གཞོན་ནུ་ཟླ་མེད་ནས།
ཉེ་ཆར་སྒོམ་སྡེ་ལྷ་རམས་པའི་མིང་ཐོག་ནས་གླེན་པ་ཁ་ནག་ཅིག་གིས་ཅི་བཤད་འདི་བཤད་མེད་པར་མིང་ཚིག་དང་སུམ་རྟགས་སོགས་མ་ཤེས་ཤེས་མདོགས་མང་ཙམ་བྱེད་ཀྱི་འདུག དེ་དག་ལ་དཔྱད་ཚོད་མེད་ཀྱང་། ངེས་པར་དུ་གསལ་བཤད་དགོས་རིགས་ཁག་ཅིག་ནི། དང་པོ་མགོ་ཅན་འདོགས་ཅན་གྱི་ཐ་སྙད་འདོགས་སྟངས་སྐོར་རེད། རང་ཉིད་ཀྱི་དགུ་ཐུག་བསྐོལ་བ་མ་ཤེས་པར་མཁས་དབང་སྔ་རབས་པ་དག་གིས་དགུ་ཐུག་བསྐོལ་འདུག་ཟེར། དེ་ནི་དཔྱོད་ལྡན་རབ་གསལ་ལགས་ཀྱིས་གསལ་ཐག་ཆོད་གསུངས་འདུག་པས་ལོག་རྟོགས་སེལ་ཡོད་ཤག་ལ། དེ་ནས་དབུ་མ་འཇུག་པའི་རང་འགྲེལ་གྱི་མིང་ཚིག་ཅིག་གི་སྐོར་ལ་རེད།
ཁོང་གི་བརྗོད་དོན། ༼འཇིགས་མ། = འཇིག་པ། འདི་ལ་ཁྱོད་ཀྱི་ནོར་བཅོས་བྱས་འདུག འཇིགས་མ་ཞེས་པ་བུད་མེད་ལ་འབོད་པའི་སྒྲ་ཡིན་པར་ཤེས་མི་འདུག འཇུག་པའི་རང་འགྲེལ་ལས། འཇིགས་མ་ཞེས་བྱ་བ་ནི་བུད་མེད་ཡིན་པས་འཇིགས་མ་ཞེས་བོད་པའོ། །ཞེས་ཤིན་ཏུ་གསལ་བར་གསུངས་སོ། ༽ འདི་འདྲའི་ལུང་རྫུན་མ་བཟོས། ནས་ད་དུང་གཞན་ལ་ཉོབ་སོང་ཟེར།
དབུ་མ་འཇུག་པའི་རང་འགྲེལ། རྒྱང་འཕེན་པའི་འདོད་པ་བརྗོད་པའི་སྐབས་སུ། (མཛེས་མ་ལེགས་པར་སྤྱོད་ཅིང་བཟའ་བར་གྱིས། ། ལུས་མཆོག་འདས་གང་ཁྱོད་ཉིད་ལ་མི་འབྱུང་། ། ལུས་འདི་ཚོགས་པར་གྱུར་བ་ཙམ་ཞིག་སྟེ། ། འཇིགས་མ་སོང་བ་ལྡོག་པར་མི་འགྱུར་རོ། ། ཞེས་སྨྲོས་ཏེ། འདི་ནི་བུ་མོ་ལ་མངོན་པར་བགྲོད་པར་འདོད་ཅིང་བུ་མོས་འཇིག་རྟེན་ཕ་རོལ་མེད་པར་རྟོགས་པར་འདོད་ནས་སྨྲོས་སོ།།) ལོ་ཙྰ་བ་ཚ་བ་ཉི་མ་གྲགས་ཀྱི་འགྱུར་ཡིན་ལ། ནག་ཚོ་ལོ་ཙྰ་བའི་འགྱུར་ན། ཚིག་རྐང་དང་པོ་གསུམ་འདྲ་བ་ལ། ཚིག་རྐང་མཐའ་མ་འདི་ལ། (འདས་བའི་འཇིགས་པ་འབྱུང་བར་འགྱུར་མ་ཡིན། ) ཅེས་གསུངས། རྗེ་རིན་པོ་ཆེས་རྣམ་བཤད་དགོངས་པ་རབ་གསལ་ནི་ཚ་བ་ཉི་མ་གྲགས་ཀྱི་འགྱུར་ལ་གཞིར་བཞག་ཡིན་ན་ཡང་། འདིའི་སྐབས་སུ་ནག་ཚོའི་འགྱུར་དམིགས་བསལ་གྱིས་དྲངས་པ་ནི་ཚིག་རྐང་འདི་ནག་ཚོའི་འགྱུར་ལེགས་པའི་རྒྱུ་མཚན་གྱིས་ལོས་ཡིན་སྙམ། གང་ལྟར་འགྱུར་སྔ་མ་ལྟར་ན་ཡང་མ་དེ་དགག་ཚིག་ཡིན་པ་ལ་མིང་གི་ཆ་ཤས་སུ་ཀློག་པ་འདི་ལས་གླེན་རྟགས་དང་ཐོ་ཅོ་ཆེ་བ་ཞིག་གང་ན་ཡོད།
འཇུག་འགྲེལ་གྱི་༼འདི་ནི་༽ཞེས་པ་ཤོ་ལོ་ཀ་འདི་ནི་ཞེས་འགྲེལ་དགོས་ཀྱི། འཇིགས་མ་ཞེས་པ་འདི་ནི་ཞེས་འགྲེལ་ན། ད་དུང་སྒོམ་སྡེ་བས་སྣ་འཐེན་ནས་ཁ་ནང་དུ་སླེབས་དཀའ་ལ། ཚིག་ཀྱང་མ་འབྲེལ་བ་ཆེན་པོར་འགྱུར་ཏེ། འཇིགས་མ་ནི་བུ་མོ་ལ་མངོན་པར་བགྲོད་པར་འདོད་ཅིང་བུ་མོས་འཇིག་རྟེན་ཕ་རོལ་མེད་པར་རྟོགས་པར་འདོད་ནས་སྨྲོས་སོ་ཞེས་པར་འགྱུར་རོ།།
ནག་ཚོའི་འགྱུར་ལྟར་ན་རྒན་འཇམ་དཔལ་གྱི་གསུང་པ་དེ་དོན་ལ་ཉེ་ན་ཡང་འགྱུར་གོང་མའི་དེ་ནི་འཇིགས་ཅེས་པ་ཡིན་གྱི་མ་ཞེས་པ་མིང་གི་ཆ་ཤས་སུ་ཁས་མི་བླང་པར་དེ་ནི་དགག་ཚིག་ཡིན་ནོ།
གོང་གི་རྒྱང་འཕེན་པའི་ཤོ་ལོ་ཀ་དེ་དགོངས་པ་རབ་གསལ་གྱི་སྔ་འགྲེལ་ལ་རྟེན་ནས་རང་ངོས་ནས་འགྲེལ་ན་འདི་ལྟར། རྒྱང་འཕེན་པས་རང་གི་བུ་མོ་ལ་བགྲོད་འདོད་ནས། གཞན་དག་ལ། མཛེས་མ་ལེགས་པར་སྤྱོད་ཅིང་བཟའ་བར་གྱིས། ། ༼རྟེན་༽ལུས་མཆོག་འདས་༼ན་རྣམ་སྨིན་ནམ་སྡིག་པ་༽གང་ཁྱོད་ཉིད་ལ་མི་འབྱུང་༼སྟེ༽། ། ལུས་འདི་ཚོགས་པར་གྱུར་བ་ཙམ་ཞིག་སྟེ། ། ༼སྡིག་པའམ་རྣམ་སྨིན་ལ་༽འཇིགས་༼པའམ་སྐྲག་མི་དགོས་དེ། ལུས་ཞིག༽མ་སོང་བ་༼བར་དུ་རྣམ་ཤེས་༽ལྡོག་པར་མི་འགྱུར་རོ། ། ཅེས་པ་སྟེ། ཚིག་རྐང་མཐའ་མ་འདིས་ལུས་ཤིག་པ་ན་རྣམ་ཤེས་ཡང་ཞིག་པར་འགྱུར་བས་སྐྱེ་བ་ཕྱི་མའམ་འདས་པའི་ཆར་རྣམ་ཤེས་སླར་འབྱུང་བར་མི་འགྱུར་བས་རྣམ་སྨིན་ནམ་སྡིག་པ་ལ་འཇིགས་མི་དགོས་ཅེས་སོ། ཡང་བསྐྱར་ནག་ཚོའི་འགྱུར་ལ་གཟིགས། འདས་བའི་འཇིགས་པ་འབྱུང་བར་འགྱུར་མ་ཡིན།། ཅེས་གསུངས་སོ།
དཔལ་ལྡན་ཟླ་བ་གྲགས་པའི་ལུང་རྫུན་མ་བཟོས་ན་དེ་ནི་སྒོར་མོ་རྫུན་མ་བཟོས་པའི་སྡིག་པ་ལས་ལྗི་བས་ཕྱིན་ཆད་བགས་ཡོད་པར་བྱ་དགོས་སོ།།
གཞོན་ནུ་ཟླ་མེད་ལགས།
སྐུ་མཁྱེན། ཁྱེད་རང་ག་རེ་གསུང་གི་ཡོད། ལུང་དེ་རྫུན་མ་རེད་ཟེར་ན་ག་རེ་གསུང་གི་ཡོད་རེད། རང་འགྲེལ་ནང་ངས་བཤད་པ་ལྟར་ཡོད་རེད། མ་ཟད་རྗེ་ཙོང་ཁ་པ་ཆེན་པོའི་དབུ་མ་དགོངས་པ་རབ་གསལ་དུའང་ཚིག་དེ་ག་རང་ཡོད་རེད། ཡིད་མ་ཆེས་ན། དེ་ཉིད་ལས། མཛེས་མ་ལེགས་པར་སྤྱོད་ཅིང་བཟའ་བར་གྱིས། །ལུས་མཆོག་འདས་གང་དེ་ཁྱོད་ལ་མི་འབྱུང། །ལུས་འདི་ཚོགས་པར་གྱུར་པ་ཙམ་ཞིག་སྟེ། །“འཇིགས་མ”སོང་བ་ལྡོག་པར་མི་འགྱུར་རོ། །ཞེས་སྨྲ་བ་སྟེ། འདི་ནི་བུ་མོ་ལ་མངོན་པར་བགྲོད་པར་འདོད་ཅིང་བུ་མོའི་འཇིག་རྟེན་ཕ་རོལ་མེད་པར་རྟོགས་པར་འདོད་ནས་སྨྲས་པ་ཡིན་ནོ། །ནག་ཚོས། འདས་པའི་འཇིགས་པ་འབྱུང་བར་འགྱུར་མ་ཡིན། །ཞེས་བསྒྱུར་རོ། །ཞེས་ཤིན་ཏུ་གསལ་བར་གསུངས་པས་དོགས་པ་ཙམ་ཡང་གནང་མི་དགོས་སོ། །
ལར་ནས་འཇིགས་མ་ཞེས་པའི་“མ”དེ་དགག་ཚིག་མ་རེད། འདི་བུད་མེད་ཀྱི་སྒྲའམ་བུད་མེད་མཚོན་བྱེད་ཀྱི་སྒྲ་རེད། དཔེར་ན་བུད་མེད་ཤིན་ཏུ་མཛེས་པ་ལ། མཛེས་མ་ཞེས་བརྗོད་པ་བཞིན་ནོ། །ཕྱི་རྒྱལ་བ་འགའ་ཞིག་གིས་ཚིག་འདི་རིགས་ལ་feminizer ཞེས་བེད་སྤྱོད་བྱས་ཡོད་པ་དེ་དང་གཅིག་མཚུངས་རེད།
རྗེས་མ་ནས་དཔེ་ཀློག་མང་ཙམ་བསྐྱོན། རིགས་པ་གནད་དུ་སོང་བ་རེ་བཏང་ནས། དེ་ནས་གཞི་ནས་ཚོགས་གཏམ་རེ་ཟུང་བཏང་ནའང་མཛེས་པོ་ཡོད་རེད། དེ་མིན་སྔོ་ལོ་འཕྱར་ནས་དགོས་པ་འདུག་གམ།
ངོས་ནས་“མགོ་ཅན་དང་འདོགས་ཅན་གྱི་དགུ་ཐུག”ཅེས་པར་རབ་གསལ་ལགས་ཀྱིས་གསུང་ལན་གསལ་པོ་བསྐྱོན་ཡོད་ཚུལ་གསུངས་པ་ནི། རི་བོང་རྭའི་སྤུན་མཆེད་དེ། ད་ཕན་དེ་ལ་སུས་ཀྱང་ལན་དོན་མཐུན་འདེབས་མཁན་བྱུང་མ་སོང་ལགས།
ང་རང་གི་གཤིས་ཀར་གཞན་ལ་སྐྱོན་བརྗོད་མ་བྱས་གོང་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱས། དེ་ནས་གཞི་ནས་བསམ་འཆར་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་མ་གཏོགས། ཧོལ་རྒྱུག་བྱེད་མ་མྱོང་ལགས།
༼ལུང་རྗུན་དང་མུན་སྤྲུལ་གྱི་དགུ་ཐུག་བསྐོལ་འཐུང་འདོད་མི་འདུག༽རྩོམ་བྱང་རྫིག་པོ་དེ་ལ་བལྟ་དུས། ངའི་བསམ་པར་གཞོན་ནུ་ཟླ་མེད་ལགས་ཀྱིས་རིགས་པ་རྣམ་གྲངས་མང་ལ་ཧ་ཅང་རྣོ་ངར་དང་ལྡན་པ་ཞིག་ཡོད་ཀྱི་རེད་བསམས་ནས་དགའ་སྣང་ཞིག་བྱུང་ཡང་། དགའ་སྣང་དེ་མ་ཐག་ཡལ་སོང་། གང་ལགས་ཤེ་ན། རིགས་པ་རྡོག་པོ་གཅིག་ལས་མི་འདུག་ཅིང་། དེ་ཡང་ནོར་བ་ཞིག་གོ།
ཡང་ང་ཉོབ་བྱུང་སོང་ངོ་། །ཀུ་རེ་ཡིན་ད།
ད་དངོས་གནས་དགུ་ཐུག་མང་པོ་ཞིག་བསྐོལ་བཞག
གཞོན་ནུ་ཟླ་མེད་ནས་ཀྱང་དགུ་ཐུག་འཐུང་འདོད་མེད་གསུངས་ཀྱང་དོན་ལ་རང་ཉིད་ཀྱིས་དགུ་ཐུག་བསྐོལ་འདུག་པས་ད་ནི་ལོ་ཕྱེད་ཀྱི་སྐབས་སུའང་དགུ་ཐུག་བསྐོལ་བ་འདི་ནི་ཆེས་ཡ་མཚན་རང་རེད།
ད་དུང་རྣམ་དཔྱོད་ཅན་ཚོས་རྣམ་དཔྱོད་ཀྱི་རལ་གྲི་རྣོ་ངར་དང་ལྡན་པ་ཞིག་བྱེད་དང་བསྟན་པ་དང་གྲུབ་མཐའ་རང་མི་རིགས་ཀྱི་སྐད་ཡིད་སོགས་ཐམས་ཅད་ལ་ཕན་ངེས་ཞིག་ཡོང་ངེས་རེད།
དགུ་ཐུག་བསྐོལ་ཀྱང་རུང་གཅིག་ཐུག་བསྐོལ་ཀྱང་རུང་རང་མི་རིགས་ཀྱི་སྐད་ཡིད་ལ་སིན་ཏུ་ཕན་པ་ཆེ།
རང་ཉིད་དགུ་ཐུག་ལ་དགའ་བོ་མེད་ཚེ་དགུ་ཐུག་བསྐོལ་བ་ལ་འབད་བརྩོན་མ་བྱས་ན་ལེགས།
གཞོན་ནུ་ཟླ་མེད་ཀྱང་རང་ཉིད་དགུ་ཐུག་ལ་དགའ་བོ་མེད་ཚུལ་བཤད་ཀྱང་དོན་དུ་རང་གིས་ཀྱང་དགུ་ཐུག་ཞིག་བསྐོལ་འདུག
དཔེར་ན་་་་་་་་་་་༼རང་ཉིད་ཀྱི་དགུ་ཐུག་བསྐོལ་བ་མ་ཤེས་པར་༽་རང་ཉིད་ཀྱིས་དགུ་ཐུག་བསྐོལ་བ་མ་ཤེས་པར་ཅེས་བྱེད་སྒྲ་ཞིག་ཆད་འདུག
༼ཁྱོད་ཀྱི་ནོར་བཅོས་བྱས་འདུག༽་་་་་དེར་བྱེད་སྒྲ་ཞིག་ཆད་འདུག
༼རྒན་འཇམ་དཔལ་གྱི་གསུང་པ་དེ༽་དེ་ན་ཡང་བྱད་སྒྲ་ཞིག་ཆད་འདུག
༼མིང་གི་ཆ་ཤས་སུ་ཁས་མི་བླང་པར་༽་མིང་གི་ཆ་ཤས་སུ་ཁས་མི་ལེན་པར་ཅེས་འབྲི་དགོས་པ་འདུག
༼བགས་ཡོད་པ་བྱ་དགོས༽བག་ཡོད་ཅེས་འབྲི་དགོས་པ་འདུག
ངས་དགུ་ཐུག་སྐོར་ལ་ཇུས་མེད་ཇུས་གཏོགས་བྱེད་པར་དགོངས་དག་ཞུ་གི་ཡོད།
ཤིན་ཏུ་ཞེས་བཅོས་རོགས
འཇིགས་མ་ཞེས་པ་ཁུངས་ལྡན་ཡིན་ཚུལ་ནི།
༡༽ འཇུག་པའི་རང་འགྲེལ་ལས། “འཇིགས་མ”ཞེས་བྱ་བ་ནི་བུད་མེད་ཡིན་པས་”འཇིགས་མ”ཞེས་བོད་པའོ། །སོང་བ་ལྡོག་པར་མི་འགྱུར་རོ་ཞེས་བྱ་བ་ནི་གང་འདས་པ་དེ་སླར་འོང་བ་མ་ཡིན་ནོ། །ཞེས་གསལ་བར་གསུངས་ཤིང་།
༢༽རྗེ་ཙོང་ཁ་པ་ཆེན་པོའི་དགོངས་པ་རབ་གསལ་ལས། མཛེས་མ་ལེགས་པར་སྤྱོད་ཅིང་བཟའ་བར་གྱིས། །ལུས་མཆོག་འདས་གང་དེ་ཁྱོད་ལ་མི་འབྱུང། །ལུས་འདི་ཚོགས་པར་གྱུར་པ་ཙམ་ཞིག་སྟེ། །“འཇིགས་མ”སོང་བ་ལྡོག་པར་མི་འགྱུར་རོ། །ཞེས་སྨྲ་བ་སྟེ། འདི་ནི་བུ་མོ་ལ་མངོན་པར་བགྲོད་པར་འདོད་ཅིང་བུ་མོའི་འཇིག་རྟེན་ཕ་རོལ་མེད་པར་རྟོགས་པར་འདོད་ནས་སྨྲས་པ་ཡིན་ནོ། །ནག་ཚོས། འདས་པའི་འཇིགས་པ་འབྱུང་བར་འགྱུར་མ་ཡིན། །ཞེས་བསྒྱུར་རོ། །ཞེས་གསལ་བར་གསུངས་པས། གལ་ཏེ་དེ་དག་ལུང་རྫུན་མ་རེད་ཟེར་ན་མངོན་སུམ་མཐོང་ཆོས་ལ་བསྙོན་པ་ཡིན་ནོ། །
གཏམ་བརྗོད་རང་དབང་དེ་གལ་ཆེན་པོ་རེད་
ག་རེ་བྱས་ནས་ངོས་ཀྱི་ཡི་གེ་དེ་མེད་པ་བྱས་པ་རེད་
ཨ་ཡ་མཚན་དེ་འདྲ་ད་མ་རེད་ཡ
ངོ་མ་བུ་མོ་ང་སེམས་པ་ཞིག་སྐྱོ་ཡ།
དགུ་ཐུག་ཞུམ་པོ་སྒོམ་སྡེ་ལྷ་རམས་པ་ལ་ཕུལ་བ་དྲན་གི་ཨེ་འདུག་
དེ་ངོ་མ་དགུ་ཐུག་ཡག་པོ་རེད་
ལན་གང་ཡང་མི་འདུག་
ཨ་ལ་མི་ཟེར་ཀུ་རེ་ཡིན་
དགོང་དག
ཡང་ཁ་བརྡ་ཚང་གི་ངའི་ཡི་གེ་འདི་ཚོ་མེད་པ་བྱེད་རྒྱུ་རེད་
སྐུ་གཅེས་གཏམ་བརྗོད་རང་དབང་གནང་རོགས་ཞུ
གྲོས་ཚོགས་འཐུས་མིས་ངོ་རྒོལ།
འདོན་སྤེལ། ༢༠༡༠/༠༦/༡༩
རྒྱ་དམར་གྱི་སྐུ་སྲུང་བས་ང་ཚོའི་གྲོས་ཚོགས་མདུན་ནས། ནིའུ་ཛི་ལན་ཌིའི་གྲོས་ཚོགས་འཐུས་མིར་འདི་ལྟར་བྱེད་པ་ནི། ནིའུ་ཛི་ལན་ཌི་ཡི་བདེ་སྲུང་མི་སྣ་མིག་ནང་ལ་མ་བཞག་པ་དང་། ཁོང་ཚོའི་ལུང་པའི་སྤྱོད་ལོག་དེ་དག་ང་ཚོའི་ས་ཐོག་ཏུ་སྤེལ་བ་ནི་ཚད་བརྒལ་གྱི་བྱ་སྤྱོད་རེད་ཟེར།
དེ་རིང་གསར་ལམ་ཁག་ཅིག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཕྱི་ཚེ་ ༡༨ ཉིན་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཆེན་ཕིན། ནིའུ་ཛིས་ལན་ཌི་རུ་རྒྱལ་དོན་འཚམས་འདྲིར་སྐྱོད་སྐབས། ནིའུ་ཛི་ལན་ཌི་ཡི་གྲོས་ཚོགས་ཁང་ཆེན་མདུན་དུ་སླེབས་མ་ཐག ནིའུ་ཛི ལན་ཌི་གྲོས་ཚོགས་འཐུས་མི་དང་། ལྗང་ཁུ་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་རོ་སེལ་ནོར་མེན་ལགས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་ཞིག་འཕྱར་ཏེ། བོད་ནང་ལ་རང་དབང་དགོས། བོད་མི་རིགས་ལ་རང་དབང་དགོས། བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཐོབ་ཐང་སྤྲོད་དགོས། ཞེས་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།
སྐབས་དེར་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཆེན་ཕིན་གྱི་སྐུ་སྲུང་བས་ཁོང་གི་མདུན་འགོག་ཐབས་བྱས་ཡོད་ཀྱང་། ཁོང་གིས་མུ་མཐུད་སྐད་འབོད་ཤུགས་ཆེན་བྱས་ཡོད་སྟབས། སྐུ་སྲུང་བ་དེ་བྱ་ཐབས་ཟད་དེ་ཉི་གདུགས་ཀྱིས་སྐུ་ཞབས་རོ་སེལ་ནོར་མེན་ལགས་དང་ཁོང་གི་ལག་གི་བོད་ཀྱི་རྒྱལ་དར་དེ་མི་མཐོང་ཐབས་བྱས་ཤིང་། མཐར་ཁོང་གི་ལག་ནས་རྒྱལ་དར་འཕྲོག་སྟེ་སར་གཡུགས་ཡོད་འདུག སྐབས་དེར་ནིའུ་ཛི་ལན་ཌི་ཡི་བདེ་སྲུང་མི་སྣ་ཚོས་སྐུ་སྲུང་བ་དེ་བཀག་ཡོད་པ་དང་། སྐུ་ཞབས་རོ་སེལ་ནོར་མེན་གྱིས་མུ་མཐུད་དུ། བོད་ལ་རང་དབང་སྤྲོད་དགོས། ས་འདི་ནི་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་བྱེད་པའི་རྒྱལ་ཁབ་ཅིག་ཡིན། འདི་རྒྱ་ནག་མ་རེད། ཁྱོད་ཚོས་སྨྲ་བརྗོད་རང་དབང་འགོག་མི་ཆོག ཅེས་ཞི་ཆེན་ཕིན་གྱི་ཁང་པའི་ནང་མ་འཛུལ་བར་སྐད་འབོད་བརྒྱབ་ཡོད་འདུག དེའི་རྗེས་གསར་འགོད་པའི་དྲི་བའི་ལན་དུ། སྐུ་ཞབས་རོ་སེལ་ནོར་མེན་ལགས་ཀྱིས། རྒྱ་དམར་གྱི་སྐུ་སྲུང་བས་ང་ཚོའི་གྲོས་ཚོགས་མདུན་ནས། ནིའུ་ཛི་ལན་ཌིའི་གྲོས་ཚོགས་འཐུས་མིར་འདི་ལྟར་བྱེད་པ་ནི། ནིའུ་ཛི་ལན་ཌི་ཡི་བདེ་སྲུང་མི་སྣ་མིག་ནང་ལ་མ་བཞག་པ་རེད། ཁོང་ཚོའི་ལུང་པའི་སྤྱོད་ལོག་དེ་དག་ང་ཚོའི་ས་ཐོག་ཏུ་སྤེལ་བ་ནི་ཚད་ལས་བརྒལ་བའི་བྱ་སྤྱོད་ཡིན་སྐོར་སོགས་བརྗོད་ཡོད་འདུག
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
དོན་མེད་དུ་གང་ཟག་སྒེར་ལ་དམོད་པ་དང་སྡིགས་པ།
ལྷག་པར་དུ་ྐླན་ཀ་འཚོལ་བའི་རིགས་ལ་ཁ་བརྡས་དགའ་བསུ་མི་ཞུ།
མཆན་བུ་དེའི་རིགས་གཏན་འགོག་བྱེད་སྲིད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
ཁ་བརྡ་སང་ལགས། གང་ཟག་སྒེར་ལ་དམོད་དོན་དང་སྡིགས་དོན། ཀླན་ཀ་འཚོལ་དོན་ཡོད་ན་དེ་འདྲ་ལོས་བྱེད། དེ་ལ་ལས་རྒྱུ་འབྲས་འཁོར་ཟེར་བ་རེད། འོ་ན་སྒོམ་སྡེ་ལྷ་རམས་པས་བ་ཝ་ལ་ཁ་གཡར་ནས་ཨ་མདོའི་མཁས་དབང་ཚོར་དམོད་ཆོག་གི་ཨེ་རེད། ཁར་སང་སྒོམ་སྡེས་ཊོ་རོན་ཊོ་ནས་ངས་རྐང་བཙུགས་ཏེ་ཨ་མདོའི་མྱི་འཁྱམས་ཚོར་ཀྱག་ཀྱག་བྱས་པ་ཡིན་ཞེས་ཁོ་རང་གི་གྲོགས་པོ་བློ་བཟང་ལ་བརྗོད་འདུག དེ་ཤེས་དགོས་པ་རེད།
སྒོམ་སྡེ་ལགས་ཁྱེད་རང་སྒེར་གྱི་དམ་ཚིག་ཉམས་ནས་གྲྭ་ལོག་བྱས་པ་དང་། དེ་ནས་བོད་སྤྱི་བའི་དམ་ཚིག་ཉམས་པར་བྱེད་འདོད་ཀྱིས་གང་བྱུང་བྱེད་བཞིན་པ་ཉམས་འཇོག་བྱས་ན་མི་བཟང་ངམ། ཁྱེད་རང་སྒེར་གྱི་དམ་ཚིག་ཉམས་པར་འདོད་པ་ཁྱེད་རང་དབང་རེད། བོད་སྤྱི་བའི་དམ་ཚིག་ལ་སླད་མ་ཞུགས་ན་མི་བཟང་ངམ། དམ་ཉམས་ཟེར་བ་དེ་ལྟས་ངན་ཚ་བོ་རེད་འདུག བོད་སྤྱི་བའི་རྩ་དོན་ལ་བསམ་ནས་སྐད་ཆ་འདི་བཤད་པ་ལས། གཞན་འདྲེས་གང་བྱེད་ང་ལ་ཁྱད་མེད།
ཁ་བརྡའི་ནང་དུ་དགེ་བསྐོས་ཆེན་མོ་ཞེ་བོ་ཅིག་ཡོད་འདུག།
གཅིག་བྱས་ན་སེ་འབྲས་དགེ་གསུམ་གྱི་ཚོགས་ཆེན་དགེ་བསྐོས་ཞིག་སླེབས་ཡོད་ས་རེད།
ད་ནི་ཁ་བརྡ་གླེང་སའང་ཉིན་གཅིག་དཀའ་མོ་ཆགས་ས་རེད།
མ་གཞི་ཁ་བརྡ་ཚང་རང་གིས་གཞན་ལ་དམོད་སྡིག་སོགས་གང་མང་བྱེད་ཀྱི་འདུག
དགོངས་དག་མ་གཞི་ནི་དགེ་བསྐོས་ཛེ་ཚོས་ཚོགས་གཏོང་བ་མང་དྲག་ནས་སེམས་སུན་ཐག་ཆོད་བྱུང།
ཨ་རོགས་ཚོ།
ད་དཀོན་མཆོག་གསུམ། ཆོལ་ཁ་དང་ལུང་ཚན་གྱི་འཐེན་འཁྱེར་དེ་མཚམས་བཞག་ན་མི་ཡག་གམ།
ན་ཚ་མེད་པའི་ན་ཚ་ཁ་སྣོན་མ་རེད་དམ། སྒོམ་སྡེ་ལྷ་རམས་པས་ཨ་མདོ་བ་ཚོ་གླེན་པ་ལྐུགས་ནག་རྐྱང་རེད་ལབ་ན་ཡང་། ང་ལ་ནི་ཕོག་རྒྱུ་མི་འདུག་ལ་ན་རྒྱུ་ཡང་མི་འདུག
ཨ་མདོ་ཡིན་ན་འདྲ། ཁམས་པ་ཡིན་ན་འདྲ། དབུས་བ་ཡིན་ན་འདྲ། དེའི་དབར་ན་རྩོད་རྒྱུ་ཞིག་མི་འདུག་དྲན།
སྐུ་མཁྱེན། ད་ང་ཚོས་འདིའི་་རིགས་མཚམས་བཞག་ན་ཡག་གི
ལགས་སོ་ཁ་བརྡ་ཚང་ཁྱེད་ཀྱིས་སྔོན་བརྡ་གཏང་བྱུང་བའི་རང་གི་གང་ཐུབ་གཞན་ལ་སྐད་ཆ་ངན་པ་དེ་ཚོ་མི་བརྗོད་པའི་ཐབས་ཤེས་གང་ཐུབ་ལྟ་རྒྱུ་ཡིན།
ཡིན་ན་འང་ཁྱེད་ཁ་བརྡ་ཚང་གི་ང་ཚོ་དྲ་གྲོགས་ཚོ་ལ་ཁྱད་པར་མི་བྱེད་རོགས་སྐུ་ཚེ་རིང་ཞུ་རྒྱུ་ཡིན།
ཁྱེད་ཁ་བརྡ་ཚང་གི་མི་དང་གྲོགས་པོ་ཚོས་གང་ལབ་པ་ཡིན་ན་སྐྱོན་མི་འདུག
ང་ཚོས་གཞན་ལ་བདེན་པའི་ཚིག་དང་བློ་ཟུ་བོར་གནས་པའི་ཚིག་རེ་བཟུང་འགྲོ་སྐབས་བཟོད་པ་མི་སྒོམ་པར་བཀའ་གྱོན་མང་པོ་འདུག་པའི་བློ་ཕམ་ཆེན་པོ་བྱུང་།
ངོ་མ་བྱས་ན་ཁ་བརྡའི་དྲ་བདག་ངེད་གཉིས་ཕ་ཡུལ་གཅིག་པ་ཡིན་པས་མཆོག་ཉིད་ཀྱིས་ང་ངོ་ཤེས་པ་ཡིན་ན་ཡ་མཚན་པོ་ཞིག་འོང་བ་རྟེན་ཁེར་ཆོག
ཡིན་ནའང་ཁྱད་པར་མི་འདུག་བུ་མོ་ང་ཁ་རོག་འདུག་ཆོག་སྐུ་ཚེ་རིང་།
