བོད། ལྷ་ཀླུ་གཉན་གསུམ་ནས།
དེ་རིང་ནི་ཉིས་སྟོང་དགུ་རྫོགས་ནས་ད་ནི་ཉིས་སྟོང་བཅུ་ཟིན་པ་རེད། ལོ་གཅིག་གི་རིང་དུ་བྱས་ཟིན་པའི་བྱ་བ་དག་ལ་ཕྱི་མིག་ཅིག་བལྟས་དུས། འདས་ཟིན་མ་ཐག་པའི་ལོ་གཅིག་དེ་ཡི་ནང་དུ་ག་རེ་བྱས་ཡོད་མེད་དེ་རེད། དེ་ནི་མི་ཡུལ་ནས་མི་ཡུལ་ལ་གྱར་ནས། མི་ཡུལ་གྱི་འཚོ་བ་རོལ་སྟངས་གཞན་ཞིག་གི་ཁྲོད་དུ་ཡོད་པ་དེ་རེད།
ཉིས་སྟོང་དགུ་ལོའི་ནང་དུ་ང་རང་གི་གང་བྱས་འདུག དེ་ནི་ང་རང་གི་ཨེས་སུ་རལ་དུ་འབྱོར་ནས་ལོ་གཅིག་པོ་འདི་ཡི་ནང་དུ། མགྲོན་ཁང་ཆེན་པོ་ཞིག་གི་ནང་དུ་ལས་ཀ་མགོ་བཙུགས་ཏེ་ཉི་མ་རེ་རེ་བཞིན། ཉིན་གུང་ཆུ་ཚོདབཅུ་གཉིས་དང་ཕྱེད་ཀ་ནས་ནང་ནས་སྒོར་བུད་དེ། ལས་ཀ་བའི་རླངས་འཁོར་ལ་བསྒུགས་ནས་རླངས་འཁོར་ནང་དུ་བུད་དེ་ལས་ཀར་སོང་། ཆུ་ཚོད་བཞི་བ་བར་དུ་ལས་ཀ་བྱས། དེ་ནས་ལས་གསེང་ཆུ་ཚོད་གཉིས་རིང་དུ་བྱས། ལས་གསེང་གི་ཆུ་ཚོད་གཉིས་ཀ་རྫོགས་ནས་ཕྱིར་ཐབ་ཚང་ནང་དུ་ལས་ཀར་སོང་། མཚན་མོའི་ཆུ་ཚོད་བཅུ་གཅིག་སྟེང་དུ་ལས་མཚམས་བཞག ནང་དུ་འབྱོར་དུས་ཆུ་ཚོད་བཅུ་གཅིག་དང་སྐར་མ་སོ་ལྔ་ནས་བཞི་བཅུའི་བར་ཡིན།
གཟའ་འཁོར་གཅིག་ལ་གུང་གསེང་ཉིན་གཅིག་དང་ཕྱེད་ཀའི་རིང་དུ་ཡོད། དེ་ནི་གཟའ་པ་སངས་དང་སྤེན་པ་གཉིས་ཡིན། སྤེན་པའི་དགོང་མོ་རྟག་པར་ལས་ཀ་བྱེད་དུ་འགྲོ་བཞིན་ཡོད། ལས་ཀ་བྱ་ས་ནས་རང་ཉིད་ལ་མ་བྱན་གྱི་ལས་ཀ་ཐོབ་ཡོད་ལ། མ་བྱན་ཞིག་གི་ཚོད་ཀྱིས་ཐོབ་ཐང་ཡང་མི་ཉུང་བ་ཞིག་འདུག་ན་ཡང་། ས་ཆ་འདི་དང་བསྡུར་ནས་བཤད་ན། ང་རང་ལ་དེ་འདྲའི་ཧ་ལས་པའི་གླ་ཆ་སོགས་མགྲོན་ཁང་གཞན་ནས་རེག་བཞིན་པའི་ཐོབ་ཐང་དེ་ནི་ང་རང་ལ་ཕལ་ཆེར་མེད་ཟེར་ན་འགྲིག