དུག་ཚེར་མ།
ལོ་གསར་ནི་དམངས་སྲོལ་གལ་ཆེན་ཞིག་རེད་ལ། ཚང་མ་མཉམ་དུ་འཛོམས་ནས་དགའ་སྐྱིད་ལ་རོལ་ཆོག འོན་ཀྱང་ཐག་རིང་དུ་བཞུད་པ་ནས་བཟུང་ཁོ་བོ་ལ་ལོ་གསར་གྱི་དུས་སྐབས་ལ་དམིགས་བསལ་ཚོར་བ་ཞིག་མི་འདུག ད་དུང་སློབ་གྲོགས་རྣམས་ཀྱིས་རང་གི་སྤུན་མཆེད་དང་། ཉེ་དུ་སོགས་ཀྱི་འདས་པའི་དགའ་སྐྱོའི་གཏམ་དང་། མ་འོངས་པའི་རེ་བ་གླེང་བ་ཐོས་ཀྱི་འདུག དེ་དུས་ཁོ་བོས་སེམས་ཁོང་ནས་དྲན་པ་ནི་ཡབ་ཡུམ་གཉིས་ཡིན་ལ། ཁོང་གཉིས་ཀྱི་སེམས་ནང་དུ་ཡོད་པའི་སྙིང་སྟོབས་དང་། ཁོ་བོ་ལ་བཅངས་པའི་ལྷག་བསམ་དང་རེ་བ་ཡིན་ཆོག
ཁོ་བོ་སྡོད་གནས་ཀྱི་ཁོར་ཡུག་གི་སྤང་དང་། རྫ་རི། གངས་རི་སོགས་མཐོང་དུས་ཕ་ཡུལ་ན་ཡོད་པའི་ཕ་མ་དྲན་པ་ཉུང་ཉུང་མིན་པའི་ཚོར་སྣང་གི་ཕུང་པོ་དང་། ད་དུང་ཡང་ཕ་མའི་ཕྱག་ལ་སེར་ཀ་ཡོད་ན་ཡང་ཞོགས་པ་སྔ་མོ་ལང་ནས་ལས་དོན་ལ་གཞོལ་བ་དྲན་གྱི་འདུག
ཁོང་གཉིས་ཀྱིས་བྱམས་བརྩེའི་ཀུན་ནས་བསླངས་ནས་གསོ་སྐྱོང་བྱས་པ་ཡང་དྲན་གྱི་འདུག་ལ། དྲིན་ལན་འཇལ་དགོས་པ་ཡང་དྲན་པ་ཨ་ཅང་ཅང་། འོན་ཀྱང་ལས་དབང་གིས་ཁོ་བོ་ཐག་རིང་དུ་བཞུད་དགོས་བྱུང་བ་དང་། ཐག་རིང་ནས་ཁོ་བོས་ཁོང་གཉིས་ཀྱི་སྒྲིབ་གཟུགས་དང་། གསུང་དབྱངས་མ་ཐོས་པའི་སྐབས་ལ་སྐྱོ་བའི་ངུ་ངག་དང་། བརྗེད་དཀའ་བའི་ཁྱེད་ཀྱི་དཀའ་སྡུག་དྲན་བཞིན་ཡོད་པ་ཨེ་ཤེས།
ཁོ་བོས་ཁོར་ཡུག་འདི་ན་འཕྲད་ཀྱིན་པའི་རྒན་པ་རྣམས་ཀྱི་དགའ་སྐྱོའི་གནས་སྟངས་མཐོང་དུས་ཡབ་ཡུབ་ཀྱི་དཀའ་སྡུག་ལག་མཐིལ་ལ་ཀྱུ་རུ་ར་བཞག་པ་བཞིན་གསལ་གྱི་འདུག དེ་དུས་ཁོ་བོའི་སེམས་སྟོང་སང་སང་དང་། སྐྱོ་ལྷང་ལྷང་ལས་གཞན་ཐབས་ཤེས་གང་ཡང་མི་འདུག
དེས་ན་ཁོ་བོས་དགོངས་དག་ཞུ་ཡི་ཡོད་ལ། ཕ་མ་གཉིས་སྐུ་ཚེ་རིང་བའི་སྨོན་ལམ་ཡང་འདེབས་བཞིན་ཡོད།ཁྱིམ་མཚེས་འཆམ་མཐུན་དང་། ཕན་ཚུན་ཕན་གྲོགས་བྱས་ནས་འཚོ་བ་རོལ་ནས་འདས་ན་ཅི་མ་རུང་སྙམ་གྱི་ཡོད། ད་དུང་ཐག་རིང་ན་ཡོད་པའི་སྤུན་ཟླའི་ཁྲོད་ན་ངས་ཅི་ཞིག་གཉེར་བ་ཡང་ངོས་ཟིན་དཀའ་ན་ཡང་། ངས་གཞན་ཡུལ་འཚོལ་བཞིན་པ་ནི་མེས་པོའི་ལོ་རྒྱུས་ཀྱི་གསང་བ་དང་། མེས་པོའི་ཚོས་
