ཏང་གི་མངོན་འདོད་ཡིན།།
http://www.rfa.org/tibetan/world/mother-teresa-canonized-as-saint-09042016094007.html
་
བོད་རིགས་ མོ་དར་ ཊིརི་ས་ ཤིག ག་དུས་ འཁྲུངས་སྲིད་དམ།