འོན་ཀྱང་། ངའི་གླ་ཆ་དེ་ནི་རྒྱ་གར་གྱི་སྒོར་མོར་བསྒྱུར་ན་དངོས་གནས་གྲངས་ཀ་ཉུང་ཉུང་ཞིག་གཏན་ནས་མ་རེད།
ཟླ་གཅིག་གི་རིང་དུ་ང་རང་ལ་གླ་ཆ་ཧིན་སྒོར་སྟོང་ཕྲག་བརྒྱད་ཅུ་ཡོད་ལ། ཚུར་ཡོང་བ་དེ་ནི་ཆར་བ་འབབ་འབབ་དང་ཕར་འགྲོ་བ་དེ་ནི་ཆུ་ལོག་རྒྱུགས་རྒྱུགས་རེད། ཚུར་ལེན་པ་ནི་སྟོང་ཕྲག་བརྒྱད་ཅུ་ལེན་གྱི་ཡོད་ཀྱང་། ཕར་ཟླ་གཅིག་གི་འགྲོ་སོང་ནི། ཟླ་གཅིག་གི་རིང་ལ་སྟོང་ཕྲག་དགུ་བཅུ་མ་ཟིན་ཙམ་ཡིན་དུས། ང་རང་གིས་ལས་ཀ་དེས་ངེད་བཟའ་མི་གང་བོའི་འགྲོ་སོང་ཡང་ལོངས་ཀྱི་མི་འདུག་སྟབས། ངས་ལོ་གཅིག་གི་ཕྱི་མིག་དང་ཉམས་མྱོང་འདི་ལ་བརྟེན་ནས། རང་གིས་ད་ནི་མགྲོན་ཁང་སྤྱིའི་འགན་འཛིན་ལ་རང་གི་ལས་སྒྱུར་བྱེད་པའི་སྐད་ཆ་བཤད་པ་ཡིན།
ཁོས་ང་རང་ལ་ལས་སྒྱུར་བྱེད་དོན་གང་ཡིན་ཟེར། ངས་དེ་ནི་ང་རང་ལས་ཀ་འདི་ནས་བྱས་དེ་ལོ་གཅིག་འགྲོ་བཞིན་ཡོད་ཀྱང་། ཁྱེད་ཀྱིས་ང་རང་ལ་ཁས་ལེན་བྱས་པའི་ལས་ཀ་གཅིག་ཀྱང་བསྒྲུབས་མ་སོང་། དེ་ཡི་སྟབས་ཀྱིས་ང་རང་གིས་ལས་ཀ་འདི་ནས་འགྲོ་འདོད་ཡོད་པ་དེ་ཡིན་ཟེར་ནས་བཤད་པ་ཡིན། ཁོས་དེས་ན་ཁྱེད་རང་གཟའ་ཉི་མའི་ཉིན་ང་རང་གི་ལས་ཁུངས་ནང་དུ་ཤོག དེ་ནས་འུ་གཉིས་ཀྱིས་གྲོས་མོལ་བྱེད་ཆོག་ཟེར་བས་ངས་ཀྱང་ཁོ་ལ་ཨུ་ཚུགས་མ་བྱས། རྒྱུ་མཚན་ནི་ལོ་གསར་བ་སླེབས་ཀྱི་ཡོད་སྟབས། མགྲོན་ཁང་ནང་དུ་མི་མང་བོའི་ཁྲོད་དུ་ཁོ་རང་ཡང་ཁོམ་གྱི་མི་འདུག་ལ། མགྲོན་ཁང་འདི་ན་ལས་ཀ་བ་གཅིག་པོ་མི་ཉིས་བརྒྱ་ལྷག་ཡོད་པས། མི་གཅིག་གི་གནད་དོན་དེ་ནི་ལས་སླ་བོ་ཡིན་ན་ཡང་། རེ་རེ་ལ་བསམ་བློ་གཏོང་དགོས་དུས་ཁག་པོ་ལོས་ཡོད་སྙམ་ནས། ང་ཡང་རང་གི་ཐབ་ཚང་ནང་དུ་ཕྱིར་ལས་ཀ་བྱེད་དུ་སོང་བ་ཡིན།
གང་ལྟར། ལོ་གཅིག་གི་ནང་དུ་ལས་ཀ་རྐྱང་རྐྱང་བྱས་པའི་ཁྲོད་དུ་མཚམས་རེར་ཕྱོགས་བསྐྱོད་དུ་ཡང་ས་ཁུལ་ཁ་ཤས་ཤིག་ལ་སོང་བ་ཡིན་ལ། དེ་ནི་ལས་ཀའི་གསེང་གི་བྱས་པའི་བྱ་བ་གཞན་ཞིག་ཡིན། འོན་ཀྱང་། ལོ་གཅིག་ལ་ལས་ཀ་བྱས་ཀྱང་སྒོར་མོ་བསག་རྒྱུ་ཕར་ཞོག འགྲོ་སོང་ཡང་མི་ཉུང་བ་ཞིག་བཏང་འདུག དགའ་རོགས་མས་བུ་མོ་གཉོར་སྐྱོང་བྱས་ཏེ་ནང་དུ་འདུག་དགོས་དུས། ང་རང་ཕྱི་ལ་སོང་སྟེ་ལས་ཀ་བྱེད་མཁན་གཅིག་པུ་དེ་ཆགས་ཡོད།
ད་ནི་ལོ་གཅིག་གི་ཉམས་མྱོང་འདིས། ལོ་རྗེས་མའི་ནང་དུ་གྱོང་མི་རེག་པའི་ལས་ཀ་ཞིག་གི་མགོ་བརྩམ་རྒྱུའི་རེ་བ་བྱེད་ཀྱི་ཡོད། གལ་ཏེ། བསག་རྒྱུ་མེད་པའི་ལས་ཀ་ཞིག་ལས་པ་ལས། ལས་མེད་དུ་བསྡད་དེ་ངལ་གསོ་ཞིག་རྒྱག་རན་ཡིན་པའི་སྐོར་ལ་ངེད་བཟའ་མི་གཉིས་ཀ་གྲོས་ཁ་འཆམས་ཡོད། དེས་ན་ལོ་གསར་བ་འདིས་ནང་དུ་ངའི་ལས་གླ་འཕར་ནས་ལས་ཀ་རང་འཇག་བྱེད་སྲིད་དམ། ཡང་ན། ལས་སྐྱུར་བྱས་དེ་ངེད་གཉིས་མོ་རང་གི་ཨ་མའི་ནང་དུ་གནས་སྤོ་བྱོས་དེ་ངལ་གསོ་རེ་བྱས་དེ་ཟླ་ངོ་ཁ་ཤས་ཤིག་ལ་འདུག་སྲིད་པ་རེད་དམ་སྙམ་ཞོར། བརྙན་འཕྲིན་ལས་ཉིས་སྟོང་བཅུ་ལོ་གསར་བའི་རྒྱལ་ཁབ་གཞན་དག་གིས་ཤོག་སྤག་མེ་ཏོག་སྤར་བཞིན་པ་བལྟས་དེ། ལོ་གསར་བའི་ལྦུ་ཆང་། བདག་གི་དགའ་རོགས་མ་དང་དགའ་རོགས་མའི་གྲོགས་མོ། གྲོགས་མོའི་ཚ་བོ་བཅས་ཀྱིས་འཐུང་མགོ་བརྩམས་ནས། དགའ་རོགས་མའི་གྲོགས་མོས་ང་རང་ལ་ལྦུ་ཆང་ཞིག་བཏེགས་དེ་ཚུར་ཕེབས་དུས། ངས་མགོ་བོ་ཐད་དུ་གཡུགས་ཞོར་ཐུགས་རྗེ་ཆེ་ཞུས་པ་ཡིན།
ང་རང་ལ་རེ་བ་ཞིག་སེམས་ཁོང་ན་ཡོད་པ་དེ་ནི། ང་རང་གི་ལས་ཀའི་སྐོར་མ་ཡིན་པར། བོད་ནང་གི་བོད་མི་དག་གིས་རང་ཅག་ཁ་བའི་ལྗོངས་ཀྱི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་དངོས་སུ་ཞལ་མཇལ་ཐོབ་མིན་དེ་ཡི་སྐོར་རེད། དེ་ལ་ངས་སེམས་ཁོང་རུས་པའི་གཏིང་ནས་ཁ་གཡང་ཞིག་འབོད་ན་འདོད། ༧རྒྱལ་བ་རིན་པོ་ཆེ་བོད་ཡུལ་ཁ་བ་ཅན་ལ་མྱུར་དུ་ཕེབས་ནས། བོད་མི་སྐྱ་སེར་ཁྲི་སྟོང་མང་བོས་སེམས་ཁོང་གི་རྨ་ཁ་དེ་གསོས་དེ་བོད་ཡུལ་རང་དབང་གི་ཉི་མ་ཞིག་ཤར་བར་ཤོག
ཟིན་བྲིས་འདི་དངོས་གནས་ཡག་པོ་ཞིག་བྲིས་འདུག ཁྱེད་ཀྱི་དངུལ་འཛིན་ཁ་བྱང་དང་ཨང་གྲངས་ང་ལ་སྐུར་དང་ངའི་ཁྱོད་བཟའ་མི་གསུམ་གྱི་འཚོ་བའི་ཁ་སྣོན་རེ་སྐུ་ཨེ་ཐུབ་བལྟ་ཡ།
ཁྻེད་ཀྻི་་ཕྻག་ལས་་ང་ཡི་་ལས་གཉིས་མི་མཚུངས་་ཀྻང་། །
ང་ཡི་་ག࿏་ཆ་་འགྼོ་སོང་་ཁྻེད་དང་་ཤིན་ཏུ་་མཚུངས། །
ཁྻེད་གྻི་་རཙོམ་རིང་་ང་ཡི་་ཚིགས་བཅད་་མི་མཚུངས་་མོད། །
ང་ཡི་་མིག་ཆུ་་ཁྻེད་ཀྻི་་ར࿏དང་་འབྼེལ་མཚུངས་་འངུག །
ཕ࿏ི་ལོའི་ལོབོད་་རགྻལ་ལོ།། །།
འ་ཛིའ། ངའི་ཉིང་ལག་འདི། Phyi-loé LOSAR la bKris bKr-Shis De-Legs Bris Ma-Tsar Gong-La! any way Tashi Delek-བོདrGyal-lo!!!
