གངས་སེང་།
མི་ལོ་༤༠༠༠ ཡར་སྔོན་ནས་བོད་ཡིག་ཡོད་པའི་བདེན་དཔང་གནའ་རྫས་རྟོག་ཞིབ་པས་གསར་རྙེད་བྱུང་འདུག ཉེ་ཆར་མཚོ་སྔོན་དང་ཀན་སུས་ཞེས་འབོད་པ་གཉིས་ཀྱི་ས་མཚམས་ནས་གདོད་མའི་བོད་ཀྱི་གནའ་རྫས་མང་པོ་ཐོན་ཡོད་པ་དང་། གནའ་རྫས་རྟོག་ཞིབ་བྱས་པས་ལོ་ངོ་བཞི་སྟོང་གྱི་སྔོན་དུ་བོད་ཡིག་ཡོད་པའི་བདེན་དཔང་རྙེད་ནས་གསལ་བསྒྲགས་བྱས་འདུག
དེ་ཡང་རྒྱ་ནག་གི་གནའ་རྫས་རྟོག་ཞིབ་མཁན་འབུམ་རམས་པ་ལིའུ་ཧན་ཀིན་སོགས་ཀྱིས་བརྟག་དཔྱད་བྱས་པ་ལྟར་ན། གནའ་རྫས་དེ་དག་ཕྱི་ལོ་སྔོན་གྱི་ལོ་༢༡༠༠ ནས་༡༧༠༠ ཡི་བར་དུ་བྱུང་ཞིང་། ད་ལྟའི་བར་མི་ལོ་༤༠༠༠ ལྷག་གི་ལོ་རྒྱུས་ཡོད་པར་འགྲེལ་བརྗོད་བྱས་པ་མ་ཟད། གནའ་རྫས་འདི་དག་གི་ཐོག་ཏུ་ཡོད་པའི་བོད་ཡིག་ནི་དེང་སྐབས་གསར་རྙེད་བྱུང་བའི་དུས་ཚོད་སྔ་ཤོས་ཀྱི་བོད་ཡིག་ཡིན་པ་ར་སྤྲོད་བྱུང་འདུག
དེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཆུ་ཕུགས་བོད་རང་ལ་ཡོད་པའི་དཔང་རྟགས་རེད་ལ། ཡོད་ཚད་རྒྱ་དཀར་ནག་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བར་སྨྲ་མཁན་དག་ལ་སྒྲ་མེད་པའི་འགྲམ་ལྕགས་ཆུང་ཆུང་ཞིག་གཞུས་པ་རེད་ཅེས་དཔྱད་བརྗོད་པ་ཁག་གཅིག་གིས་གསུངས་འདུག
བོད་ཀྱི་བང་ཆེན་གསར་འགོད་པ་ངག་དབང་ཐར་པ།
རྩོམ་པ་པོ་ལགས། གནས་ཚུལ་ཁུངས་གང་ནས་ཐོབ་བྱུང་། ད་ལྟ་དངོས་རྫས་དེ་ཚོ་གང་དུ་ཉར་ཡོད་འདུག རྒྱལ་སྤྱི་དང་རྒྱལ་ནང་གི་གསར་རྙེད་དང་སྔོགས་འདོན་གྱི་དེབ་ཕྲེང་དང་དྲ་རྒྱ་གང་དུ་ཐོན་འདུག
འདི་ནི་ཤིན་ཏུ་སྙན་པའི་གཏམ་བཟང་ཞིག་རེད།
གཏམ་བཟང་རེད་ངོ་མ་ཡག་གི
ཉིན་ཤས་སྔོན་ངས་འདི་སྐོར་ཐོག་མར་ཐོས་དུས་ ཅ་ལག་དེ་དག་ལོ་ ༡༧༠༠ ཡར་སྔོན་ཙམ་གྱི་རེད་ཅེས་བྲིས་འདུག ད་ལོ་ ༢༣༠༠ བསྣན་འདུག མ་ཡིག་དེ་ན་ཅི་ཞིག་བྲིས་པ་དེ་འགོད་འོས་པར་མཐོང་།
སྤོབས་མཐའ་དང་དགེ་རབ་རྣམ་གཉིས་སེམས་པ་འཁྲུགས་འདུག། ཐུགས་ཁག་མེད།
བོད་པ་ཚོ། རང་ས་རང་ཡུལ་གྱི་ཆེད་དུ་མེ་ཚེའི་རིན་ཐང་མེ་ལ་བཞུས་དང་བཞུ་བཞིན་པའི་བོད་མི་རྐང་ཐང་བ་རྣམས་དྲན་ན་སེམས་འདི་སྡུག་གི་གནོན། ཡ་ཁོག་འཁྱག་གིས་བསྡམས། འོན་ཏེ། རང་ས་ལག་མཐིལ་ཙམ་ཡང་མེད་པའི་བོད་པ་ཚོར་དགའ་བའི་གཏམ་རེ་ཡང་ཐོས་རྒྱུ་འདུག དེ་ནི་བོད་ཀྱི་ཤེས་རིག་གི་ཕྱི་མོ་བོད་ཀྱི་དབྱངས་གསལ་རིན་པོ་ཆེའི་དགུང་ལོ་མཐོ་རུ་ཕྱིན་པ་འདིས་ངེད་བོད་པ་ཚང་གི་ཤེས་རིག་གི་རིན་ཐང་གསེར་གྱི་རི་བོ་ལས་ཀྱང་གོང་ཅེ་མཐོར་སོང་བ་རེད། ཨ་ལ་ལ། ཨེ་མ་ཧོ། དེ་རིང་ནས་བཟུང་སྟེ་དགའ་བས་གླུ་ལོངས། སྐྱིད་པའི་བྲོ་འཁྲོབ། ད་ཡིན་ད། ཀི་ཧི་ཧི།
