གནས་ཚུལ་མཁོ་གཏོང་བ་རིག་པའི་ཁུ་བྱུག
ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་མ་༤༠ལྷག་ཅིག་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་། རྒྱ་གཞུང་གི་དྲང་བདེན་མིན་པའི་ཁྲིམས་ལུགས་ལ་ངོ་རྒོལ་ཆེད་ལོ་སར་ཚེས་གཅིག་ཉིན་ཆུ་ཚོད་༢༤ རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་འདུག དེ་ཡང་ཟླ་འདིའི་ཕྱི་ཚེས་༡༡ཉིན་ཏེ་བོད་ཆུ་སྦྲུལ་ལོའི་ལོ་སར་ཚེས་གཅིག་གི་ཞོགས་པར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དང་བླངས་སློབ་མ་ཁག་ཅིག་གི་གོ་སྒྲིག་འོག མཐོ་སློབ་དེའི་སློབ་ཕྲུག་༤༠ ཡས་མས་ཤིག་གིས་མགོར་ལོ་སར་མི་གཏོང་ཞེས་བྲིས་པའི་ཐོད་རས་དཀར་པོ་རེ་དང་། ཁ་རས་ནག་པོ་རེ་བཏག་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁག་གི་ཉེ་འགྲམ་དུ་ཡོད་པའི་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་ཐང་དུ། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཡོངས་དང་། ལྷག་པར་དུ་རྒྱ་གཞུང་གིས་བོད་མིའི་རང་ལུས་མེར་སྲེག་གི་ཉེས་མིང་འོག་བོད་མི་ཚོ་གང་བྱུང་འཛིན་བཟུང་གིས། ཁྲིམས་ཐག་འདྲ་མིན་ཞིག་གཅོད་ཀྱི་ཡོད་པ་དེ་དག་ལ་གདུང་སེམས་མཉམ་བསྐྱེད། དེ་བཞིན་རྒྱ་གཞུང་གིས་ཁྲིམས་འགལ་སྣ་ཚོགས་བྱས་ཏེ་བོད་མི་ཚོར་སྡུག་སྦྱོང་བར་མ་ཆད་པར་གཏོང་གི་ཡོད་པ་རྣམས་རྒྱལ་སྤྱིར་གསལ་སྟོན་ཆེད་ངོ་རྒོལ་སྤེལ་བ་ཞིག་ཡིན་འདུག
པུར་སྒམ་གདན་ཞུ་གྲུབ་མཚམས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་གུས་འདུད་ཀྱི་ངག་བཅད་སྐར་མ་གཅིག་རིང་གནང་བ་དང་། དེ་རྗེས་ལས་འགུལ་བ་ཚོའི་ལག་པ་ནས་ཁྲག་འཐེན་དེ་རས་དཀའ་པོ་ཞིག་གི་སྟེང་ཉེ་ཆར་རྒྱ་གཞུང་གིས་ལོ་གཉིས་ཀྱི་རྗེས་སྲོག་ཐོག་གི་ཁྲིམས་ཆད་བཏང་བའི་བློ་བཟང་དཀོན་མཆོག་གི་མིང་བྲིས་ཏེ། རྒྱ་གཞུང་གི་དྲང་བདེན་མེད་པའི་སྲིད་ཇུས་ལ་ངོ་རྒོལ་དང་། བློ་བཟང་དཀོན་མཆོག་གིས་གཙོས་པའི་ཚེ་སྲོག་དང་དུས་ཡུན་འདྲ་མིན་གྱི་ཁྲིམས་ཐག་བཅད་པའི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཡོད་པའི་མཚན་རྟགས་འགོད་གནང་ཡོད་འདུག ལས་འགུལ་མགོ་འཛུགས་གནང་སྐབས་སློབ་མ་ཚོས་པུས་མོ་བཙུགས་ཏེ་ཆུ་ཚོད་༡ གི་རིང་མྱ་ངན་དང་གུས་འདུད་མཚོན་ཐབས་གནང་ཡོད་པ་རེད།
