ལོ་ངོ་ལྔ་བཅུའི་ན་ཟུག
ན་ཟུག་དེས་བསླངས་བའི་ཞེ་སྡང༌།
ཟ་ལེ་རྒྱལ།
བཙོན་དུ་ཚུད་པའི་སྤུན་དག་དྲན་ནས་ཨུ་ཐུག་ཐབས་ཀྱི་མཐའ་མ་སྟེ།།
བཅོས་མིན་མིག་ཆུའི་དོ་ཤལ་དང་བཅས་སྟེང་ཕྱོགས་ལྷ་ལ་ཞུ་རུ་སོང༌།།
ལྷ་དང་ལྷ་མོས་ཞིབ་དུ་ཉན་རྗེས་དོན་ཆེན་ལས་ཀྱི་དང་པོ་སྟེ།།
ལྷ་ཡི་བིས་བ་བསྟན་འཛིན་རྒྱལ་མཚོའི་གྲོགས་སུ་འགྲོ་ཅེས་གྲོས་མཐུན་བྱུང༌།།
མཚོན་སྣ་ལྔ་ལྡན་འཇའ་ཡི་སྐས་འཛེག་དམར་པོ་རི་ཡི་སྟེང་དུ་བཙུག།
གནམ་བསྐོས་དཔའ་བོ་བྱེ་བ་ཕྲག་བརྒྱས་གངས་ཅན་བོད་ལ་དཔུང་རོགས་མཛད།།
རྒྱ་དགའ་བོད་སྡང་རྒྱ་བོད་གཉིས་ཀ་པོ་ཏ་ལ་ཡི་མདུན་དུ་བཀུགས།།
བུན་ཅ་པོ་ཡི་གསོན་སྙིང་བཏོན་ནས་ཧུའུ་ཅིན་ཐོའོ་ཡི་ཁུ་རུ་བརྫངས།།
གདོང་དམར་བོད་ཀྱི་ལག་དམར་རྣམས་ལ་ལས་འབྲས་ལྟད་མོ་དང་བོ་བསྟན།།
ཧུའུ་མགོ་ཅང་མགོ་དམ་དུ་བཅད་དེ་མི་མགོ་རློན་པོས་འཕྲེང་བ་ལས།།
མོའོ་མགོ་སྐམ་པོ་འཕྲེང་དཔོན་བྱས་ཏེ་ཏུན་མགོ་ཏོག་གི་ཚབ་ཏུ་བཞག།
རྒྱ་དཔོན་བརྒྱ་དང་བརྒྱད་ཀྱི་རྒྱུ་མས་རྒྱ་མཁར་སྨུག་པོར་རྨི་ཐག་འཐེན།།
དམངས་གཙོའི་ཕ་རྒྱ་མ་རྒྱ་ཚང་མ་གངས་ཅན་བོད་ཀྱི་མགྲོན་ལ་བོས།།
ཤི་བོའི་རོ་ལ་ཚོར་བ་མེད་ཀྱང་རང་གི་ན་ཟུག་དྭངས་བའི་ཆེད།།
མགོ་མེད་རོ་ཡི་རྨ་ཁའི་ཐོག་ལ་ཚྭ་དང་སྒོག་པ་ལྭ་ཙི་བཏབས།།
དམར་བོའི་ལྟ་བ་སྲོག་ལ་ཟུག་པའི་གནོད་སྦྱིན་དུ་མའི་སྙིང་ཁྲག་གིས།།
ཀྲིག་ཨན་ལེ་ཡི་རོ་སྒམ་ཐོག་ལ་རྒྱ་ཀྲམ་དམར་པོས་ཏམ་ཀ་བྲིས།།
གངས་རིའི་གཤེད་མ་ཀུན་གྱི་མིག་འབྲས་གསོན་པོར་དྲུས་ནས་འཕྲེང་བར་བརྒྱུས།།
ཡུགས་ཕོ་ཡུགས་མོའི་སྐེ་ལ་བཏགས་ཏེ་ཀི་ཀི་སོ་སོའི་ལྷ་རྒྱལ་འཐེན།།
ཕྱི་མའི་ཡུལ་ན་འཇིགས་པ་ཡོད་མེད་ཟ་ལེ་རྒྱལ་ངས་མི་ཤེས་པས།།
གཤིན་རྗེ་ཁྲིམས་ཁར་མ་བསླེབས་སྔོན་ལ་རང་གི་མིག་གིས་རིག་ས་ནས།།
མ་ལུས་འཇིགས་པའི་རྣམ་གྲངས་ཀུན་ལ་མི་ཡུལ་འདི་ནས་རྫོགས་ཚིག་བྲིས།།
