ཉི་མ་དོན་གྲུབ།
ཨ་ཡོད་གངས་རིའི་ཨེ་དབང་སྤོར།།
མཁའ་འགྲོའི་བརྡ་ཡིས་ལུང་བསྟན་ལྟར།།
ས་ན་འབི་ན་བདག་གིས་ནི།།
བོད་འབངས་རྣམས་ལ་ཕན་ཕྱིར་སྤེལ།།
མ་འོངས་ལྔ་བརྒྱ་ཐ་མའི་དུས་ཀྱི་་མཐར།།
བློ་བཟང་དབང་རྒྱལ་ཞེས་པའི་མོ་གཟུགས་ཕོ།།
ཚུལ་མིན་བྱ་བ་སྣ་ཚོགས་ནང་དུ་འདྲེན།།
ཁྱད་པར་སེང་གེའི་མིང་ལ་རྟ་མདོང་ཅན།།
དར་མ་ཁ་བདེ་ཅན་པ་སྣ་འདྲེན་གྱིས།།
བོད་འབངས་ཕལ་ཆེར་ལོག་ལམ་ཁྲིད་ཉེན་གདའ།།
སེར་གཟུགས་བག་གྲོས་ཧ་རེ་ཧོ་རེ་བྱེད།།
འཆི་མེད་གཡུ་དྲུང་རྒྱབ་ནས་གསང་ཐག་འཐེན།
དེ་དག་ཐམས་ཅན་འབྱུང་པའི་སྤྲུལ་པ་སྟེ།།
སེང་གེས་བོད་འབངས་མགོ་བོ་ནོན་མ་ཐག།
བློ་བཟང་དབང་རྒྱལ་དྲིལ་བསྒྲགས་བློན་པོ་དང།།
སེར་གཟུགས་བག་གྲོ་ཆོས་དོན་བློན་པོ་དང་།།
འཆི་མེད་གཡུ་དྲུང་ནང་སྲིད་བློན་པོར་རེ།།
ཀླད་སྟོང་རྐྱང་པས་རྒྱལ་ཁམས་དབང་ལ་རེ།།
དེ་ཡི་འབྱུང་རྩ་ནག་པོ་འདི་ལྟར་རོ།།
འཆད་འགོད་དཀོན་མཆོག་འཆར་གཞི་འགོད་ལ་མཁས།།
བློ་བཟང་སྙན་གྲགས་གཡོ་སྒྱུའི་སྦྱོར་བ་མཁས།།
ད་དུང་དེ་ཡི་ཕུ་འདེད་བྱས་དྲག་ན།།
སེམས་ཆུང་རྣམགས་ཀྱི་བློ་ལ་ཆུན་པ་དཀའ།།
དེ་ཡི་ཟློག་ཐབས་ང་ཡིས་བཤད་ཀྱིས་ཉོན།།
རྒྱལ་ལོ་ཟམ་གདོང་འཇུ་་ཆེན་བཀྲས་མཐོང་དང་།།
རྒྱ་རི་སྐལ་ཡེ་ཨ་བླ་འཇིགས་མེད་སོགས།།
བརྒྱུད་པའི་བླ་མ་རྣམས་ཀྱི་ཐུགས་རྒྱུད་བསྐུལ།།
རང་གིས་རང་ལ་གསོལ་བ་ཡང་ཡང་ཐོབས།།
བློ་སེང་སེམས་པ་གནག་པ་མིན་ན་ཡང་།།
བསོད་ནམས་དམན་པས་སེམས་བརྒྱུད་འབྱུང་པས་བསླད།།
དེ་ལྟར་ངན་པའི་བྱ་བ་ལམ་ལྷོང་ཚེ།།
རྒྱལ་བའི་ཐུགས་དཀྲུགས་བོད་འབངས་སྡེ་གཟར་ལངས།།
དཀར་ནག་རྒྱ་ཡི་བར་དུ་བོད་འབངས་བརླགས།།
མཐའ་མ་བོད་འདི་རྒྱ་ཡི་འོག་དུ་འཚུད།།
ཀྱེ་མ་ལས་ངན་བོད་འབངས་སྙི་རེ་རྗེ།།
དམངས་གཙོའི་གོ་དོན་མ་རྟོགས་སྙིང་རེ་རྗེ།།
དོན་ལ་མི་སེམས་ཁ་བདེ་ལྕེ་བདེར་ལྟ།།
ཁ་སྟོང་འོག་ནས་དོན་སྟོང་ཁོ་ན་ཡོད།།
ལྷག་བསམ་དཀར་ཡང་བྱེད་ཐབས་མ་ཤེས་སྐྱོ།།