http://ti.zangdiyg.com/Home/Article/detail/id/1903.html?bsh_bid=545434661&from=groupmessage&isappinstalled=0
གངས་སེང་ལགས། གོང་དུ་མཁས་པ་སྤོབས་མཐས་བཤད་པ་ལྟར། འབུམ་རམས་པ་ལིའུ་ཧན་ཀིན་ཟེར་བས་གནའ་རྫས་དེ་དག་ལ་ཞིབ་འཇུག་ཇི་ལྟར་བྱས་པའི་རྒྱུད་རིམ་གྱི་གནས་ཚུལ་ཅུང་ཞིབ་ཕྲ་ཅན་ཞིག་སྤེལ་ཐུབ་ན་ཤིན་ཏུ་ལེགས། དགེ་རབ་ལགས། ཉིན་ཤས་སྔོན་ཁྱེད་ཀྱིས་དེའི་སྐོར་ཐོག་མར་ཐོས་དུས་ཅ་ལག་དེ་དག་ལོ་ ༡༧༠༠ ཡར་སྔོན་ཙམ་གྱི་རེད་ཅེས་བྲིས་འདུག ཅེས་པ་ཁྱེད་ཀྱིས་གང་ནས་ཐོས་པ་དང་མཐོང་བ་ལགས། དེ་གསུངས་དང་དེ་ནས་ ༢༣༠༠ བསྣན་མཁན་སུ་ཡིན་མཁྱེན་གྱི་རེད་ཞུ། །
དེ་ལས་ཀྱང་རྙིང་བ་རག་སྲིད་པ་རེད། དེ་ལ་ཧ་ལས་ཧང་སང་རྒྱུ་ཞིག་མི་འདུག། གནའ་ཆས་འདི་ཚོ་ལོ་༥༠༠༠གི་ཡན་ལ་འགྲོ་མི་ཐུབ་པ་འདི་གནད་དོན་ཞིག་རེད།
སྒྲ་མེད་པའི་འགྲམ་ལྕག་འདི་དགྱ་དཀར་ནག་ནས་བྱུང་པ་མིན་པའི་ར་སྤྲོད་ལ་གཞུ་ཚད་སྔ་སོང་བ་རེད། ཐོན་མིའི་བཀའ་དྲིན་མི་དགོས་ཅན་པོ་བཤད་ཀི་ཡོད་འགྲོ།
བོད་ཀྱི་ལོ་རྒྱུས་འདི་བསྐལ་བ་ས་ཆགས་ནས་བཟུང་ཟེར་ནིའི་ངག་རྒྱུན་ཡོད་པ་རེད། ཕྱིར་མིག་ག་ཚོད་དུ་བྱེད་ཐུབ་པའི་བར་དུ་ལས་གཞན་ལོ་རྒྱུས་ཡང་དེ་ཙམ་ལས་མེད་པ་རེད། ལོ་རྒྱུས་ནི་ནམ་ཡང་ཁ་གསབ་ཀུན་ཚང་ཞིག་ཡོད་མི་སྲིད།
མ་གཞི་བོད་ཟེར་བ་དེ་ཐོག་མར་ཡུལ་ཡར་ལུང་གི་བོད་ཀ་གཡག་དྲུག་ཟེར་བའི་ཚོ་བ་དེ་ལས་བྱུང་བ་རེད། མཚོ་སྔོན་དང་ཀན་སུའུ་ཀྱི་ས་མཚམས་ཟེར་ན་ས་ཆ་གང་ཞིག་ཟེར་གི་ཡོད་རེད། རྒྱ་ཡུལ་རེད་དམ་བོད་ཡུལ་རེད། རབ་འབྱམས་པ་ཅིག་ཅིག་ཟེར་བ་དེ་སུ་ཞིག་རེད། ཞིབ་འཇུག་ཆེད་དེབ་གང་གི་ནང་དུ་ཐོན་པ་རེད། ད་ལྟ་ཅ་དངོས་དེ་ཚོ་འགྲམས་སྟོན་ཁང་གང་གི་ནང་དུ་ཡོད་པ་རེད། དྲི་བ་དེ་ཚོ་ལ་ལན་མེད་པར་སུའི་སེམས་འཁྲུགས་ཡོད་མེད་བཤད་བསྡད་ན་དཀའ་ལས་རེད།
ཧ་ལས་རྒྱུ་གང་ཡང་ཡོད་མ་རེད་།དེ་སྔོན་སྐལ་པ་རྫོགས་ལྡན་དང་གསུམ་ལྡན་གཉིས་ལྡན་སྐབས་སུ་ད་ལྟ་ལས་ཚད་
མཐོ་བའི་རིག་གཞུང་དང་སྐད་ཡིག་སོགས་རྒྱུ་རྩལ་མང་་པོ་ཡོད་པ་དེ་དག་དེང་
སང་མཐོང་རྒྱུ་མེད་ལྟར་ཚང་མ་འཇིག་པའི་ཆོས་ཉིད་་ཡིན་ན་འཇིག་རྟེན་འདི་་ཡང་
ནམ་་ཞིག་འཇིག་འགྲོ་བ་རེད་དྲ་འབུ་་ཚོ་ཤེས་སོང་བ་།ཧ་ཧ་།ཧས་ལས་ལྡོག་ལ་
ས་འོག་དངོས་རྫས་་འཐོན་་ནས་ང་ཚོར་རྒྱ་་མིའི་རང་བཙན་སྤྲོད་ཀྱི་མ་རེད་དོ་།ཧ་ཧ་
ལོ་ངོ༤༠༠༠ཡིན་ན་འདྲ། ལོ་ངོ༡༧༠༠ཡིན་ན་ཆོག བོད་ཡིག་གསར་བཏོད་པ་ཐོན་མི་མིན་པ་ར་འཕྲོད་པ་རེད། ཡིན་ནའང་། ཐོན་མི་ནི་སྐད་གསར་བཅད་གནང་མཁན་ཞིག་དང་བརྡ་སྤྲོད་རིག་པ་རྩོམ་མཁན་ཐོག་མ་ཆགས་ཡོད་པས། དེའང་རླབས་ཆེན་གྱི་མཛད་པ་ཞིག་རེད།
ཀརྨ་བློ་གསལ་གྱིས་གསུང་པ་དེ་ལ་ཡི་རངས་ཞུ།
ལོ་བཞི་སྟོང་སྔོན་གྱི་བོད་ཡིག་གསར་རྙེད། ཅེས་པའི་གསར་འགྱུར་དེའི་འབྱུང་ཁུངས།
http://mp.weixin.qq.com/s?__biz=MzA5NDEzNjYwNQ==&mid=202536074&idx=1&sn=a88a7a09e9aa77ee7fb1a79fc5196dea&scene=2&from=timeline&isappinstalled=0#rd
http://ti.zangdiyg.com/Home/Article/detail/id/1903.html?bsh_bid=545434661&from=timeline&isappinstalled=0
གངས་སེང་ལགས། གསར་གནས་འདིའི་འབྱུང་ཁུངས་ཀྱི་དྲ་ཐག་འདིར་འགོད་གནང་ཡོང་བའི་རེ་བ་ཤིན་ཏུ་ཆེ།
ད་དུང་ཞིབ་ཕྲའི་རྟོག་གཞིགས་དགོས། སྤོབས་པ་མཐའ་ཡས་མཆོག་གིས་བཀོད་པ་ལྟར་བོད་དབུས་སུ་དེ་འདྲ་ད་བར་དུ་འཐོན་མེད་པ། བོད་ཀྱི་མཐའ་མཚམས་སུ་དེ་ལྟར་འཐོན་པའི་རྒྱ་མཚན་འཆད་ཐུབ་མཁན་མེད་པ་ལྟ་བུར་འདུག གོང་གསལ་ཟངས་ལེབ་ཐ་མ་ན། བོད་ཡིག་ ག་ གསལ་པོར་མཆིས། དེའི་རྗེས་ཀྱི་ཡི་གེ་དེ་ཉིད། ཧིནྡཱི་དེ་བ་ནཱ་ག་རའི་དབྱངས་ཡིག་ ཨ་ ལྟ་བུར་སྣང་། བལ་ཡུལ་དང་རྒྱ་གར་དུ། སྐུ་འདྲ་མང་པོ་རྙིང་པ་ཡིན་པའི་ཚུལ་གྱིས་་མི་ལ་གོ་སྐོར་བྱེད་པ་མཐོང་དང་མཐོང་བཞིན་པ་ལྟ་བུ་མ་ཡིན་ན། ངོ་མཚར་ཅན་དུ་གཟུང་འོས་པ་ཞིག་གོ
༼མཚོ་སྔོན་དང་ཀན་སུའུ་ཀྱི་ས་མཚམས་ཟེར་ན་ས་ཆ་གང་ཞིག་ཟེར་གི་ཡོད་རེད༽
ས་ཆ་དེ་ནི་བོད་སྐད་བཤད་ས། བོད་ལྭ་གྱོན་ས། བོད་ཡིག་སྦྱོང་ས། བོད་པའི་གནའ་ཆས་རྙེད་ས། བོད་པའི་ངོ་གདོང་ཡོད་ས། བོད་གཤིས་རྩིབ་ས། བོད་རྩམ་བྲོ་ས། པགས་ཀོ་གོན་ས། སྒྱེ་ཕྱར་འཐག་ས། ཁུལ་རྩིད་འཁལ་ས། མ་ཎི་སྐྱོར་ས། བོད་ཁམས་སྲུང་ས། བོད་ཆོས་གསུང་ས། བོད་གཞི་ཆགས་ས། རི་ཆུ་གཙང་ས། ནོར་ཕྱུགས་རྒྱས་ས། སྦྲ་ནག་ཐང་གི་འགྱིང་ས། དར་ལྕོག་སྒང་གི་སྐྱོད་ས། གྱང་མཁར་རྩ་བ་བརྟན་ས། གནས་འཁམ་ཆེན། ས་བཅུད་ཆེན། གདོད་མ་བོད་མིའི་ཕ་ས་ཕ་ཡུལ་ཞིག་ཡིན་རེད་ལོ།
ཧ ཧ ང་ཚོ་དགོས་རྒྱུ་དེ་སྨར་ཡིག་ཟེར་བ་མིན་ནམ། ཧིན་ཡིག་བོད་ཡིག་ཡོད་མེད་རྩོད་པ་ཡོད་རེད་ཀོ། ཁུངས་མེད་ལུང་མེད་བཤད་ན་ཆོ་མི་འདུག
་་་་་་་ གངས་སེང་།
