སོག་མདའ།
སྐྱིད་ན་སྐྱིད་ཀྱི་དགོད་སྒྲའི་ཁྲོད་ནས་སྐྱིད་ཀྱི་གླུ་ཆུང་མཉམ་ཏུ་ལེན།།
སྡུག་ན་མཆི་མའི་སྨྲེ་སྔགས་ཁྲོད་ནས་སྡུག་གི་ཁུར་བོ་མཉམ་ཏུ་འཁུར།།
བཞུད་པའི་ཕུ་ནུ་མིང་སྲིང་དེ་དག་ཁྱེད་དང་ང་ཚོའི་དོན་ལ་གཤེགས།།
ད་ལོ་ལོ་གསར་དགའ་སྟོན་མི་བྱེད་གདུང་སེམས་མཉམ་སྐྱེད་མཉམ་གཅིག་བྱེད།།
སྐྱེས་ཆེན་ཕ་ལོའི་གཅེས་ཕྲུག་འདི་ཚོ་ཁ་བ་བོད་པའི་དོན་ལ་བཞུད།།།
སྐྱེས་ཆེན་མ་ལོའི་སེམས་པ་འདི་ཚོ་གངས་རིའི་ལས་དོན་ཆེད་དུ་བཞུད།།
ཁྱེད་དང་ང་ཡི་སྤུན་ཟླ་འདི་ཚོ་རིགས་རྒྱུད་གཅིག་པའི་ཆེད་དུ་གཤེགས།།
ད་ལོ་ལོ་གསར་དགའ་སྟོན་མི་བྱེད་གདུང་སེམས་མཉམ་སྐྱེད་མཉམ་གཅིག་བྱེད།།
དཔའ་བོ་འབར་བའི་ཚེགས་སྒྲ་དེ་ནི་ང་དང་ཁྱེད་ཀྱི་ཆེད་དུ་འབར།།
དཔའ་མོའི་རེ་བའི་འབོད་སྒྲ་དེ་ནི་ང་དང་ཁྱེད་ཀྱི་ཆེད་དུ་བསྒྲགས།།
དཔའ་བོས་བྲིས་པའི་ཁ་ཆེམས་དེ་ནི་ང་དང་ཁྱེད་ཀྱི་དོན་དུ་བྲིས།།
ད་ལོ་ལོ་གསར་དགའ་སྟོན་མི་བྱེད་གདུང་སེམས་མཉམ་སྐྱེད་མཉམ་གཅིག་བྱེད།།
དཔའ་བོ་བཞུད་པའི་ལོ་ཟླའི་ངོགས་ན་ཨ་མ་ཞིག་གི་མིག་ཆུ་ཡོད།།
དཔའ་མོ་བཞུད་པའི་ནམ་ཟླའི་ཀློང་ན་ཕ་རྒན་ཞིག་གི་སྐྱོ་སེམས་ཡོད།།
དཔའ་བོ་བཞུད་པའི་གོམ་ཁའི་བར་ན་གཅེས་ཕྲུག་དག་གི་འཁྲེང་སེམས་ཡོད།།
ད་ལོ་ལོ་གསར་དགའ་སྟོན་མི་བྱེད་གདུང་སེམས་མཉམ་སྐྱེད་མཉམ་གཅིག་བྱེད།།
བཙན་ས་སྲུང་བའི་དཔའ་རྒོད་རྣམས་ཀྱིས་ཕ་ས་གོར་མོའི་རང་དབང་སླད།།
ཚེ་སྲོག་དང་ནི་ཡོད་ཚད་ཕུལ་ཏེ་གངས་ཅན་བོད་པའི་ལས་དབང་ཆེད།།
དྲང་བདེན་མེད་པའི་གཞུང་ངན་བསྲེགས་པའི་འབོད་སྒྲས་ས་གཞི་ཡོམ་ཡོམ་འགུལ།།
ད་ལོ་ལོ་གསར་དགའ་སྟོན་མི་བྱེད་གདུང་སེམས་མཉམ་སྐྱེད་མཉམ་གཅིག་བྱེད།།
༢༠༡༣་༡་༢༤་ཉིན་རང་ཤག་ནས་བྲིས།།
