ཀླུ་སྨྱོན།
ལོ་གསར་པའི་ནང་།
ཞིང་གྲོང་ནས་རླུང་བུ་བཞིན་ལྡང་བའི་མཛེས་མ་ཁྱུ་གཅིག་གྲོང་ཁྱེར་དུ་ལས་ཀ་འཚོལ་བར་ཆས་རྒྱུ་རེད།
ཁོ་མོ་ཚོའི་ལང་ཚོའི་མེ་ཏོག་ལ་བཀྲག་མདངས་འཚེར་ཞིང་།
ད་དུང་ཞེན་ཆགས་ཀྱི་དྲི་བསུང་ཡང་བར་མེད་དུ་འཐུལ།
སྟོད་གོས་ཁྲ་ཁྲ་སིལ་སིལ་དེ་ཚོའི་འོག་ན།
དཀར་ཞིང་ཟླུམ་པའི་མྱོས་བུམ་ཆ་རེ་ཡང་སུ་ཞིག་གི་ལག་པས་སྐྱོར་བར་གྲ་སྒྲིག་ཨང་བསར་ཡོད།
ལང་ཚོ་མ་འདི་དག་རི་སྐེད་ཅིག་ལ་བསླེབས་དུས།
མདུན་ཕྱོགས་ནས་ལག་སྐྱོར་འཁོར་ལོ་ཞིག་གི་ལྡིར་སྒྲ་ཐོས་བྱུང་ལ།
དེ་དང་མཉམ་དུ་གཟན་ཤམ་མེ་ལྕེ་འདྲ་བ་གྱོན་པའི་རབ་བྱུང་བ་སྐོར་ཞིག་གི་དཔུང་བའི་ཤ་རྗེན་ཡང་ཉི་འོད་ཀྱི་ཀློང་དུ་མངོན་ཡོང་།
ཞིང་གྲོང་བུ་མོ་ཚོས་ལག་པ་ཐལ་མོ་སྦྱར་བྱུང་།
ཞིང་གྲོང་བུ་མོ་ཚོའི་འདོད་ཆགས་འཕར་བྱུང་།
སྐར་མ་བཅུའི་རྗེས་སུ།
ཞིང་ཁུག་དང་གྱང་རྟིང་མ་ལུས་པ་ཆགས་པའི་འཁུན་སྐད་ཀྱིས་ཁྱབ་ཀྱིན་འདུག
ཁུ་བ་དང་ཟླ་མཚན་གཉིས་འདྲེས་ཏེ་གང་སར་བཞུར་གྱིན་འདུག
འདི་ནི་ང་ཚོས་རེ་སྒུག་བྱས་པའི་ལོ་གསར་པ་དེ་རེད་ལ།
འདི་ནི་ཁོ་ཚོས་རྨི་ལམ་དུ་ཡང་ཡང་རྨིས་པའི་ཚོར་བ་གསར་པ་དང་འཇིག་རྟེན་གསར་པ་དེ་ཡང་རེད།
སྐད་ཅིག་དེ་ཉིད་ལ།
ས་སྟོང་འདི་ནས་གྲོང་ཚོ་གསར་པ་ཞིག་ཆགས་བྱུང་།
དེ་ནི་ཁོ་ཚོའི་མི་རབས་རྗེས་མ་རེད།
དེ་ནི་ཁོ་ཚོའི་འདོད་ཆགས་ཀྱི་འབྲས་བུ་རེད།
རྨི་ལམ་ལྟ་བུའི་སྙན་ངག་འདི་བྲིས་ཚར་རྗེས།
ངས་ལྟུང་བཤགས་ཀྱི་ལྷ་སོ་ལྔ་བོ་རེ་རེའི་མདུན་དུ།
ཕྱིན་ཆད་འདི་འདྲའི་སྙན་ངག་མི་འབྲི་ཞེས་ཁས་ལེན་དམ་བཅའ་བཞག་པ་ཡིན།