དཀའ་བའི་བསགས་པའི་སློབ་གསོའི་རིན་ཐང་དང་། མི་རིགས་ཀྱི་གོམས་གཤིས་དང་། ལུགས་སྲོལ་གྱི་འབྱུང་རབས་དང་། དེ་དག་གི་གསེབ་ན་ཡོད་པའི་རླབས་ཆེན་གྱི་མི་སྣའི་རིན་ཐང་འཚོལ་བཞིན་ཡོད་ལ། ཞོར་ལ་དེང་སང་གི་གནས་སྟངས་ལ་རྒྱུས་ལོན་བྱེད་བཞིན་ཡོད།
གནད་དོན་གལ་ཆེན་ངོ་མ་ནི་ཕ་མས་གསུངས་པའི་མདུན་ལམ་ཞེས་ཚིག་འབྲུ་གཉིས་དེ་ཡིན། ཕ་མས་གསུངས་པའི་བསླབ་བྱའི་ཚིག་གི་གོ་དོན་དེ་ངས་གཞན་ཡུལ་ན་གྲོང་གསེབ་དང་། འཕྲང་ལམ་དང་། ལ་ལུང་བརྒལ་ནས་འཚོལ་བཞིན་ཡོད་ལ། སྐད་རིགས་མི་གཅིག་པའི་མི་བུ་ཡི་ཁྲོད་དང་། གོམས་གཤིས་མི་འདྲ་བའི་གྲོགས་དང་། བཟང་ངན་དབྱེ་འབྱེད་ལ་དགའ་བའི་བླུན་རྨོངས་ཁྲོད་ན་ངས་འཚོལ་བཞིན་ཡོད།
ད་དུང་ཡང་རྙེད་མེད་ལ་དེ་རིང་ཉིན་མོ་ནི་ནང་མི་ལྷན་འཛོམས་དང་། བརྩེ་གྲོགས་ཚོ་དང་ལྷན་དུ་གཏམ་གླེང་དང་། རྩེད་མོ་ལ་རོལ་བའི་དུས་ཤིག་ཡིན་པ་རེད།
འོན་ཀྱང་ཁོ་བོའི་ཕུགས་བསམ་དང་། ཕ་མའི་རེ་བ་དང་། སྤུན་ཟླའི་ཡིད་ཆེས་དང་། མ་འོངས་པའི་མི་རབས་ཀྱི་ཁ་ཕྱོགས་ལ་བསམ་ནས་ངས་མདུན་ལམ་ཞིག་འཚོལ་བཞིན་ཡོད། ད་དུང་ཡང་མདུན་ལམ་དེ་སྐད་རིགས་གཞན་གྱི་དགེ་རྒན་དང་། སློབ་མའི་བར་ན་མི་འདུག་ལ། རྒྱལ་ཁབ་དང་། མི་རིགས་དང་། སྤྱི་ཚོགས་དང་། ཐ་ན་རང་གི་སྡོད་ནས་ཁང་ཁྱིམ་དང་། སྲང་ལམ་ནས་ཡང་རྙེད་ཀྱི་མི་འདུག
འདས་པའི་ལོ་ཟླ་ལ་བསམ་ནས་ཁོ་བོའི་ཤ་རུས་གསེབ་གནས་འཚོལ་བཞིན་པའི་སྐབས་ཁོ་བོ་ལ་རྙེད་པ་ནི་སྐད་ཡིག་ལ་འཐིམ་ཡོད་པ་དེ་རེད་སྙམ། ད་དུང་མནོ་བསམ་བྱེད་བཞིན་ཞོགས་ཇ་བཏུང་། ཟས་རིགས་སྣ་ཚོགས་སྤྱད། ཉེ་འགྲམ་གྱི་ཁང་པ་དང་། ཁྱིམ་མཚེས་དང་། སློབ་གྲྭ་དང་། ཚོགས་ཁང་ཡོད་པའི་ས་གནས་ག་བར་ཕྱིན་ན་ཡང་རྙེད་མ་ཐུབ་པའི་མདུན་ལམ་དེ་སྐད་ཡིག་ལ་འཐིམ་ཡོད་པའི་ཚོར་སྣང་དེ་་ཤ་རུས་ཀྱི་གསེབ་ན་ཡོད་པ་དེ་རེད་སྙམ་ནས་ཡང་བསྐྱར་དྲན།