ཚེས་པ་དང་བོར་གཞིས་བྱེས་གཉིས་ག་མཉམ་འཛོམས་འབྱུང་བར་རེ་འདུན་མཚོན་སླད་བཟང་བཏུང་ཅུང་ཞིག་སྒྲིག་ན་འདོད། །
ཚེས་པ་གཉིས་པར་ཕུ་ནུ་འབར་བའི་མྱ་ངན་མཚོན་ཆེད་ཉིན་མ་གང་བོར་མགོ་བོ་བཏུམས་ནས་ཉལ་ན་འདོད། །
ཚེས་པ་གསུམ་པར་རི་མགོར་སོང་སྟེ་བསང་དང་དར་ལྔའི་རླུང་རྟ་འཐེན་ནས་ལྷ་འབོད་ཀླུ་འབོད་བྱས་ན་འདོད། །
ཡོད་ཚད་ཤོར་བའི་མི་རྐྱང་ཁོ་བོའི་ད་ལོའི་ལོ་གསར་ཉིན་མ་གསུམ་པོ་འདི་འདྲ་བྱས་ནས་འགྲོ་རྒྱུ་ཡིན། །
ལས་འགུལ་རྩོམས།
ཚེས་པ་དང་པོར་ཕྱེ་མར་མཆོད། །
ཚེས་པ་གཉིས་པར་མཆོད་ཆང་མཆོད། །
ཚེས་པ་གསུམ་པར་བསང་གསོལ་གཏོང་། །
ཚེས་པ་བཞི་པར་ལས་འགུལ་རྩོམས། །
དེ་རིང་བོད་ནས་འབྱོར་བའི་གནས་ཚུལ་འདི་འདྲ་ཞིག་དྲ་ནང་དུ་ཁྱབ་སྤེལ་འགྲོ་བཞིན་འདུག
༄།།བོད་སྤྱིའི་དོན་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་སྐུ་ལུས་མེར་བསྲེགས་གཏོང་མཁན་གྱི་མི་གྲངས་བརྒྱ་ལྷག་ཙམ་ཟིན་འདུག་པས། འདིའི་ཐོག་ལ་གདུང་སེམས་མཉམ་བསྐྱེད་བྱེད་མཁན་མང་པོ་ཡོད་ནའང་། འདི་ལ་རྒྱབ་སྐྱོར་མི་བྱེད་མཁན་གྱི་དགོན་སྡེ་དང་བླ་སྤྲུལ་རྒྱ་མིས་རྒྱུགས་ཁྱི་ཙོག་ཙོག་བྱེད་མཁན་རྣམས་ལ། ད་ལོ་དང་སང་ལོའི་བར་དུ་ངེད「བོད་དག་ཐེར་ཞིབ་འཇུག་ཚོགས་པ」ཁག་གསུམ་ཙམ་མདོ་དབུས་ཁམས་གསུམ་གྱི་ས་གནས་དགོན་ཁག་གསུམ་སྟོང་བཞི་བརྒྱ་དང་རོང་འབྲོག་ཀུན་ལ་གཅིག་ཀྱང་མ་ལུས་པར་ལྟ་ཞིབ་འགྲོ་བཞིན་ཡོད་པས། ལོ་གཉིས་ཀྱི་ལོ་མཇུག་དུ་སྡོམ་རྩིས་རྒྱག་རྒྱུ་ཡིན་པས། དགོན་སྡེའི་དགོན་དཔོན་དང་བླ་སྤྲུལ་གདུང་སེམས་མཉམ་བསྐྱེད་མི་བྱེད་མཁན་དང་རྒྱབ་སྐྱོར་མི་བྱེད་མཁན་དེ་དག་ལ། དགོན་པའི་མིང་དང་བླ་སྤྲུལ་རྣམས་ཀྱི་མིང་དང་དཔར་སོགས་ཡི་གེར་དང་དྲ་རྒྱའི་ནང་དུ་གཏོང་ནས་འཛམ་གླིང་གོ་ལའི་སྟེང་གི་འགྲོ་བ་མི་རེ་རེའི་ལག་འཁྱེར་ཁ་པར་ནང་དུ་བསྐུར་རྒྱུ་ཡིན་པས། སངས་རྒྱས་བསྟན་པའི་སྤྱི་དགྲ མགོ་ནག་མི་ཡིས་ཞབས་འདྲེན། ཆོལ་ཁ་གསུམ་གྱི་བླ་བཙོང་། དྲང་བདེན་མེད་པའི་ཁྱི་རྒན། སྙིང་རྗེ་མེད་པའི་གདུག་སྲིན། རང་དབང་བཅོམ་པའི་གདོང་འདྲེ་འདི་དང་འདི་ལྟ་བུའི་ཡི་གེ་མང་པོ་གདོང་ལ་བྲིས་ནས་བསྐུར་རྒྱུ་ཡིན་པས། བོད་མི་སྤྱིའི་ཐུགས་སུ་བཞེས་རོགས་ཞུ། ད་སྔོན་ལྔ་བཅུ་ང་དགུ་ལོ་ལ་རང་གི་རྩ་བའི་བླ་མར་རྡུང་རྡེག་བྱེད་མཁན་མང་པོ་ཞིག ད་ལྟ་ངོ་ཚ་མེད་པར་རྩ་བའི་བླ་མ་དང་ཆ་མཉམ་འདུག་ཡོད་པ་མ་ཚད། ད་སྐབས་བླ་མ་རྡོ་རྗེ་འཛིན་པ་བྱེད་མཁན་དང་མང་ཚོགས་ལ་ཁྲེལ་མེད་ཀྱིས་དབང་ལུང་བཀའ་ཆོས་གསུངས་ཁུལ་བྱས་ནས་བསྡད་ཡོད་པ་དང་། ནག་མོ་དང་བུ་ཕྲུག་ཁྲིད་མཁན་གྱི་སྤྲུལ་སྐུ་རྫུན་མ་འགའ་རེ་ཤ་ཟ་ཆང་འཐུང་གི་ལས་ལ་སྤྱོད་པ་དང་ཚོང་རྒྱག་མཁན་གྱི་སྤྲུལ་སྐུ་བསྟན་དགྲ་དེ་དག དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་ཁྱེད་རྣམ་པ་རང་མི་བསྐྱུར་ཁོ་ཐག་ཡིན། རྩ་མེད་ཤུལ་མེད་དུ་བྱེད་རྒྱུ་ཡིན་པ་ཐག་ཆོད་ཡོད། དེ་མིན་སྔོན་ལྔ་དགུའི་ལོར་སློབ་མས་བླ་མ་ལ་ངོ་རྒོད་དང་རྡུང་རྡེག་བྱེད་མཁན་དེ་དག་རྣམས་ཀྱིས་ད་སྐབས་ཡང་། བླ་མ་བསྟེན་ནས་ངོ་ཚའི་ལས་ཀ་བྱེད་མཁན་མང་པོ་ཡོད་པ་དེ་དག་ལ་རྟག་དཔྱད་ཞིབ་འཇུག་བྱས་ན་ཡི་ཆེས་སུ་ལ་བྱེད་དགོས་པ་རེད་དམ། ང་རང་ནི་ཞི་བདེ་དང་དྲང་བདེན་གྱི་དོན་དུ་ཤི་ན་འགྱོད་པ་སྤུ་ཙམ་ཡང་མེད་མཁན་ཞིག་གྲྭ་བ་དཀྱུས་མ་ཞིག་གིས་བྲིས་སོ།།ཡི་གེ་འདི་ཉིད་རྒྱུད་སྐུར་གང་མང་བྱ་རོགས་ཞུ།
ལོ་གསར་གྱི་དགའ་སྟོན་མེད་པར་བྱས་པ་ཐུགས་རྗེ་ཆེ།
རོ་ཐོག་ཏུ་བྲོ་ཁྲབ་མཁན་ཚོ་ནི་ཕོ་རོག་ནག་པོ་ཡིན་པས་དེ་ལ་ཧ་ལས་རྒྱུ་མེད།
