བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་དྲངས།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་ལོ་གསར་པར་འཚམས་འདྲི་གནང་བ།
ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༩ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཆར་ལ་ཉེ་བའི་བོད་ཀྱི་ལོ་གསར་ལ་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་གནང་བའི་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༤༡ རབ་གནས་ཤིང་རྟ་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ། གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་བཀའ་ཤག་གིས་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ད་རེས་ཚང་མས་སྲོལ་རྒྱུན་ལྟར་ལོ་གསར་སྲུང་བརྩི་ཞུ་གི་ཡོད། དེར་བརྟེན་ཚང་མས་ལོ་གསར་སྐབས་རང་ལུགས་ཀྱི་ན་བཟའ་བཞེས་ནས། སྲོལ་རྒྱུན་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྲུང་བརྩི་ཞུ་དགོས།
ཆ་ཚང་འདི་ནས་གཟིགས། http://bod.asia/2014/02/དཔལ་ལྡན་སྲིད་སྐྱོང་མཆ-10/
ཁྱད་མཚར་བ་ལ་སྲོལ་རྒྱུན་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞེས་ཁག་སོ་སོ་བཤད་པར་རྒྱུ་མཚན་གང་ཡིན་ནམ། སྲོལ་རྒྱུན་གྱི་ལོ་གསར་ཡིན་ན་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་དུས་མཉམ་དུ་ཡོད་ཡོད་པ་རེད།
སྲོལ་རྒྱུན་ལབ་ན་ད་ལོ་སྐྱིད་པོ་ཐོངས་ཟེར་ནས་ཁ་གསང་གི་ཡོད་པ་རེད།
ལོ་གསར་གཏོང་དང་མི་གཏོང་ནི། བོད་མིའི་སེམས་ཁ་ན་སྡུག་ཡོད་མེད་ཞིག་དང་། སྡུག་ཡོད་པའི་དགའ་ཉེ་ལ་སྐྱིད་སྡུག་མཉམ་ཁུར་བྱེད་པའི་གནད་རྩ་ཞིག་ལས།
ཁ་ཁོམ་ནས། དབང་ཡོད་ཀི་འདོད་ནས། ཅིག་བཤད་ཁུལ་བྱེད་པ་ནི། བློ་བཟང་ཁྱེད་རང་གི་རང་ངོ་བསྟོད་པ་ཙམ་ལས། བོད་ལ་ཤ་ཚ་བའི་སྐད་ཆ་གང་ཡང་མ་རེད།
ང་ཚོ་བོད་མི་ཚོར་ཁྱོད་ལས་ལྡབ་འགྱུར་གྱིས་བོད་ཀྱི་ལོ་གསར་གྱི་ལམ་སྲོལ་གོམ་གཤིས་ཉར་སྟངས་ལ་ཁྱད་འཕགས་ཡོད། དགོས་མི་དགོས་སར། ཁ་རིན་ལྷུང་གི་མ་འདུག། དེ་ལས་རྒྱ་བོད་གཉིས་ཀྱི་འབྱུང་འགྱུར་རེ་ཤོད་དང་དེས་ལ་ཉན་འདོད་ཡོད་ནི་མང་ནི་རེད། ཁོ་རེ།