དྲ་གྲོགས་རྣམ་པ། འདི་ན་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་རྩོད་ཀྱི་མེད་ཀི ངོ་ནས་རིག་གཞུང་དང་ཆོས་ལུགས་ཀྱི་དཔྱད་པ་རེད་འདུག ཚང་མས་ལྟོས་འ། ངས་སྡེ་བའི་རྫུན་ཕུག་བརྟོལ་བཞིན་ཡོད། ཁོང་གིས་འུ་ཚུགས་བྱེད་ཀྱི་ཡོད་པ་རེད། ངས་མུ་མཐུད་ནས་གཞུང་དེ་ཞིབ་བསྡུར་བྱེད་ཀྱི་ཡིན། གཞུང་ལུགས་ལ་ཞུ་དག་བྱེད་དུས། ཚིག་ཟིན་གལ་ཆེ་བ་ལས། རང་ཉིད་ལ་རྙེད་པའི་གོ་བ་དེ་གཞུང་ཚིག་ལ་བསྲེས་བསླད་བཅུགས་ན། དེ་སུ་ལ་ཡང་གླེང་བའི་འགན་ཡོད་པ་རེད།
སྒོམ་སྡེ་བ་ན་རེ། གཞོན་ནུ་ཟླ་མེད་ལགས་སྐུ་མཁྱེན། ཁྱེད་རང་ག་རེ་གསུང་གི་ཡོད། ལུང་དེ་རྫུན་མ་རེད་ཟེར་ན་ག་རེ་གསུང་གི་ཡོད་རེད། རང་འགྲེལ་ནང་ངས་བཤད་པ་ལྟར་ཡོད་རེད། མ་ཟད་རྗེ་ཙོང་ཁ་པ་ཆེན་པོའི་དབུ་མ་དགོངས་པ་རབ་གསལ་དུའང་ཚིག་དེ་ག་རང་ཡོད་རེད། ཟེར་ན། ཁྱོད་ཀྱིས་ཁ་སྔོན་དྲང་པའི་འཇུག་པ་རང་འགྲེལ་གྱི་ལུང་ནི་འདི་ལྟར། ༼འཇིགས་མ། = འཇིག་པ། འདི་ལ་ཁྱོད་ཀྱི་ནོར་བཅོས་བྱས་འདུག འཇིགས་མ་ཞེས་པ་བུད་མེད་ལ་འབོད་པའི་སྒྲ་ཡིན་པར་ཤེས་མི་འདུག འཇུག་པའི་རང་འགྲེལ་ལས། འཇིགས་མ་ཞེས་བྱ་བ་ནི་བུད་མེད་ཡིན་པས་འཇིགས་མ་ཞེས་བོད་པའོ། །ཞེས་ཤིན་ཏུ་གསལ་བར་གསུངས་སོ། ༽ཞེས་དང་། ཡང་དེ་རིང་དྲང་བའི་རང་འགྲེལ་གྱི་ལུང་ནི་འདི་ལྟར། ༼༡འཇུག་པའི་རང་འགྲེལ་ལས། “འཇིགས་མ”ཞེས་བྱ་བ་ནི་བུད་མེད་ཡིན་པས་”འཇིགས་མ”ཞེས་བོད་པའོ། །སོང་བ་ལྡོག་པར་མི་འགྱུར་རོ་ཞེས་བྱ་བ་ནི་གང་འདས་པ་དེ་སླར་འོང་བ་མ་ཡིན་ནོ། །ཞེས་གསལ་བར་གསུངས་ཤིང་།༽ ད་དུང་དབུ་མ་དགོངས་པ་རབ་གསལ་ན་ཡང་ཁོང་གི་དྲངས་པ་ལྟར་ཡོད་ཟེར་ན།
སྡེ་དགེའི་བསྟན་འགྱུར་ཁྲོད་ཀྱི་འཇུག་པ་རང་འགྲེལ་ན་ཁྱོད་ཀྱི་དྲང་པའི་ལུང་གཉིས་ཀ་ཡང་མེད་པར་འདི་ལྟར་སྣང་། ༼མཛེས་མ་ལེགས་པར་སྤྱོད་ཅིང་བཟའ་བར་གྱིས། །ལུས་མཆོག་འདས་གང་དེ་ཁྱོད་ལ་མི་འབྱུང། །ལུས་འདི་ཚོགས་པར་གྱུར་པ་ཙམ་ཞིག་སྟེ། ། འཇིགས་མ་སོང་བ་ལྡོག་པར་མི་འགྱུར་རོ། །ཞེས་སྨྲ་བ་སྟེ། འདི་ནི་བུ་མོ་ལ་མངོན་པར་བགྲོད་པར་འདོད་ཅིང་བུ་མོའི་འཇིག་རྟེན་ཕ་རོལ་མེད་པར་རྟོགས་པར་འདོད་ནས་སྨྲས་པ་ཡིན་ནོ། །༽ ཞེས་པ་འདི་ཙམ་གསལ། དེ་མིན་དབུ་མ་དགོངས་པ་རབ་གསལ་ན་ཡང་། ༼མཛེས་མ་ལེགས་པར་སྤྱོད་ཅིང་བཟའ་བར་གྱིས། །ལུས་མཆོག་འདས་གང་དེ་ཁྱོད་ལ་མི་འབྱུང། །ལུས་འདི་ཚོགས་པར་གྱུར་པ་ཙམ་ཞིག་སྟེ། ། འཇིགས་མ་སོང་བ་ལྡོག་པར་མི་འགྱུར་རོ། །ཞེས་སྨྲ་བ་སྟེ། འདི་ནི་བུ་མོ་ལ་མངོན་པར་བགྲོད་པར་འདོད་ཅིང་བུ་མོའི་འཇིག་རྟེན་ཕ་རོལ་མེད་པར་རྟོགས་པར་འདོད་ནས་སྨྲས་པ་ཡིན་ནོ། ནག་ཚོས། འདས་པའི་འཇིགས་པ་འབྱུང་བར་འགྱུར་མ་ཡིན། །ཞེས་བསྒྱུར་རོ། །༽ ཞེས་གསལ། དེ་ན་ཁྱོད་ཀྱི་གོང་དུ་དྲང་པའི་ལུང་གཉིས་ཀ་ཡང་འཇུག་པ་རང་འགྲེལ་ན་མེད་པས། གང་ནས་ཁྱེར་ཡོང་ནས་བསྟན་འགྱུར་ལ་བསྲེལ་བསླད་བྱེད་རྩིས་ཡོད། ད་དུང་རྗེའི་གསུང་ལ་ཡང་བསྒྱུར་བཅོས་གཏོང་རྩིས་འདུག
འོ་ངས་ཞུ་བཞིན་པ་ནི། དཔལ་ལྡན་ཟླ་བས་གསུང་པའི་འཇུག་པ་རང་འགྲེལ་ཟེར་གྱི་ཡོད། སྒོམ་སྡེ་བས་གོ་བ་བླངས་པའི་འཇུག་པ་རང་འགྲེལ་དེ་ཟེར་གི་མེད་དོ། ཧཧ ཀུ་རེ་ཡིན། ཡིན་ན་ཡང་ངས་དྲང་པའི་ལུང་ནི་དྲ་མ་ཆགས་གྲུ་མ་མཉམ་པར་ཡོད་ནི་རེད་ཀོ
ཡང་བསྐྱར་ཞུ་རྒྱུ་ཞིག་ལ། ཚ་བ་ཉི་མ་གྲགས་ཀྱིས། འཇིགས་མ་སོང་པར་ལྡོག་པར་མི་འགྱུར་རོ།། ཞེས་བསྒྱུར་བ་དང་། ནག་ཚོས། འདས་པའི་འཇིགས་པ་འབྱུང་པར་མི་འགྱུར་རོ།། གསུང་པ་གཉིས་ཀའི་འཇིགས་ནི་ཡི་གེ་གཅིག་པ་ཡིན་ལ། ཚིག་གྲོགས་དེ་ཚ་བས་མ་སོང་བ་སྟེ་ད་ལྟ་བར་གོ་བ་བླང་ནས་བསྒྱུར་བ་དང་། ནག་ཚོས་འདས་པ་ཞེས་འདས་ཕྱིན་ཆད་ལ་གོ་བ་བླངས་ནས་བསྒྱུར། པ་ན་རྗེ་རིན་པོ་ཆེས་ནག་ཚོའི་འགྱུར་དྲང་ནས་དེ་བཟང་བའི་ཕྱོགས་ལ་བཞེད། འོན་ཀྱང་འདིའི་ཡི་གེའི་གཅོད་མཚམས་ནོར་ནས་མ་ཡིག་དགག་སྒྲའི་ཕྱོགས་སུ་གོ་བ་མ་བླངས་པར། མིང་གི་ཆ་ཤས་སུ་གོ་བ་བླངས་ན། སླར་ཡང་སྐྱོན་འདི་ཡོད་དེ། འཇིགས་ཟེར་བ་ཡང་མཛེས་མར་འཇུགས་པར་འགྱུར་དེ། འཇིགས་མ་མཛེས་མ་ཡིན་པ་གང་ཞིག་ལ། ཡི་གེ་དེ་གཉིས་ཀྱི་རྩ་བའི་བསྒྱུར་གཞིའི་གཅིག་ཡིན་པའི་ཕྱིར་རོ།།
ང་ནི་ག་དུས་ཡིན་ཡང་སྐད་ཆ་ཐད་ཀར་ཤོད་མཁན་ཞིག་ལས་རྒྱབ་ཏུ་ཤོད་མཁན་གྱི་སྡར་མ་ཞིག་མིན། དེར་བརྟེན་མིང་རྫུན་འོག་ཡིབ་ནས་གཞི་མེད་སྐུར་འདེབས་ཀྱིས་ཆོལ་ཁ་དང་ཆོས་ལུགས་ཀྱི་དབར་དཀྲུག་ཤིང་བཟོ་མཁན་ཚོར་ད་མུས་བཞིན་ནན་ཏུར་ངེས་པར་གནང་རོགས། ད་ལྟའི་ཆར་ཞེ་དྲག་ཡག་པོ་འདུག ཐུགས་རྗེ་ཆེ།
འོ་སྒོམ་སྡེ་ལགས། ངས་བཤད་བཞིན་པའི་འཇུག་པ་རང་འགྲེལ་གྱི་ལུང་དེ་ནི་རྩ་བ། གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་བར་གྱུར་ན་ནམ་མཁའ་ཡི། ། ཨུཊྤལ་ཡི་དྲི་མདོག་ཇི་བཞིན་གཟུང་དུ་མེད་ཉིད་ན། ། ཤིན་ཏུ་ཆེས་བཀྲའི་འཇིག་རྟེན་འཛིན་པའང་ཡིན་པ་དེའི་ཕྱིར། ། རང་གི་བློ་བཞིན་འཇིག་རྟེན་རྒྱུ་ལས་ཡིན་པར་ཤེས་པར་གྱིས། ། ཞེས་པའི་འགྲེལ་བའི་ཐད་དུ་རེད་འདུག
ཁྱོད་ཀྱིས་དྲངས་པའི་ལུང་དེ་གཉིས་རྩ་བ་གང་གི་ཐད་དུ་རེད། དྲང་མོར་ཤོད། གོང་གི་རྩ་བ་དེའི་ཐད་དུ་སྡེ་དགེའི་བསྟན་འགྱུར་ན་ཐིག་ཕྲེང་བཅུ་དྲུག་ལས་མི་འདུག དེ་ན་ཁྱོད་ཀྱི་དྲང་བའི་ལུང་དེ་གཉིས་བཙལ་ནས་མི་རྙེད་ས་མི་འདུག
གཞོན་ནུ་ལགས། ཨ་ཁ་ད་ཁྱོད་ཅ་མ་ཟིང་།
༡༽ རང་འགྲེལ་གྱི་ལུང་དེ་གློག་ཀླད་ཐོག་པའི་འཇུག་པའི་རང་འགྲེལ་ཤོག་གྲངས་༥༥༨ནང་བཞུགས།
༢༽རྗེ་ཙོང་ཁ་པ་ཆེན་པོའི་དགོངས་པ་རབ་གསལ་གྱི་ལུང་དེ་གློག་ཀླད་ཐོག་གི་ཤོག་གྲངས་༤༧༩ན་གསལ་བ་ལྟར་ཡིན་པས་རང་བཟོ་ག་ལ་ཡིན།
ད་ཨུ་ཚུགས་མ་བསྐྱོན། རྗེ་རིན་པོ་ཆེའི་ཚིག་གཅིག་ཉམས་ནའང་ཧ་ཅང་སྡིག་པ་ཆེན་པོ་ཡིན་པས་ཡིད་གཟབ་མཛོད།
སངས་རྒྱས་ཀྱིས་ཀྱང་ཀུན་དགའ་བོ་ལ་ཤེར་ཕྱིན་ཡོངས་གཏད་ཀྱི་ལེའུ་སྐབས་སུ། གལ་ཏེ་ཁྱོད་ཀྱིས་ཤེར་ཕྱིན་མདོ་སྡེ་རིན་པོ་ཆེའི་ཚིག་གི་ཆ་ཤས་ཙམ་ཞིག་ཉམས་ཤིང་ཆུད་གཟན་པར་བྱས་ནའང་ཁྱོད་ཀྱིས་ང་ལ་ཉེས་པར་བྱས་པ་དང་མ་གུས་པ་ཡིན་ཞེས་གསུངས་ཡོད།
བརྒྱད་སྟོང་པའི་ཤེར་ཕྱིན་ཡོངས་གཏད་ཀྱི་ལེའུ་ལས། ཀུན་དགའ་བོ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཅི་ནས་ནུབ་པར་མི་འགྱུར་བར་ཁྱོད་ལ་གཏད་དོ་རྗེས་སུ་གཏད་དོ། །ཡི་གེ་ཙམ་ཡང་ནུབ་པར་མི་འགྱུར་བར་ཟུང་ཤིག་ཆོངས་ཤིག་ལྷོགས་ཤིག་ཀུན་ཆུབ་པར་གྱིས་ཤིག་རབ་ཏུ་ཐོན་ཅིག་ཡུན་རིང་པོར་གནས་བར་གྱིས་ཤིག །ཀུན་དགའ་བོ་ཁྱོད་ཀྱིས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་གཏོགས་པར་ཆོས་གང་ངས་མངོན་སུམ་དུ་བཤད་པའི་ཆོས་བཤད་པ་དེ་དག་ཐམས་ཅད་བཟུང་ནས། ཕྱིས་རྣམ་པར་ཆུད་གཟན་ཏམ་ཕྱིས་བཏང་ངམ་བརྗེད་པར་བྱས་ན་ཀུན་དགའ་བོ་ཁྱོད་དེ་ཙམ་གྱིས་ང་ཉེས་པར་བརྩི་བར་མི་འགྱུར་གྱི། ཀུན་དགའ་བོ་ཡང་འདི་ལྟར་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚིག་གི་ཡན་ལག་ཀྱང་རུང་སྟེ་ཆུད་གཟན་ཏམ་བཏང་ངམ་བརྗེད་པར་བྱས་ན་ཀུན་དགའ་བོ་ཁྱོད་ཀྱིས་དེ་ཙམ་དུ་ང་ལ་ཉེས་པ་བྱས་པར་འགྱུར་ཏེ་ཁྱོད་ཀྱིས་ངའི་སེམས་ཀྱང་མགུ་བར་མ་བྱས་སོ། །ཀུན་དགའ་བོ་ཡང་ཁྱོད་ཀྱིས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་ནས་ཕྱིས་ཆུད་གཟན་ཅིང་བཏང་སྟེ་བརྗེད་པར་བྱས་ན་ཁྱོད་ཀྱིས་ང་ལ་བཀུར་སྟིར་མ་བྱས་བླ་མར་མ་བྱས་རྗེད་པར་མ་བྱས་མཆོད་པར་མ་བྱས་རི་མོར་མ་བྱས་བསྙེན་བཀུར་མ་བྱས་སོ། །ཀུན་དགའ་བོ་གང་དག་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡང་ཀུན་དགའ་བོ་ཁྱོད་ཀྱིས་བཀུར་སྟིར་མ་བྱས་བླ་མར་མ་བྱས་རྗེད་བར་མ་བྱས་མཆོད་པར་མ་བྱས་རི་མོར་མ་བྱས་བསྙེན་བཀུར་མ་བྱས་པ་ཡིན་ནོ། །ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་ནས་ཕྱིས་ཆུད་གཟན་ཅིང་བཏང་སྟེ་བརྗེད་པར་བྱས་ན་ཀུན་དགའ་བོ་ཁྱོད་ཀྱིས་དེ་ཙམ་དུ་ང་ལ་ཉེས་པ་བྱས་པར་འགྱུར་ཏེ་ཁྱོད་ཀྱི་ངའི་སེམས་ཀྱང་མགུ་བར་མ་བྱས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡུམ་སྟེ་བསྐྱེད་པ་འབྱིན་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་ཡིན་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་སོ། །ཀུན་དགའ་བོ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཅི་ནས་ཀྱང་ནུབ་པར་མི་འགྱུར་པར་ཁྱོད་ལ་གཏད་དོ་རྗེས་སུ་གཏད་དོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ཡིད་ལ་བཅང་བར་མཛོད་ཅིག་གུ། །།