རྒྱ་བོད་གཉིས་ཀ་སོ་སོར་བགར་ཏེ་རང་རང་སོ་སོའི་ས་མཚམས་བྲིས།།
དེ་ཡི་མོད་ལ་ཧད་ཀྱིས་སད་དེ་ས་ཡི་གོ་ལ་ཧྲིལ་པོ་ནས།།
ཏ་ལེ་བླ་མ་ང་ཡི་གྲོགས་ཞེས་འཛམ་བུ་གླིང་གི་དཔོན་ཆེན་ཚོས།།
ཁ་པར་ཁ་བརྡའི་སྔ་བཞུག་བརྩད་དེ་བར་སྣང་དྲ་རྒྱའི་བརྡ་རྟགས་གད།།
ལོ་ངོ་ལྔ་བཅུར་བཙན་གྱིས་སྒོམ་ཡང་རྨི་མལ་ལ་ཡང་མ་ཤར་བའི།།
མ་གཉིད་སེམས་ཀྱི་སྟོང་སེམས་འདི་ལ་བལྟས་ཀྱིན་བལྟས་ཀྱིན་སེམས་པ་སྐྱིད།།
གལ་ཏེ་ང་རང་སྟོང་སེམས་སྟོང་གི་འཇིག་རྟེན་ངོ་མཚར་ཆེན་པོ་ནས།།
ད་དུང་མ་སད་ཡུན་རིང་འགོར་ཚེ་ང་ཡང་མི་ཡི་འཇིག་རྟེན་འདིར།།
མི་ལུས་ཞིག་གི་བགོ་སྐལ་ཐོབས་པ་བདེ་སྐྱིད་ཅིག་གི་རྟེན་དུ་གྱུར།།
ཡིན་ཡང་ལས་ངན་བོད་པ་ང་ལ་དེ་ཡི་ལས་ཀྱང་མ་བྱུང་བས།།
མིག་ཆུ་ཕྱི་བཞིན་གཡོག་ལ་བུད་སོང་དྲ་གྲོགས་ཚང་མ་བདེ་མོ་བྱོས།།
ཟ་ལེ་རྒྱལ་ཟེར་བ་འདིས་རྩོམ་ཡིག་ཡག་པོ་རེ་འབྲི་གི་ཡ། ད་དུང་ཁོང་གི་དུས་བབ་ཟིན་བྲིས་ནའང་སྙན་རྩོམ་ཡག་པོ་རེ་བྲིས་འདུག དངོས་ཐུགས་རྗེ། དུས་བབ་ཟིན་བྲིས་ཐོག་གི་མེ་ཏོག་ལུང་བ་ཟེར་བ་དེར་ང་དངོས་ནས་ཧང་སང་གི་ རྩོམ་ཡིག་ཡག་པོ་ཟེར་བ་རེད།དྲ་གྲོགས་ཚོར་དབེ་མོ་མི་འཇོག་པར་མུ་མཐུད་ནས་རྩོམ་ཡིག་རེ་ཕྲིས་དང༌། ཁྱོད་ལ་ལྷན་སྐྱེས་ཀྱི་རྩོམ་སྟངས་རེ་འདུག་བསམ་གི་ཡ།
སེམས་ཀྱི་དངས་པ་ནང་ལ་ཞོག་དང་ཕྱི་ཡི་དགྲ་ཡང་གྲོགས་སུ་འདུ།།
ལུས་ཀྱི་ངལ་བ་དང་དུ་ལོངས་དང་ནམ་ཞིག་འཚོ་བའི་བཅུད་དེ་འཁོར།།
ནང་གི་བདེ་སྡུག་ཆོས་ཉིད་བསྒོམ་དང་གང་ཞིག་སེམས་འདི་བདེ་བར་ངེས།།
དེ་ལྟར་ཡིན་མིན་ག་ལེར་བརྟག་དང་ཚིག་འདི་བདེན་མིན་དེ་ནས་ཤེས།།
བདག་འཛིན་སྟོང་ཉིད་སྔོན་ནས་རྟོགས་པའི་དགྲ་བཅོམ་རྒྱལ་བ་ཁྱོད་མ་རེད།།
མི་རྟག་ཚེ་སྲོག་རི་ལ་བསྐྱལ་བའི་བྱ་བཏང་དྲང་སྲོང་ཁྱོད་མ་རེད།།
