ཚིག མུ་ལ་ནས།
ལོ་ད་ལོ་ལོ་གསར་སྐྱིད་པོ་རེད། །
གནས་མཐོང་བ་ཀུན་སྨོན་རྡ་ས་ནས། །
རྗེ་བླ་མའི་ཕྱོགས་བཞིའི་སློབ་བུ་རྣམས། །
དུས་མཉམ་དུ་འཛོམས་པས་སྐྱིད་པོ་རེད། །
ལོ་ད་ལོ་རྟེན་འབྲེལ་བཟང་པོ་རེད། །
མགོན་བླ་མའི་དགུང་གྲངས་བརྒྱད་ཅུར་བཞེས། །
འབངས་སློབ་བུའི་བཅོས་མིན་དད་པའི་ངང་། །
རྗེ་བླ་མར་བཀྲ་ཤིས་རྟེན་འབྲེལ་ཞུ། །
ལོ་ད་ལོ་བླ་མར་གསོལ་བ་འདེབས། །
མ་སེམས་ཅན་ཐར་བར་འདྲེན་པའི་ཕྱིར། །
མགོན་བླ་མའི་དགྱེས་བརྩེའི་འཛུམ་ཞལ་མཆོག །
དུས་ནམ་ཡང་འབྲལ་མེད་རྟག་བཞུགས་མཛོད། །
རྗེ་བླ་མ་ཟེར་ན་ཙོང་ཁ་པ་རེད་དམ།
སོ་སོས་སོ་སོ་སྐྱོབ་དགོས་ལེ་རེད་ཅེས་སངས་རྒྱས་ཀྱིས་གསུང་ཡོད་པས། རྗེ་བླ་མས་སྐྱོབ་ཡ་ཡོག་མ་རེད།