མི་ལོ་༤༠༠༠ ཡར་སྔོན་ནས་བོད་ཡིག་ཡོད་པའི་བདེན་དཔང་གནའ་རྫས་རྟོག་ཞིབ་པས་གསར་རྙེད་བྱུང་འདུག ཉེ་ཆར་མཚོ་སྔོན་དང་ཀན་སུས་ཞེས་འབོད་པ་གཉིས་ཀྱི་ས་མཚམས་ནས་གདོད་མའི་བོད་ཀྱི་གནའ་རྫས་མང་པོ་ཐོན་ཡོད་པ་དང་། གནའ་རྫས་རྟོག་ཞིབ་བྱས་པས་ལོ་ངོ་བཞི་སྟོང་གྱི་སྔོན་དུ་བོད་ཡིག་ཡོད་པའི་བདེན་དཔང་རྙེད་ནས་གསལ་བསྒྲགས་བྱས་འདུག ་་་་་་་་ཟེར།
སླར་ཡང་བརྟག་དཔྱད་བྱས་པས། ཟངས་ལེབ་དཀྱིལ་མ་དེ། ལྡོང་གསེར་མིག་ལེགས་ཀྱིས་མཆན་ཡིག་ལས་གསལ་བར་འཐོན་པའི་མི་གཉིས་ཀྱི་ཆས་ཀྱང་རྒྱ་གར་ཚ་ཡུལ་གྱི་མིའི་ཆས་ལས་བོད་གྲང་ཡུལ་གྱི་མིའི་ཆས་ལུག་ལྤགས་གྱོན་མེད། དེར་མ་ཟད་བོད་ཀྱི་སེམས་ཅང་གཡག་དང་འབྲོང་སོགས་འབྲི་དགོས་པ་ལས་དེ་ལྟར་མ་ཡིན་པར་རྒྱ་གར་ཚ་ཡུལ་གྱི་གླང་པོ་ཆེ་བྲིས་ཡོད་པའི་རྒྱུ་མཚན་གླེང་ཐུབ་བམ། རང་རེའི་བོད་མི་རྣམ་དཔྱོད་ཅན་རྣམས་ཀྱི་ཕྲ་ཞིང་ཞིབ་པའི་སྒོ་ནས་དཔྱོད་དགོས་སོ།
དངོས་བདེན་ཡིན་ན། གཏམ་བཟང་རེད། འུར་སྒྲོག་ཡིན་ན། ཞབས་འདྲེན་རེད་དོ།། །།
http://ti.zangdiyg.com/Home/Article/detail/id/1903.html?bsh_bid=545434661&from=groupmessage&isappinstalled=0
ལྷ་སྡེ་གནམ་ལོ་ཡག་ལགས་འདི་ནས་བརྒྱུད་དང་གསར་གནས་དེ་མཇལ་ཐུབ།
18 ལ་དྭགས་བློ་བཟང་འཇམ་དཔལ་་ལགས་ལོ་བཞི་སྟོང་ལྔ་སྟོང་ཕྱིན་འདུག་ལབ་ན་ད་དུང་རྒྱ་གར་ལ་ཁུངས་གཏུག་ས་ཨི་འདུག་མི་འདུག་བལྟ་གི་ཡོད་བས།
ཐོན་མི་ཨ་ནུ་སྐྱེས་ཡོད་མ་རེད་དཱ། བསམ་བློ་ཐོངས་ཤིགས། ཁྱེད་ཀྱིས་འདི་ལྟར་བཤད་དུས་ངས་ལམ་སེང་“བོད་འདིར་རྫོགས་པ་ཆེན་པོ་བྱ་བ་དང་གསང་སྔགས་སོགས་མིང་གིས་བཏགས་པ། རྒྱ་གར་ལ་ཁུངས་བཙལ་ཞིང་ཀུན་ཏུ་བཟང་པོ་དང་། ཨོ་རྒྱན་པདྨ། བི་མ་མི་ཏྲ་སོགས་ལ་རྫུན་ཁག་བཀལ་ནས་རང་བཟོས་བྱས་པའི་རྒྱུད་དང་གཞུང་མང་པོ་བྱུང་།”གསུངས་པ་དེ་ཡིད་ལ་ལྷམ་མེར་ཤར་སོང་། ཧ་ཧ་ཧ། མགོ་མཇུག་བར་གསུམ་གྱི་རྒྱ་དགའ་ཁྱེད་ཚོས་བོད་ངོ་མ་ཕུང་གི་ཡ།
གནའ་རྫས་ཡིན་ཡིན་སྲིད། ལོ་ཚིགས་ལ་དཔྱད་པ་དགོས། བདེན་པ་ཡིན་ན་དགའ་བསུ་ཞུ་འོས་སོ། །མཚོ་སྔོན་དང་ཀན་སུ་འབྲེལ་མཚམས་ལྷ་སྡེ་ཉིན་སྲིབ་ཟེར་བ་འདི་ནས་བོན་གྱི་རིག་དངོས་མང་པོ་རྙེད་པ་དངོས་གནས་རེད། སྔོན་ཆད་ཡུལ་འདིར་སྐུ་ལྷ་རྩེ་རྒྱལ་ནམ་མཁའ་གླིང་ཟེར་བའི་བོན་དགོན་ཆེན་པོ་ཞིག་ཡོད། ད་ལྟའི་བེ་ཤིང་དགོན་གྱི་འགྲམ་ཏུ་དགོན་ཆག་ཟེར་བའི་གནའ་ཤུལ་ཆེན་པོ་ཡོད་པར་གྲགས། མདོ་སྨད་ཆོས་འབྱུང་དུ་ཚ་ཀན་བེ་ཤིང་དགོན་གྱི་ལོ་རྒྱུས་ལས་ཕྱོགས་ཙམ་གསལ། ཅོ་ནེ་སེངྒེ་རྫོང་གི་བླ་མ་ཀུན་དགའ་དཔལ་བཟང་རྣམ་ཐར་དུ་ཡོད། སྐུ་ལྷའི་གནམ་མཚོ་གོང་འོག ན་ཁྲའི་སེང་བྲག་མཚོ་སྨན་སོགས་བོན་ཀྱི་སྒྲུབས་གནས་ཡིན་ཚུལ་ལོ་རྒྱུས་ཡོད། ལོ་ཤས་སྔོན་ཡུལ་དེའི་མི་ཞིག་གིས་བཤད་པ་ལྟར་ན་རྨ་འགྲམ་བྲག་ཕུག་ཞིག་ནས་བོན་དཔེ་མང་པོ་ཐོན་པ་ཆུ་ལ་བསྐུར་བར་ཡོངས་སུ་གྲགས། །ཡུལ་འདིར་བོན་གྱི་བླ་ཆེན་དཀར་པོ་སྒོ་ཤུལ་ཚང་གི་གདུང་རྒྱུད་ཡོད། སྒ་ཚང་གི་རུས་རྒྱུད་སོགས་བོན་གྱི་རུས་གཉན་པོ་ཡིན་པ་དུ་མ་ཡོད་པ་ཐོས་སོ། །
ལྷ་སྡེ་གནམ་ལོ་ཡག་ལགས་འདི་ནས་བརྒྱུད་དང་རྒྱ་བོད་གཉིས་ཀའི་ཐོག་ནས་ལོ་བཞི་སྟོང་ཕྱིན་པའི་བོད་ཡིག་གི་གསར་གནས་དེ་མཇལ་ཐུབ།
http://mp.weixin.qq.com/s?__biz=MzA5NDEzNjYwNQ==&mid=202536074&idx=1&sn=a88a7a09e9aa77ee7fb1a79fc5196dea&scene=2&from=timeline&isappinstalled=0#rd
http://ti.zangdiyg.com/Home/Article/detail/id/1903.html?bsh_bid=545434661&from=timeline&isappinstalled=0
སྨན་མོ་མཚོ་་ལེགས།
ཁྱོད་ལ་དངོས་གནས་ཤེས་རྩལ་ཡོད་ན། ཕྱོགས་ལྷུང་གི་སྐད་ཆ་མ་བཤད་པར་འོག་གི་བརྗོད་པ་དག་ལ་བློ་ལྡན་གཟུར་གནས་ཀྱིས་ལན་རྒྱོབས། ཁོ་བོ་སོགས་བོད་སྐད་དང་བོད་རིག་གཞུང་གཅེས་པ་ཡོངས་ལ་ཕན་ནོ།
་
ཟངས་ལེབ་དཀྱིལ་མ་དེ། ལྡོང་གསེར་མིག་ལེགས་ཀྱིས་མཆན་ཡིག་ལས་གསལ་བར་འཐོན་པའི་མི་གཉིས་ཀྱི་ཆས་ཀྱང་རྒྱ་གར་ཚ་ཡུལ་གྱི་མིའི་ཆས་ལས་བོད་གྲང་ཡུལ་གྱི་མིའི་ཆས་ལུག་ལྤགས་གྱོན་མེད། དེར་མ་ཟད་བོད་ཀྱི་སེམས་ཅང་གཡག་དང་འབྲོང་སོགས་འབྲི་དགོས་པ་ལས་དེ་ལྟར་མ་ཡིན་པར་རྒྱ་གར་ཚ་ཡུལ་གྱི་གླང་པོ་ཆེ་བྲིས་ཡོད་པའི་རྒྱུ་མཚན་གླེང་ཐུབ་བམ།
གསར་གནས་འབྱུང་ཁུངས་དྲ་ཐག་མཁོ་སྤྲོད་བྱེད་མཁན་ལྷན་རྒྱས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
རྒན་ལ་དྭགས་པ་ལགས། ཀན་སུ་དང་མཚོ་སྔོན་གྱི་ས་མཚམས་ཟེར་བ་དེ་ནི་ཨ་མདོའི་ཤར་ཕྱོགས་རེད་ལ། དེང་སྐབས་ས་ཆ་མང་ཆེ་བ་རྒྱ་བོད་མཉམ་འདྲེས་ཀྱི་ས་ཁུལ་ཡིན་པར་མ་ཟད། གངས་ཅན་མཐོ་སྒང་གི་ཤར་མཐར་འཁེལ་ཡོད་སྟབས། ཧ་ལམ་མཚོ་ངོས་ལས་སྨི་ཊར་ཉིས་སྟོང་ངམ་ཆིག་སྟོང་ལྔ་བརྒྱ་ཡས་མས་ཡིན་པས། ཚ་གྲང་དོ་མཉམ་པའི་ཞིང་བའི་(ཁ་སྐད་དུ་རོང་ཡུལ་ཟེར)ས་ཁུལ་ཡིན་པ་དང་། སྒོ་ཕྱུགས་ཀྱང་བ་ལང་ཡིན། དེ་ལས་ཁད་རིང་བའི་འབྲོག་ཁུལ་ནི་མཚོ་ངོས་ལས་སྨི་ཊར་སུམ་སྟོང་ལྔ་བརྒྱ་ནས་ལྔ་སྟོང་ཡས་མས་སུ་གནས་བཅས་ཡོད་ལ་དགུན་ཁར་པགས་རྩགས་གྱོན་པ་དང་དབྱར་ཁར་རས་ལྭ་གྱོན་གྱི་ཡོད་པ་ཞོར་འཕྲོས་ཡིན། གནའ་རྫས་འདི་དག་བྱུང་ཡུལ་ནི་གནའ་བོའི་སྐད་དོད་ལྟར་ན། ཧ་ལམ་སུམ་པ་རེད་ལ། གླིང་སྒྲུང་དུའང་སུམ་པ་མཛོ་རྫོང་ཕབ་ཟེར་གྱི་ཡོད་པ་ཤེས་གསལ་ལྟར་རེད།