དེ་ཙམ་ཡིན།
ཨ་ཁ་ཁ། སྒོམ་སྡེ་འདི་ཁོང་དགོང་ལོ་དང་གང་ཅིའི་ཐད་ནས་ལྕོགས་ས་མ་རེད་ཅེས། ང་ལ་ཡོངས་གཏད་བྱེད་ཀྱི་ཡོད་ས་རེད། འོན་ཀྱང་ད་དུང་གང་ཅིའི་ཐད་ནས་དེའི་ཚད་ལ་སླེབས་མ་ཙམ་མིན་པས། ངོ་ཚོའི་གདོང་ལ་མ་གཟིགས་ན་ཡང་། རིག་མའི་གདོང་ལ་གཟིགས་ནས་རྒྱུན་རིང་ཙམ་བཞུགས་རོགས། ང་ཚོ་ཁ་བརྡ་ཚང་གིས་ཀྱང་ཁྱོད་ལ་ཁབ་བཙགས་འབུགས་བཙགས་རེ་བྱས་ནས་བརྟན་བཞུགས་ཕུལ་གྱི་ཡིན་པ་གཤམ་གསལ།
༡༽ གཏམ་ཨ་ཕས་བཤད་རྒྱུ་ཨ་མས་བཤད།། ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས་བཀག་ཟེར་བ་དེ་རེད་འདུག་ཀ གོང་གི་བསླབ་བྱ་འདི་ངས་ཁྱོད་ལ་ཞུ་འོས། གང་ཡིན་ཟེར་ན། འཇུག་པ་རང་འགྲེལ་ཚ་བ་ཉི་མ་གྲགས་ཀྱི་འགྱུར་ན་གང་ཡོད་མེད་དང་། ནག་ཚོའི་འགྱུར་ན་གང་ཡོད་མེད། དེ་བཞིན་དུ་རྗེའི་གསུངས་ན་གང་ཡོད་མེད་ཚང་མ་ཁྱོད་ཀྱིས་མ་དྲངས་སྔོན་ལ་ངས་དྲངས་པ་རེད། ངས་ཞུ་བ་དག་ན་ལུང་ཚིག་ལ་གང་ཡང་བསྒྱུར་བཅོས་བཏང་མེད། དེ་མིན་རང་གི་གོ་ཐོབ་བྱས་པ་ནི་ལུང་ཚིག་ནང་དུ་བསྲེས་མེད་པས་བསླབ་བྱ་དེ་ང་ལ་མི་འོས། ཁྱོད་ཀྱིས་དྲངས་པའི་ལུང་དེ་གཉིས་རྩ་བ་གང་གི་ཐད་ན་འདུག་དང་། ཁྱོད་ཀྱི་དཔེ་དེའི་མ་དཔེ་གང་ཞིག་རེད། གལ་ཏེ་མ་དཔེ་ན་མེད་ན་དེ་ནི་ངོ་ནས་བསྲེས་བསླད་རེད་འདུག་པས་བསླབ་བྱ་དེ་སླར་ཡང་རང་གི་ཕར་བཞེས་ནས་རྒྱུན་འཁྱོངས་གནང་རོགས་ཞེས་སོར་བཅུའི་འདབ་མ་སྙིང་ཀ་སྦྱར་ནས་བརྟན་བཞུགས་ཕུལ་བཞིན་ཡོད།
དེ་ནས་ཡང་ཁྱོད་ཀྱིས་ཀློག་གླད་ན་འདུག་ཟེར་དུས་ང་ལ་དོགས་པ་ཞིག་ཀྱང་སྐྱེས་པ་འདི་ལྟར། ཀློག་གླད་དུ་འཇུག་སྐབས་ནང་དུ་ཅིག་གིས་མཆན་ཤོར་བ་མིན་འགྲོ་བསམ། ངོ་ནས་སྡེ་དགེའི་བསྟན་འགྱུར་ཁྲོད་ཀྱི་འཇུག་པ་རང་འགྲེལ་ན་ཁྱོད་ཀྱི་ལུང་སྔ་ཕྱི་གཉིས་ཀ་མི་འདུག དེ་བས་ན་ངས་ཁྱོད་ལ་རྩ་བ་གང་གི་ཐད་དུ་རེད་ཟེར་ནས་དྲི་བ་བཏང་བ་ཡིན། དེ་ལ་ལན་མེད་སོང་པ་འེ་རེད་ལགས།།
གཞོན་ནུ། ཨ་ཁ་ད་ཁྱོད་ཅ་མ་ཟིང་ཟེར། ད་རང་གི་བཙོས་པའི་ཆང་དེ་ཞིམ་པོ་མེད་ན་ཡང་བཏུང་དགོས་པ་རེད། ལུང་རྫུན་དྲང་ན་ངས་ཁྱོད་ལ་ལུང་རྫུན་རེད་ཅེས་ཞུ་མ་ཕོད་ན་ཡང་། དཔེ་གཟིགས་གནང་མཁན་ཕྱི་རབས་པའི་གདོང་ལ་གཟིགས་ནས་དང་། རང་ཉིད་ལ་ཆོས་ཀྱི་སློབ་སྦྱོང་ཅུང་ཟད་གནང་པའི་བཀའ་དྲིན་ཅན་དག་གི་གདོང་ལ་གཟིགས་ནས། ཡིན་པ་དེ་ཡིན་པ་དང་། མིན་པ་དེ་མིན་པ་རེད་ཟེར་ལོས་དགོས། དེ་ལས་རེ་བ་ཆེ་ཙམ་ཞུ་ན། ཁྱོད་ཀྱིས་ཀྱང་བསམ་བཞིན་དུ་ལུང་ཚིག་དེ་འདྲ་དྲངས་མི་སྲིད་པས། ཏན་ཏན་ཅིག་ནས་གཟིགས་ཡོད་སྲིད་མོད། དེ་འཇུག་པ་རང་འགྲེལ་དང་མི་འཁྲུལ་བའི་ཆེད་དུ་ཞུ་དགོས་ངེས་སུ་མཐོང་ངོ་ལགས།།
ང་ནི་གྲྭ་ས་འགྲིམས་མ་མྱོང་ལ། ནང་པའི་གཞུང་ཆེན་ཁག་ལ་ཆེད་དམིགས་སློབ་གཉེར་ཡང་བྱེད་མྱོང་མེད།
ཡིན་ནའང་། ནང་པའི་གཞུང་གི་ལྟ་གྲུབ་ཁག་ལ་ཧ་ཅང་མོས་པ་ཆེན་པོ་དང་། བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་ནང་པའི་སྐྱེས་ཆེན་དམ་པ་རྣམས་ལ་ཧ་ཅང་བརྩི་མཐོང་དང་གུས་བཀུར་བྱེད་མཁན་ཞིག་ཡིན།
སློབ་དཔོན་ཟླ་གྲགས་པ་དང་ཞི་བ་ལྷ། མགོན་པོ་ཀླུ་སྒྲུབ་སོགས་ལ་སྙིང་ནས་མོས་ཤིང་བླ་མེད་གུས་འདུད་ཡོད་མཁན་ཞིག་གི་ངོ་ནས། གལ་སྲིད་སྒོམ་སྡེ་བས་དྲངས་བའི་ལུང་གང་དངོས་གནས་རྫུན་བཟོ་ཞིག་ཡིན་ཚེ་བློ་ཕམ་ཆེན་པོ་ཡོད།
གཞོན་ནུ་ལགས། ད་ཁྱོད་ཟེར་རྒྱུས་ཕོངས་པ་འདྲ་པོ་འདུག ལུང་རྫུན་ཡིན་མིན་དབྱེ་འབྱེད་ཐག་གཅོད་བྱ་རྒྱུ་ལས་སླ་པོ་རེད། གོང་དུ་ངོས་ནས་བཤད་པའི་གློག་ཀླད་ཐོག་གི་རང་འགྲེལ་གྱི་ཤོག་གྲངས་༥༥༨དང་།
གློག་ཀླད་ཀྱི་རྗེ་ཙོང་ཁ་པ་ཆེན་པོའི་དགོངས་པ་རབ་གསལ་གྱི་ཤོག་གྲངས་༤༧༩རྣམས་ཞལ་ཕྱེ་སྟེ་གཟིགས་ན་དེ་གས་ཐག་ཆོད་འགྲོ་གི་རེད། དེ་ཤིན་ཏུ་ལྐོག་གྱུར་མ་རེད། དེ་ལ་རྩོད་པ་དང་དོགས་གནད་གང་ཡང་མི་འདུག་གོ།
ངེད་ནས་བཤད་པའི་ལུང་དེ་ཡང་། རྩ་བ། གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་བར་གྱུར་ན་ནམ་མཁའ་ཡི། །ཨུཊྤལ་ཡི་དྲི་མདོག་ཇི་བཞིན་གཟུང་དུ་མེད་ཉིད་ན། །ཤིན་ཏུ་ཆེས་བཀྲའི་འཇིག་རྟེན་འཛིན་པའང་ཡིན་པ་དེའི་ཕྱིར། །རང་གི་བློ་བཞིན་འཇིག་རྟེན་རྒྱུ་ལས་ཡིན་པར་ཤེས་པར་གྱིས། །ཞེས་པའི་འགྲེལ་བའི་ཐད་དུ་རང་དུ་ཡོད་པས་དེར་གཟིགས་པར་ཞུ།
གོང་དུ་ངོས་ནས་བཤད་པའི་གློག་ཀླད་ཐོག་གི་རང་འགྲེལ་གྱི་ཤོག་གྲངས་༥༥༨དང་།
གློག་ཀླད་ཀྱི་རྗེ་ཙོང་ཁ་པ་ཆེན་པོའི་དགོངས་པ་རབ་གསལ་གྱི་ཤོག་གྲངས་༤༧༩རྣམས་ཞལ་ཕྱེ་སྟེ་གཟིགས་ན་དེ་གས་ཐག་ཆོད་འགྲོ་གི་རེད།
སྒོམ་སྡེ་ལགས།
ཁྱེད་རང་གིས་གློག་ཀླད་ཐོག་གི་རང་འགྲེལ་དང་གློད་ཀླད་ཀྱི་རྗེ་ཙོང་ཁ་པ་ཆེན་པོའི་དགོངས་པ་རབ་གསལ་སོགས་གསུང་འདུག
ཀློག་ཀླད་དུ་པར་གཞི་འཇུག་མཁན་དགོན་པའམ། ཚོགས་སྡེ། ཡང་ན་ཆོས་ཚོགས། གང་ཟག་སྒེར་བ་སུས་བཅུག་པ་རེད། ག་དུས་བཅུག་པ་རེད་འདུག། པར་དབང་སུ་ལ་འདུག
གློག་ཀླད་སྟེང་གི་པར་རྩ་ག་འདྲ་སེ་རག་གི་རེད། ལན་ཀྱོག་ཀྱོག་ཅེས་ནས་མ་ཡིན་པར། ཁ་རུ་ཁ་ཐུག་ལ་གསུང་རོགས་གནང་།
ལན་ཀྱོག་ཀྱོག་བྱས་ནས་མ་ཡིན་པར། ཁ་རུ་ཁ་ཐུག་ལ་གསུང་རོགས་གནང་།
༼ཡིག་ནོར་བཅུ་གསུམ་གྱི་དགུ་ཐུག་སྐྱུར་མོ་ཞེས་བྱ་བ་བཞུགས་སོ༽
གཞོན་ནུ་ལགས།
ད་ངས་ཁྱེད་ཀྱིས་རྩོམ་ཉོག་དེ་ལ་ཞུ་དག་ཅིག་བྱའོ། །
༡༽ ཐོག་མར་ཁྱེད་ཀྱི་འགོ་བྱང་༼ལུང་རྫུན་དང་མུན་སྤྲུལ་གྱི་དགུ་ཐུག་བསྐོལ་འཐུང་འདོད་མི་འདུག༽ཅེས་པ་འདི་ལ་གོ་རྒྱུ་ཧ་ལམ་མི་འདུག འགོ་བྱང་ཉག་ཉོག་དེ་འདྲ་ཅི་རེད།
༢༽ ཤེས་མདོགས། (ཤེས་མདོག)
༣༽ རང་ཉིད་ཀྱི་དགུ་ཐུག་བསྐོལ་བ་མ་ཤེས་པར། (རང་ཉིད་ཀྱིས་དགུ་ཐུག་བསྐོལ་བར་མ་ཤེས་པར)
༤༽ལོག་རྟོག་སེལ་ཡོད་ཤག་ལ། (ལོག་རྟོག་བསལ་ཡོད་ཤག་ལ།)
༥༽ ཚ་བ་ཉི་མ་གྲགས། (པ་ཚབ་ཉི་མ་གྲགས) པ་ཚབ་ཉི་མ་གྲགས་མ་གཏོགས་“ཚ་བ་ཉི་མ་གྲགས”ཞེས་དེ་རིང་མ་གཏོགས་གོ་མ་མྱོང་། དེ་སྔར་མཁས་པ་སུ་ལ་ཡང་མ་གྲགས་པའི་སྔོན་མེད་ལེགས་བཤད་ཅིག་གོ། དེ་ལ་ཚོགས་གཏམ་གཏོང་དགོས་པ་འདུག་ཀྱང་ད་རེས་བཞག་ཡོད།
༦༽ འགྱུར་མ་ཡིན། ཅེས་གསུངས། (འགྱུར་མ་ཡིན། ཞེས་གསུངས།)
༧༽ རྒན་འཇམ་དཔལ་གྱི་གསུང་པ། (རྒན་འཇམ་དཔལ་གྱིས་གསུངས་པ)
༨༽ འཇིགས་ཅེས་པ། (འཇིགས་ཞེས་པ)
༩༽ཁས་མི་བླང་པར། (ཁས་མི་ལེན་པར) འདིར་འདས་ད་ལྟའི་དགུ་ཐུག་བསྐོལ་འདུག ཡང་ན་ཁས་མ་བླངས་པར། ཞེས་འབྲི་དགོས། ཡང་ན། ཁས་མི་ལེན་པར། ཞེས་འབྲི་དགོས།
༡༠༽སྔ་འགྲེལ་ལ་རྟེན་ནས། (སྔ་འགྲེལ་ལ་བརྟེན་ནས)
༡༡༽ འཇིགས་མི་དགོས་ཅེས་སོ། (འཇིགས་མི་དགོས་ཞེས་སོ། །)
༡༢༽འདས་བའི། (འདས་པའི)
༡༣༽ འགྱུར་མ་ཡིན།། ཅེས་གསུངས་སོ། (འགྱུར་མ་ཡིན། །ཞེས་གསུངས་སོ། །)
༡༤༽ ལྗི་བ། (ལྕི་བ) ལྗི་བ་ཟེར་ན་ཁྱི་དང་བ་ཕྱུགས་སོགས་ཀྱི་ཁྲག་འཇིབ་མཁན་གྱི་སྲིན་བུ་དེ་ལ་ཟེར་བ་རེད་དོ། །འདི་ནི་ལྗི་བ་དང་ལྕི་བའི་དགུ་ཐུག་གོ།
ཨ་རོ་གཞོན་ནུ་ཟླ་མེད་རྩོམ་ལག་མཐིལ་ཙམ་ལ་ཡིག་ནོར་འདི་འདྲ་མང་པོ་ཅི་རེད།
