ཀླུ་སྨྱོན།
༄༅། །ཀྱེ། བླ་ལུག་དཀར་པོ་བཀྲག་མདངས་ཅན། །དང་པོ་བྱུང་ས་ལྷ་ནས་བྱུང་། །ལྷ་རིགས་འབུམ་གྱི་བླ་ཟོག་ཡིན། །དེ་རིང་སྦྱིན་བདག་བླ་རྟེན་མཛོད། །སྦྱིན་བདག་བླ་ལ་གཡང་ཞིག་ཁུག །སྦྱིན་བདག་བླ་ལ་བཅུད་ཅིག་སྐྱོལ། །སྦྱིན་བདག་བླ་ལ་གཟི་ཞིག་ཕོབས། །སྦྱིན་བདག་བླ་ལ་དཔལ་ཞིག་སྦྱིན། སྦྱིན་བདག་བླ་སྲོག་ཚེ་གསུམ་ལ། །མི་འགྱུར་རྡོ་རྗེའི་རྒྱ་ཡིས་ཐོབས། མི་གཡོ་རི་རབ་དཔང་དུ་བརྩིགས། །མི་འཁྲུག་རྒྱ་མཚོའི་མཛོད་དུ་འཁྱིལ། །
༄༅། །ཀྱེ། བླ་ལུག་དཀར་པོ་བཀྲག་མདངས་ཅན། །དང་པོ་བྱུང་ས་ཀླུ་ནས་བྱུང་། །ཀླུ་རིགས་འབུམ་གྱི་བླ་ཟོག་ཡིན། །དེ་རིང་སྦྱིན་བདག་བླ་རྟེན་མཛོད། །སྦྱིན་བདག་བླ་ལ་གཡང་ཞིག་ཁུག །སྦྱིན་བདག་བླ་ལ་བཅུད་ཅིག་སྐྱོལ། །སྦྱིན་བདག་བླ་ལ་གཟི་ཞིག་ཕོབས། །སྦྱིན་བདག་བླ་ལ་དཔལ་ཞིག་སྦྱིན། སྦྱིན་བདག་བླ་སྲོག་ཚེ་གསུམ་ལ། །མི་འགྱུར་རྡོ་རྗེའི་རྒྱ་ཡིས་ཐོབས། མི་གཡོ་རི་རབ་དཔང་དུ་བརྩིགས། །མི་འཁྲུག་རྒྱ་མཚོའི་མཛོད་དུ་འཁྱིལ། །
༄༅། །ཀྱེ། བླ་ལུག་དཀར་པོ་བཀྲག་མདངས་ཅན། །དང་པོ་བྱུང་ས་གཉན་ནས་བྱུང་། །གཉན་རིགས་འབུམ་གྱི་བླ་ཟོག་ཡིན། །དེ་རིང་སྦྱིན་བདག་བླ་རྟེན་མཛོད། །སྦྱིན་བདག་བླ་ལ་གཡང་ཞིག་ཁུག །སྦྱིན་བདག་བླ་ལ་བཅུད་ཅིག་སྐྱོལ། །སྦྱིན་བདག་བླ་ལ་གཟི་ཞིག་ཕོབས། །སྦྱིན་བདག་བླ་ལ་དཔལ་ཞིག་སྦྱིན། སྦྱིན་བདག་བླ་སྲོག་ཚེ་གསུམ་ལ། །མི་འགྱུར་རྡོ་རྗེའི་རྒྱ་ཡིས་ཐོབས། མི་གཡོ་རི་རབ་དཔང་དུ་བརྩིགས། །མི་འཁྲུག་རྒྱ་མཚོའི་མཛོད་དུ་འཁྱིལ། །
༄༅། །ཀྱེ། བླ་ལུག་དཀར་པོ་བཀྲག་མདངས་ཅན། །དང་པོ་བྱུང་ས་བཙན་ནས་བྱུང་། །བཙན་རིགས་འབུམ་གྱི་བླ་ཟོག་ཡིན། །དེ་རིང་སྦྱིན་བདག་བླ་རྟེན་མཛོད། །སྦྱིན་བདག་བླ་ལ་གཡང་ཞིག་ཁུག །སྦྱིན་བདག་བླ་ལ་བཅུད་ཅིག་སྐྱོལ། །སྦྱིན་བདག་བླ་ལ་གཟི་ཞིག་ཕོབས། །སྦྱིན་བདག་བླ་ལ་དཔལ་ཞིག་སྦྱིན། སྦྱིན་བདག་བླ་སྲོག་ཚེ་གསུམ་ལ། །མི་འགྱུར་རྡོ་རྗེའི་རྒྱ་ཡིས་ཐོབས། མི་གཡོ་རི་རབ་དཔང་དུ་བརྩིགས། །མི་འཁྲུག་རྒྱ་མཚོའི་མཛོད་དུ་འཁྱིལ། །