བོད་ཀྱི་ཤེས་རིག་གི་ཨ་མ་ཡིག་གཟུགས་ཀྱི་དགུང་ལོ་མཐོ་རུ་ཕྱིན་པའི་དན་རྟགས་རྙེད་བཞིན་ཡོད་ཀྱང་ད་དུང་དྲ་གྲོགས་འགའ་ཤས་ཀྱིས་ཟུར་ཟ་དང་ཕྲག་དོག་གིས་གཉིད་མི་ཁུག་པའི་ཚོར་བ་རྣོན་པོ་དག་དྲ་ཐོག་ཏུ་བསྐྲུན་པ་ཡ་མཚན་རེད། གང་ལྟར་དེའི་སྐོར་ལ་བཤད་རྒྱུ་མིན། དོན་ངོ་མ་ཞིག་བཤད་རྒྱུར། གནས་ཚུལ་དེའི་སྐོར་(གངས་ལྗོངས་ཉི་གཞོན་)དྲ་ལམ་ཙམ་མ་ཡིན་པར་དྲ་རྒྱ་གཞན་དུ་འདུག་གམ། ཞིབ་འཇུག་པ་དེ་རྒྱ་མི་ཞིག་ཡིན་པ་འདྲ་བས་ཕལ་ཆེར་རྒྱ་ཡིག་གི་དྲ་རྒྱ་སོགས་ལ་གནས་ཚུལ་ཅུང་རྒྱས་པ་རེ་འཁོད་ཡོད་སྲིད། །དྲ་གྲོགས་ཚོ། བན་བོན་དང་ཆོས་བརྒྱུད་ཀྱི་ནད་རོ་མ་སློངས། དེ་ལས་ཞིབ་འཇུག་མཐིལ་ཕྱིན་རེའི་ལམ་ལ་འཇུག་པ་བྱའོ། །
ལྡོང་གསེར་མིག་གི་གཏམ་ལ་༡༠༠% ཡོད་བོད་ཀྱི་ཡོད་ཚད་རྒྱ་གར་གྱི་ཡིན་དགོས་པའི་ངེས་པ་མེད་ལ་ཁུངས་ཀྱང་དེར་གཏུག་དགོས་པའི་རྒྱུ་མཚན་མེད། བོད་རང་གི་ཤེས་རིག་ལོ་རྒྱུས་བོད་རང་ས་ནས་བྱུང་ཞིང་བོད་རང་ཉིད་ཀྱིས་ཡིན་ཅིང་རྒྱ་དཀར་ནག་གི་ལོ་རྒྱུས་ལས་ཇི་ཙམ་སྔ་བ་ཙམ་གྱིས་བོད་བསྒྲུབ་བྱེད་ལས་བོད་ཕུངས་བྱེད་དེ་བས་མིན། བྱས་ཙང་གནས་ཚུལ་འདི་འབྱུང་དུས་སྙིང་རླུང
ལངས་དགོས་པའི་གནད་དོན་དེ་བས་ཀྱང་་་་་དེ་ལྟར་སྙིང་རླུང་སྟོད་ལ་འཕྱུར་ནས་སྙིང་མི་དགའ་བའི་བོད་རིགས་དག་ནི་རྒྱ་དགའ་ལས་བོད་དགའ་མིན། བོད་ཕུངས་བྱེད་ལས་བོད་བསྒྲུབ་བྱེད་མིན་པར་མཁྱེན་དགོས།
དེ་བས་ཀྱང་མེད་ཅེས་བཅོས་རོགས
ངས་སྔོན་མ་ནས་བཤད་མྱངས་ཡོད། ཐོན་མི་སམ་བྷ་ཊ་མ་ཕེབས་པའི་སྔོན་ནས་བོད་ཡིག་ཡོད་ཅེས་བཤད་མྱངས་ཡོད། གཏན་ཚིགས་རིག་པ་ལ་བརྟེན་ནས་ཐག་བཅད་ནས་བཤད་པ་ཡིན། དེ་རིང་དཔང་རྟགས་ཤིག་ཀྱང་རེག་འདུག་པས་དགའ་པོ་བྱུང་། རང་ངོ་རང་གི་མི་ཤེས་མཁན་དེ་དག་གི་ཁ་ལ་བཅུ་ཁྲམ་ཞིག་བརྒྱབས་སོང་་་་་ཧཧཧ
ཞོར་འཕྲོས་ཀྱི་ཚུལ་གྱིས་དྲ་གྲོགས་ཚོར་དྲི་བ་ཞིག་ཏུ། ཏུན་ཧོང་ཡིག་ཧྲུལ་གྱི་ཁྲོད་དུ་ཐོན་མི་སམ་བྷོ་ཏྲའི་མཚན་གྱི་ཟུར་ཙམ་རེ་ཡོད་དམ། ཡོད་ན་ད་དུང་ཡིག་གཟུགས་གསར་དུ་བཟོས་པའི་སྐོར་ཨེ་འདུག ཐོན་མིའི་མཚན་གྱི་ཟུར་ཙམ་ཡང་མེད་ན་གནས་ཚུལ་ལོག་ག་རེད། །
འདི་ནི་བོད་ཀྱི་ལོ་རྒྱུས་སྐོར་གྱི་དཔྱོད་གཞི་གལ་ཆེ་ཞིག་རེད། དེར་མདུན་སྐྱེད་ཀྱིས་ཞིབ་འཇུག་དགོས།