གཅན་བཟོད་རྒྱམ་ལགས། དངོས་ནས་སྐུ་ཉིད་ནས་ཐུགས་འཁུར་གནང་བ་དེར་བཀའ་དྲིན་ཆེ་ལགས། ང་ལ་དངུལ་འཛིན་ཁ་བྱང་བཟོ་རྒྱུའི་ཐོབ་ཐང་མི་འདུག དགའ་རོགས་མའི་དངུལ་འཛིན་ཁ་བྱང་གི་ཨང་གྲངས་སྐུ་ཉིད་ལ་སྐུར་ཐུབ་མིན་དེ་ནི་དོན་དག་གཞན་ཞིག་རེད། གང་ལྟར། སྤྱི་ལོ་གསར་བ་འདིའི་ནང་དུ་སྐུ་ཉིད་གཟུགས་པོའི་བདེ་ཐང་ལ་འབད་རོགས་ཞུ། བོད་མི་གཅིག་ཤི་བ་ལས་གསོན་རྒྱུ་དེ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པ་རེད་ལགས།
སྐུ་ཉིད་ཀྱི་མཚན་ལ། རྐ་མ། རྡོ་རྗེ་ཟེར་གྱི་ཡོད་པ་འདྲ། ཡིག་གཟུགས་ཚང་མ་འཐོར་ནས་ཡག་པོ་ཞིག་ཀློག་ཐུབ་ཀྱི་མི་འདུག་ཀྱང་། ནང་དོན་ནི་འདི་འདྲ་ཞིག་ཡིན་ས་རེད།
ཁྱེད་ཀྱི་ཕྱག་ལས་ང་ཡི་ལས་གཉིས་མི་མཚུངས་ཀྱང་།།
ང་ཡི་གླ་ཆ་འགྲོ་སོང་ཁྱེད་དང་ཤིན་ཏུ་མཚུངས།།
ཁྱེད་ཀྱི་རྩོམ་རིང་ང་ཡི་ཚིགས་བཅད་མི་མཚུངས་མོད།།
ང་ཡི་མིག་ཆུ་ཁྱེད་ཀྱི་རྩོམ་དང་འབྲེལ་མཚུངས་འདུག།
སྤྱི་ལོའི་ལོ་བོད་རྒྱལ་ལོ།
དེ་ནས་ཉིད་ཀྱིས། ངའི་གཉང་ལག་འདི་ཟེར་ནས་གསུངས་ཡོད་པ་འདྲ།
གང་ལྟར་སྐུ་ཉིད་འདི་རུ་ཕེབས་ནས་བསམ་ཚུལ་གནང་བ་དེར་དགའ་ནས་ཡོད་ལགས།
གྲོགས་ལྷ་ཀླུ་གཉན་གསུམ་ལགས་སུ་གནམ་ལོ་གསར་ཚེས་ལ་བཀྲིས་བདེ་ལེགས་ཞུ་བ་དང་ལྷན་ཅིག་ལོ་གསར་བའི་ནང་བསམ་དོན་ལྷུན་འགྲུབ་ཡོང་བའི་སྨོན་འདུན་ཞུ།
བདེན་པ་རང་རེད། ཕྱི་རྒྱལ་ཁག་གི་བོད་མི་མི་ཉུང་བ་ཞིག་གི་འཚོ་བར་སྐྱེལ་སྟངས་འདི་འདྲ་རང་རེད། ཉིན་རྒྱུགས་མཚན་རྒྱུགས་བྱས་པའི་ལས་གླས་ཟླ་གཅིག་གི་འགྲོ་སོང་ཡང་འདང་ལ་མི་འདང་བྱས་ནས་འགྲོ་བཞིན་ཡོད། སྐབས་རེར་དྲི་བ་འདི་འདྲ་ཞིག་རང་ལ་སླེབས་ཡོང་གིན་འདུག