འོ་ཡ། ད་ཐག་ཆོད་སོང་ངོ་། རྩ་བ་གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་བར་གྱུར་ན་ནམ་མཁའ་ཡི།། ཞེས་སོགས་ཀྱི་ཐད་འཇུག་པ་རང་འགྲེལ་ན་ཐིག་ཕྲེང་བཅུ་དྲུག་ལས་མེད་པས་ལུང་དེ་འདྲ་ཞིག་རྩ་ནས་མེད་དོ། ལུང་རྫུན་ཡིན་པ་ཐག་ཆོད་སོང་ངོ་། དེ་ནས་དེ་ལ་དོགས་པ་མེད་པ་བདེན་མོད། ཁྱོད་ཀྱིས་ཚོད་ཚོད་ལ་ལུང་དེ་འདྲ་ལྷ་བབས་པ་ལྟར་བབས་ཡོང་བས་དོགས་པ་སྐྱེས་པ་རེད་དོ། ཡིན་ན་ཡང་དཔེ་ཆ་དེར་བལྟས་མ་མྱོང་བ་ཞིག་གིས་ངོས་ནས་འཇིགས་མ་ཟེར་ན་མཛེས་མ་ཡིན་ས་རེད་དྲན་སྲིད་པ་རེད་དོ། རང་གིས་འཇིགས་མ་མཛེས་མར་བཀྲལ་བའི་ཁུངས་འཇུག་པ་རང་འགྲེལ་གྱིས་འཁྱོལ་མ་སོང་ངོ་། ཁུངས་གཞན་ཞིག་བཙལ་འཚལ་ལོ། ཁུངས་མ་རྙེད་པར་དུ་ཚིག་མཛོད་ནང་དུ་མི་འཇུག་པར་འཚལ་ལོ།། དགོངས་པ་མི་ཚོམས་པར་འཚལ་ལོ། གུས་པའི་ཀུན་སློང་ཡང་ཉིད་ཀྱི་ཀུན་སློང་ལྟར་དྲི་མ་མེད་དོ།།
སྒོམ་སྡེ་འདི་ད། ཨ་ཕའི་མགོ་ཡི་ཞྭ་བཤད་དུས། ཨ་མའི་རྐང་གི་ལྷམ་ལ་མཆོང་འགྲོ་གི ད་ཅི་དྲག གོང་དུ་གུས་པའི་རྩོམ་ཡིག་དང་མཆན་སྡོམ་པས་དྲུག་ཡོད་པ་རྣམས་ལ་ཞུ་དག་བཏང་བ་ལས། ཚ་བ་ཉི་མ་གྲགས་མ་རེད། པ་ཚབ་ཉི་མ་གྲགས་རེད། དེ་ཁྱོད་ལ་བདེན་ཁ་ལོས་སྟེར། ངས་རང་ཉིད་ནོར་ན། ནོར་བ་ངོས་ལེན་བྱེད་ནུས་ཀྱི་རེད། དེ་མིན་ཁྱོད་ནང་བཞིན་རང་ཉིད་ནོར་ན་ཡང་སྐྱག་གནོང་འགེབ་ཐབས་བྱེད་ཀྱི་མ་རེད། དེ་མིན་ཞིང་ཞེ་ཞེའོ་སོགས་ཀྱི་ཐད་དུ། མང་ཙམ་བཏོན་འདུག དེ་ལ་ལན་ཚར་གཅིག་གིས་འཐུས་པར་བྱ། ག་ད་བ་དང་ད་དྲག་མཐར།། ཅིང་ཅེས་ཅེའོ་ཅེ་ན་ཅིག། ང་ན་མ་འ་ར་ལ་དང་། ། མཐའ་རྟེན་མེད་མཐར་ཞིང་ཞེས་དང་།། ཞེའོ་ཞེ་ན་ཞིག་རྣམས་ཐོབ། ། ས་མཐར་དམིགས་བསལ་ཞེས་མ་གཏོགས། ། ཤིང་ཤེས་ཤེའོ་ཤེ་ན་ཤིག ། ཅེས་འདོན་ནོ། ། གཞན་དག་ནི་ངོས་ལེན་མེད་དོ།།
སྒོམ་སྡེ་བ།
ད་ཁྱོད་ཀྱིས་ང་ལ་དག་ཆ་དང་དག་ཡིག་སྐོར་ནས་ཞུ་དག་མ་གཏོང་། ཁྱོད་རང་གིས་ལྟོས་དང་། དང་པོ་ཁྱོད་ཀྱིས་ང་ལ་ཡིག་ནོར་བཅུ་གསུམ་ཟེར་ནས་དེའི་དང་པོ་ལ་ཁ་བྱང་བགྲང་ནས་གོ་རྒྱུ་ཧ་ལམ་མི་འདུག་ཟེར། དེ་ཡིག་ནོར་འེ་རེད།
དེ་ནས་ཁྱོད་རང་གིས་ཐིག་ཕྲེང་དང་པོ་ལ་གཅིག་ལྟོས་དང་། ༼ད་ངས་ཁྱེད་ཀྱིས་རྩོམ་ཉོག་དེ་ལ་ཞུ་དག་ཅིག་བྱའོ། །༽ ང་དང་ཁྱོད་གཉིས་ཀ་ལ་རྣམ་དབྱེ་གསུམ་པ་དགོས་པ་འེ་རེད། ང་ཡིན་ན་ཁྱོད་ཀྱི་རྩོམ་ཉོག་ཅེས་བྲིས་ན་དག་མ་རེད། རྣམ་དབྱེ་དྲུག་པ་འབྲི་དགོས་ནི་རེད།
དེ་ནས་ཤེས་མདོགས་དང་ཤེས་མདོག་དོན་གཅིག་རེད། ཞུ་དག་སྟོང་བ་རེད། དེ་ནས་དགུ་ཐུག་བསྐོལ་བ་མ་ཤེས་པར་ལ་ལ་དོན་སྦྱར་བ་ནི་ཚིག་སྦྱོར་མི་ཤེས་པའི་རྟགས་སོ།
ད་གཡུག་ཞོག འདི་འདྲ་རྐྱང་བཤད་བསྡད་ན་ཉོབ་ཡོང་གི དེ་ལས་གཉིད་ན་ཡག་ས་རེད།
བོད་མི་སྐྱབས་བཅོལ་བར་ལྟ་སྐྱོང་ཚུལ་མཐུན་དགོས།
ཐེངས་འདིའི་ཡོ་རོབ་གྲོས་ཚོགས་ཀྱི་ནང་དུ་བལ་ཡུལ་མི་མང་དང། སྐྱབས་བཅོལ་བ་སྤྱིའི་གནས་བབས་ལ་བདེ་འཇགས་དགོས་སྐོར་དང། སྒོས་སུ་བལ་ཡུལ་གྱི་བོད་མི་སྐྱབས་བཅོལ་བ་རྣམས་ལ་རྒྱལ་སྤྱིའི་སྐྱབས་བཅོལ་བའི་གྲོས་ཆོད་ལ་ཁས་ལེན་ཡོད་པ་བཞིན། རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་དོན་འཁྱོལ་ཡོང་བའི་འབོད་སྐུལ་ཞུས་འདུག
བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་༥ པའི་ནང་བལ་ཡུལ་དུ་གཟིགས་སྐོར་ལ་ཕེབས་པའི་ལྷོ་ཨེ་ཤ་ཡའི་འབྲེལ་ཡོད་ཚོགས་ཆུང་གི་སྙན་ཐོ་དང། མཉམ་འབྲེལ་གྲོས་འཆར་གྲོས་ཆོད་ཅིག་ཡོ་རོབ་གྲོས་ཚོགས་ནང་དུ་ཁྱེར་ནས། བལ་ཡུལ་དུ་ད་ལྟ་གཞུང་སྲ་བརྟན་འཛུགས་ཐུབ་མེད་པ་དང། བལ་བརྒལ་གྱི་གཞུང་གི་དུས་ཡུན་རྫོགས་ཏེ། གཞུང་གསར་པ་འཛུགས་མ་ཐུབ་པའི་གནས་སྐབས་དེར། ཡུལ་དེའི་མི་མང་གི་བདེ་སྡུག་དང་འབྲེལ་བའི་གནད་དོན་མང་པོའི་ཐོག་གླེང་སློང་བྱས་ཡོད་པ་དང། ཡུལ་དེར་གཞུང་སྲ་བརྟན་དགོས་པ་དང། སྐྱབས་བཅོལ་བའི་གནས་སྟངས་སྤྱི་དང། བོད་མི་སྐྱབས་བཅོལ་བར་ལྟ་སྐྱོང་ཚུལ་མཐུན་དགོས་སྐོར་གྱི་འབོད་སྐུལ་ཞུས་འདུག
ཟླ་འདིའི་ཚེས་༢༠ ཉིན་ནི་རྒྱལ་སྤྱིའི་སྐྱབས་བཅོལ་བའི་ཉིན་མོར་ཁེལ་ཡོད་པས། ཟླ་འདིའི་ཚེས་༡༩ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་བལ་ཡུལ་དུ་གནས་སྡོད་བྱེད་མཁན་གྱི་བོད་མི་དང། གསར་དུ་བོད་ནས་འབྱོར་བཞིན་པ་ཚོའི་གནས་སྟངས་ལ་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་པའི་སྐོར་གྱི་སྙན་ཐོ་གཉིས་བཏོན་ཡོད་པ་དང། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པས། བལ་ཡུལ་དུ་ཡོད་པའི་བོད་མིའི་སྐྱབས་བཅོལ་སྣེ་ལེན་ཁང་དང། བོད་མི་བྲོས་བྱོལ་བའི་ཐོག་རྒྱ་ནག་གིས་དམ་དྲགས་བྱེད་རྒྱུའི་སྲིད་ཇུས་མུ་མཐུད་གནས་ཡོད་པས། རྒྱལ་སྤྱིའི་སྐྱབས་བཅོལ་ལས་ཁུངས་དང། ཕྱི་རྒྱལ་སྲིད་གཞུང་ཁག་ནས་སྐྱབས་བཅོལ་ལ་ཡོང་བའི་བོད་མི་རྣམས་རང་ཡུལ་དུ་མ་ལོག་བར་སྲུང་སྐྱོབས་བྱེད་དགོས་པ་རེད་ཅེས་བརྗོད་འདུག །
མཐའ་མའི་བསྐྱར་བཅོས། ( ‘༢༠༡༠, ༠༦, ༢༡’ )
སྒོམ་སྡེས། གློག་ཀླད་ཀྱི་པར་གཞི་གསུངས་པ་དེ། པར་གཞི་གང་ཡིན་པ་དང་མིང་ཆ་ཚང་ལ་ཅི་ཟེར་བ། སུས་བཏོན་པ། ག་དུས་བཏོན་པ། གང་ནས་རག་གི་ཡོད་པ་བཅས་ཀྱི་སྐོར་གསལ་པོ་གསུངས་དགོས་ས་རེད།
དབུ་མ་འཇུག་པའི་རང་འགྲེལ། རྒྱང་འཕེན་པའི་འདོད་པ་བརྗོད་པའི་སྐབས་སུ། (མཛེས་མ་ལེགས་པར་སྤྱོད་ཅིང་བཟའ་ བར་གྱིས། ། ལུས་མཆོག་འདས་གང་ཁྱོད་ཉིད་ལ་མི་འབྱུང་། ། ལུས་འདི་ཚོགས་པར་གྱུར་བ་ཙམ་ཞིག་སྟེ། ། འཇིགས་མ་སོང་བ་ལྡོག་པར་མི་འགྱུར་རོ། ། ཞེས་སྨྲོས་ཏེ། འདི་ནི་བུ་མོ་ལ་མངོན་པར་བགྲོད་པར་འདོད་ཅིང་བུ་མོས་འཇིག་རྟེན་ཕ་རོལ་མེད་པར་ རྟོགས་པར་འདོད་ནས་སྨྲོས་སོ།།) ལོ་ཙྰ་བ་ཚ་བ་ཉི་མ་གྲགས་ཀྱི་འགྱུར་ཡིན་ལ། ནག་ཚོ་ལོ་ཙྰ་བའི་འགྱུར་ན། ཚིག་རྐང་དང་པོ་གསུམ་འདྲ་བ་ལ། ཚིག་རྐང་མཐའ་མ་འདི་ལ། (འདས་བའི་འཇིགས་པ་འབྱུང་བར་འགྱུར་མ་ཡིན། ) ཅེས་གསུངས། ཡོད་ན།
ནག་ཚོ་དང་ཉེ་བ། མ་འཇིགས་འདས་པ་འབྱུང་བར་འགྱུར་བ་མིན། ཡང་ན།
ཉི་གྲགས་ལྟར། འཇིགས་༼རང་གི་ཕ་དང་ལུས་འབྲེལ་ན་སྐྱེ་བ་ཕྱི་མའི་འབྲས་བུ་སྡུག་བསྡལ་ལ་འཇིགས་པའི་བུད་མེད་མ་ཁྱོད་༽མ་སོང་བ་ལྡོག་པར་མི་འགྱུ་རོ། །ཞེས་པས་སོང་ཟིན་པའི་རྒྱུ་དེ་སླར་ཡང་མི་ལྡོག་ཀྱང་འབྲས་བུ་ངན་པ་ཡོང་བར་དྭོགས་པས་ལན་མི་ཐེབས་སྙམ་ཡང་། རྒྱང་འཕེན་བླུན་པོའི་བུ་མོ་ལ་ལན་འགྲིག་ཀྱང་སྲིད། འདི་ཡང་དཔྱད་གཞིར་སྤེལ།
ཀེ་ལ་ཤ་རིའི་སྤུན་ཟླ་སྒོམ་སྡེ་བ།།
ཁེ་ན་ཀྲ་ནས་འཚོ་བ་བསྐྱལ་ཞོར་ར།།
གེ་སར་སྒྲུང་སོགས་བོད་ཀྱི་རིག་གཞུང་རྣམས།།
ངེ་ཅག་བགྲོ་གླེང་གནང་བ་ལོས་ཀྱང་སྤྲོ།།
ཅེ་ཡང་ལ་རུ་སྟག་རྒོད་བསད་པའི་གཏམ།།
ཆེ་བ་རྒྱ་ཡི་ཡུལ་དུ་གྲགས་མོད་ཀྱི།།
ཇེ་སྡིག་ཇེ་ཐུར་སོང་བའི་ཁས་ལེན་གཏམ།།
ཉེ་ཆར་བདག་གིས་ལྷག་མ་མེད་པར་བསད།།
ཏེ་ཕོ་མེད་སར་བོང་བུས་ནམ་ཚོད་བཟུང་།།
ཐེ་ཚོམ་མེད་པར་ཆ་འཇོག་བྱེད་མི་རུང་།།
དེ་རིང་ཁ་སང་དུས་ཚོད་ཅོང་སྒྲ་རྡུང་།།
ནེ་ནེ་རྒད་མོ་ད་དུང་གཉིད་མ་སད།།
པེ་ཏའི་ཡུལ་དུ་འཁྲུངས་པའི་ཐེག་ཆེན་བསྟན།།
ཕེ་ར་རྒྱབ་ནས་ཚིག་དོན་དཀྲུགས་མི་རུང་།།
བེ་ཧར་རྒྱལ་བོའི་སྤྱན་གྱི་སྡང་མིག་གིས།།
མེ་ཞགས་
འ་ཁ་ཁ། ད་མ་འབྲི་ཟེར་གི་ཡོད་ས་རེད། ཕྱེད་ཀ་ཙམ་བྲིས་ནས་གློག་ཀླད་གཟའ་རོ་འདིས་ནང་ལ་དྲངས་ནས་ཕྱིན་སོང་། ད་གཡུག་ཞོག
གཞོན་ནུ་ལགས།
ཁྱེད་ཀྱིས་མཛུབ་འཛུགས་བྱས་པ་ལྟར་ངེད་ནས་འབྲེལ་སྒྲ་ལ་བྱེད་སྒྲར་ཡིག་ནོར་བྱུང་བ་དེ་ཁྱེད་བདེན་ནོ། །
ད་དུང་ཁྱེད་ལ་ཞལ་འདེབས་ཤིག་འབུལ་རྒྱུ་འདུག
ཁྱེད་ཀྱིས་(ལོག་རྟོག)ལ་“ལོག་རྟོགས”ཞེས་བྲིས་པ་ནི་ཡིག་ནོར་བཅུ་བཞི་པའོ། །
ཨ་ཁུ་སྒོམ་སྡེ་ལགས་ཁྱེད་ཀྱིས་བུ་མོ་ངའི་མཆན་བུ་གཟིགས་ཨེ་སོང་ཞུ་བ་ཡིན།
གལ་སྲིད་གཟིགས་ཡོད་ན་ལན་ཞིག་གནང་རོགས་ཞུ།
ང་དངོས་གནས་ཁྱེད་ལ་ཐེ་ཚོམ་ཆེན་པོ་འདུག
ཡང་ན་ང་རང་ལས་ངན་པ་ཡིན་ས་རེད།
གང་ལྟར་ཁྱེད་ཀྱིས་ང་ལ་ལན་ཞིག་ཡོད་པར་ཞུ།