འདི་ནི་ཧ་ཅང་དགའ་འོས་པའི་གཏམ་བཟང་ཞིག་རེད། རྒན་ལ་དྭགས་པས་མཆན་ལ་གད་མོ་ཞིག་རང་དབང་མེད་པར་ཤོར་སོང་། པར་རིས་དེ་དག་ལ་རྒྱ་གར་བས་ཆས་ཤིག་མི་འདུག་པ་གསལ་པོ་རེད། གང་ལྟར་ལོ་ངོ་བཞི་སྟོང་གོང་གི་དངོས་པོ་ཞིག་སྟེང་དུ་བོད་ཡིག་ཡོད་པ་འདི་རྙེད་པ་དངོས་གནས་ཡག་པོ་འདུག །
དྲ་གྲོགས་ཚང་མ་ལ་འཚམས་འདྲི་ཞུ། ཁྱེད་རྣམ་པས་གསར་གནས་ཐུང་ངུ་འདིའི་ཐད་བསམ་འཆར་མང་ཙམ་གནང་འདུག་པས་བཀའ་དྲིན་ཆེ།
གནམ་སྡེ་ལོ་ཡག་ལེགས། མཚོ་སྔོན་དང་ཀན་སུའུ་མཉམ་འདྲེས་ཀྱི་མཚམས་རྒྱ་བོད་འདྲེས་མ་མིན་ལ། བོད་ཀྱི་ཤར་གྱི་མཐའ་དེ་བས་ཀྱང་མིན། དེའི་ཕར་མཐའ་ན་ཨ་མདོ་རྔ་བ། མགོ་ལོག སོག་རྫོང་། རྨ་ཆུའི་རྨད་རྒྱུད་ན་མཛོ་དགེ་སོགས་ཡོད་པ་མིན་ནམ། འདི་ཕྱོགས་ཕལ་ཆེར་འབྲོག་ཡུལ་རེད། རྔ་བ་དང་མགོ་ལོག་གཉིས་རོང་འབྲོག་འདྲེས་མ་ཅུང་ཟད་ཡོད་མཆི། ལོ་རྒྱུས་སྒང་ལ་རོང་བ་ཡོད་ཚུལ་འཁོད་ཡོད་པ་མ་མཐོང་། ས་ཆ་གང་ཞིག་ཡིན་ས་བཀྲ་ལ་གཟིགས་དང་མཁྱེན་པར་འགྱུར་རོ། །དབྱར་རས་ལྭ་དང་དགུན་པགས་སློག་གྱོན་པ་ནི་ཡོད་སྲིད། སུམ་པ་ཡིན་པ་ཕལ་ཆེར་དངོས་གནས་རེད། ལོ་རྒྱུས་ཞིབ་འཇུག་པ་ཕལ་ཆེ་བས་དེ་ལྟར་བཤད། སྔོན་ཆད་ཀྱང་འདི་ཕྱོགས་ཞིག་ནས་ཟངས་ཀྱི་མཛོ་ཆེན་པོ་གཡག་གསར་ལོ་བཞི་ཡོན་པ་ཙམ་ཞིག་ཐོན་ཡོད། ད་ལྟ་ཕལ་ཆེར་ལན་ཀྲུའུ་ཞིབ་འཇུག་ཁང་ཞིག་ཏུ་ཡོད་པ་གོ པར་ཁོ་བོས་མཐོང་མྱོང་། གནས་ཚུལ་འདི་ཡོང་ཁོང་། ཉི་གཞོན་དྲ་བ་ལ་དྲི་བ་ཞིག་བཏང་ཡང་ལན་ད་ལྟ་བར་བྱུང་མ་སོང་། གྲོགས་པོ་ཞིག་ལ་ཁ་པར་བརྒྱབ་ཏེ་རྩད་གཅོད་བྱེད་པར་སྦྲན་ཡོད། གནས་ཚུལ་གསར་བ་རེ་ཨེ་རྙེད་ལྟ་རོགས་། ང་ཚོ་ཀུན་ཀྱིས་འབད་པ་གནང་ན་ལེགས་པར་སེམས། །
# 36 ཁ་བའི་ཡུལ་གྱར་བ།་ལགས་ཀྱིས་མཆན་བཏབ་པ།:
December 25th, 2014 at 8:22 PM
ལ་དྭགས་བློ་བཟང་་་་་ལགས་རྫུན་མ་བཤད་ཟོང་ལེབ་ཀྱི་ངོས་ལ་གློང་ཆེན་དང་རྒྱ་གར་གྱི་མི་འདུག་ཟེར་།།ཧཧཧཧཧ གསལ་པོ་ལྟོས་གདའ་ཟོང་ལེབ་ཀྱི་ངོས་སུ་་་་་གཡག་་་དང་་་་ར་་་བྱ་་་ཁྱི་་་སོགས་རེད་འདུག་བ་། བོད་ཡིག་དེ་དག་ནི་་་་ག་་་བ་་་མ་་་ཆ་་་མོ་་རྒན་་་སོགས་གསལ་པོ་འདུག་བ་། ལ་དྭགས་ལ་་་རྫུན་བཤད་ཡ་ལ་བྱང་ཆ་དོད་པོ་ཡོད་པ་འདྲ་ཧཧཧཧ། མ་གཞི་བོད་ཡིགལོ་བཞི་སྟོང་ལྔ་སྟོང་སྔོན་ནས་ཡོད་ན་དེ་དགའ་འོས་པ་ཞིག་ལས་སྡུག་དགོས་དོན་མི་འདུག་བ། ཡིན་ཡང་ལོ་རྒྱུས་ཀྱི་གསལ་ཁ་དང་དེང་དུས་ཚན་རིག་གི་བདེན་དཔང་བྱས་ཚར་དུས་བྱ་ཐབས་མི་འདུག་བ། མི་ཁ་ཤས་ཀྱི་་་ཨ་འདོ་བ་་་བོད་མ་རེད་མདོག་མདོག་ལབ་འདུག་། ངོ་མ་ངོ་ཚ་མེད་པ་རང་