ལོ་གསར་ཚེས་གཅིག་གི་དགོང་དྲོ་ཆུ་ཚོད་༥ བའི་སྟེང་མག་ལོར་རླངས་འཁོར་འབབ་ཚུགས་ནས་འགོ་འཛུགས་ཀྱིས་མར་མེ་ཁྲོམ་སྐོར་དང་། ཕྱི་ཚེས་༢ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡དང་ཕྱེད་ཀའི་སྟེང་དཔའ་བོའི་རྡོ་རིང་ནས་འགོ་འཛུགས་ཀྱིས་ཁྲོམ་སྐོར་གནང་རྒྱུ་སོགས་རེད་འདུག མར་མེ་ཁྲོམ་སྐོར་དང་ཁྲོམ་སྐོར་བཅས་སུ་མི་མང་མཉམ་ཞུགས་ཡོང་བར་འབོད་སྐུལ་ཤུགས་ཆེར་གནང་བཞིན་ཡོད་འདུག
ཕྱི་ཚེས་་༢ མ་རེད་བོད་ཚེས་ ༢ ཉིན་གྱི་ཞོགས་པའི་རེད།
ཤ་མ་བཟའ་བླ་མས་གསུངས། ཤ་ཙི་ཤ་ཁྱེར་ཤོག་བླ་མས་གསུངས། ད་ལོའི་ལོ་གསར་མ་བཏང་སྲིད་སྐྱོང་གི་གསུངས། སྲིད་སྐྱོང་ཁོང་རང་ལོ་གསར་བཏང་ཆེད་ཨ་རི་ཕེབས། གཞན་ཡང་བཀའ་བློན་བཞི་ལོ་གསར་བཏང་བར་ཕྱི་རྒྱལ་དུ་ཕེབས། དེ་རིང་མཛད་མགོ་བཀའ་བློན་གཉིས་ལས་མི་འདུག དེ་ནི་བློ་ཕམ་གྱི་གནས་ཚུལ་ཙམ་མ་ཟད་རྡ་རམ་སར་མི་མང་པོ་ཧང་སང་སང་གནང་གི་འདུག མ་འོངས་པར་ཟབ་ཟབ་གནང་དགོས་མི་མང་ལྐུག་པ་རེད་མ་བསམ། ལས་འབྲས་ལ་མགོ་སྐོར་བཏང་སར་མེད། ཐུགས་རྗེ་གཟིགས། མི་མང་མགོ་འཁྲིད་མི་མང་མདུན་ཕེབས་ནས་མི་མང་མགོ་འཁྲིད་ཐུབ་པ་བྱེད་དགོས།
ལོ་གསར་ལ་མལ་མ་གསོ་སུས་ལབ་སོང་། སྐྱོན་མེད་པའི་སྐབས་ལ་སྐྱོན་འཚོལ་བ་འདི་མི་རན་ནོ། ཟས་བཅད་པ་ཡོངས་ལ་རྗེས་ཡི་རང་ངོ་།
ཁ་སང་དགོང་ཟླ་རྡ་ས་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོའི་ནང་ལ་ལོ་སར་སྤྲོད་སྐྱིད་བཏང་སྟེ་གཞས་དང་ཞབས་བྲོ་ཁྲབ་སྟེ་དགོད་སྒྲའི་ནམ་ཁ་ཁེངས་འདུག མི་མང་གི་ཟས་བཅད་བྱེད་ཀྱི་དུས་མི་མང་གི་སྣེ་ཁྲིད་པ་ཡིན་ཟེར་མཁན་ཚོས་ཟས་སྟོན་བཤམས་ཏེ་གླུ་ལེན་གར་རྩེད་ཀྱི་སྤྲོ་སྐྱིད་གཏོང་བ་འདི་དངོས་གནས་ཐབས་སྐྱོ་བོ་མ་རེད་དམ། མ་གཞི་ནས་སྐབས་འཚོལ་བ་འདི་ཚོར་ཕྱི་ཚུལ་ཙམ་ལས་ནང་སྙིང་ཡོད་མ་རེད། བོད་མི་བརྒྱ་ལྷག་གིས་རང་ལུས་མེར་སྒྲོན་པ་དེ་སུའི་ཆེད་ཡིན་པ་ཡང་ཤེས་ཀྱི་མེད་ཚོད་རེད།
སྲིད་སྐྱོང་མཆོག་གིས་ལོ་སར་སྐབས་སྤྲོ་སྐྱོད་མ་གཏོང་གསུང་པ་ལས་ལོ་སར་མ་གཏོང་གསུང་མི་འདུག་སྙམ།
༄༅།དངོས་ནས་སྲིད་སྐྱོང་རང་རེད་འདུག།
ལོ་གསར་རྒྱད་སྤྲོད་བཏང་མི་མཆོག་བཅེས་ཤད།
ཁོ་རང་ཨ་རི་ལ་སྤྲོ་སྐྱིད་བཏང་བར་ཕྱིན།
བོད་ནང་ལ་དམ་བསྒྲག་ཧ་ལས་ཆེ་རི་ཕྱིན་ཡོད་པ་ཁྱེད་ཀྱི་མ་མཁྱེན་ནམ།
བཟོ་འཁན་སུ་རེད་་༼སྲིད་སྐྱོང་མ་རེད་༽༼ཐལ་སྐྱོང་རེད་༽བོད་ནང་དམ་བསྒྲགས་བཟོ་འཁན་ཐལ་སྐྱོང་རེད།
ཧ་ཧ་ཧ་ཧ་བཀའ་སྤྱི་བཀའ་ཟུར་ཁྱེད་ཚོའི་ཁྱིམ་གཞི་སྐྱོང་མ་རེད་ན་ད་འོ་ན་ག་རེ་རེད།
༧རྒྱ་བ་དོན་གྱི་བདག་པོའི་བཀའ་དྲིན་ལ་རྟེན་ནས་
ཁྲ་ཙང་འོག་ལ་བྱེད་ཙང་སྐྱེད་འདུག་ག་ཧ་ཧ་ཧ་བཀའ་སྤྱི་བཀའ་ཟུར་།