རྡོ་རྗེ་རིན་ཆེན།
སྔོན་མ་རྗེའུ་ཤུ་མི་རིགས་ཀྱིས་ཉིན་རེའི་ཞོགས་ཟས་མ་ཟོས་སྔོན་དུ། ནང་མི་ཚང་མ་མཉམ་མཛོམས་ཀྱིས། རྒྱལ་ཁབ་ཤོར་བ་དང་དགྲ་བོ་ལ་དྲན་གསོ་གནང་རྗེས། ཞོགས་ཟས་ཟ་བའི་ལོ་རྒྱུས་ཡོད། ང་ཚོས་དེ་འདྲ་བྱེད་མ་ཐུབ་རུང་། བོད་མི་ཚང་མས་ལོ་གསར་བའི་ནང་རྗེའུ་ཤུའི་མི་རིགས་བཞིན། ལོ་གསར་ཚེས་གཅིག་གི་ཟས་མཆོག་ལ་མ་རོལ་སྔོན་དུ། རང་གི་རྒྱལ་ཁབ་ཀྱི་ཆགས་འཇིག་དང་མི་རིགས་ཀྱི་ལས་དབང་། དགྲ་བོའི་གཉའ་གནོན་སོགས་ལ་དྲན་གསོ་གནང་རྗེས། ལོ་གསར་བ་བསུ་རོགས།
གཅིག་ན། བདག་གིས་དྲན་སྐུལ་མ་གནང་རུང་། བོད་མི་ཚོས་དེ་ལྟར་གནང་སྲིད་ངེས་ཏེ། ལོ་གསར་ནི་ལོ་ཡི་འཁོར་མོ་གཅིག་ནང་གི་ཁྱིམ་མི་ལྷན་འཛོམས་དང་། དགའ་སྐྱིད་མཉམ་རོལ་ཡོང་བའི་དུས་ཆེན་ཆེ་ཤོས་ཤིག་ཡིན་རྐྱེན། ང་ཚོ་བོད་མི་རྣམས་ལོ་ངོ་མང་བོའི་རིང་དུ། ཕ་མ་བུ་ཕྲུག་ཁ་བྲལ་དུ་སོང་ཡོད་དང་། བླ་མ་དང་སྐྱབས་འབངས་སོ་སོར་གྱེས་པ། རྒྱབ་ཁབ་དང་མི་རིགས་ཕྱོགས་སུ་འཁྱམས་པ་ལ་སོགས།
དྲན་པ་ཙམ་གྱིས་ཡིད་སྐྱོ་ཞིང་སེམས་སྡུག་ནས་མིག་ཆུ་ཤོར་འགྲོ་བའི་ལས་དབང་ཡ་ང་བ་ཞིག་གི་འོག ད་དུང་གནས་མུས་སུ་ཡོད་པས་སོ།།
བདག་གིས་ལོ་གསར་ཚེས་གཅིག་ལ་དགྲ་བོར་ཤ་འཁོན་འཆང་དགོས་ལབ་པ་མ་ཡིན་མོད། ང་ཚོས་རང་ཅག་གི་མི་རབས་ཕྱི་མ་རྣམས་ལའང་མུ་ནས་མུ། མུན་ནག་དང་ཆར་རླུང་། བྱེ་ཐང་དང་དམྱལ་ཡུལ་ལྟ་བུའི་ལོ་ཟླ་འདི། ཁོ་ཚོས་མྱང་མི་དགོས་པ་ཞིག་གནང་དགོས་པར་འདོད།
མི་སྒེར་ཞིག་གི་སྡུག་བསྔལ་དང་མནར་གཅོད་ནི། ཆེས་རིང་མཐའ་ལའང་མི་ཚེ་གཅིག་ལས་མྱང་མི་དགོས་མོད། ཡིན་ནའང་། མི་རིགས་ཤིག་གི་སྡུག་བསྔལ་དང་གཉའ་གནོན་མནར་གཅོད་ལ་སོགས་ནི། དེ་འདྲ་ཞིག་གཏན་ནས་མ་ཡིན་ཏེ། མི་རབས་ནས་མི་རབས་སུ་དང་། བུ་རབས་ནས་བུ་རབས་ཚ་རྒྱུད་རྣམས་ཀྱིས། ལོ་ངོ་བརྒྱ་སྟོང་གི་རིང་དུ། ལྕགས་ཐག་བཞིན་དུ་དེ་ཉིད་མ་གཏོར་གྱིས་མཚམས་སུ། ལུས་ཀྱིས་མྱང་ནས་སེམས་ཀྱིས་ཚོར་དགོས།