ད་དུང་ང་ཡི་ཟློག་ཐབས་ཤེས་ཀྱིས་ཉོན།།
རང་གི་རང་ལ་གསོལ་ཡང་ཡང་ཐོབས།།
ཉིན་མཚན་དུས་དྲུག་ཀུན་བསམ་བློ་ཐོངས།།
སེམས་ལ་རྩེ་གཅིག་ལྷག་པའི་བསམ་སྒོམ།།
རང་དབང་དམངས་གཙོའི་རྩ་སྔགས་ཡང་ཡང་ཟློས།།
ལྷག་པར་གསུམ་པའི་ཉི་ཤུའི་ཚེས་བཟང་ལ།།
ལག་གཉིས་ཐལ་མོ་སྙིང་གར་བཀོད་བྱས་ནས།།
རང་གིས་རང་ལ་གསོང་ལ་ཡང་ཡང་ཐོབས།།
རང་དབང་དམངས་གཙོའི་རྩ་སྔགས་ཡང་ཡང་ཟློས།།
སེམས་ལ་རྩེ་གཅིག་ལྷག་བསམ་སྒོམ་བྱས་ནས།།
ལྷ་ཡི་ཞལ་གཟིགས་ཡངོ་བའི་བརྩོན་པ་བསྐྱེད།།
ས་མ་ཡ་རྒྱ་རྒྱ།གཏེར་སྟོན་ས་ན་འབི་ན་ཞེས་པས་ན་རོ་མཁའ་སྤྱོད་མའི་གནས་མཆོག་དྭངས་བསིལ་ཡང་ལག་བརྒྱད་ལྡན་གྱི་ཆབ་རྒྱུན་ཉིན་མཚན་དུས་དྲུག་ཀུན་ཏུ་ལྷུང་ལྷུང་དུ་བཞུར་བཞིན།བྱ་བྱིའུ་སྣ་ཚོགས་ཀྱི་སྐད་སྙན་སྒྲོག་པའི་དབེན་པའི་རི་བོ།ཧ་ཧུ་རི་ཡ་ཞེས་པའི་ཕ་བོང་མི་འགྱུར་རྡོ་རྗོ་ནས་སྤྱན་དྲངས་པ་དགེའོ།།།།
དགེ་འདུན་རབ་གསལ་ལགས་དང་དོན་གྲུབ་བཀྲ་ཤིས་ལགས་ཀྱི་གཙོས་པའི་ཁ་བརྡ་རྩོམ་སྒྲིག་པ་རྣམས་ལ།
གུས་གསོལ།
གུས་པས་བལྟས་ན། གོང་གི་རྩོམ་ཡིག་འདི་ལྟ་བུ་ཁ་བརྡ་དྲ་རྒྱ་འདིར་མ་འགོད་ན་ལེགས་པར་སེམས། དང་པོ། གོང་གི་རྩོམ་འདི་བོད་ཀྱི་སྤྱི་ཚོགས་ནང་ལ་ཕྱག་ལས་གནང་མཁན་གྱི་མི་སྣ་ཚོར་དཔང་རྟགས་ཅི་ཡང་བསྟན་རྒྱུ་མེད་པའི་ནག་ཉེས་བཙུགས་པའི་ཡིག་འགྱར་ལྟ་བུ་རེད་འདུག གཉིས་ནས། རྒྱུ་མཚན་དང་དཔང་པོ་ཅི་ཡང་མེད་པར་གཞན་ལ་སྙོན་འཛུགས་དང་འཚང་འབྲུ་འདི་ལྟར་བྱེད་པའི་རྩོམ་ཡིག་འདི་ལྟ་བུས་སྤྱི་ཚོགས་ནང་དཀྲུག་ཤིང་དང་ནང་དཀྲུག་ལས་གཞན་གྱི་ཕན་པ་མིན་འདུག
རྩོམ་པ་པོས་དཔང་པོ་སྣེ་གཅིག་བསྟན་རྒྱུ་མེད་པར་གཞན་ལ་འདི་ལྟར་སྙོན་འཛུགས་བྱེད་ཆོག་ན། ངས་ཀྱང་གོང་གི་རྩོམ་པ་པོ་འདི་རྒྱ་ནག་གཞུང་གི་བསྐོས་པའི་བོད་མིའི་སྤྱི་ཚོགས་དཀྲུག་མཁན་གྱི་མི་གནག་སེམས་ཅན་ཞིག་རེད་བཤད་ན་ཅི་འདྲ་རེད། ང་ལ་དཔང་པོ་མེད་རུང་ཁོང་གི་འབྲི་སྟངས་འདིས་དྭོགས་པ་ཞིག་བསླེབས་སོང་།