ས་འདི་ན་སློབ་སྦྱོང་བྱ་ཁོམ་ནི་མི་འདུག་ལ་སྒོར་མོ་བསགས་རྒྱུའང་མེད་པས་ག་རེད་བྱས་ནས་ད་རུང་ཨུ་ཚུགས་བྱས་ནས་འདུག་དགོས་ཀི་རེད། དེ་ལས་སྒོར་མོ་ཟོག་མེད་ན་མེད་ཕྱིར་རྒྱ་གར་ལ་སོང་ནས་བོད་ཡིག་དང་བོད་སྐད་གཙང་མ་རེ་བེད་སྤྱོད་བྱས་ནས་བསྡད་ན་སྐྱིད་ནི་འདྲ་མ་རེད་བསམ་གི་མི་འདུག་ན་ཡུམ་དུམ་པ། ད་སྡུག་བཤད་མི་རྒྱག་བདེ་མོར་བྱོས།
གྲོགས་བཟོད་རྒྱམ་ལགས་ལ་ལོ་གསར་ལ་བཀྲིས་བདེ་ལེགས་ཞུ་གིན་ཡོད་ད་ཡང་། ཨ་རོག་ངེད་གཉིས་ཀྱི་རྩོད་གཞིར་གྱུར་བའི་འདྲེ་མོ་དེ་ལ་ཁྱོད་ཡོད་ས་ནས་ངས་བཀྲིས་བདེ་ལེགས་ཞུ་མི་ཐུབ་ཀི་གོ
འདས་པའི་ལོ་ལ་ཕྱིར་མིག་བལྟས་པའི་ཚེ། །གསར་བའི་ལོ་འདིའི་བྱ་གཞག་ཕར་ཆེར་རྟོགས། །
ཚགས་ཤོག་དྲ་རྒྱ་བརྙན་འཕྲིན་ལ་སོགས་པ། །ཉིན་རེའི་འཚོ་བའི་ཁྲོད་དུ་ཆད་མེད་བལྟས། །
སྐབས་འགར་ཁོང་ཁྲོས་ངར་ནས་དབུགས་རིང་བརྩེགས། །མཚམས་རེར་རེ་བ་ཆེ་བས་སྤོབས་པ་འཕེལ། །
ལན་རེར་ཡིད་སེམས་སྐྱོ་ནས་མིག་ཆུ་བཏོནྊ། ྊྊྊྊ།རྟག་ཏུ་སེམས་སུ་རེ་བ་ཞིག་གིས་ཁེངས། །
བོད་ཀྱི་ཡུལ་ནས་རྒྱ་གར་ཡུལ་ལ་སྨོན།།
རྒྱ་གར་ཡུལ་ནས་ནུབ་ལ་འགྲམ་ཆུ་ལྡང་།།
ནུབ་ཀྱི་ཡུལ་ནས་མེད་མུག་གླུ་རུ་ལེན།།
འདི་ནི་ཡུལ་གྱར་བོད་མིའི་ལས་དབང་རེད།།
ཕར་ལ་མི་འགྲོ་ཐབས་ཤིག་ང་ཡིས་བཤད།།
དོན་མེད་རྒྱས་སྤྲོས་ཤ་མར་སྦྲགས་མ་ཡིན།།
ལུག་ཤ་མར་ཁུ་འཁྲིས་པ་སློང་བྱེད་རེད།།
ལུག་ཤ་མར་ཁུ་སོ་སོ་བྱས་ན་བཟང་།།
བག་མེད་ཆུད་ཟོས་མར་ཁུ་ཐང་ལྷུངས་རེད།།
མར་ཁུ་ཐང་ལྷུངས་ཡར་ལ་ལེན་ཐབས་མེད།།
མར་ཁུ་སེར་པོ་བདག་གཅེས་བྱས་ན་བཟང་།། ་
ཚུར་ལ་ཡོང་་བའི་ཐབས་ཤིག་ང་ཡིས་བཤད།།
ངར་ལས་གཅིག་པུས་དངུལ་ལོ་སོག་རབས་མེད།།
ཉེས་ན་རང་གི་ལུས་ཁམས་འཁྲུག་པར་བྱེད།།
རྒྱུ་འབྲས་དྲང་བཞག་རིག་པ་དགུ་འགྱུར་གྱིས།།
འཕར་དགུ་ལྡབ་བཅུའི་གོ་སྐབས་ཟིན་པར་གཅེས།།
ཀླད་པ་ལག་པ་གཉིས་ལས་ཀླད་པ་བཟང་།།
ཀླད་པའི་ལས་ཀ་ལམ་ལ་རྒྱུགས་གྱུར་ན།།