ཧཧཧཧ བོད་ཀྱི་རིག་གནས་མི་ཤེས་པའི་རྟགས་མཚན་ད་མངོན་སུམ་བསྟན་སོང། ་་་་་་སྲོལ་རྒྱུན་དང་ཆོས་ཕྱོགས་་་་་ནས་སྲུང་བརྩི་ཞུས་ལབ་ཡ་དེ་་་བློ་བཟང་སེང་གེ་ཁྱེད་ཀྱི་ཨ་ཕས་བཤད་སོང་ཨ་མས་བཤད་སོང། ཁྱེད་ཚོས་རིག་གནས་བཤད་བཞིན་རིག་གནས་མ་བསོད་ཨ། སྐུ་མཁྱེན་། དཔལ་ལྡན་སྲིད་སྐྱོང་བོད་པ་ཕྱེད་ཀ་ལགས།
ཁྱེད་རྣམ་པ་ཚོའི་མི་ལ་ངན་སྨོད་བྱེད་འདོད་པ་ལས་ཡང་དག་གི་གནས་ལུགས་བཤད་འདོད་མེད་པ་གསལ་སྟོན་བྱས་འདུག། སྲོལ་རྒྱུན་ཡིན་ན་
ཆོས་ལུགས་ཡིན་དགོས་པས་དང། ཆོས་ལུགས་ཡིན་ན་བོད་ཀྱི་སྲོལ་རྒྱུན་ཡིན་དགོས་པ་ཞིག་ག་ལ་ཡིན། སྲོལ་རྒྱུན་ཆོས་ལུགས་ཉག་ཉོག་མཉམ་སྲེ་
མ་གནང་རོགས། བོད་སྐད་དང་རྒྱན་གོས་བཟོ་ལས་ཚང་མ་ཆོས་ལུགས་རྒྱུད་ནས་བྱུང་ཡོང་བ་ཞིག་གང་དུ་གསལ་འདུག། སྲིད་སྐྱོང་མཆོག་གི་ཆོས་ལུགས་
དང་སྲོལ་རྒྱུན་གསུང་ནས་ཁ་ཁར་ཕྱེས་འདུག། ལྐུག་པ་ཁྱེད་ཚོའི་གླུད་དང་ལྷ་གཏོར་མཉམ་རྫོངས་བྱས་འདུག་་ཧཧཧཧཧཧཧ
སྲོལ་རྒྱུན་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྲུང་བརྩི་ཞུ་རྒྱུ་ཡོད་པ་གསལ་པོ་རེད། སྲོལ་རྒྱུན་གྱི་རིག་གཞུང་དང་ཆོས་ཕྱོགས་ཀྱི་རིག་གཞུང་གཉི་གར་བདག་གཉེར་བྱ་རྒྱུ་ཡོད་པ་གསལ་པོ་རེད། དོན་ལ་སྐྱོན་མེད་ལ་ཚིག་ལ་ཡང་སྐྱོན་མེད་པའི་སྐྱོན་བརྗོད་གང࿒ཡིན་ནམ།
སྲིང་སྐྱོང་མཆོག་གི་བཀྲིས་སྨོན་འདུན་ཇི་བཞིན་འགྲུབ་པའི་སྨོན་ལམ་ཞུ།།
བོད་སྐད་གསར་བ་འདི་རིགས་ངས་གསལ་བོ་ཧ་གོ་གི་མེད། གང་ཡང་ཞུ་ཡང་མེད།
གང་ལྟར་ཆོས་ལུགས་དང་སྲོལ་རྒྱུན་གཉིས་ལ་དབྱེ་བ་ཡོད་ཡོད་པ་རེད། བོད་པའི་སྲོལ་རྒྱུན་དེ་ཆོས་མ་དར་བའི་སྔོན་ནས་ཡོད་ལ། ཆོས་མི་བྱེད་མཁན་གྱིས་སྲོལ་རྒྱུན་ལོ་གསར་གང་ལེགས་གཏོང་གི་ཡོད། གོང་གིས་འདོད་པར་དེ་དག་ལོ་གསར་ལ་མི་ཐད་པ་འདོད་དམ། སྲིད་སྐྱོང་མཆོག་གིས་མཚམས་འདྲི་དེ་བཟང་། སྲིད་སྐྱོང་མཆོག་ལ་ལོ་གསར་པ་དེའི་ནང་ལ་བདེ་ལེགས་གོང་འཕེལ་གྱིས་མཛད་པ་གཡར་མཚོ་ལྟར་རྒྱས་པར་སྨོན།
ཧ་ཧ་ཧ་དྲ་འབུ་ཚོ་སྲོལ་རྒྱུན་ཡིན་ན་ཆོས་ལུགས་ཡིན་དགོས་པ་ཐ་།འབྲས་དཀར་གཤས་པ་དང་ཚེ་གསུམ་རྟ་རྒྱུག་ལ་སོགས་པ་ཆོས་བཅན ཆོས་ལུགས་ཡིན་པ་ཐ་་སྲོལ་རྒྱུན་ཡིན་པའི་ཕྱིར།