དྲྭ་འབུ་བརྡུང་མཁན། བླ་སྤྲུལ་ལམ་བོད་ནང་ཡོད་པའི་བླ་སྤྲུལ་ཡིན་ན་བོད་པ་ཡི་་དགོས་ཨ་ཡོད། བོད་པ་ཡིན་པའི་བླ་སྤྲུལ་སོགས་ཅི་ན་འང་ཁྱོད་ཀྱིས་ཟེར་བ་ལྟར་ཡིན་ན་མི་འགྲིག་པ་ཅང་མིན་འདུག དེ་མིན་བོད་པ་མིན་པ་ཚོས་བོད་མི་མེར་སྲེག་ལ་གདུང་སེམས་མཉམ་བསྐྱེད་བྱ་དགོས་ངེས་དང་། བྱ་དགོས་པའི་ཁྲིམས་བཙན་འགེལ་བྱ་མི་ཆོག དེ་ཤེས་པར་གྱིས།
༼སོགས་ཅི་ན་འང་ཁྱོད༽ སོགས་ཡིན་ན་ནི་ཞེས་པར་བཅོས།
ངས་ནི་ཆོས་ཕྱོགས་དང་འཇིག་རྟེན་ཕྱོགས་གང་ཡིན་ཡང་ལོར་གསར་མི་གཏོང་ངོ་མ་ཡིན། ཆེན་པོ་ཞིག་མི་འཇོན་མོད། སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་། །སྡུག་གི་ཁུ་བོ་མཉམ་ཁུར་མཚོད་ཆེད་དུ་རོ་ཐོག་ཞབས་བྲོ་འཁྲབ་མི་འདོད། དེ་མིན་ཁྲེལ་མེད་ཀླད་སྟོང་མཁན་རྒྱུག་ཁྱི་ཁྱེད་ཚོས་ལོ་གསར་ལོས་གཏོང་། གཏོང་དགོས་ངེས་རེད། གང་ཡིན་ཞེ་ན། ཁྱོད་ཚོ་ལ་དགོས་པའི་གོད་ཆག་དེ་ང་ཚོ་བོད་མིའི་མགོ་ཐོག་ལྷུང་ཡོད་པ་རེད།
བོད་ནང་གི་བླ་སྤྲུལ་ལ་བོད་པ་ཡིན་དགོས་རྒྱུ་རེད་བསམ་གི བོད་པ་མ་ཡིན་པའི་བླ་སྤྲུལ་ཞིག་ཡོད་ན་དེ་ལ་ང་ཚོ་བོད་པའི་དངོས་ནས་དེ་ལ་བླ་སྤྲུལ་ཟེར་ཁག་པོ་རེད་བསམ་གི ཧི་མ་ལ་ཡི་བླ་སྤྲུལ་རྣམས་ཀྱང་བོད་རིགས་ཡིན་པས་བོད་པའི་ཁོངས་སུ་འདུ་བར་སེམས།
བླ་སྤྲུལ་ཡིན་ན་བོད་ཡིན་དགོས་དྲན་པ་ནི་དྲན་པ་རང་རེད་མ་གཏོགས་ཚད་མ་མ་རེད་དོ།། ཧི་མ་ལའི་ཁུལ་གྱི་མི་རིགས་འདི་དག་བོད་རིགས་ཡིན་དུ་ཆུག་ཀྱང་བོད་པ་ག་ལ་ཡིན།
བོད་པའི་སྟོང་སེམས་དང་ཧམ་སེམས་འདི་ལ་ང་ཧས་ཀི་ཡོད།
དུས་རྒྱུན་ནས་མཚམས་པ་ཅིག་གིས་ལོ་གསར་བཏང་ན་ག་འདྲ་ཟེ་གཏོང་བགྱིད་རེད། སྤོ་རྨོ་གཉིས་ལས་མེད་ན་ལོ་གསར་ག་འདྲ་ཟེ་གཏོང་བགྱིད་རེད། ཀྲེན་ནད་ཕོག་ནས་ཤི་སྒུག་བྱེད་བཞིན་པ་ཅིག་ཡིན་ཁོང་གིས་ལོ་གསར་ག་འདྲ་ཟེ་གཏོང་བགྱིད་རེད།