དེ་ནས་ཐང་ཆད་པ་དང་། དབུགས་རིང་པོ་རྔུབ་ནས་བསམ་དུས་སྐད་ཡིག་དེ་ལ་མདུན་ལམ་འཐིམ་ཡིན་མིན་དང་། མི་རིགས་ཀྱི་ཚེ་སྲོག་ཡིན་མིན་ནན་གྱིས་བལྟས་པ་ན། མེས་པོ་ཚོས་བཞག་པའི་རྒྱལ་ཁབ་དང་། རིག་གཞུང་། ཆབ་སྲིད་དང་། སློབ་གསོ་སོགས་མེ་ལོང་ངོས་ལ་གསལ་བ་ལྟར་རེད་ལ། སྐད་ཡིག་ལ་གཅེས་པའི་མི་བུ་རྣམས་དྲན་པ་དང་། སྐད་ཡིག་ནི་སྲོག་ཡིན་པའི་ངེས་ཤེས་རབ་རིབ་བྱུང་ཞིང་།
རིགས་མཐུན་སྤུན་ཟླའི་དགའ་སྐྱོ་དག་ངས་ད་དུང་སྐད་ཡིག་ངོས་ནས་འཚོལ་དགོས་དྲན་ཞིང་། ངས་འཛམ་གླིང་རིལ་པོར་གྱར་ཡོད་པའི་སྤུན་ཟླའི་འབྲེལ་ལམ་གྱི་ཐབས་ལམ་དང་པོ་ངོས་འཛིན་བྱས་པ་དང་།
དེས་ན་དེ་རིང་གི་ལོ་གསར་དེ་གཏོང་བཞིན་ཡོད་པ་ཚོར་བ་དང་། ངས་གཡས་གཡོན་ནས་ཐོས་པའི་སྐད་ཆ་དག་སྐད་ཡིག་ནང་གསལ་བའི་མེས་པོའི་སྲོལ་རྒྱུན་དང་། ནང་མའི་དགའ་འཛོམས་ཀྱི་རྟེན་འབྲེལ་གྱི་ཤིས་ཚིག་དེ་ཡིན་པར་སེམས་ལ། ངས་མདུན་ལམ་ལ་རེ་སྒུག་བྱེད་བཞིན་སྐད་ཡིག་ལ་མདུན་ལམ་ཨེ་ཡོད་སྙམ་ནས་དྭོགས་འདྲི་ངང་ནས་ལུས་སོང་།
ཨ་ཙི་་་་་དེ་འདྲའི་ཐབས་སྐྱོ་བ་ལ་ཨང་།
་་་་་་་་་ དེས་ན་དེ་རིང་གི་ལོ་གསར་དེ་གཏོང་བཞིན་ཡོད་པ་ཚོར་བ་དང་། ངས་གཡས་གཡོན་ནས་ཐོས་པའི་སྐད་ཆ་དག་སྐད་ཡིག་ནང་གསལ་བའི་མེས་པོའི་སྲོལ་རྒྱུན་དང་། ནང་མའི་དགའ་འཛོམས་ཀྱི་རྟེན་འབྲེལ་གྱི་ཤིས་ཚིག་དེ་ཡིན་པར་སེམས་ལ། ངས་མདུན་ལམ་ལ་རེ་སྒུག་བྱེད་བཞིན་སྐད་ཡིག་ལ་མདུན་ལམ་ཨེ་ཡོད་སྙམ་ནས་དྭོགས་འདྲི་ངང་ནས་ལུས་སོང་། ་་་་་་་
དུག་ཚེར་མས།
༢༠༡༥ ལོར་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་བོད་པའི་ཆབ་སྲིད་བཙོན་པ་ ༦༨ འདུག
བོད་ཀྱི་དུས་བབ། ༢༠༡༦/༠༢/༡༩ རིག་པ། (༠)