བླ་ལུག་དཀར་པོ་ཁྱོད་ཉིད་ཀྱིས། །སྦྱིན་བདག་བླ་ཡར་བླ་ཁུག་ཅིག །སྦྱིན་བདག་ཚེ་འཁྱར་ཚེ་ཁུག་ཅིག །སྦྱིན་བདག་སྲོག་ཕྲ་སྲོག་བརྟན་ཅིག །སྦྱིན་བདག་ཚེ་རིང་ནད་མེད་ཅིག །སྦྱིན་བདག་བསམ་པའི་དོན་འགྲུབ་ཅིག །སྦྱིན་བདག་བླ་ཡི་རི་བོ་བརྟན། །སྦྱིན་བདག་སྲོག་གི་ཉི་ཟླ་འཚེར། །སྦྱིན་བདག་ཚེ་ཡི་བསྐལ་པ་རིང་། །སྦྱིན་བདག་འདི་ལ་བཀྲ་ཤིས་ཤོག །སྦྱིན་བདག་འདི་ལ་བདེ་ལེགས་ཤོག །སྦྱིན་བདག་འདི་ལ་ཆོས་འཕེལ་ཤོག །སྦྱིན་བདག་འདི་ལ་ནོར་འཕེལ་ཤོག །སྦྱིན་བདག་འདི་ཡིས་ཅི་འདོད་ཤོག །ཉིན་མོར་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །སྦྱིན་བདག་ཅིག་གི་ཆེད་དུ་ཤར་མར་བྲིས།
ལུག་ལ་གཡང་ཆགས་སྟངས་གང་འདྲ་བྱེད་དེ་བྱུང་བ་ཡིན་ནམ། མ་གཞི་ནས་ཨ་རིའི་སྦྱིན་བདག་ལ་ལུག་གཡང་བཀུག་ན་ད་གང་འདྲ་ཆགས་ཡོང། དེ་བཞིན་དམུ་བདུད་བཙན་ཀླུ་གཉན་སོགས་ཀྱི་སྐོར་ལ་ཉེ་འཆར་རང་ཁ་བརྡའི་ནང་དུ་མཆན་འདྲ་བྲིས་སོང་ད་བགད་མོ་ཤོར་ཡ་རེད་འདུག
གཡང་འགུགས་དེ་ཚོ་བཅོས་མ་ཡོང་ཨ། ཧཧཧ
འོ་བཅོས་ཚར་བ་རེད་འཇུ་མི་ཕམ་གྱི་ཇུ་ཐིག་བཅོས་དེ་བཞིན་ལྷ་བསང་ཀླུ་བསང་སོགས་ཐམས་ཅད་བཅོས་ཚར་བ་རེད། ཆོས་ཞེས་པ་བཅོས་ཀྱི་སྐུལ་ཚིག་རེད། ཧཧཧཧ་ཨོ་ཉི་ཡང་ཆོག་ཤེས་དེབ་དེས་ཆོག་མ་ཤེས་ནས་ད་དུང་གཅིག་འབྲི་དགོས་ས་རེད། ཨ་ལགས་ཨོ་ཉི་ལགས་སྐུ་རྩེད་ཞུས་ཡིན་ད། ཨོ་ཉི་ཐུགས་སྒོ་ཡངས་ཙམ་བྱེད་རོགས་མ་གཏོགས་ཁྲག་ཤེད་དང་སྙིང་གི་ནད་ཚ་ཡོང་ཉེན་འདུག་ད་མ་གཞི་ནས་ཁྱེད་ཀྱི་སྨན་པ་applo ཡོད་མཁན་ཅིག་གིས་ཟེར་ན་ཁྱེད་ལ་ཁྲག་ཤེད་དང་སྙིང་གི་ནད་གཞི་འདུག་ཟེར་གཟབ་གཟབ་གནང་རོགས་ད་ལྟ་དགུང་ན་ཆུང་ངུ་རེད།