ང་བོད་མི་མངས་ཚོས་འདི་ལྟ་བུའི་ཆོས་ཀྱིས་རྟེན་འབྲེལ་གང་བཟང་བཟང་འགྲིགས་པའི་སྒོ་ནས་ལོ་གསར་ངེས་པར་གཏོང་དགོས་ཀྱང་།
རང་གི་ནང་མི་ཅིག་ད་ལོ་གྲོངས་པ་ལྟར་མྱ་ངན་དང་གསོལ་འདེབས་བྱ་རྒྱུ་ཡང་མ་བརྗེད་པ་བྱེད་དགོས་པ་གཉིས་འཛོམས་མི་དགོས་སམ། ལགས།
Sikyong Dr. Lobsang Sangay’s Message on the Occasion of Losar(English)
http://www.youtube.com/watch?v=_1uOX-Fkzl4
ངས་མཆན་བུ་ལ་ད་དུང་དག་མཆན་ཐོབ་མི་འདུག་་་་ཁ་བྱང་ནོར་འདུག་གམ། མིང་ནོར་མེད་དྲ་བདག་ལགས། གལ་ཏེ་ཁ་བྱང་ནོར་འདུག་སྔོན་མའི་ཁ་བྱང་གང་ཡིན་ང་ལ་གནང་རོགས་ཞུ། གཅིག་བྱས་ན་ངས་ཁ་བྱང་ནོར་ཡོད་པ་སྲིད། དགོངས་སེལ་ཞུ།
ཡང་ན་འདི་ཡིན་ནམ་་་་གང་ལྟར་ང་ནོར་བ་འདྲ་་་་་་་་་
མེ་ཏོག་དཀར་པོ། ཧི་མ་ལ་ཡའི་མི་རིགས་དེ་ཚོ་བོད་པ་ཡིན་ན་ཁྱོད་ལ་ཤོར་འགྲོ་རྒྱུ་དང་། མ་ཡིན་ན་ཁྱོད་ལ་ཐོབ་རྒྱུ་ཅི་ཞིག་འདུག ཧི་མ་ལ་ཡའི་མི་རིགས་ཁོ་རང་ཚོའི་ནང་ལ་ཡང་ཁོང་ཚོ་བོད་པ་ཡིན་ཟེར་མཁན་མང་པོ་འདུག ཁྱོད་བོད་པ་ཅིག་གིས་སྐད་ཆ་འདི་འདྲ་བཤད་པ་ནི་ངོ་ཚ་མེད་པའི་ཁྱི་དང་གཅིག་པ་རེད།
ཧ་ཧ་་་ལུང་རྟོགས་ཀྱིས་ཡག་པོ་གསུངས་སོངས་། མེ་དཀར་ལ་རྒྱུ་མཚན་ཆེན་པོ་གང་ཡང་ཡོད་པ་མ་རེད། གཙོ་བོ་དེ་དཀྲུགས་ཤིང་སློང་རྒྱུ་དེ་རེད། དུ་རྒྱུན་ནས་ཁོ་རང་གི་ལས་འགན་འདྲ་དེ་རང་རེད་ཡ་་་་་་་་་་་་་་་་་་་་་་་་་་་་་
ལོ་གསར་ཞེས་པའི་སྒྲ་གོ་ན་ཚིག་རིག་ན་སྤོ་ལངས་ཀི།
ཇི་སྲིད་བཙན་དབང་གནས་བ་དང་།
གཉའ་གནོན་ཇི་སྲིད་གནས་གྱུར་བ།
དེ་སྲིད་བདག་ནི་གནས་གྱུར་ཏེ།
གནམ་ལོ་གསར་བ་མི་རོལ་ཤོག
