ཤིང་ནགས་མེ་ཏོག
༡༽ ༸གོང་ས་མཆོག
བསིལ་ལྡན་ལྗོངས་སུ་འཁྲུངས་པའི་མགོན།།
འཕགས་ཡུལ་ས་སྟེང་བྱོན་པར་དགྱེས།།
སླར་ཡང་རང་ཡུལ་འབྱོན་པར་རེ།།
སྐུ་ཉིད་ལོ་གསར་སྐུ་ཚེ་བརྟན།།
༢༽ མ་སུ་རི་བོད་ཁྱིམ་སློབ་གྲྭ
ལེགས་བཤད་ཆུ་འཐིག་བརྡོལ་བའི་ཁུངས།།
ཤེས་རིག་མེ་ཏོག་རྒྱས་པའི་གཞི།།
གཤིས་སྤྱོད་སྦྲང་རྩིར་ལྡན་པའི་བཅུད།།
མ་ཡུམ་སློབ་གྲྭ་རྒྱས་པར་གསོལ།།
༣༽ དགེ་བའི་བཤེས་གཉེན།
རྨོངས་པའི་མུན་པ་སེལ་མཁན་ཚོ།།
གཙང་མཁས་གཞན་ལ་ཕན་པར་འདོད།།
ཉིན་མཚན་དབྱེར་མེད་ལམ་སྟོན་མཛད།།
བཤེས་གཉེན་དམ་པ་སྐུ་ཚེ་བརྟན།།
༤༽ སྤུན་མཆེད།
དྲིན་ཆེན་ཕ་མ་འདས་ཟིན་ཡང་།།
བཀྲིན་ཆེ་བའི་སྤུན་མཆེད་ཚོས།།
རྟག་ཏུ་བདག་ལ་བྱམས་བརྩེ་ཆེ།།
ཁྱེད་ཅག་ཚེ་རིང་ལོ་བརྒྱ་སྨོན།།
༥༽ གྲོགས་པོ།
བསམ་པ་གཅིག་མཐུན་འོ་ཆུ་ལྟར།།
ཕན་ཚུན་བརྩེ་བ་ལྡན་པའི་བློ།།
རྟག་ཏུ་འཛུམ་མདངས་ཁོ་ནས་རོལ།།
གྲོགས་མཆོག་རྣམ་པ་ཚེ་རིང་ངོ་།།
ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི
བོད་རྒྱལ་ལོ་ ༢༡༤༡ རབ་གནས་ཤིང་རྟ་ལོའི་གནམ་ལོ་གསར་ཚེས་ཉིན་བོད་རྒྱ་ཆེ་མང་ཚོགས་ལ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས། ལོ་གསར་པའི་འཚམས་འདྲི་ཞུས་པ་དང་ཆབས་གཅིག ལོ་འདིའི་ནང་ལ། ནད་མུག་འཁྲུགས་རྩོད་ཐ་དག་ཞི་ཞིང་། མཐུན་རྐྱེན་ལེགས་ཚོགས་གོང་འཕེལ་དང་། བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་འདུན་ཞུ་བགྱི་ཡིན། ལྷན་རྒྱས་ག་ལེར་བཞུགས། ཡང་བདུན་ཕྲག་རྗེས་མར་བསྐྱར་དུ་མཇལ་ཡོང་།
རིག་ལྡན་སྒྲོལ་མས།
སྤྱི་ལོ་ ༢༠༡༤ ནང་གི ཟླ་བ་ ༣པའི། ཚེས་ ༢ ཉིན། བོད་རྒྱལ་ལོ་ ༢༡༤༡ རབ་གནས་ཤིང་རྟ་གནམ་ལོའི་གསར་ཚེས་ལ། དྲ་གྲོགས་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཡོད།
དབུས་བ་ཚོའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཤུ།
བོད་མི་ཡོད་དོ་ཅོག་ལ་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ།