བུ་ཆུང་ལྡུམ་ར་བསོད་ནམས།
སྐར་ཆེན་གྱིས་བསྒྱུར།
ང་ཚོས་ལོ་གསར་གཏོང་དགོས།
མི་ཁ་ཤས་ཀྱིས་གསུངས་ན།
ང་ཚོས་སྒོ་གླེགས་གསར་བ་ཞིག་ཕྱེས་ནས།
བོད་མིའི་ཚོར་ཞེན་ཡོད་མཁན་ཞིག་བྱེད་དགོས།
བོད་ལྭ་གྱོན་དགོས་
བོད་སྐད་བསྐྱོན་དགོས།
ཕ་མེས་ཀྱིས་གནང་བའི་མགོ་བོ་དེ་མགོ་རུ་བཏེགས་ནས་
འདས་བ་དྲན་པར་ཉེར་བཞིན། བཞུད་ལམ་གསར་བ་ཞིག་ཏུ་བསྐྱོད་དགོས
ང་ཚོས་ལོ་གསར་གཏོང་མི་རུང་།
མི་ཁ་ཤས་ཀྱིས་ལབ་ན།
ང་ཚོས་ཚེ་སྲོག་དགྲ་ལ་ཤོར་མཁན་ཚོར་བརྩི་བཀུར་བྱེད་དགོས
ང་ཚོས་བཙོན་ཏུ་ལུས་བ་ཚོར་གདུང་སེམས་མཉམ་བསྐྱེད་བྱེད་དགོས།
བོད་མིའི་ལར་ཞེན་ཡོད་མཁན་ཞིག་བྱེད་དགོས།
མ་ཎི་སྐྱོར།
ཤི་བོ་ཤི་མོ་ཚོའི་ཆེད་དུ་བསྔོ་བ་བྱེད།
ཕྲེང་བ་ཟད་ཟད་བར་དུ།
ང་ཚོའི་སྤུན་མཆེད་རྣམས་སྡུག་བསྔལ་གྱིས་མནར་བ་དྲན་པར་གྱིས།
དེས་ན།
ལོ་གསར་གཏོང་དགོས་རེད་དམ།
བསམ་འདུན་གྱི་སྙིང་པོ་དེ་ཁ་ཁ་རེད།
ལོ་གསར་ནི་།
ང་ཚོ་འགྲོ་བ་མི་ཞིག་ཡིན་པ་དང་བོད་མི་ཞིག་ཡིན་པ།
གསལ་བར་སྟོན་བྱེད་ཀྱི་ལེགས་ལམ་དེ་རེད།
སྤྲོ་སྐྱིད་དང་གླུ་གར་གཅིག་པོར་རོལ་རྒྱུའི་སླད་དུ་མ་རེད།
དེ་ནི་མཚོན་བྱེད་ཅིག་རེད།
ང་བོད་མི་ཞིག་ཡིན།
ང་བོད་ལ་དུངས་ཞེན་ཆེ།
ང་གཞན་གྱི་བཙན་གནོན་འོག་ན་ཡོད།
འོན་ཀྱང་། ངས་གཞན་གྱི་གཉའ་ནོན་ལ་ནམ་ཡང་མགོ་མི་སྒུར།
ང་སྐྱབས་བཅོལ་བ་ཞིག་ཡིན།
འོན་ཀྱང་། ང་སེམས་ཕམ་ཞིང་ཡིད་ཞུམ་གྱི་མེད།
ང་ལ་རིག་གཞུང་ཞིག་ཡོད།
རིག་གཞུང་དེའི་མིང་ལ་བོད་ཀྱི་རིག་གཞུང་ཟེར།
ང་ལ་ཕ་མེས་ཀྱིས་བཏགས་པའི་མིང་ཞིག་ཡོད།
མིང་དེ་བོད་ཀྱི་མིང་ཡིན།
ང་ལ་འབྱུང་འགྱུར་ཞིག་ཡོད།
དེ་ནི་བོད་ཀྱི་མ་འོངས་བ་ཡིན།
ང་བོད་མི་ཞིག་ཡིན།
ངས་སྒོ་གླེགས་གསར་བ་ཞིག་ཕྱེས་ན་འདོད།