ལོ་གསར་བ་འདིའི་ནང་ལ།
ཉིད་ཀྱིས་བདེ་སྐྱིད་བླ་རུ་འདེགས་ནས་འཛིན་པ་དང་།
སེམས་སྡུག་ཀླད་གོར་བར་དུ་མར་ལ་འཕྲི།
ལྷིང་འཇགས་ཀྱིས་རུམ།
བདེ་ཐང་གིས་འཁྱུད།
སྤྲོ་སྐྱིད་ཀྱིས་འགྱོག
སྐྱིད་སྣང་གིས་སྦྲེལ།
དྲོལ་འཇམ་ཀྱིས་གླན།
ཞིམ་མངར་གྱིས་སྦྱོར།
ནོར་ལྷ་ཡིས་འཆིངས།
རླུང་རྟ་ཡིས་སྤར།
ཁྱེད་གར་སོང་ས་ལ་དཔྱིད་ཀྱི་དཔལ་མོས་བཞད།
ཉི་མ་རྟགས་པར་ཟུང་འཇུག་བདེ་བ་ཆེན་པོའི་དཔལ་གྱིས་རོལ།
ཀླུ་སྨྱོན་ལགས།
དེང་སང་སྨད་ཚོང་མེད་ས་མེད་དུས་འདིར། །
གྲོང་གསེབ་བུ་མོར་གྲྭ་པས་གཡབ་རྒྱུ་དཀའ། །
ཀླུ་བྱམས་ལགས།
ལོ་ཡི་འཁོར་མོ་ཟླ་བ་བཅུ་གཉིས་པོ། །
ཐམས་ཅད་དཔྱིད་ཀ་ཆགས་ན་སྡུག་བསྔལ་རྒྱུ། །
ཧ་ཧ་ཀུ་རེ་ཡིན་ནོ། དྲ་གྲོགས་ལགས།།
སེམས་ཁྲལ་མེད་པའི་སེམས་ཁྲལ།
ཁྱེད་སླེབས་ས་ན་དྲི་ངན་ཐིབས་སེ་འདུག
མི་འདི་དངོས་གནས་རྫོབ་པོ་ཞིག་རེད།
སྡེ་བརྒྱ་གྲོང་ཁ་ཡེངས་ཆེན་པོའི་ནང་།
དམན་བུ་མོ་ག་ནས་འཁྲིད་འཁྲིད་རེད་།
རོགས་ཆུང་འདྲིས་བརྒྱ་བརྒྱ་སྟོང་སྟོང་ལ་།
རོགས་གཅིག་ལ་ཆ་རེ་རྒྱབ་རྒྱུ་རེད་།
བླ་རྒན་རྒས་རུ་རྒས་རུ།
ཁོག་པ་དོག་རུ་དོག་རུ།
ཁ་རྒྱགས་སེམས་པ་མཚོན་བྱེད།
ཁ་བརྡ་ཚང་ནས་ཕྱུང་འདུག།
བལ་བོར་ཁྲི་ཁར་འབུད་དུས།
ཡིན་མདོག་ཡག་མདོག་འདྲ་བོ།
སྒྲོ་ལོའི་གདན་ལ་བཞུག་དུས།
འདི་ཞིག་དེ་ཞིག་མེད་ཀི།
ཁ་ཁྲིམས་ཁ་ལ་བཞག་ཐལ།
ཆབ་སྲིད་མི་གླེང་ལབ་གི།
སྡོམ་ཁྲིམས་ས་ལ་བཞག་ཐལ།
བྱི་མོ་གཡབ་རྒྱུ་ཟེར་གི།
གོང་མའི་མཛད་པ་མིན་ན།
ད་ལྟའི་གྲུབ་རྟགས་འདི་ཡིས།།
དད་ལྡན་སློབ་བུ་བདག་ནི།
ཕྱི་མར་སྐྲག་རུ་སྐྲག།
ཧ་ཧ་ཧ། ཐུགས་ཡང་མོ་གནོངས།