drong ལགས་ལ་གནང་བ།
ཁྱོད་ཀྱི་ངའི་མཐེབ་གཞུང་ལ་ཞུ་དག་བྱས་ཁ་བྱས་བར་ཐུགས་རྗེ་ཆེ། དེ་དང་ཆབས་ཅིག་ངས་ཀྱང་ཁྱོད་ཀྱི་ཡིག་ནོར་རྣམས་ཁྱོད་ལ་མཛུབ་མོ་རི་སྟོན་བྱའོ། དེ་ནི་ཁྱོད་རང་གི་མཆན་ཁོ་ན་ལ་རག་ཙམ་བལྟས་པའི་ཁ་ཟིན་སྣ་ཟིན་ཙམ་ཡིན།
༡༽ ༼རྣོ་ངར་དང་ལྡན་པ་ཞིག་བྱེད་དང་༽ བྱོས་དང་། སྐུལ་ཚིག
༢༽ ༼མི་རིགས་ཀྱི་སྐད་ཡིད་༽ མི་རིགས་ཀྱི་སྐད་ཡིག
༣༽ ༼དགུ་ཐུག་བསྐོལ་ཀྱང་རུང་༽བསྐོལ་ཡང་རུང་། ང་ན་མ་འ་ར་ལ་ཡང་། ཅེས་འདོན་ནོ།
༤༽ ༼གཅིག་ཐུག་བསྐོལ་ཀྱང་རུང་༽ བསྐོལ་ཡང་རུང་།
༥༽ ༼རང་མི་རིགས་ཀྱི་སྐད་ཡིད་ལ་༽ སྐད་ཡིག་ལ།
༦༽ ༼སྐད་ཡིད་ལ་སིན་ཏུ་ཕན་པ་ཆེ།༽ ཤིན་ཏུ་ཕན།
༧༽ ༼རང་གིས་ཀྱང་དགུ་ཐུག་ཞིག་བསྐོལ་འདུག༽ དགུ་ཐུག་ཅིག་བསྐོལ་འདུག
༨༽ ༼མ་ཤེས་པར་ཅེས་བྱེད་སྒྲ་ཞིག་ཆད་འདུག༽ མ་ཤེས་པར་ཞེས།
༩༽ ༼དེ་ན་ཡང་བྱད་སྒྲ་ཞིག་ཆད་འདུག༽ དེ་ན་ཡང་བྱེད་སྒྲ།
༡༠༽ ༼ཁས་མི་ལེན་པར་ཅེས་འབྲི་དགོས་པ་འདུག༽ ཁས་མི་ལེན་པར་ཞེས་འབྲི་དགོས་པ་འདུག
༡༡༽ ༼དགེ་བསྐོས་ཆེན་མོ་ཞེ་བོ་ཅིག་༽ ཞེད་བོ།
༡༢༽ ༼དགེ་བསྐོས་ཆེན་མོ་ཞེ་བོ་ཅིག་༽ ཞེད་པོ་ཞིག
༡༣༽ ༼མ་གཞི་ནི་དགེ་བསྐོས།༽ མ་གཞི་ནས།
༡༤༽ ༼དགེ་བསྐོས་ཛེ་ཚོས༽ དགེ་བསྐོས་དེ་ཚོས།
༡༥༽ ༼དགེ་བསྐོས་ཛེ་ཚོས་ཚོགས་གཏོང་༽ ཚོགས་གཏམ་གཏོང་།
ད་ཁྱོད་ཀྱིས་ང་ལ་ཞུ་དག་གཏོང་སྐབས། ཁྱེད་རང་གིས་བྲིས་པའི་ཡིག་ནོར་རེད། ཁ་མིག་ཡོངས་རྫོགས་གདངས་ནས་ལྟོས་ཤིག་ཨ། རྗེས་མ་ནས་སྟག་མཆོང་སར་ཝ་མོ་མཆོང་མི་རུང་ཨེ་གོ་ཐལ།
སྒོམ་སྡེ་ལགས། ཁྱེད་ཀྱིས་ལོག་རྟོགས་དེ་ལོག་རྟོག་ཏུ་བཅོས་འདུག མཁས་པའི་གཞུང་ལུགས་སུ་བྲིས་འདུག་ཟེར་བ་ཙམ་མིན་པའི་རྒྱུ་མཚན་ཡོད་དམ།
གནས་ལུགས་ཕྱིན་ཅི་མ་ལོག་པར་ཤེས་པ་དང་། ཕྱིན་ཅི་མ་ལོག་པར་རྟོགས་པ་གཉིས་ལ་ཁྱད་པར་ཡོད་དམ།
གལ་སྲིད་མེད་ན། ཕྱིན་ཅི་ལོག་ཏུ་ཤེས་པ་དེ་ཕྱིན་ཅི་ལོག་ཏུ་རྟོགས་པ་ཡིན་ལ། ལོག་ཤེས་དེ་ཡང་ལོག་རྟོགས་སུ་འགྱུར་གྱི། ལོག་རྟོག་ཏུ་ཅིའི་ཕྱིར་འགྱུར།
གཞོན་ནུ་ཟླ་མེད་ལགས་ཁྱེད་གཞི་ནས་གཉིད་སད་པ་རེད་པས།
ྔས་སྔོན་མ་ཞིག་ལ་ཁྱེད་རང་གིས་དགུ་ཐུག་བསྐོལ་བ་དེ་ཡི་སྐོར་ལ་ཡིག་ནོར་ཁ་ཤས་ཞིག་བྱུང་བར་བརྒྱུར་བཅོས་བཏང་ཡོད།
དེ་རྗེས་རྒན་སྒོམ་སྡེ་ནས་ཀྱང་དེ་བཞིན་བཟོ་བཅོས་བྱས་གནང་འདུག
ཁྱེད་ནི་ག་ས་གལ་ཁྱི་འཁྱམས་བཞིན་ཉུལ་མཁན་ཞིག་ཡིན་ས་རེད་ག་ས་གལ་ཇུས་གཏོགས་བྱེད་ཀྱིན་འདུག།
༼རྗེས་མ་ནས་སྟག་མཆོང་སར་ཝ་མོ་མཆོང་མི་རུང་ཨེ་གོ་ཐལ།༽
ཁྱེད་རང་ད་ཟེར་དུས་རྒན་སྒོམ་སྡེ་སྟག་འདྲ་བ་དེ་མཆོང་སར་ང་ཝ་མོ་ལྟ་བུ་མཆོང་མི་རུང་ཟེར་བ་ཡིན་ནམ།
ཁྱེད་རང་གིས་སྒོམ་སྡེ་སྟག་འདྲ་བོ་ཞིག་གཟིགས་པ་ཡིན་བཟོ་འདུག་ཁག་མེད།
ཁྱེད་ཀྱིས་ང་ཡིས་བྲིས་རྩོམས་ཁག་གཅིག་གི་འབྲི་ནོར་ཤོར་བ་རྣམས་ཕྱོགས་གཅིག་ཏུ་སྤུངས་ནས་ཐེར་འདོན་བྱེད་ཚུལ་ཞིག་བསྟན་འདུག
ཁྱེད་རང་གིས་བརྩམས་ཁག་རྣམས་ཀྱི་ཡིག་ནོར་རྣམས་ངས་འདིར་ཕྱོགས་བསྒྲིག་བྱེད་ན་ག་འདྲ་ཡོང་ས་འདུག
དེ་ལྟར་བྱེད་དགོས་ཚེ་དྲྭ་རྒྱའི་ཡིག་སྣོད་འདི་ཆུང་དྲག་འདུག་པས་ཉུང་ཤས་ཞིག་བྲིས་ན་འགྲིག་གམ།
འབྲོང་རྒོད་ལགས། ངས་ཁ་སྔོན་ནས་ཁྱོད་ལ་ཞུ་དག་མ་བཏང་བ་ནི། ཁྱོད་ཀྱི་དེ་གལ་ཆེན་མིན་པ་དང་། བརྗོད་བྱ་དང་ཐད་ཀར་འབྲེལ་བ་མེད་པས་བཏང་སྙོམས་སུ་བཞག་པ་མ་གཏོགས། ཁྱོད་ལ་སྣང་ཆུང་བྱས་པའམ། ང་གཉིད་ཁུག་པ་དེ་ལས་མིན། ད་ནི་ལན་ཞིག་མ་བཏབ་ན། དེ་ཡང་སྐུ་ཉིད་ཀྱིས་དཀའ་ལས་བརྒྱབ་ཟིན་པ་དང་། སྒོམ་སྡེ་བ་ཡང་ཁྱོད་ཀྱི་དེའི་སྣེ་མོ་ལ་འཇུས་འདུག་པས། ལྷ་རམས་པ་ལ་ཡིག་ནོར་ཙམ་སྤྱན་འབུལ་ཞུ་བསྡད་ན་དེ་ཡང་སྣང་ཆུང་ལྟ་བུར་མཐོང་བས། ཐད་ཀར་ཁྱེད་ལ་ཞུ་དག་བཏང་བ་ཡིན། ད་ཐེངས་སྐུ་ཉིད་ཀྱི་ངའི་ཡིག་ནོར་དག་ཚུར་སྤུངས་རྒྱུ་ཡིན་ཟེར། ཐུགས་རྗེ་ཆེ། དེ་ལྟར་བྱེད་དགོས་ངེས་རེད། འོན་ཀྱང་ཁ་སྔོན་ལྟར། ངའི་ཡིག་ནོར་གསུམ་ལ་ཞུ་དག་བཏང་ནས། ཞུ་དག་མཆན་གྱི་ནང་དུ་རང་གི་ཡིག་ནོར་བཅོ་ལྔ་བཟོས་ན། དེ་ནི་འཇིག་རྟེན་ན་༼མགོ་ལས་རྨ་ཆེ་བ་བཟོས་འདུག༽ ཟེར་བའི་དཔེ་རེད། ཧཧཧ ཀུ་རེ་རྩེ་མོ་ཡིན། ང་ཚོ་ཕྱོགས་ནས་འདི་འདྲ་ཞིག་བཤད་སྲོལ་ཡོད། ༼གཏམ་ཀུ་རེ་མེད་ན་བཤད་སྲོལ་མེད། ཟས་མཆོད་ཀ་མ་འཕངས་ཟ་སྲོལ་མེད༽ ཟེར་བ་ཞིག་ཡོད་པས་ཀུ་རེ་རྩེ་བ་ཡིན། ལམ་སང་སྐེའི་རྩ་ཆེན་གཉིས་པོ་སྦོམ་པོ་ཆགས་གི་མ་འཇུག་རོགས།།
འོ་འབྲོང་རྒོད་ལགས། སྒོམ་སྡེ་བ་འདི་ཁྱོད་ཕར་བཞག་ང་ལ་བལྟས་ན་ཡང་། སྟག་ཟེར་ཆོག་པར་མ་ཟད་སེངྒེ་ཟེར་ཆོག་གི་རེད། གཞུང་ལུགས་ཕྱོགས་ནས་རེད། ལོ་རྒྱུས་ཕྱོགས་ནས་རེད། ཉམས་མྱོང་ཕྱོགས་ནས་རེད། ལྷག་བསམ་ཕྱོགས་ནས་རེད། བློ་རྒྱ་ཕྱོགས་ནས་རེད། གང་ཐད་ནས། ཁྱོད་ཀྱིས་བསམ་ན་མ་རེད་དམ།།
༄༅་།། །། དྲྭ་གྲོགས་གཞོན་ནུ་ཟླ་མེད་ལགས།
ཁྱེད་ཀྱིས་ངས་བྲིས་པའི་མཆན་བུའི་ནང་གློད་ཀླད་གཟའ་རོ་འདྲ་བ་དེ་ཡིས་སྐྱོན་དང་གཡེངས་བའི་དབང་གིས་ཡིག་ནོར་ཤོར་བ་ཁག་ཅིག་ལ་ནོར་བཅོས་བྱས་པ་དང་ལྷན་བཀའ་སྐྱོན་ཀྱང་མི་ཉུང་བ་ཞིག་གནང་བར་ངོས་ནས་ཁྱེད་ལ་ལན་ཚ་བོ་དེ་འདྲ་འདེབས་དགོས་པའི་རྒྱུ་མཚན་དེ་ཙམ་མ་མཐོང་མོད།
འོན་ཀྱང་ཁྱེད་ཀྱིས་ང་ལ་ཡིག་ནོར་རྣམས་ཕྱོགས་གཅིག་ཏུ་སྤུངས་རྒྱུར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་དྲི་བ་བཀོད་པ་སོགས་ཀྱིས་རྒྱུ་མཚན་ལ་བརྟེན་ནས་འདིར་སླར་ཡང་ཁྱེད་ལ་ཀུ་རེ་དང་འབྲེལ་ཏེ་ཁྱེད་ཀྱིས་གཟིགས་ཚུལ་དུ་སྐབས་རེ་བོང་བུ་དང་སྐབས་རེར་སྟག་སེང་དང་འདྲ་བའི་ལྷ་རམས་པ་སྒོམ་སྡེ་ལ་དགག་བཞག་གི་ཚུལ་དུ་བྲིས་པའི་རྩོམས་སྣ་ཁག་ཅིག་གི་ཡིག་ནོར་རགས་ཙམ་དང་དེ་བཞིན་ཁྱེད་ཀྱིས་བརྗོད་བབས་སོགས་ལའང་བལྟ་ཙམ་བྱས་པའི་ཁྱེད་ཀྱིས་གཟིགས་ཚུལ་གྱི་ཝ་མོ་ང་ཡིས་ཡིག་ཆུང་འབུད་ཙམ་ཅིག་འབྲི་བར་འདོད།
དང་པོར་ཁྱེད་རང་གིས་བྲིས་པའི་ཚིག་སྔ་ཕྱིའི་བརྗོད་བབས་དང་འགལ་བ་དཔེར་ན།
ལུང་རྫུན་དང་མུན་སྤྲུལ་གྱི་དགུ་ཐུག་བསྐོལ་འཐུང་འདོད་མི་འདུག་ཅེས་པའི་མིང་བྱང་རྫིག་པོའི་འོག་ཏུ་ལྷ་རམས་པ་སྒོམ་སྡེ་བར་ཐོག་མར་ཁྱེད་ཀྱིས་གཟིགས་ཚུལ་ཇི་ཡིན་བརྗོད་པ་འདི་ལྟར།
གཞོན་ནུ་ཟླ་མེད་ཀྱིས། ཉེ་ཆར་སྒོམ་སྡེ་ལྷ་རམས་པའི་མིང་ཐོག་ནས་གླེན་པ་ཁ་ནག་ཅིག་གིས་ཅི་བཤད་འདི་བཤད་མེད་པར་མིང་ཚིག་དང་སུམ་རྟགས་སོགས་མ་ཤེས་ཤེས་མདོགས་མང་ཙམ་བྱེད་ཀྱི་འདུག དེ་དག་ལ་དཔྱད་ཚོད་མེད་ཀྱང་། ཞེས་དང་།
འདི་འདྲའི་ལུང་རྫུན་མ་བཟོས། ཞེས་དང།
གང་ལྟར་འགྱུར་སྔ་མ་ལྟར་ན་ཡང་མ་དེ་དགག་ཚིག་ཡིན་པ་ལ་མིང་གི་ཆ་ཤས་སུ་ཀློག་པ་འདི་ལས་གླེན་རྟགས་དང་ཐོ་ཅོ་ཆེ་བ་ཞིག་གང་ན་ཡོད། ཅེས་དང།
དཔལ་ལྡན་ཟླ་བ་གྲགས་པའི་ལུང་རྫུན་མ་བཟོས་ན་དེ་ནི་སྒོར་མོ་རྫུན་མ་བཟོས་པའི་སྡིག་པ་ལས་ལྗི་བས་ཕྱིན་ཆད་བགས་ཡོད་པར་བྱ་དགོས་སོ། ཞེས་པ་དང།
རིག་མའི་གདོང་ལ་གཟིགས་ནས་རྒྱུན་རིང་ཙམ་བཞུགས་རོགས། ཤེས་པ་དང།
སྒོམ་སྡེ་འདི་ད། ཨ་ཕའི་མགོ་ཡི་ཞྭ་བཤད་དུས། ཨ་མའི་རྐང་གི་ལྷམ་ལ་མཆོང་འགྲོ་གི ད། ཞེས་པ་དང།
དེ་ནས་དགུ་ཐུག་བསྐོལ་བ་མ་ཤེས་པར་ལ་ལ་དོན་སྦྱར་བ་ནི་ཚིག་སྦྱོར་མི་ཤེས་པའི་རྟགས་སོ། ཞེས་པ་དང།
ཅི་དྲག དེ་མིན་ཁྱོད་ནང་བཞིན་རང་ཉིད་ནོར་ན་ཡང་སྐྱག་གནོང་འགེབ་ཐབས་བྱེད་ཀྱི་མ་རེད། ཅེས་དང།
རང་ཉིད་ལ་ཆོས་ཀྱི་སློབ་སྦྱོང་ཅུང་ཟད་གནང་པའི་བཀའ་དྲིན་ཅན་དག་གི་གདོང་ལ་གཟིགས་ནས། ཞེས་དང།
ཇེ་སྡིག་ཇེ་ཐུར་སོང་བའི་ཁས་ལེན་གཏམ།།
ཉེ་ཆར་བདག་གིས་ལྷག་མ་མེད་པར་བསད།།
ཏེ་ཕོ་མེད་སར་བོང་བུས་ནམ་ཚོད་བཟུང་།།
ཐེ་ཚོམ་མེད་པར་ཆ་འཇོག་བྱེད་མི་རུང་།།
ཞེས་པ་སོགས་མདོར་ན་ཐོག་མར་ཁྱེད་ཀྱིས་ལྷ་རམས་སྒོམ་སྡེ་བར་མི་དམོད་དགུ་དམོད་བྱས་པ་ནི་ཁྱེད་རང་གིས་བྲིས་པའི་ཚིག་རིས་དེ་དག་གི་བརྒྱུད་ནས་རྟོགས་ཐུབ་དེ་ཡང་དེ་དག་གིས་ཇི་ལྟར་བཤད་འདུག་ཅེས་ན།