སྒྲིབ་པའི་མུན་པ་རིང་ནས་དོར་བའི་བཟོད་པའི་རྒྱལ་པོ་ཁྱོད་མ་རེད།།
ཁྱོད་དང་ང་ལ་དེ་འདྲའི་སྙིང་ནད་དགྱ་ནག་སྟེང་ལ་ལོས་ཡོད་ཡ།།
ཨ་རོགས་ཚོ། ངོ་མ་ཟ་ལེ་རྒྱལ་འདིའི་སྙན་ངག་ལ་བྲོ་བ་མ་འདྲ་བ་ཞིག་འདུག་ག་ ང་དང་ང་ལྟ་བུའི་མི་མང་པོ་ཞིག་ཁྱོད་དང་ཁྱོད་ལྟ་བུའི་སྙན་ངག་མཁན་པོ་ཟ་ལེ་རྒྱལ་ལྟ་བུ་ལ་ནམ་ཡང་དགའ་བོ་ཡོད། གྲོགས་པོ། མཚམས་མི་འཇོག་པར་མུ་མཐུད་དུ་སྙན་ངག་བྲོ་བ་ཅན་རེ་འཁྱེར་ནས་ཡོང་རོགས།
སྟོང་གསུམ་སྟོང་གི་འཇིག་རྟེན་འདི་ཡི་སྒང་མདུན་ལམ་ཞིག་འཚོལ་དུ་སླེབས།
ལམ་འདི་ནས་ནམ་ཡང་ཐ་ཐབ་བྲལ་བས་ང་ཚོ་སླར་ཡང་མཇལ། སྟོང་བསམས་ཀྱི་ཀླད་སྐོར་རྒྱབ་ནས་གླིང་གཞི་སྐོར། མི་ལོ་ལྔ་བཅུ་འདས་ཟིན་་ དྲོ་སྐྱིད་ལྡན་པའི་ཁྱིམ་གཞི་དེ་གྲང་ངར་ཁྲོད་དུ་ལུས། ཨ་ཁ་ ཡིད་ཐང་ཆད་སོང་།
ཤར་ཕྱོགས་ཀྱི་རླུང་ཚུབ་དེ་་ཇི་འདྲའི་རྡུག་རྩུབ་ཆེ་ལ། ང་ཚོའི་ལངས་འཚོ་ ང་ཚོའི་ཕུག་བསམས་ ང་ཚོའི་མདུན་ལམ་ ང་ཚོའི་ལ་རྒྱ་ ང་ཚོའི་མི་རིགས་ ང་ཚོའི་ནང་ཆོས་ ང་ཚོའི་བླ་མ་ ང་ཚོའི་དཔོན་བོ་ གང་དུ་
སེམས་སྐྱོ་བ་ལ་ ཡིད་རྨུག་པ་ལ་ སླར་ཡང་མཇལ་ སླར་ཡང་འཆི། སླར་ཡང་ངུ་། སླར་ཡང་འཁོར་། འདས་ཟིན། ཕྱིན་ཟིན།
མི་ཞུན་ལ། སྙན་ངག་མཁན་པོ་ཞེས་པ་བསྟོད་པ་རེད།། བསྟོད་པ་བྱེད་པ་བོད་པའི་ལུགས་སྲོལ་རེད།། གོང་གི་ཚིག་རྐང་བཞི་བོ་མྱི་སྐད་རེད།། མྱི་ལ་མྱི་སྐད་བཤད་ན་སྐྱིད་པོ་རེད།། ལྷ་ཀླུ་གཉན་གྱིས་གསུངས་པ་ལྷ་སྐད་རེད།། ཟ་ལེ་རྒྱལ་གྱིས་ལྷ་སྐད་མི་གོ་བས།། ལྷ་སྐད་བཤད་ན་ལྷ་ཡུལ་ཁམས་ལ་སོང་།། ལྷ་དང་ལྷ་མོའི་མཉམ་དུ་ཁ་བརྡ་བྱོས།། རང་གི་ལྷ་སྐད་ཤེས་པའི་ཁེ་བཟང་རེད།།
བྱམས་པ་ཕུན་ཚོགས་མགོ་ལེ་ཆོད་ལ་ཁྱི་རྒན་རགས་དྷིའི་སྔུན་དུ་འཕོང།།
བུ་ཆུང་ཚེ་རིང་གཡུ་ལོ་ཁོགས་ལ་ཚེ་བརྟན་སྒྲོལ་མར་ཟ་རུ་ཆུག།
འཕགས་པ་དགེ་ལེགས་འཕག་གི་སྡད་ན་ཀྲང་ཆིན་ལེན་དང་མཉམ་དུ་སོད།།