ཁྱོད་ཕྱུག་པོ་སྦྱིན་བདག་གི་དྲིན་དང་སྦྱིན་བདག་ཕྱུག་པོ་ཁྱོའི་དྲིན་ཡིན་ན། དོན་དངོས་མ་དེར་འདི་དོན་ན་ཁྱོད་ཕྱུག་པོ་ཆགས་ནི་རེད་དམ་སྦྱིན་བདག་རེད།
ཁྱི་རྐུན་ཧེབ་རྒན་འདི་ཚོས།
ནུས་བྱིན་ཞིག་ཡོད་མིན་གང་ཤེས་སྟེ་བློ་འཛིན་བྱེད་བདེ་པོ་འདྲ་ཞིག་བྲིས་འདུག། ཧ་ཧ་ཧ།
ཕལ་ཆེར་ཀླུ་སྨྱོན་གྱི་གཏེར་ཆོས་ཡིན་ས་རེད། ད་ལྟོས་དང་། བརྒྱ་ཆ་བརྒྱ་ཀླུ་སྨྱོན་གྱིས་གཏེར་ཆོས་ཟེར་བ་ཞིག་ཏན་ཏན་ཡོང་ངེས་རེད། དེ་ལྟར་བྱུང་ཚེ་ལྷག་ཏུ་རྙིང་མ་པ་ཚོས་རིག་ཁོམ་གོ་ཁོམ་མེད་པར་ཀླུ་སྨྱོན་ལ་གཏེར་སྟོན་ཆེན་པོ་ཞིག་གི་མིང་འདོགས་ངེས་རེད། ཧཧཧཧཧ།
བོད་པ་ཚང་གནའ་ནས་ད་བར་དེ་འདྲ་ཞིག་ཡིན་པ་རེད།
ཕལ་ཆེར་ཀླུ་སྨྱོན་གྱི་གཏེར་ཆོས་ཡིན་ས་རེད། ད་ལྟོས་དང་། བརྒྱ་ཆ་བརྒྱ་ཀླུ་སྨྱོན་གྱིས་གཏེར་ཆོས་ཟེར་བ་ཞིག་ཏན་ཏན་ཡོང་ངེས་རེད། དེ་ལྟར་བྱུང་ཚེ་ལྷག་ཏུ་རྙིང་མ་པ་ཚོས་རིག་ཁོམ་གོ་ཁོམ་མེད་པར་ཀླུ་སྨྱོན་ལ་གཏེར་སྟོན་ཆེན་པོ་ཞིག་གི་མིང་འདོགས་ངེས་རེད། ཧཧཧཧཧ།
བོད་པ་ཚང་གནའ་ནས་ད་བར་དེ་འདྲ་ཞིག་ཡིན་པ་རེད།
བདག་ལ་འཁྲབ་གཞུང་བཙོང་ཐུབ་པའི་གཡང་འགུགས་ཤིག་བྲིས་དང་། གལ་སྲིད་གཡང་འགུགས་དེ་ལ་བརྟེན་ནས་འཁྲབ་གཞུང་འདི་བཙོང་ཐུབ་ན་དེའི་5%་ཡོང་འབེབ་ཁྱེད་ལ་སྦྱིན་ན་ཆོག དེ་མིན་ན་ཆོ་ག་དང་སྒྲུབ་ཐབས་ཞིག་གསར་བཏོད་བྱས་ནས་ཚོད་ལྟ་བྱེད་པ།
ངས་ཨིན་སྐད་དུ་བོད་ཀྱི་བོན་གྱི་ཆོ་ག་འདོན་ཚུལ་བྲིས་པ་ཀློག་བཞིན་ཡོད་པ་ལ་ད་ལྟའི་དུས་སུ་ཨ་རིའི་ཡུལ་དུ་ཡང་བོད་རྙིང་སྲོལ་དར་བར་བྱེད་པར་དགའོ།
ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས།
དེ་ནི་སེམས་པ་དང་དེས་བྱས།