མ་ཎི་ཚར་རེ་དང་མིག་ཆུ་ཐིག་པ་རེ། དེ་བཞིན་ཕྲེང་རྡོག་རེ་བགྲང་བ་དང་གཤིན་པོའི་རྣམ་ཤེས་དང་ལག་འཇུར་བྲེལ། འདས་པའི་ལོ་རེ་དང་དཔྲལ་བའི་གཉེར་མ་རེ། དེ་བཞིན་མཆོད་མེ་རྐོང་བུ་རེ་སྦར་བ་དང་གྲི་ཤི་རེས་སྐྱོ་བའི་་མིག་བརྡ་བྱས། ཞག་གི་འཁོར་ལོ་རེ་དང་ཐོ་རེང་གི་ཅོང་བརྡ་རེ། དེ་བཞིན་ཇ་ཕུད་ཐེངས་རེ་མཆོད་པ་དང་ངར་ཤི་སི་རེ་ཀུ་སྒྲས་རྣ་བ་གཙེར། ངའི་ལོ་གསར་ཀྱི་སྒོ་ཆེན་དུ། གྲི་ཕོ། གྲི་མོ། ཕོ་གཤིན། མོ་གཤིན། དར་ཤི། གཞོན་ཤི། སྡུག་ཤི། ངར་ཤི། ལྟོག་གྲི། ལྕེབས་གྲི། ཤི་འདྲེ་གསོན་འདྲེ་མང་པོས་བཤུག་གླུ་ལེན་ཞིང་ལན་ཆགས་བཙན་གྱིས་སྙོགས།
བོད་ཁམས་ཀྱི་ཆེད་དུ་ཕེབས་སོང་བའི་གཤིན་པོ་དེ་དག་གི་ཕྱིར་དུ།
མ་ཎི་དང་མཆོད་མེ་མཉམ་དུ་ངས་ལོ་གསར་གཏོང་གིན་ཡིན།
ཨ་རག་དང་མིག་ཆུ་འདྲེས་མའི་ཕོ་བ་གང་གིས།
ངས་ཁོང་ཚོར་སྣེ་ལེན་བྱས་ན་འདོད།
གོང་གི་ར་མགོ་ལུགས་སྤྱར་གྱི་ལས་རྟགས་དེ་ཅི་རེད་། བོད་མིས་ལྟས་ན་ནང་དོན་མེད་པ་། དབྱིན་ཇི་བའི་ལྟས་ན་འབྲེལ་བ་མི་ཆགས་པ་། དེ་ག་རེ་རེད་། ཟམ་གདོང་གི་དབུ་མའི་ལམ་ལ་འབྲེལ་བ་རྒྱབ་པ་འདྲ་བོ་ཞིག་།
ད་ལྟའི་ཆར་བཙན་བྱོལ་བོད་མིའི་ཁྲོད་བོད་གངས་ཅན་ལྗོངས་ཀྱི་ལོ་གསར་པའི་དགའ་སྟོན་བྱེད་ཕྱོགས་ཐད་བསམ་ཚུལ་སྣ་མང་ཞིག་ཡོང་དང་ཡོང་བཞིན་པ་ལྟར་ཕྲན་གྱིས་ཀྱང་གོ་སྐབས་འདི་རྒྱུད་རང་གི་གང་འདོད་པ་རྣམས་ཞུ་རྒྱུ་ཡིན།
རང་ཡུལ་རང་གི་ཡུལ་དུ་རང་དབང་གི་དབེན་པའི་ང་དང༌། ཚེ་རིང་དོན་གྲུབ། དཔལ་ལྷ། ལྷ་སྐྱབས། མིག་འགྱུར། ངག་སྒྲོལ་བཅས་ངེད་ཅག་ཆུང་འདྲིས་ཀྱི་གྲོགས་པོ་འགའ་ཤས་ཞིག་ད་ལོའི་ལྕགས་སྟག་གནམ་ལོ་གསར་དུ་བཞེད་པའི་དུས་སྟོན་ལ་ནམ་རྒྱུན་ལྟར་དགའ་དགའ་སྤྲོ་སྤྲོ་་དང་སྣང་བ་སྐྱིད་སྐྱིད་བྱེད་རྒྱུ་མིན་པ་ཐག་བཅད་པ་ཡིན། དེ་ཡང་ང་དང་གྲོགས་པོ་ཚོ་ལོ་གསར་པར་ཀྲ་ཤིས་རྟེན་འབྲེལ་ཞུ་འདོད་མེད་པ་དང་དགའ་དགའ་སྐྱིད་སྐྱིད་ཀྱི་སྣང་བར་རོལ་འདོད་མེད་པ་རྩ་བ་ནས་མིན། དངོས་གནས་བྱེད་ན་ལོ་གསར་པར་རྟེན་འབྲེལ་ཞུ་དགོས་དང་དགོས། དགའ་དགའ་སྐྱིད་སྐྱི་བྱེད་འོས་དང་འོས། རེད་དེ་ང་ཚོ་ནི་རང་གི་སྙིང་དབུས་ནས་ནམ་ཡང་བྲལ་ཐབས་མེད་པའི་བརྩེ་བའི་དགའ་གཉེན་ཕ་མ་སྤུན་མཆེད་དང༌། གྲོགས་པོ་དེ་བཞིན་བོད་རིགས་དཔའ་བོ་དཔའ་མོ་མང་པོཞིག་ད་བར་དམར་པོ་རྒྱ་ཡི་བཙན་འོག་ཏུ་མི་འདོད་བཞིན་དུ་སྡོད་དགོས་པའི་ལས་ངན་དང༌། དཀའ་ཐུབ་མྱོང་དགོས་བྱུང་བ་ལ་བསམ་ནས་ད་ལོའི་ལོ་གསར་གཏོང་འདོད་རྩ་བ་ནས་མེད། ལྷག་དོན་ཕྱོ་ལོ་༡༩༥༩ །༡༩༨༨ །༢༠༠༨ བཅས་ལོར་ཤ་ཁྲག་གཅིག་པའི་གཞིས་ལུས་རྒྱ་ཆེ་བོད་རིགས་དཔའ་བོ་དཔའ་མོ་གྲངས་ལས་འདས་པ་ཞིག་གི་ཚེ་སྲོག་གི་རྣམ་ཤེས་མི་ཡུལ་ནས་དོར་བ་ཚོ་ལ་མྱང་ངན་དང༌། གུས་བཏུད་བྱེད་འདོད་པ་ལས་ཁོང་ཚོར་སྙིང་ཚིམ་རྒྱག་འདོད་མེད། མ་ཟད་ཡངས་ཤིང་རྒྱ་ཆེ་བའི་ཕ་ས་དང༌། མཛེས་ཞིང་ལྟ་སྡུག་པའི་རང་གི་ཕ་ཡུལ་དེ་དམར་པོ་རྒྱ་ཡིས་ཧམ་འཕྲོག་བྱས་ནས་མི་ལོ་༥༠སོང་བ་བཅས་ལ་བརྟེན་ནས་ང་ཚོ་ལོ་གསར་པར་ལོ་གསར་གཏོང་འདོད་དངོས་གནས་ཡིད་ལ་མི་དྲན། ད་དུང་ལྷག་ག་བསམ་དང་དཔའ་ངར་ལ་ཕྲུགས་པའི་ཉམ་ཆུང་གི་་བོད་རིགས་དཔའ་བོ་དཔའ་མོ་མང་ཞིག་རྒྱ་ཡི་མུན་ནག་གི་བཙོན་ཁང་དུ་དཀའ་སྡུག་ཚད་མེད་མྱོང་དང་མྱོང་བཞིན་པ་རྣམས་ལ་མྱང་ངན་དང༌། ཁོང་ཚོ་ནམ་ཡང་་སེམས་མི་ཞུམ་པའི་ཆེད་ང་དང་ངའི་གྲོགས་པོ་རྣམས་དངོས་གནས་ད་ལོའི་ལོ་གསར་ཡང་གཏོང་འདོད་མེད་ལ་རྟེན་འབྲེལ་ཡང་ཞུ་འདོད་མེད། འོན་ཀྱང་ཁྱོད་ཚོ་ལོ་གསར་པར་དགའ་དགའ་སྤྲོ་སྤྲོ་དང་སྣང་བ་སྐྱིད་སྐྱིད་གཏོང་མཁན་རྣམས་ལ་ང་ཚོས་སྙིང་དབུས་ནས་འཚམས་འའདྲི་ཞུ་རྒྱུ་ཡིན