སྤོ་སྤོ་མོ་སྤོ་ཁ་མང་དེ་ཚོ་མ་ཤི་བར་དུ་བཙོན་འཇུག་བྱོས།།
དེ་ལྟར་བྱ་ན་ཟ་ལེ་དཔའ་བོའི་ལྷ་ཡུལ་འགྲིམས་པ་སྟོང་ཟད་མིན།།
ཨ་རིའི་ཨ་མ་རྒན་མོ་ཁྲིད་ནས་པོ་ཊ་ལ་གཟིགས་སྐོར་བྱོས།།
ཨ་མ་གཤིན་རྗེ་མཇལ་དུ་སོང་ཡང་ཨ་སྒོར་ད་རུང་ལྷག་སྡད་ཡོད།།
དེ་ལྟར་བྱེད་་ན་ཟ་རྒྱལ་གྲོགས་པོའི་རྒྱལ་ཁ་ཉིས་བརྩེགས་སུམ་བརྩེགས་རེད།།
ཡ་ད་ཚང་མས་རེ་ཞིག་ཟ་ལེ་རྒྱལ་ལ་སློབ་སྦྱོང་བྱོས། ངས་ཀྱང་ཁོང་ལ་སློབ་སྦྱོང་བྱེད་རྒྱུ་ཡིན།
བཏང་ན་སེམས་འདི་འགོག་ཐབས་བྲལ་བས་ཡོད་ཚད་ངན་རྒུའི་དགྲ་རུ་མཐོང༌།།
བསྡམས་ན་སེམས་འདི་ཞི་ཞིང་དུལ་བས་ཐམས་ཅད་བརྩེ་བའི་གྲོགས་སུ་འཛིན།།
ཆ་འཇོག་བྲལ་བའི་སེམས་ཀྱི་གཤིས་འདིས་ང་ཚོ་བསླུས་པ་གྲངས་མེད་པས།།
ད་ནི་རང་སེམས་རང་གིས་འདུལ་བར་སྟོན་པའི་གདམས་པ་དང་དུ་ལོངས།།
གངས་ཅན་བོད་ལ་རང་བཙན་ཐོབ་ཉིན་རིག་གསར་ལྟ་བུའི་ལས་འགུལ་སྤེལ།།
ལས་འགུལ་ཁ་ཕྱོགས་རྒྱ་ལ་མི་སྐོར་བོད་མིའི་ནང་ནས་གྲལ་རིམ་ཕྱེས།།
གྲལ་གྱི་རིམ་པའི་མཐོ་དམན་ལ་གཞིགས་གང་ལ་དེ་འབབ་འཐད་རྩོད་བྱེད།།
རྒྱ་དགའ་བོད་མིས་བོད་ལ་ཇི་བྱས་བོད་མིས་དེ་ལ་སྙིང་ནད་རྩོད།།
གྲལ་རིམ་འཐབ་རྩོད་གཏན་ནས་མི་བརྗེད་མའོ་ཙེ་ཏུང་གི་ལྟ་བ་མོད།།
གལ་ཏེ་བོད་ལ་རང་བཙན་ཐོབ་ན་དེ་ལྟར་མི་བྱེད་རང་བྱེད་ཉིད།།
བྱམས་པ་ཕུན་ཚོགས་ཁྱི་རྒན་ཁོ་ཡིས་ཉིས་བརྒྱད་བོད་པའི་ཡར་ལངས་སྐབས།།
རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་ལ་ཅི་བྱས་ང་ཡི་སེམས་ན་ཡོད།།།
ཁྱི་མོ་ཚེ་བརྟན་སྒྲོལ་མའི་ངག་ནས་གླུ་གཅིག་ལེན་ཏང་ལ་ཞེས།།
དམར་པོ་དགྲ་ལ་སྟོད་གླུ་ཕུལ་བ་གོ་བ་ཙམ་གྱིས་ཁོག་སྟོད་ན།།
ཨ་བ་གླང་མགོར་ཁ་པར་གཏོང་ནས་གཤིན་རྗེ་རྒྱལ་པོའི་ཐོ་གཞུང་ནང་།།
ཉི་མ་ལྷ་སའི་རྒྱུག་ཁྱི་དེ་ཚོ་གཅིག་ཀྱང་མ་ལུས་ཁོད་ཅེས་བསྐུལ།།
ནོར་བཅོས གཏང