འཐོབ་རྒྱུ་ཤོར་རྒྱུ་མེད་སོང་ན་བོད་རིགས་ཚང་མ་བོད་པ་རེད་ཅི་ལ་ཟེར། བོད་པའི་ཁྲིམས་ཚང་མ་བོད་རིགས་ལ་འགེལ་རྒྱུར་ངོ་རྒོལ་ཡོད། བོད་པ་ཟེར་ན་Tibetanརེེད། Himalayan ཚང་མ་Tibetan ག་ལ་ཡིན། བོད་ལ་ཤ་ཞེན་ཡོད་ན་དེ་བས་གཟབ་གཟབ་ངང་སྐད་ཆ་བསམ་བློ་གཏོང་ནས་ཤོད་ཨ།
གར་ཞྭ་པ། སྤི་ཏི་པ། ཁུ་ནུ་པ། ཤངས་དཀར་པ། ལ་དྭགས་པ། དབུས་པ། ཁམས་པ། ཨ་མདོ་པ། འབྲུག་པ། མོན་པ་ཤར་པ་སོགས་མི་རིགས་ཚང་མ་བོད་པ་རེད་དོ།
དེང་སང་བོད་ནང་གི་བོད་པ། འབྲུག་པའི་བོད་པ། རྒྱ་ནག་པའི་བོད་པ། རྒྱ་གར་་པའི་བོད་པ། བལ་པོའི་བོད་པ། ཨ་རི་པའི་བོད་པ་དང་ཡུ་རོབ་ཀྱི་བོད་པ་སོགས་སུ་ཟེར་དགོས་པ་ཡང་ཡོད་དོ། །
འདི་དག་ནི་བོད་པ་ཡིན་མིན་གྱིས་མིན་པར། ཡུལ་ལུང་གང་གི་མི་སེར་ཡིན་མིན་གྱིས་སོ་སོར་ཆགས་པ་ཙམ་མོ། །བོད་པའམ་བོད་རིགས་ཀུན་རྒྱལ་འགྱུར་ཅིག །
ཤངས་དཀར་པ། འདི། ཟངས་དཀར་པ། ལ་བཅོས།
ཧཧཧ་་་ད་མེ་དཀར་འདིས་ཞབས་འདྲེན་བཞག་གི་འདུག བོད་ཡིག་ནང་ལ་དབྱིན་ཡིག་འདྲ་ཞིག་འདྲི་ཁུལ་བྱེད། དེ་མཁས་པའི་རྣམ་དཔྱོད་ཡིན་བསམ་གྱི་འདུག་གམ། ཧཧཧ ཧི་མ་ལ་ཡའི་མི་རིགས་རྣམས་བོད་པ་ཡིན་མིན་ནི་ལོ་རྒྱུས་དང་ཧི་མ་ལ་ཡའི་མི་རིགས་ཁོ་རང་ཚོས་ཐག་བཅོད་རྒྱུ་ཞིག་ཡིན་པ་ལས་ཁྱེད་རང་ལ་ཇུས་གཏོག་མེད་པ་རེད། ད་དུང་བོད་པའི་ཁྲིམས་ཧི་མ་ལ་ཡའི་མི་རིགས་ལ་སུས་བཀལ་གྱི་འདུག ཁྱེད་རང་འཁྲིས་ནད་ཅན་གྱིས་དུང་སེར་པོ་མཐོང་བ་མིན་འགྲོ།
གོང་དུ་གཅིག་གིས་བླ་སྤྲུལ་ཚོས་གདུང་སེམས་མཉམ་བསྐྱེད་བྱ་དགོས་ཟེར་བ་འདི་བོད་ཁྲིམས་གཞན་ལ་འགེལ་བ་མིན་ནམ་གང་ཡིན། ཧི་མ་ལ་ཡའི་མི་རྣམས་བོད་པ་ནམ་ཡང་ཡིན་མི་ཐུབ། བོད་རིགས་ནི་མིན་ཟེར་ས་མེད། བོད་པ་ཧམ་ཆེན་ཚོས་རང་མགོ་མ་འཐོན་གོང་གཞན་ལ་ཚད་ཚད་བྱེད་རྒྱུ་འདི་སྐྱུག་དྲོ་བ་ཞིག་རེད།
ཁྱོད་ཀྱིས་སྐད་ཆ་བཤད་སྟངས་ལ་བལྟས་ན་ཁྱེད་རང་ཧི་མ་ལ་ཡའི་མི་རིགས་བོད་པར་བརྫུ་མཁན་ཞིག་ཡིན་ཚོད་རེད། དེ་མིན་ན་བོད་པས་བོད་པར་རྒོལ་བ་འདི་ཡང་ཧ་ཅང་སྐྱུག་བྲོ་བའི་བྱ་སྤྱོད་ཅིག་རེད།