ལོ་གསར་གཏོང་མི་ཉན་དགོས་ཞེས་རྗོད་མཁན་སྐབས་འཚོལ་རིང་ལུགས་པ་ཁོང་ཚང་རེད་ལ། ལོ་གསར་གཏོང་དགོས་ཞེས་རྗོད་མཁན་ཁོང་ཚང་རེད། དེ་སྔ་ལོ་གསར་གཏོང་མི་ཉན་ཞེས་རྗོད་སྐབས་བོད་ནང་ཛ་དྲག་གནས་སྟངས་ཆགས་ཡོད་སྐོར་བརྗོད་ཡོད། ད་བྱས་ན་དེང་སྐབས་བོད་གསར་སྲུང་བརྩི་ཞུ་དགོས་སྐོར་བརྗོད་བབ་ལ་བལྟས་ན། བོད་ནང་ཛ་དྲག་གནས་སྟངས་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་བཟོ་འདུག གང་ལྟར་གངས་ཅན་སྐྱིད་གཤོངས་ཀྱི་དཔོན་ཉམས་དང་སྐབས་འཚོལ་རིང་ལུགས་པའི་མིག་སྣང་དུ་བཙན་བྱོལ་གཞིས་ཆགས་སྲ་བརྟན་དང་བཙན་བྱོལ་ནང་གི་བོད་མི་སྐྱག་ཟན་དེ་དག་ལྷིང་འཇགས་བྱུང་ན་ཁོང་ཚོའི་དགོས་དོན་གྲུབ་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་འདུག
འདིའི་གོང་ན་ཁྱུང་ཆེན་ཅན་པའི་མི་ངན་འདི་ཚོས་རང་ལྟོ་ཐབས་འཚོལ་བྱེད་པའི་ནུས་པ་མེད་པ་རང་གིས་ཤེས་བཞིན་དུ་བཞན་ལ་བོད་པ་ཕྱེད་ཀ་ཞེས་ལབ་ཕོད་པ་ཡ་མཚན་རེད། ད་འོ་ན་སྲིད་སྐྱོང་བོད་པ་ཕྱེད་ཀ་ཡིན་ན་མི་ངན་ཁྱོད་རང་མི་ཕྱེད་ཀ་ཞིག་ཡང་རེད་མི་འདུག གང་ལགས་ཞེས་ན་ཁྱོད་ཀྱིས་ཟས་དང་སྐྱགས་པ་ནོར། བཟང་དང་ངན་ནོར། རྒྱ་དང་བོད་ནོར་འདུག
འདི་ལོ་དང་འདི་ཟླའི་མེར་སྲེག་གཏོང་བའི་དཔའ་བོ་དེ་ཚོ་ལ་མྱ་ངན་མི་བྱེད་དོན་ཅི་རེད། གཞིས་ལུས་བོད་མི་ཇེ་ངར་རེད། བཙན་བྱོལ་བོད་མི་ཇེ་ལྷོད་ཡིན་ནི་ཅི་རེད། དྲ་ི་བ་འདི་བོད་མི་བཙན་བྱོལ་བ་ཚང་མར་ཡིན། ང་རང་ལ་ཡིན
ངས་སྲིད་སྐྱོང་མཆོག་ལ་འདི་འདྲ་ཞིག་ཞུ་རྒྱུ་ཡོད། ཟླ་སྔོན་མར་ཨ་མདོ་བ་བརྒྱ་ཆ་བརྒྱ་དང་ཁམས་ཀྱིས་ཕྱེད་ཀ་ཙམ་གྱིས་ལོ་རབས་བརྒྱ་ཕྲག་མང་པོའི་རིང་དར་སྲོལ་ཡོད་པའི་ལོ་སར་སྲུང་བརྩི་བྱེད་སྐབས་བཀའ་ཤག་གི་ངོས་ནས་ཅི་གང་གསུངས་མ་སོང་། དེའི་རྒྱུ་མཚན་ཅི་ཡིན་ནམ། ཨ་མདོ་བ་ཁྱོན་ཡོངས་དང་ཁམས་ཀྱི་ཕྱེད་ཀ་ཙམ་པོ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ཁོངས་སུ་མ་གཏོགས་པ་ཡིན་ནམ། ཡང་ན་ཨ་མདོ་བ་དང་ཁམས་ཀྱི་ཕྱེད་ཀ་ཙམ་གྱིས་ལོ་སར་ལ་སྲུང་བརྩི་བྱེད་བཞིན་པ་སྐུ་ངོ་མཆོག་གིས་མ་མཁྱེན་པ་ཡིན་ནམ། སྐབས་དེར་་ངས་ནི་བཀའ་ཤག་གི་ངོས་ནས་ད་ལོ་ཡང་གཞིས་ལུས་རྒྱ་ཆེའི་མི་མང་དག་གི་ཆེད་དུ་གདུང་སེམས་མཉམ་སྐྱེས་ཀྱིས་ལོ་སར་ལ་རྒྱས་སྤྲོ་བྱེད་རྒྱུ་མ་རེད་བསམ་སོང་།
ད་རྣམ་པ་ཚོས་སྐད་ཅི་ཙམ་བརྒྱབ་ཀྱང་ཕན་པ་མེད་རེད།