ཉལ་ཁང་ནང་ལ་དངུལ་གྱི་ཁ་བ་འབེབས།།
གཟིམ་ཁྲི་སྟེང་དུ་གསེར་གྱི་བུ་ཡུག་འཚུབས།།
མན་ངག་འདི་དག་མ་བརྗེད་ཡིད་ལ་ཟུངས།།
མ་དང་བུ་ཕྲུག་རྣམས་ལ་ཁ་འདོན་ཆུགས།།
རྩམ་དགའ་ལགས། སྐུ་ཉིད་ཀྱིས་བདག་གི་འཚོ་བ་ལ་ཕྱི་དྲན་བྱས་པ་དེར་རྒྱབ་སྐྱོར་གནང་བ་དེར་བཀའ་དྲིན་ཆེ་ལགས། དེ་ནས་སྐུ་ཉིད་ཀྱིས་བསམ་ཚུལ་གསུངས་པ་དེ་ཡང་བདེན་པ་རེད། ང་ཚོས་བོད་ཀྱི་ཁ་རྒྱུན་དུ་ཆོས་མེད་རྒྱུ་མེད་བྱེད་པ་ལས་ཟེར་ནས་འདམ་ག་ཞིག་བྱེད་སྲོལ་ཡོད་པ་ལྟར། འུ་ཅག་གིས་ཀྱང་རང་རང་གི་འདམ་ག་ནོར་མི་ཉན་པ་དེ་ནི་དངོས་ནས་བདེན་པ་རེད་ལགས།
ཁ་བའི་ཡུལ་ནས་དམིགས་ཡུལ་ཡོད་རབས་བསམ།།
ཕྱོགས་མཐའ་ཡུན་རིང་འགྲིམ་པའི་ཉམ་མྱོང་ལས།།
མེད་པ་ཤེས་ཀྱང་ད་ནི་དོན་ལྡན་ཞིག།
བྱེད་པའི་དམ་བཅལ་གསར་བའི་ལོ་ལ་བྱོས།།
མི་ཡི་ཡུལ་ནས་སྐྱེས་པའི་བོད་པ་ཁྱེད།།
རྐང་གཉིས་བོད་ལ་ཤ་ཞེན་ཆེ་བ་ཁྱེད།།
གླིང་བུ་ཐེངས་ཤིག་བོས་པའི་སྒྲ་དབྱངས་དེས།།
བདག་གི་སེམས་པ་དྲངས་པ་ཐུགས་རྗེ་ཆེ།།
ངོ་མ་ཕྱི་ནང་གི་བོད་པ་སུ་ཡིན་ཡང་། དཔལ་འབྱོར། ཆབ་སྲིད་ཆོས་དད་སོགས་གང་ཅིའི་ཐད་ནས་དཀའ་ངལ་ཆེ་ནི་རེད་ཡ། གདུང་སེམས་མཉམ་སྐྱེད་ཡོད།
ངོ་མ་ཕྱི་ནང་གི་བོད་པ་སུ་ཡིན་ཡང་། དཔལ་འབྱོར། ཆབ་སྲིད་ཆོས་དད་སོགས་གང་ཅིའི་ཐད་ནས་དཀའ་ངལ་ཆེ་ནི་རེད་ཡ། གདུང་སེམས་མཉམ་སྐྱེད་ཡོད།
བཀུར་འོས་་བོད་ lha-kluགཉན་གསུམ་ལགས་སུ།
དང་ཐོག་གཟུགས་rgyurརོགས་རམ་ལ་ཐུགས་rjeཆེ་ཞུ། ཚིགས་བཅད་༥པར་རཙོམ་དང་། or rchrom-dnag, མིན་པར། ར࿏། ར་མ་བཏགས་མ། རམ་ཁའམ། or rma-kha,rMa་དང་འབྼེལ་མཚུངས་འདུག །ཞེས་བྼིས་པ་ཡིན། གཞིས་བྻེས་དམ་ཚིག་ཁྼི་ལོར་བརཏན་འགྻུར་ཅིག
ཚང་མར་ phyi-loé ལོ་གསར་ལ་་བཀྼིས་བདེ་ལེགས་ཞུ། །
གདུང་སེམས་མཉམ་སྐྱེད་ཡོད།