ལྷ་རམས་པ་སྒོམ་སྡེ་ནི་མ་ཤེས་ཤེས་མདོག་བྱེད་མཁན་དང།
ལུང་རྫུན་མ་བཟོ་མཁན་དང།
གླེན་རྟགས་དང་ཐོ་ཅོ་ཆེ་བ་དང།
བུད་མེད་ལ་ཆགས་པ་ཆེ་རབས་དང།
ཚིག་སྦྱོར་མི་ཤེས་ཏེ་འབྲེལ་མེད་དོན་གཞན་བཤད་ཚུལ་དང།
སྐྱག་པ་ཐལ་པས་འགེབ་པ་ལྟར་རང་སྐྱོན་རང་གིས་ཁས་མི་ལེན་ཅིང་ནོར་འཁྲུལ་སྦས་ཚུལ་དང།
ཆོས་ཀྱི་སློབ་སྦྱོང་ཅུང་ཟད་ཙམ་ལས་མ་ཐོབ་ཚུལ་སོགས་བཤད་པ་ནི་ཁ་མིག་ཡོངས་རྫོགས་གདངས་ནས་ལྟས་ན་ཤེས་ཐུབ།
དེ་ནས་ཐ་མར་ཁྱེད་ཀྱིས་ཁོང་ལ་གཟིགས་ཚུལ་ཇི་བྱུང་འདུག་ཞུས་ན།
གཞོན་ནུ་ཟླ་མེད་ནས།
འོ་འབྲོང་རྒོད་ལགས། སྒོམ་སྡེ་བ་འདི་ཁྱོད་ཕར་བཞག་ང་ལ་བལྟས་ན་ཡང་། སྟག་ཟེར་ཆོག་པར་མ་ཟད་སེངྒེ་ཟེར་ཆོག་གི་རེད། གཞུང་ལུགས་ཕྱོགས་ནས་རེད། ལོ་རྒྱུས་ཕྱོགས་ནས་རེད། ཉམས་མྱོང་ཕྱོགས་ནས་རེད། ལྷག་བསམ་ཕྱོགས་ནས་རེད། བློ་རྒྱ་ཕྱོགས་ནས་རེད། གང་ཐད་ནས། ཁྱོད་ཀྱིས་བསམ་ན་མ་རེད་དམ།། ཞེས་ངོས་ལ་དྲི་བ་བརྗོད་པར།
དེ་དག་ཁྱེད་ཀྱིས་ཁ་མིག་ཡོངས་རྫོགས་གདངས་ན་བྲིས་པ་ཡིན་པས་གཟིགས་དང།
སྨད་མི་དགོས་སར་ཐོག་མར་རང་གིས་ལྷ་རམས་སྒོམ་སྡེ་བ་ལ་ཇི་ལྟར་སྨད་འདུག་འོག་ས་གཞི་ལ་བརྡབས།
དེ་ནས་ཝ་སྐྱེས་རྔ་མ་ལྟ་བུའི་རྩོམ་བྱང་རྫིག་པོའི་འོག་ཏུ་མཐར་ལྷ་རམས་སྒོ་སྡེ་བ་གནམ་ལ་འཕྱར་ཏེ་མི་བསྟོད་དགུ་བསྟོད་བྱེད་དགོས་བྱུང་བ་ནི་སྟག་མཆོངས་སར་ཝ་མཆོངས་ཏེ་ཝ་ཡི་སྐེ་ཚིགས་བུད་ཞེས་བརྗོད་པ་ཡིན་པས་ཁྱེད་ཀྱིས་ང་ལ་དེ་ཡི་སྐོར་དཔེར་དྲངས་པའི་ཐལ་བ་དེ་ཁྱེད་རང་ཕྱིར་མི་བཞེས་རང་བཞེས་རེད་དོ། ད་སྟག་མཆོངས་སར་ཝ་མོ་ཟླ་མེད་ཀྱིས་མཆོང་པ་རེད་མི་འདུག་གམ། དེ་ནི་ང་འབྲོང་ཆེན་རྒོད་པོས་དང་པོ་གཞན་ལ་དམོད་དགུ་བཏབ་སྟེ་སྨད་པ་མེད། ཐ་མར་སྟག་སེང་ཞེས་གུས་གུས་ཞུམ་ཞུམ་གྱིས་བསྟོད་པ་མེད་པས་ཕོ་རྒོད་བློ་ནི་གསེར་དང་འདྲ་ཞེས་བཤད་སྲོལ་ཡོད།
ངས་སྒོམ་སྡེ་བ་ལ་བསྟོད་སྨད་ཀྱི་བསམ་ཚུལ་ཅི་ཡང་བརྗོད་དགོས་མེད་ལ་བརྗོད་འདོད་ཀྱང་མེད།
ཁྱེད་ཀྱིས་སྒོམ་སྡེ་བ་དང་ང་གཉིས་ཀྱི་བར་ལ་གཅིག་བྱེད་དགོས་བསམ་ཡོད་བཟོ་འདུག་དེ་ནི་ཀུན་སློང་མ་དག་པ་རེད།
ང་ཚོའི་ཕ་ཡུལ་ཕྱོགས་སུ་འདི་འདྲ་ཞིག་བཤད་སྲོལ་འདུག
ཕོ་ལ་ཚོད་མེད་ན་འབྲོང་ལ་མདའ་མ་རྒྱག་ཅེས་བཤད་སྲོལ་འདུག་གོ།
གོང་གསལ་ལྟར་འདི་ན་ཁྱེད་ཀྱིས་ཁ་མིག་ཡོངས་རྫོགས་གདངས་ནས་བྲིས་པའི་ཡིག་ནོར་བྱུང་བ་རགས་ཙམ་ཞིག་ཁྱེད་ལ་ཟིནརིས་སུ་བཀོད་པ་ལགས་ན་ཁྱེད་ཀྱིས་སྒོམ་སྡེ་བ་ལ་བཤད་པ་ལྟར་སྐྱག་པ་ཐལ་པས་འགེབས་ཐབས་མི་བྱེད་པར་རང་སྐྱོན་ལ་རང་སྐྱོན་དུ་ངོས་ལེན་བྱེད་པའི་རེ་བ་ཡོད།
༡ ལུང་རྗུན་དང་མུན་སྤྲུལ་གྱི་དགུ་ཐུག་བསྐོལ་འཐུང་འདོད་མི་འདུག
ལུང་རྫུན་དང་མུན་སྤྲུལ་གྱིས་དགུ་ཐུག་བསྐོལ་བར་འཐུང་འདོད་མི་འདུག་ཅེས་གོ་བ་ཡིན་ནམ་སྙམས། དེ་མིན་གཞན་གོ་རྒྱུ་ཅི་ཡང་མི་འདུག
༢ རང་ཉིད་ཀྱི་དགུ་ཐུག་བསྐོལ་བ་མ་ཤེས་པར། རང་ཉིས་ཀྱིས་དགུ་ཐུག་བསྐོལ་བ་མ་ཤེས་པར།་
༣ ལོག་རྟོགས་སེལ་ཡོད་ཤག་ལ། ལོག་རྟོག་སེལ་ཡོད་ཤག་ལ།
༤ ཁོང་གི་བརྗོད་དོན། ཁོང་གིས་བརྗོད་དོན།
༥ འདི་ལ་ཁྱོད་ཀྱི་ནོར་བཅོས་བྱས་འདུག འདི་ལ་ཁྱོད་ཀྱིས་ནོར་བཅོས་བྱས་འདུག
༦ རྒན་འཇམ་དཔལ་གྱི་གསུང་པ། རྒན་འཇམ་དཔལ་གྱིས་གསུངས་པ།
༧ འཇིགས་ཅེས་པ་ཡིན་གྱི ། འཇིགས་ཤེས་པ་ཡིན་གྱིས།
༨ ལྡོག་པར་མི་འགྱུར་རོ།ཅེས་པ་སྟེ། ཞེས་པ་སྟེ། ང་ན་མ་འ་ར་ལ་དང་། ། མཐའ་རྟེན་མེད་མཐར་ཞིང་ཞེས་འདོན་ནོ།
༩ རྣམ་སྨིན་ནམ་སྡིག་པ་ལ་འཇིགས་མི་དགོས་ཅེས་སོ། རྣམ་སྨིན་ནམ་སྡིག་པ་ལ་འཇིགས་མི་དགོས་ཞེས་སོ།་
༡༠ འཇིགས་པ་འབྱུང་བར་འགྱུར་མ་ཡིན།། ཅེས་གསུངས་སོ། ཞེས་གསུངས་སོ། ག་ད་བ་དང་དྲག་མཐར་ཅ་ཞེས་འདོན་ནོ།
༡༡ བགས་ཡོད་པར་བྱ་དགོས་སོ།། བག་ཡོད་པར་བྱ་དགོས་སོ།་
༡༢ སིན་ཏུ། ཤིན་ཏུ།
ང་ཡི་མཆན་སྔ་མ་དེ་ཡི་གཤམ་རང་དུ་ཤིན་ཏུ་ཞེས་བཅོས་རོགས་ཟེར་ནས་འཇུག་དེ་མ་ཐག་ཏུ་བྲིས་ཡོད་པས་ཁ་མིག་ཡོངས་རྫོགས་གདངས་ནས་གཟིགས་རོགས་རྗེས་སུ་སྣ་ཟིན་སྤུ་ཟིན་བྱེད་དེ་འདི་འདྲ་མ་གནང་རོགས།
༡༣ དྲ་གྲོགས་རྣམ་པ། དྲྭ་རྒྱའི་དྲྭ་ལ་ཝ་ཟུར་དགོས་སོ།
༡༤ ཕྱོགས་ཞེན་རྩོད་ཀྱི་མེད་ཀི། དྲྭ་གྲོགས་རྣམ་པ་ཕྱོགས་ཞེན་རྩོད་ཀྱི་མེད་ཀྱི། ད་བ་ས་ཀྱི་ཞེས་འདོན་ནོ།
༡༥ ངོ་ནས་རིག་གཞུང་དང་། ངོས་ནས་རིག་གཞུང་དང་། དངོས་གནས་རིག་གཞུང་། ངོ་མས་རིག་གཞུང།
༡༦ ཚང་མས་ལྟོས་འ། ཚང་མས་ལྟོས་ཨ།
༡༧ ངས་སྡེ་བའི་རྫུན་ཕུག་བརྟོལ་བཞིན་ཡོད། ངས་སྒོམ་སྡེ་བའི་རྫུན་ཕུག་བརྟོལ་བཞིན་ཡོད།
༡༨ ཁོང་གིས་འུ་ཚུགས་བྱེད་ཀྱི་ཡོད་པ་རེད། ཁོང་གིས་ཨུ་ཚུགས་བྱེད་ཀྱི་ཡོད་པ་རེད།་
༡༩ ངས་མུ་མཐུད་ནས་གཞུང་དེ་ཞིབ་བསྡུར་བྱེད་ཀྱི་ཡིན། ངས་མུ་མཐུད་ནས་གཞུང་དེ་ལ་ཞིབ་བསྡུར་བྱེད་ཀྱི་ཡིན།
༢༠ ཁྱོད་ཀྱིས་ཁ་སྔོན་དྲང་པའི་། ཁྱོད་ཀྱིས་ཁ་སྔོན་དྲངས་པའི་།
༢༡ ཡང་དེ་རིང་དྲང་བའི་རང་འགྲེལ་གྱི་ལུང་ནི་འདི་ལྟར། ཡང་དེ་རིང་དྲངས་པའི་རང་འགྲེལ་གྱི་ལུང་དེ་ནི་འདི་ལྟར།
༢༢ ཁོང་གི་དྲངས་པ་ལྟར་ཡོད་ཟེར་ན། ཁོང་གིས་དྲངས་པ་ལྟར་ཡོད་ཟེར་ན།་
༢༣ ཁྱོད་ཀྱི་དྲང་པའི་ལུང་གཉིས་ཀ་ཡང་མེད་པར་འདི་ལྟར་སྣང་། ཁྱོད་ཀྱིས་དྲངས་པའི་ལུང་གཉིས་ཀ་ལ་ཡང་མེད་པར་འདི་ལྟར་སྣང།་
༢༤ དེ་ན་ཁྱོད་ཀྱི་གོང་དུ་དྲང་པའི་ལུང་གཉིས་ཀ་ཡང་འཇུག་པ་རང་འགྲེལ་ན་མེད་པས། ་་་་་་་་དེས་ན་ཁྱོད་ཀྱིས་གོང་དུ་དྲངས་པའི་ལུང་གཉིས་ཀ་ཡང་འཇུག་པ་རང་འགྲེལ་ན་མེད་པས།
༢༥ དྲངས་པའི་ལུང་གཉིས་ཀ་ཡང་འཇུག་པ་རང་འགྲེལ་ན་མེད་པས།
༢༦ བསྟན་འགྱུར་ལ་བསྲེལ་བསླད་བྱེད་རྩིས་ཡོད་དམ། བསྟན་འགྱུར་ལ་བསྲེས་བསླད་བྱ་རྩིས་ཡོད་དམ།་
༢༧ བྱ་རྩིས་ཡོད་དམ།
༢༨ སྒོམ་སྡེ་བས་གོ་བ་བླངས་པའི་འཇུག་པ་རང་འགྲེལ་དེ་ཟེར་གི་མེད་དོ། ན་མ་ར་ལ་གྱི་ཞེས་འདོན་ནོ།
སྒོམ་སྡེ་བས་གོ་བ་བླངས་པའི་འཇུག་པ་རང་འགྲེལ་དེ་ལ་ཟེར་གྱི་མེད་དོ།་
༢༩ ངས་དྲང་པའི་ལུང་ནི། ངས་དྲངས་པའི་ལུང་ནི།
༣༠ དྲ་མ་ཆགས་གྲུ་མ་མཉམ་པར་ཡོད་ནི་རེད་ཀོ། གྲ་མ་ཆག་གྲུ་མ་ཉམས་པར་ཡོད་པ་ནི།
༣༡ གསུང་པ་གཉིས་ཀའི་འཇིགས་ནི་ཡི་གེ་གཅིག་པ་ཡིན་ལ།
་་་་་་་་གསུངས་པ་གཉིས་ཀའི་འཇིགས་ནི་ཡི་གེ་གཅིག་པ་ཡིན་ལ།་
༣༢ པ་ན་རྗེ་རིན་པོ་ཆེས ། པན་ཆེན་རིན་པོ་ཆེས།
༣༣ ནག་ཚོའི་འགྱུར་དྲང་ནས ། ནག་ཚོའི་འགྱུར་དྲངས་ནས།
༣༤ དགག་སྒྲའི་ཕྱོགས་སུ་གོ་བ་མ་བླངས་པར། དགག་སྒྲའི་ཕྱོགས་སུ་གོ་བ་མི་ལེན་པར།
༣༥ འཇིགས་ཟེར་བ་ཡང་མཛེས་མར་འཇུགས་པར་འགྱུར་དེ། འཇིགས་ཟེར་བ་ཡང་མཛེས་མར་འཇུག་པར་འགྱུར་ཏེ། ་་་་་་་་་་་ན་ར་ལ་ས་ཏེ་རྐྱང་ཞེས་འདོན་ནོ།
༣༦ དེ་ན་ཁྱོད་ཀྱི་དྲང་བའི་ལུང་དེ་གཉིས་བཙལ་ནས་མི་རྙེད་ས་མི་འདུག
་་་་་་་་་་དེས་ན་ཁྱོད་ཀྱིས་དྲངས་པའི་ལུང་དེ་གཉིས་བཙལ་ནས་མི་རྙེད་ས་མི་འདུག
༣༧ དྲངས་པའི་ལུང་དེ་གཉིས་བཙལ་ནས་
༣༨ ང་ལ་ཡོངས་གཏད་བྱེད་ཀྱི་ཡོད་ས་རེད། གོ་རྒྱུ་མི་འདུག
༣༩ ངོ་ཚོའི་གདོང་ལ་མ་གཟིགས་ན་ཡང་། ང་ཚོའི་གདོང་ལ་མ་གཟིགས་ན་ཡང།
༤༠ ཁྱོད་ལ་ཁབ་བཙགས་འབུགས་བཙགས་རེ་བྱས་ནས་བརྟན་བཞུགས་ཕུལ་གྱི་ཡིན་པ་གཤམ་གསལ།
་་་་་་་བརྟན་བཞུགས་འབུལ་གྱི་ཡིན་པ་གཤམ་གསལ།
༤༡ གལ་ཏེ་མ་དཔེ་ན་མེད་ན་དེ་ནི་ངོ་ནས་བསྲེས་བསླད་རེད་འདུག་པས།
་་་་་་་་གལ་ཏེ་མ་དཔེ་ན་མེད་ན་དེ་ནི་ངོས་ནས་བསྲེས་བསླད་རེད་འདུག་པས།
་་་་་་་་་ཡང་ན་ངོ་མ་བསྲེས་བསླད་རེད་འདུག་པས་གོ་བ་ཡིན་ནམ། གཞན་གོ་རྒྱུ་མི་འདུག
༤༢ སོར་བཅུའི་འདབ་མ་སྙིང་ཀ་སྦྱར་ནས། སོར་བཅུའི་འདབ་མ་སྙིང་ཀར་སྦྱར་ནས་།
༤༣ བརྟན་བཞུགས་ཕུལ་བཞིན་ཡོད། བརྟན་བཞུགས་འབུལ་བཞིན་ཡོད།
༤༤ དེ་ནས་ཡང་ཁྱོད་ཀྱིས་ཀློག་གླད་ན་འདུག་ཟེར་དུས་ང་ལ་དོགས་པ་ཞིག་ཀྱང་སྐྱེས་པ་འདི་ལྟར།