http://tibettimes.net/%E0%BC%A2%E0%BC%A0%E0%BC%A1%E0%BC%A5-%E0%BD%A3%E0%BD%BC%E0%BD%A2%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BC%8B%E0%BD%82%E0%BD%9E%E0%BD%B4%E0%BD%84%E0%BC%8B%E0%BD%82%E0%BD%B2%E0%BD%A6%E0%BC%8B%E0%BD%A0/
ང་ཚོས་བོད་སྐད་མ་ཤེས་ན། ངོ་མི་ཚའམ། འདི་ལ་གཟིགས་དང་། ཕྱི་རྒྱལ་མགོ་དམར་ཅིག་གིས།
https://www.facebook.com/TibetanCulturePreservation/videos/1558868574428442/
གྲངས་ཉུང་མི་རིཊ་ཀྱི་སྐད་ཡིག་ཤེས་མཁན་བསྡུ་ལེན།
བོད་ཀྱི་དུས་བབ། ༡༧:༠༣ རིག་པ། (༠)
རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་གྲངས་ཉུང་མི་རིགས་ལ་ལྟ་རྟོག་ཤུགས་ཆེ་རུ་གཏོང་ཆེད་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཤེས་མཁན་བསྡུ་ལེན་བྱེད་བཞིན་འདུག
http://tibettimes.net/%E0%BD%82%E0%BE%B2%E0%BD%84%E0%BD%A6%E0%BC%8B%E0%BD%89%E0%BD%B4%E0%BD%84%E0%BC%8B%E0%BD%98%E0%BD%B2%E0%BC%8B%E0%BD%A2%E0%BD%B2%E0%BD%8A%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%A6%E0%BE%90/
་་་་་་་་་་་མགྲིན་ཚབ་པ་དི་ལི་ཞྭ་ལགས་ཀྱིས། རྒྱ་གཞུང་གིས་ཤིན་ཅང་ནང་ཞི་འཇགས་ཡོང་སླད་དང་། གྲངས་ཉུང་མི་རིགས་ཚོར་ལྟ་རྟོག་ཆེད་མི་རྒྱུ་གཉིས་ཐད་ནས་འགྲོ་སོང་དེ་འདྲ་མང་པོ་ཞིག་གཏོང་བ་ལས། ཁོང་ཚོ་རང་སྐྱོང་བྱེད་པར་མོས་མཐུན་དང་། ཁོང་ཚོའི་རིག་གནས་དང་ཆོས་ལུགས། ཡུལ་སྲོལ་གོམས་གཤིས་བཅས་ལ་བརྩི་བཀུར་བྱས་པ་ཡིན་ན་ཞི་འཇགས་རང་བཞིན་གྱིས་ཆགས་རྒྱུ་ཡིན་སྐོར་བརྗོད་འདུག ་་་་་་་་་་་་་་
་་་་་་་་་ཁོང་ཚོ་རང་སྐྱོང་བྱེད་པར་མོས་མཐུན་དང་། ཁོང་ཚོའི་རིག་གནས་དང་ཆོས་ལུགས། ཡུལ་སྲོལ་གོམས་གཤིས་བཅས་ལ་བརྩི་བཀུར་བྱས་པ་ཡིན་ན་ཞི་འཇགས་རང་བཞིན་གྱིས་ཆགས་རྒྱུ་ཡིན་་་་་་་་་་་
རྒྱ་དོགས་པས་མ་ཤི་ན། བོད་རེ་བས་ཕོངས་ས་མ་རེད་དོ།། ཧ་ཧ།། །།