སྔོན་མ་རབ་གསལ་ལགས་ནས་ཁ་བརྡའི་འགན་འཁུར་ལེན་དུས། བསམ་ཚུལ་གཅིག་པོ་ཤོད་མ་ཡོང་རོགས། དཔང་པོ་དང་ཁུངས་སྐྱེལ་རོགས་ཅེས་ངེད་ཚོར་སློབ་གསོ་སྐྱོན་པ་འདི་ཤིན་དུ་ལེགས་པར་སེམས། འདི་ལྟར་གོང་གི་རྩོམ་ཡིག་འདིར་ཡང་དཔང་པོ་དང་ཁུངས་སྐྱེལ་མེད་པའི་འཆལ་རྩོམ་གཅིག་ལ་རྩིས་ན་མ་འགྲིག་པ་མིན་འདུག་སྙམས།
ཁྱེད་རྣམས་ཀྱི་གསུངས་ན་ཇི་འདྲ་རེད་དམ།
བཙན་བྱོལ་སྐྱིད་སྡུག་གི་སྣེ་འཁྲིད་དེ། བློེང་སེང་གསར་པའི་ཕྱོགས་གཏོགས་ལས། དེ་མིན་པའི་རྙིང་ཞེན་ཕྱོགས་གཏོགས་བཟང་བ་འབི་ན་རང་གི་དྭོགས་འཆར་ཙམ་ལས། བོད་མིར་མ་འོངས་ལུང་བསྟན་ཡིན་མིན་མི་ཤེས་ལགས།
སེམས་ཁྲལ་མི་དགོས། འདི་ལུང་བསྟན་མ་རེད། ལུང་དུ་སྟོན་དགོས་ཀྱི་ལྐོག་གྱུར་གྱི་གནས་ཚུལ་གང་ཡང་མི་འདུག མ་ཟད་འདི་ཐམས་ཅད་མངོན་འགྱུར་དང་འདས་ཟིན་པའི་བྱ་བ་དང་ད་ལྟའི་མི་གཤིས་ལ་དཔྱད་བརྗོད་བྱས་པ་ཙམ་ཞིག་རེད། འདིའི་གནས་ཚུལ་རྣམས་དོན་དངོས་དང་འགལ་གྱི་འདུག་ན་དགག་བཞག་གི་ལན་ཡག་པོ་ཞིག་བྲིས་དང་དེ་ནས་སུ་ལ་བདེན་པ་འདུག་མི་དམངས་ནས་བལྟ་གི་རེད། དེ་མིན་ཁ་བརྡའི་སྟེང་མ་བཀོད་ཀྱང་བརྒྱུད་ལམ་གཞན་ནས་མི་འགོད་པའི་ངེས་པ་གང་ཡང་མེད། གསེར་དང་རག་གང་ཡིན་རྡོ་ཀ་ཤུ་ཀ་ལ་བརྡར་ན་ཤེས། ཞེས་པ་འདི་ཅི་འདྲིའི་བདེན་པ་ལ་ཨང་། རྟ་ཕོ་བྲེས་ལ་བཏགས་ན་གོང་ཐང་མིས་བརྒྱབ་ཅེས་པ་ལྟར་རེད། ཁྱེད་རང་ལ་གནོང་མེད་ན་ཞེད་དགོས་ཡས་མི་འདུག་གོ །
གོང་དུ་བྲིས་པ་འདི་རྣམས་ལུང་བསྟན་འདྲ་པོ་མི་འདུག་ཀྱང་།
བློ་སེང་སེམས་པ་གནག་པ་མིན་ན་ཡང་།།
བསོད་ནམས་དམན་པས་སེམས་རྒྱུད་འབྱུང་པོས་བསླད།།
དེ་ལྟར་ངན་པའི་བྱ་བ་ལམ་ལྷོང་ཚེ།།
རྒྱལ་བའི་ཐུགས་དཀྲུགས་བོད་འབངས་སྡེ་གཟར་ལངས།། ཞེས་པའི་ཤོ་ལོ་ཀ་འདི་རྣམ་རྟོག་སློང་ཡས་ལྟ་བུ་ཞིག་དང་ལུང་བསྟན་རྗེས་མཐུན་པའམ། ཙམ་པོ་བ་ཞིག་ཏུ་མི་འགྱུར་རམ་སྙམ་དུ་ཡིད་ལ་རྣམ་རྟོག་གི་ས་བོན་ཞིག་བཏབ་ཚར་སོང་།