དེ་ནས་ཀྱང་། ག་ད་བ་ས་དྲག་མཐར་ཀྱང་ཅེས་འདོན་ནོ།
༤༥ ཁྱོད་ཀྱིས་ཀློག་གླད་ན་འདུག་ཟེར་དུས་ང་ལ་དོགས་པ་ཞིག་ཀྱང་སྐྱེས་པ་འདི་ལྟར།
ཁྱོད་ཀྱིས་གློག་ཀླད་ན་འདུག་ཟེར་དུས་ང་ལ་དོགས་པ་ཞིག་ཀྱང་སྐྱེས་པ་འདི་ལྟར།་་་་གློག་ཀླད་ཞེས་ཀུན་ལ་གྲགས་སོ།་
༤༦ ཀློག་གླད་དུ་འཇུག་སྐབས་་་་་གློག་ཀླད་དུ་འཇུག་སྐབས་གློག་ཀླད་ཅེས་ཀུན་ལ་གྲགས་སོ།
༤༧ ནང་དུ་ཅིག་གིས་མཆན་ཤོར་བ་མིན་འགྲོ་བསམ།་་་་ནང་དུ་གཅིག་གིས་མཆན་ཤོར་བ་མིན་འགྲོ་བསམ།
༤༨ ངོ་ནས་སྡེ་དགེའི་བསྟན་འགྱུར་ཁྲོད་ཀྱི། ངོས་ནས་སྡེ་དགེའི་བསྟན་འགྱུར་ཁྲོད་ཀྱི།
༤༩ དེ་ལ་ལན་མེད་སོང་པ་འེ་རེད་ལགས།།་་་་དེ་ལ་ལན་མེད་སོང་པ་ཨེ་རེད་ལགས།
༥༠ ད་རང་གི་བཙོས་པའི་ཆང་དེ་ཞིམ་པོ་མེད་ན་ཡང་བཏུང་དགོས་པ་རེད།
་་་་་་་་ད་རང་གིས་བཙོས་པའི་ཆང་དེ་ཞིམ་པོ་མེད་ན་ཡང།
༥༡ བཏུང་དགོས་པ་རེད། འཐུང་དགོས་པ་རེད།
༥༢ ལུང་རྫུན་དྲང་ན་ངས་ཁྱོད་ལ་ལུང་རྫུན་རེད་ཅེས་ཞུ་མ་ཕོད་ན་ཡང་། ལུང་རྫུན་དྲངས་ན་ངས་ཁྱོད་ལ་ལུང་རྫུན་རེད་ཅེས་ཞུ་མ་ཕོད་ན་ཡང།
༥༣ ཁྱོད་ཀྱིས་ཀྱང་བསམ་བཞིན་དུ་ལུང་ཚིག་དེ་འདྲ་དྲངས་མི་སྲིད་པས།
་་་་་་་་་ཁྱོད་ཀྱིས་ཀྱང་བསམ་བཞིན་དུ་ལུང་ཚིག་དེ་འདྲ་འདྲེན་མི་སྲིད་པས།
༥༤ སྒོམ་སྡེ་འདི་ད། ཨ་ཕའི་མགོ་ཡི་ཞྭ་བཤད་དུས། ཨ་མའི་རྐང་གི་ལྷམ་ལ་མཆོང་འགྲོ་གི ་ད་ཅི་དྲག
་་་་་་་་་རྐང་གི་ལྷམ་ལ་མཆོང་འགྲོ་ཡི།་་་་མཐའ་མེད་རྣམས་ལ་འི་དང་ཡི་ཞེས་འདོན་ནོ།
༥༥ དེ་ཡིག་ནོར་འེ་རེད།་་་་་་་་་་་་་་་་་་ དེ་ཡིག་ནོར་ཨེ་རེད།
༥༦ ང་དང་ཁྱོད་གཉིས་ཀ་ལ་རྣམ་དབྱེ་གསུམ་པ་དགོས་པ་འེ་རེད། ང་དང་ཁྱོད་གཉིས་ཀ་ལ་རྣམ་དབྱེ་གསུམ་པ་དགོས་པ་ཨེ་རེད།
ང་ཡིན་ན་ཁྱོད་ཀྱི་རྩོམ་ཉོག་ཅེས་བྲིས་ན་དག་མ་རེད། རྣམ་དབྱེ་དྲུག་པ་འབྲི་དགོས་ནི་རེད།
ཡུལ་སྐད་ཡིན་ས་རེད་སྤྱི་སྐད་ལ་གཏོར་བཤིག་གཏོང་གི་འདུག་ཡིན་ནའང་འདིར་ནོར་གྲལ་དུ་བཞག་མེད།
༥༧ དེ་ནས་ཤེས་མདོགས་དང་ཤེས་མདོག་དོན་གཅིག་རེད།
ཤེས་མདོགས་དང་ཤེས་མདོག་གཉིས་དོན་གཅིག་མ་ཡིན་པར་ཐལ།ཤེས་མདོག་ཅེས་པའི་ཡི་གེ་ཡོད་པ་གང་ཞིག་ཤེས་མདོགས་ཞེས་པའི་ཡི་གེ་དེ་སྔར་མ་གྲགས་པའི་གཏམ་གསར་གྲགས་ཡིན་པས་མཐའ་གཅིག་ཏུ་དགག་པར་འོས་སོ།
ཤེས་མདོགས་དང་ཤེས་མདོག་དོན་གཅིག་ཡིན་པར་རྟགས་ལོ་དགུ་ལ་མ་གྲུབ་ཅེས་ལན་འདེབས་ཀྱི་ཡོད་དོ། ཤེས་མདོགས་ཞེས་ཡི་གེ་འབྲི་ཚུལ་འདི་འདྲ་གང་དུའང་མཐོང་ཐོས་སུ་མེད་ཅིང་དོན་གཅིག་ཡོང་མི་སྲིད་དོ།
༥༨ ཞུ་དག་སྟོང་བ་རེད། ཞུ་དག་སྟོང་པ་རེད།་་་་་་་་ཞུས་དག་སྟོང་པ་རེད།
དེ་ནས་དགུ་ཐུག་བསྐོལ་བ་མ་ཤེས་པར་ལ་ལ་དོན་སྦྱར་བ་ནི་ཚིག་སྦྱོར་མི་ཤེས་པའི་རྟགས་སོ།
ད་གཡུག་ཞོག འདི་འདྲ་རྐྱང་བཤད་བསྡད་ན་ཉོབ་ཡོང་གི དེ་ལས་གཉིད་ན་ཡག་ས་རེད།
༥༩ ཁེ་ན་ཀྲ་ནས་འཚོ་བ་བསྐྱལ་ཞོར་ར།། ཁེ་ན་ཀྲ་ནས་འཚོ་བ་བསྐྱལ་ཞོར་དུ།
༦༠ ངེ་ཅག་བགྲོ་གླེང་གནང་བ་ལོས་ཀྱང་སྤྲོ།། ངེད་ཅག་བགྲོ་གླེང་གནང་བ་ལོས་ཀྱང་སྤྲོ།
༦༡ ཇེ་སྡིག་ཇེ་ཐུར་སོང་བའི་ཁས་ལེན་གཏམ།། ཇེ་སྡུག་ཇེ་ཐུར།
༦༢ ཏེ་ཕོ་མེད་སར་བོང་བུས་ནམ་ཚོད་བཟུང་།། དེ་ཕོ་མེད་སར་བོང་བུས་ནམ་ཚོད་བཟུང་།
༦༣ ད་མ་འབྲི་ཟེར་གི་ཡོད་ས་རེད། ད་མ་འབྲི་ཟེར་གྱི་ཡོད་ས་རེད།་་་་་་་ན་མ་ར་ལ་གྱི་ཞེས་འདོན་ནོ།
༦༤ drong ལགས་ལ་གནང་བ། འབྲོང་ལགས་ལ་ཕུལ་བ། ཞུ་མ་ཤེས་རང་ཉིད་ཀྱིས་རང་ཉིད་ལ་ཞེ་ས་ཞུས་འདུག་དེ་ནི་ནོར་བ་རེད།
༦༥ ཁྱོད་ཀྱི་ངའི་མཐེབ་གཞུང་ལ་ཞུ་དག་བྱས་ཁ་བྱས་བར་ཐུགས་རྗེ་ཆེ། ཁྱོད་ཀྱིས་ང་ཡི་མཐེབ་གཞུང་ལ་ཞུས་དག་བྱེད་ཁ་བྱས་པར་ཐུགས་རྗེ་ཆེ།
༦༦ དེ་དང་ཆབས་ཅིག་ངས་ཀྱང་ཁྱོད་ཀྱི་ཡིག་ནོར་རྣམས་ཁྱོད་ལ་མཛུབ་མོ་རི་སྟོན་བྱའོ།
དེ་དང་ཆབས་ཅིག་ངས་ཀྱང་ཁྱོད་ཀྱི་ཡིག་ནོར་རྣམས་ཁྱོད་ལ་མཛུབ་མོས་རི་སྟོན་བྱའོ།
༦༧ དེ་ནི་ཁྱོད་རང་གི་མཆན་ཁོ་ན་ལ་རག་ཙམ་བལྟས་པའི་ཁ་ཟིན་སྣ་ཟིན་ཙམ་ཡིན།
དེ་ནི་ཁྱོད་རང་གི་མཆན་ཁོ་ན་ལ་རགས་ཙམ་བལྟས་པའི་ཁ་ཟིན་སྣ་ཟིན་ཙམ་ཡིན་ནོ།
༦༨ སྐད་ཡིག་ལ་སིན་ཏུ་ཕན་པ་ཆེ། ཁྱོད་རང་གིས་ང་ལ་བཤད་པ་ལྟར་ཁ་མིག་ཡོངས་རྫོགས་གདངས་ནས་ལྟོས་ཤིག་ཨ་དེ་ནི་ཁྱོད་ཀྱིས་མ་བཅོས་པའི་སྔོན་དུ་ང་ཡི་མཆན་གྱི་འཇུག་དེ་མ་ཐག་ཏུ་བཅོས་པའི་གསལ་བཤད་བྱས་ཡོད་པས་ད་གྲུབ་ཟིན་ལ་སྒྲུབ་པའི་དགོས་པ་ཡོད་པར་ཐལ།
སྐྱེས་ཟིན་ལ་སླར་ཡང་སྐྱེ་དགོས་པར་ཐལ་དེ་ལྟར་ན་འབྲས་བུ་ལ་མཐའ་མེད་པར་ཐལ་བར་འགྱུར་རོ།་
ད་ཁྱོད་ཀྱིས་ང་ལ་ཞུ་དག་གཏོང་སྐབས། ཁྱེད་རང་གིས་བྲིས་པའི་ཡིག་ནོར་རེད། ཁ་མིག་ཡོངས་རྫོགས་གདངས་ནས་ལྟོས་ཤིག་ཨ། རྗེས་མ་ནས་སྟག་མཆོང་སར་ཝ་མོ་མཆོང་མི་རུང་ཨེ་གོ་ཐལ།
དེ་ཡིས་ཐལ་པ་དེ་ཁྱེད་རང་རང་ལ་ཕར་ཕྱིར་སློག་བྱས་ཡོད་རྩིས་བཞེས་ཡོད་པ་ཞུ།
༦༩ ཞུ་དག་མཆན་གྱི་ནང་དུ། ཞུས་དག་མཆན་གྱི་ནང་དུ།
༧༠ རང་གི་ཡིག་ནོར་བཅོ་ལྔ་བཟོས་ན། རང་གིས་ཡིག་ནོར་བཅོ་ལྔ་བཟོས་ནས།
༧༡ ང་ཚོ་ཕྱོགས་ནས་འདི་འདྲ་ཞིག་བཤད་སྲོལ་ཡོད།ང་ཚོའི་ཕྱོགས་ནས་འདི་འདྲ་ཞིག་བཤད་སྲོལ་ཡོད།
༧༢ ལམ་སང་སྐེའི་རྩ་ཆེན་གཉིས་པོ་སྦོམ་པོ་ཆགས་གི་མ་འཇུག་རོགས།།
ལམ་སང་སྐེ་ཡི་རྩ་ཆེན་གཉིས་པོ་སྦོམ་པོ་ཆགས་ཀྱི་མ་འཇུག་རོགས། ཡང་ན་ཆགས་སུ་མ་འཇུག་རོགས། གཞན་གོ་རྒྱུ་མི་འདུག
ཁྱེད་རང་གིས་གཏམ་དཔེ་དྲངས་པ་ལྟར་ཁྱེད་ཀྱིས་རྩོམ་བྱང་རྫིག་པོ་དེ་ཡི་འོག་ཏུ་ཡིག་ནོར་རགས་རིམས་བདུན་ཅུ་རྩ་གཉིས་ཟུར་འདོན་ཞུས་པ་འདི་མགོ་ལས་རྨ་ཆེ་བའི་བཟོ་ཞིག་གམ་ཙི་གུའི་རྔ་མ་ལྟར་ཆགས་མི་ཡོང་ངམ་སྙམས་ནས་ཅུང་ང་ལའང་བདེ་མོ་མ་བྱུང་མ་ཟད་ཝ་སྐྱེས་ཀྱི་རྔ་མ་ལྟ་བུའི་གཟི་བརྗིད་ཁོག་སྟོང་ཞིག་ཆགས་འདུག་སེམས་སོང།
ད་བྱེད་ཐབས་མ་བྱུང་བས་འོན་ཀྱང་ཀུན་སློང་མ་དག་པ་མ་ཡིན་པས་འགྲིག་ཨེ་ཡོད་སྙམས།
དེ་ནས་ཁྱེད་ཀྱིས་ང་ལ་དྲི་བར་འབྲོང་རྒོད་ལགས་སྒོམ་སྡེ་བ་འདི་དེ་ནས་རིམས་བཞིན་འོག་ཏུ་ཇི་བཞིན་བཀོད་ཡོད་པས་རིགས་འདྲེས་སོ།
འོ་གཞོན་ནུ་ཟླ་མེད་ལགས་སྒོམ་སྡེ་བ་འདི་ཁྱོད་ཕར་བཞག་ང་ལ་བལྟས་ན་ཡང་། སྟག་ཟེར་ཆོག་པར་མ་ཟད་སེངྒེ་ཟེར་ཆོག་གི་རེད། གཞུང་ལུགས་ཕྱོགས་ནས་རེད། ལོ་རྒྱུས་ཕྱོགས་ནས་རེད། ཉམས་མྱོང་ཕྱོགས་ནས་རེད། ལྷག་བསམ་ཕྱོགས་ནས་རེད། བློ་རྒྱ་ཕྱོགས་ནས་རེད། གང་ཐད་ནས། ཁྱོད་ཀྱིས་བསམ་ན་མ་རེད་དམ།། དྲི་བ་འདི་ཁྱེད་རང་ལ་ཕྱིར་སློག་བྱས་ཡོད་པས་རྩིས་བཞེས་ཡོད་པ་ཞུ།
ཨོ་ད་ངས་གཞོན་ནུ་ཟླ་མེད་ལགས་ཀྱིས་རོ་ལྔ་ཚང་བའི་དགུ་ཐུག་བསྐོལ་བ་འདི་ལ་བརྟེན་ནས་ཀུ་རེ་མང་པོ་ཞུས་ཐལ་པས་དགོངས་ཚོམས་མེད་པ་ཞུ།
ཁྱེད་ཀྱིས་དྲི་བའི་ལན་འདེབས་པར་ཉིན་ཤས་ཐོགས་པ་འདི་ནི་ངོས་རང་ཨ་རི་དང་ཡུ་རོབ་སོགས་སུ་བསྐོར་བསྐྱོད་ཀྱིས་སྐབས་དང་འཁེལ་སོང་བས་དེ་རིང་བར་ལུས་སོང་བར་དགོངས་ཚོམས་མེད་པ་ཞུ་རྒྱུ་དང་འདི་དག་ཀྱང་ངེད་གཉིས་ཀྱི་དབར་གྱི་ཁ་རྗེ་དབང་ཐང་གི་སྐོར་ལ་རྩོད་པ་མིན་ཅིང་འདི་ནི་རང་རྒྱུད་ཀྱི་རྟོགས་པ་གོང་འཕེལ་དང་བོད་ཀྱི་སྐད་ཡིག་ལ་ཡར་རྒྱས་ཡོང་ཕྱིར་དང་ཀུ་རེའི་ཕྱིར་དུ་བསམ་སྟེ་བྲིས་པ་ཡིན་པས་ཀུན་སློང་ངན་པའི་དབང་གིས་ཚིག་ངན་རིགས་ཡོད་དོ་ཅོག་མི་འཆབ་ཅིང་མཐོ་ལོར་བཤགས་སོ། བོད་ཀྱི་གཏམ་དཔེ་ལའང། རྩེ་མོ་ཁ་ཡི་རྒྱན་ཆ་དང། མེ་ཏོག་སྤང་གི་རྒྱན་ཆ་ཡིན་ཞེས་ཀྱང་གྲགས་པ་ལྟར་རོ།
ཁ་དགེ་བཀྲ་ཤིས་སོ།་་་་་་ཁྱེད་ཀྱིས་ངོས་ཀྱི་ཡིག་ནོར་ཤོར་བར་མཛུབ་སྟོན་བྱས་པར་ངོས་ལ་ཕན་ཐོགས་མང་པོ་ཞིག་ཐོབ་བྱུང་བས་ཐུགས་རྗེ་ཆེ་དེ་མིན་གནད་དོན་གཞན་གྱི་ཐོག་ཏུའང་མ་འོང་པར་བསམ་ཚུལ་བརྗེ་རེས་བྱ་འདུན་དང་དྲྭ་ཐོག་ཏུ་ཡང་ཡང་མཇལ་བའི་སྨོན་དང་འདུན་བཅས་དྲྭ་གྲོགས་འབྲོང་ཆེན་རྒོད་པོས་གཡའ་གངས་སྨུག་པོའི་མཚམས་ནས་མི་ཡུལ་དུ་ཕུལ་བའོ།