སྐུ་མཁྱེན། འབྲུག་པ་བོད་པ་རེད་དམ། སྤི་ཏི་བ་བོད་པ་རེད་དམ། བོད་པ་ཡིན་ཞིང་བོད་པར་དགའ་ནའང་ཁུངས་ལུང་མེད་པའི་སྐད་ཆ་བཤད་ན་ངོ་རྒོལ་ཡོད།
མེ་དཀར་ཟེར་མཁན་ཁྱོད་མིག་ཞ་་ར་ཆགས་མེད་ན་གོང་གསལ་ང་ཡི་མཆན་བུ་དེའི་ནང་དུ་ཡག་པོ་གཟིགས་ནས་སྐད་ཆ་ཤོད། བླ་སྤྲུལ་ཟེར་དུས་་་རྒྱ་མིའི་ཁྱི་ཁྱོད་ནང་བཞིན་བོད་དུ་ཉུང་ཤས་ཞིག་ཡོད་པ་རེད། དེ་ཚོ་ལ་གསལ་པོ་བཤད་འདུག་་་་
རེད་རེད་་་་་་་་འཇམ་གཅེས་ཀྱིས་བཤད་པ་བདེན་ཁ་ཆེ་འདུག །མེ་དཀར་འདི་ག་དུས་ཡིན་ཡང་རྒྱུ་མཚན་མ་རྟོགས་པར་འུར་བཤད་བཟོ་་ཡ་ལ་དགའ་མཁན་ཞིག་རེད་་་་་་་་་་་་་་་་
ང་རྒྱ་མིའི་ཁྱི་ཡིན་མདོག་མེད། ཁྱོད་གྲྭ་པ་དཀྱུས་མ་ཞིག་ཡི་་ཟེར་འདུག་སྟེ། དེ་འདྲའི་རྩུབ་ཚིག་ལ་གཞིག་དུས་ཞི་བའི་དེད་དཔོན་ཤཀྱའི་རིང་ལུགས་པའི་གྲྭ་པ་ཡིན་ས་མི་་འདུག སྙིང་རྗེ། རང་གིས་རང་བཅུན་ན་དགའ་ཡོང་།
ཁྱི་དང་ཞི་མི་ཟེར་ག་ཚོད་འབར་རུང་ངའི་ཤོད་འདོད་པའི་སྐད་ཆ་བཤད་རྐྱང་ཡིན། སྨྲ་བརྗོད་རང་དབང་རྒྱལ་ལོ།།
ལོ་སར་ཟེར་ན་ལེགས།
འབྲུག་པ་བོད་པ་རེད་ཟེར་མཁན་མི་འདུག་ལ། སྤི་ཏི་བོད་པ་རེད་ཟེར་མཁན་མི་འདུག ཟིང་ཆ་མེད་ས་ལ་ཟིང་ཆ་བཟོ་མཁན་ཁྱེད་རང་རེད། ངས་ཀྱང་སྨྲ་བརྗོད་རང་དབང་སྐྱེད་ནས་གཞི་མེད་སར་འུར་ཟིང་བཟོ་མཁན་ལ་ངོ་རྒོལ་བྱེད་ཐག་ཆོད་ཡིན།
ཧི་མི་བོད་པ་རེད་དོ་ཞེས། །
དོན་མེད་ཀུ་ཅོ་འདོན་པ་ལ། །
འདི་དང་འདི་ཞེས་བཙིར་བ་ན། །
ལུང་རྟོགས་ཚག་ཚིག་ཆགས་ལ་ལྟོས། །ཧཧཧ
མེ་དཀར་མ་རེད་མེ་ཁྲ་རེད།།
ཕྱི་མིན་བོད་མིན་ཁྲ་ཁྲ་རེད།།
གསར་མིན་གཉིས་མིན་བར་དོ་རེད།།
ཁྱོད་འདྲའི་མི་ལ་སྙིང་རེ་རྗེ།།
ཧཧཧ
ཨེ་མ། ཁྱེད་ཆ་བོ་ནང་དོན་མེད་ཀི