མདོར་ན། དེ་རིང་རང་གིས་རང་ལ་མི་རིགས་དགོས་སམ་མི་དགོས། རྒྱལ་ཁབ་དགོས་སམ་མི་དགོས། དེ་ལས་ཀྱང་མདོར་བསྡུས་ན། རང་ཉིད་སུ་ཡིན་པ་འདྲི་བར་བྱའོ།།
༢༠༡༥།༢།༡༩།དང་། བོད་ལོའི་ལོ་གསར་ཚེས་གཅིག་ཉིན།
རྒྱལ་ཁབ་མི་རིགས་རྩ་་དོན་ཆེད་དུ་ལས་འཆར་འགོད་ལ་དཔོན་པོའི་འགན་།
སེམས་ཅན་འགྲོ་དོན་སྐྱོང་བའི་ཆེད་དུ་བླ་མ་རྣས་ལ་ཐུགས་འགན་ཆེ་།
སྡེ་འབངས་མི་སེར་འཚོ་བའི་མདུན་ལམ་གསར་བརོྩམས་་འགན་།
ཚེས་གཅིག་བླ་མའི་ལོ་གསར་།
ཚེསགཉིས་དཔོན་པོའི་ལོ་་གསར་།
ཚེ་གསུམ་འབངས་མིའི་ལོ་གསར་།
གཅན་གཟན་སྲུང་སྐྱོབ་བྱེད་མཁན་གྱི་བོད་མི་ཚོས་གསར་འགྱུར་འདི་ལ་ལྟོས། http://www.bbc.com/news/world-asia-india-31529989
རྒྱ་གར་ལ་གཅན་གཟན་སྟག་མང་རེར་འགྲོ་བཞིན་འདུག ལོ་སྔོན་མའི་ནང་དུ་མི་༢༠་སྟག་གིས་བསད་འདུག གཅན་གཟན་སྲུང་སྐྱོབ་བྱེད་མཁན་ཚོ་ལ་མི་༢༠་ཡི་ཚེ་སྲོག་ཕུལ་ནས་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་དང་། ཁྱོད་ཚོས་བསམ་དོན་ཡིད་བཞིན་འགྲུབ་ནས་ལོ་གསར་པའི་ནང་དུ་གཅན་གཟན་གྱི་མི་༤༠་ཡི་ཚེ་སྲོག་བཅོད་ཐུབ་པར་ཤོག
མུ་མཐུད་ནས་གཅན་གཟན་སྲུང་སྐྱོབ་བྱས་ན་འཛམ་གླིང་གི་གྲོང་གསེབ་པའི་མི་རྣམས་ལ་གཅན་གཟན་གྱིས་ཟ་འགྲོ་བའི་རེ་བ་ཆེན་པོ་འདུག ཉམ་ཆུང་གྲོང་གསེབ་པ་དེ་དག་གི་འཇིགས་སྐྲག་དང་ནང་མི་བུ་ཕྲུག་གཟན་གཅན་གྱིས་ཟོས་པའི་སྡུག་བསྔལ་གྱི་རྣམ་སྨིན་ཁྱོད་ཚོ་ལ་མགྱོགས་ནས་མྱུར་དུ་སྨིན་པར་ཤོག་ཅེས་ལོ་གསར་པའི་སྨོན་ལམ་འདེབས་བཞིན་ཡོད།།།
དམར་ཡག་སྟག་ལ་ཁ་ཡ་བྱས་ན་ལྕག་དྲའི་ནང་དུ་བལྟས་མོ་བ་བསད་།
ཤིང་ནགས་རི་དགས་འཚོ་ས་ལ་ཧམ་ཆེན་མི་གི་བཙན་བཟུང་་བྱས་ན་།
བསམ་མེད་རི་དགས་ཡ་ལན་སྤྲོད་པ་ཕལ་ཆེར་རང་ས་རང་སྲུང་མིན་ནམ་།
བོད་ཡུལ་རྒྱ་ཡི་བཙན་འཕྲོག་བྱས་ཀྱང་ཡ་ལན་མ་ཐུབ་བོད་མིའི་ལས་།
ཧ་ཧ་བསམ་མེད་རི་་དགས་ལ་དཔེ་བླང་ནས་ང་ཚོ་བོད་པ་ཚང་གཅིག་བྱེད་རྒྱུ་མི་
འདུག་གམ་།
ཚེས་པ་གཅིག་ལ་མཆན་བརྒྱབ་མེད། །
ཚེས་པ་གཉིས་ལ་བརྒྱབ་ཐལ་ཤོར། །
ཚེས་པ་གསུམ་པར་ཆ་མི་འཚལ། །
ཀརྡོའི་ལུག་གི་ལོ་གསར་ལུགས། །