གཟིགས་ཞིག་གཟིགས་གཅིག་ལུང་བསྟན་དེ་ལ་གཟིགས་།
རྟགས་ཞིང་དསྤྱོད་གཅིག་དྲ་གྲོགས་བློ་ལྡན་རྣམས།
ཚིགས་དོན་དགའ་ཞིག་བདེན་པར་སྣང་འདུག་པས།
ལག་གི་མཐེལ་མོ་སྒྲིངས་ཏེ་ཁྱེད་ལ་བསྟོད།
འོན་ཀྱང་མཐལ་ཆ་ཆེ་བའི་ཚིགས་དགའ་འདུག།
བློ་བཟང་དབང་རྒྱལ་བག་གྲོ་ལ་སོགས་པ།
བཀའ་བློན་ཐོབས་པའི་དཔང་པོ་ཅི་ཞིག་ཡོད།
མ་གཞི་བློ་སེང་ལགས་ཀྱིས་གསུངས་པ་ནང་བཞྀན་བཀའ་ཁྲི་ཡག་པོ་ཞིག་གནང་ཐུབ་མིན་དེ་ལྐོག་རྒྱུར་རེད།
འོན་ཀྱང་ཁོང་རྒྱ་ཐམ་པའི་གྲལ་མགོར་མ་སླེབས་ཀྱང་སྟོང་ཐམ་པའི་གྲལ་བཞུགས་ལ་ལས་ཀྱི་མ་རེད།
རང་རིགས་ཀྱི་ཤེས་ཡོན་ཅན་ཞིག་ཡིན་པས་གང་ལྟར་བོད་གངས་ཅན་གྱི་ཆེད་དུ་ཕྱག་ལས་ཡག་པོ་གནང་བའི་རེ་བ་ཆེན་པོ་ཡོད།
འདོ་མོའི་ལུང་བསྟན་རྩོག་པ། མི་མ་དགོས་འདྲེ་ཡང་ཡིད་ཆས་ས་མ་རེད། ངོ་མ་བཤད་ན་བློ་བཟང་སེང་གེ་ལ་ནག་སེམས་བཟུང་ཤ་སྟག་རེད།
ཧ་ཧ། ལད་མོ་སིལ་སིལ། ཁྱོད་རང་དེའདྲའི་ཐབས་སྐྱོ་མདོག་ལ་ཨང་། བོད་ལ་མི་རྫོགས་པ་རེད་པས། ཤེས་ཡོན་ཅན་མང་པོ་ཡོད་པ་རེད། འོན་ཀྱང་ཁོང་ཚོ་གོ་ས་ལ་བརྔམས་པ་དེ་འདྲ་རྐྱང་རྐྱང་མ་རེད། དང་པོ་བློ་སེང་ནས་ང་ཚོ་བོད་མི་དམངས་མི་རུ་བརྩིས་ཏེ་མགོ་བསྐོར་མ་བཏང་ན་ལྷ་རབས་རེད། དེ་སྔ་མི་རུ་མ་བརྩིས་ཙང་ད་ཆ་སྐྱོན་མཚང་བརྡོལ་ཏེ་ཁྱི་ཆུ་ལ་མ་ཐར་བ་ནང་བཞིན་རེད། བློ་སེང་ནས་བཀྲས་མཐོང་ལ་ཞུ་བ་དང་པོ་དེ་འཐེན་ཚར་བ་རེད། དེ་ནི་བཀྲས་མཐོང་ནས་བཀྲས་མཐོང་ལ་རྒྱབ་སྐྱོར་གནང་མཁན་ཚོར་བསླབ་བྱ་བརྒྱབ་སྟེ་ཧ་ཝ་ཌེ་སློབ་གྲར་བློ་སེང་སྐོར་སྐད་ཆ་མ་འདྲི་རོགས་ཟེར་བ་དེ་རེད། བློ་སེང་གིས་བཤད་པ་ཚང་མ་བདེན་པ་ཡིན་ན། ཧ་ཝ་ཌེ་སློབ་གྲར་བློ་སེང་སྐོར་སྐད་ཆ་དྲིས་པར་ཞེད་དགོས་དོན་གང་ཡོད། དེ་འདྲ་སོང་ཙང་ད་ཆ་རྫུན་རྐུབ་རྡོལ་དོགས་ཀྱི་ཞེད་སྣང་ཞེ་དྲག་ཡོད་པ་ཨ་ཅང་བརྗོད་མེད་རེད་དོ། །
ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