ཞེས་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གྱིས་ཁ་ཆེའི་བྱེ་བྲག་སྨྲ་བའི་ལུགས་བཞིན་མངོན་པའི་ཆོས་ཀྱི་མཛོད་ན། གསུངས་པ་ལྟར་ཅིས་མ་ཡིན།
ཆོས་དང་། བཅོས། སྐུལ་ཚིག་དང་འདས་པ་ཡིན་འདུག དེ་དག་གི་ད་ལྟ་བ་དང་། མ་འོངས་པ་རྩད་བཅད་དེ་འབྲི་གྲོགས་མཛོད།།
གཏེར་ཆོས་ཟེར་ན་མི་ཤེས་ཏེ་ནགས་ཀྱི་རི་བོའི་སྙན་ཚིག་ཟེར་བའི་སྙན་ངག་གི་བསྟན་བཅོས་ཤིག་རྩོམ་འདུན་གྱིས་སྙིང་གསེང་ལ་གློག་དམར་འཁྱུག་བཞིན་ཡོད། འདི་ནི་མཚོ་པདྨའི་རི་ཁྲོད་ནས་བྱུང་བའི་ཚོར་སྣང་ཞིག་གི་རྒྱུན་ཐག་རེད།
འགྲོ་མགོན་ཆོས་འཕགས་ཀྱིས་གཡག་ལ་བསྟོད་པ་འདྲ་བོ་ཞིག་བྲིས་ཡོད་པ་དེ་དང་འདྲ་བོ་ཞིག་འདུག
ལུག་ལ་གསོལ་བ་འདེབས་ན། སོ་སོ་ཡང་ལྐུགས་པ་ལུག་ལྟར་ཡོང་ངེས་ཡོད་དོ། ལུག་ལྷ་ཀླུ་གཉན་བཙན་ལ་ཁུངས་བཅོལ་བ་ཡང་རྟག་བཏགས་འབའ་ཞིག་གོ །ལགས། དེ་ལྟར་མིན་ནམ།
རྟོག་བཏགས། ལ་བཅོས།
ལུག་ལ་བསྟོད་པ་བརྩམས་ན་མཁས་པ་རེད། །
ལུག་ལ་གསོལ་འདེབས་རྩོམ་ན་རྨོངས་དད་རེད། །
ཀླུ་སྨྱོན་ཅན་འདི་ནམ་རྒྱུན་ཆོས་ལ་ཡང་འཚམས་འཚམས་དོགས་པ་བྱེད། འཚམས་འཚམས་ནི་དུད་འགྲོ་ལུག་ལ་ཡང་གཡང་འབོད་ཀྱིས་གཡང་ཕྱུག་ཅིག་ཁུག་རྒྱུ་ཡོད་མདོག་བྱེད། བརྗོད་བྱས་སྟོང་པའི་སྙན་ཚིག་ཏུ་བཏགས་པའི་རྩ་འགོ་ཆུ་འགོ་དང་བུད་མེད་ལ་གཅེར་བསྟོད་སོགས་བྱས་པས་སྙན་ཚིག་དགའ་རབ་བྲིས་མདོག་བྱས་པ་སྙིང་རྗེ་ཡས་ལྟ་བུར་མཐོང་། སྙན་ཚིག་ཡག་པོ་བྲིས་པ་ལ་བུད་མེད་ལ་བསྟོད་པ་དང་རྩ་འགོ་ཆུ་འགོ་གཅིག་པོ་འཐམ་མི་དགོས་པ་ཕྱི་ནང་ཀུན་གྱི་སྙན་ངག་མཁན་པོ་དག་ལྟ་བུའོ། །
འདི་སྙིང་གསེང་ལ་གློག་དམར་འཁྱུག་པ་ཞིག་མ་རེད།༐་་བོན་པོའི་ཡིག་རྙིང་ཞིག་ལ་ལད་ཟློས་བྱས་པ་རེད།
ཁྱིམ་མཚེས་རྒན་མོའི་དབྱུག་པས་མི་དོ་བའི། །
རྭ་མ་ལྟར་བུའི་དཔྲག་ཚགས་མི་བྱེད་ཅིང་། །
ཞི་འཇམ་གཡང་གི་བདག་མོ་དྲིན་ཅན་ལུག །
གསོལ་བ་འདེབས་སོ་གཡང་གི་དངོས་གྲུབ་སྩོལ། །