རེད། ཨ་མདོ་བ་གངས་རིའི་ལྗོང་གི་ཁོང་མི་ན་ད་གངས་ལྗོང་བ་ཟེར་ནས་མཛུག་མོ་བཙུག་ས་ཞིག་མི་འདུག་བ། ཟོང་ལེབ་ངོས་ཀྱི་མི་རྣམ་རྒྱ་གར་འདྲ་པོ་འདུག་ཟེར་ཁྱེད་ཀྱི་མིག་ལ་སྐྱོན་ཡོད་པ་འདྲ། གསལ་པོ་མཐོང་གི་ཡོད་ས་མ་རེད། བོད་ཀྱི་སྒྱེ་མ་ལས་བཟོས་པའི་གོས་རེད་འདུག་བ་ད་ལྟ་ལ་དྭགས་པ་དང་མངའ་སོགས་ཀྱི་གོས་དང་འདྲ་པོ་འདུག་བ་།
སྲོང་བཙན་གོང་དུ་བོད་ལ་ཡི་གེ་ཡོད་པར་ཡིད་ཆེ་བརྟན་པོ་ཡོད། འོན་ཀྱང་ཐོན་མིས་བོད་ཡིག་གསར་དུ་བཏོད་ཟེར་བ་དེ། ཕལ་ཆེར་བོད་ཡིག་ལ་ཁ་སྣོན་ཅུང་ཟད་རེ་བྱས་པ་མིན་ནམ་སྙམ། ཡང་ན་སུམ་རྟགས་ཀྱི་འགྲོ་སྟངས་གསར་བཟོ་བྱས་པར་གོ ལོ་ངོ་བཞི་སྟོང་ཡས་མས་ཕྱིན་ཟིན་པའི་ཅ་ལག་རྙིང་པ་རྙེད་པ་དེ་གཏམ་བཟང་ཞིག་ག་ལ་མིན། །
དྲི་མེད་ལྷག་བསམ་ལགས། བོད་ཡིག་གི་བྱུང་རབས་ལོ་ངོ་བཞི་སྟོང་བརྒལ་ཡོད་པ་འདི་གལ་ཆེན་ཞིག་དང་། གཅིག་བྱས་ན་རྒྱ་གར་གྱི་ཡི་གེའང་བོད་ཡིག་ལ་འབྲེལ་བ་ཡོད་སྲིད་པར་མ་ཟད། བོད་ནི་འཛམ་གླིང་སྟེང་ཤེས་དར་སྔ་བའི་ལུང་བ་ཞིག་ཡིན་པ་ར་འཕྲོད་ཡོད་པས། འདི་འདྲའི་ཡུལ་ལུང་རྩ་ཆེན་པོ་ཞིག་སྲུང་སྐྱོབ་བྱེད་པའི་འོས་འགན་འགྲོ་བ་མིའི་རིགས་སྤྱི་ལ་ཡོད་མེད་ཐད་ང་ཚོས་ཅི་ཞིག་ལས་ཐུབ་མིན་དེ་གལ་ཆེན་རེད་མ་གཏོགས་ཡུལ་ལུང་བྱེ་བྲག་པ་ཞིག་གང་དུ་ཡོད་མེད་རྩོད་དོན་ཆེར་མི་འདུག་སྙམ།
ཡིན་ནའང་། ང་རང་དངོས་སུ་ཨ་མདོའི་མཐའ་མཚམས་ཡུལ་ལུང་མང་ཆེ་བར་འགྲོ་མྱོང་བས། ངོ་སྤྲོད་བྱེད་པའི་འོས་བབ་ཅིག་ཡོད་པ་འདྲ། མཚོ་སྔོན་དང་ཀན་སུའི་འབྲེལ་མཚམས་ཟེར་སྐབས། མདོ་ལ་རིང་མོ་སྤྱི་དང་དེ་ནས་དེང་སྐབས་ཀྱི་ལན་དྲུག་ཕྱོགས་དང་མཚོ་སྔོན་གྱི་མཚོ་ཤར། དེ་ནས་ཀན་ལྷོ་དང་མཚོ་སྔོན་གྱི་རྨ་ལྷོའི་འབྲེལ་མཚམས་ཡིན་པ་དང་། ཧ་ལམ་བོད་ཀྱི་ཤར་བྱང་ས་ཁུལ་རེད། རྔ་བ་དང་མཛོད་དགེ་ལབ་སྐབས། དེང་སྐབས་མཚོ་སྔོན་དང་སི་ཁྲོན་གྱི་འབྲེལ་མཚམས་ཟེར་གྱི་ཡོད་པས། བོད་ཀྱི་ཤར་ལྷོའི་ས་ཁུལ་དུ་གོ་ཆོག་གི་རེད། དེ་མིན་མགོ་ལོག་ནི་རྨ་ཆུའི་འགོ་ཁུངས་སུ་ཡོད་པས། ས་དཀྱིལ་ལྟ་བུ་ཞིག་རེད་ཟེར་ཆོག་པར་སྙམ། ད་དུང་རིག་དངོས་ཐོན་ཁུངས་ཀྱི་ས་ཆ་ངོ་མ་གང་ཡིན་ཁ་གསལ་མི་འདུག་པས། ཞིབ་ཕྲའི་ས་གནས་བརྩད་འཚོལ་བྱེད་བྱར་ལྷག་ཡོད།
དེ་མིན་དེང་སྐབས་བོད་རྒྱ་གཉིས་ཀ་ཡུལ་ལུང་གང་སར་འདྲེས་ནས་སྡོད་ཀྱི་ཡོད་པས། གསལ་བཤད་མི་དགོས་པ་འདྲ།
ཁ་བའི་ཡུལ་གྱར་པ་ལེགས།
བདག་གིས་ལེགས་པར་མ་བལྟས་པའི་སྐྱོན་དུ་མཐོང་། སེམས་ཅན་དེའི་མགོ་ལ་བལྟ་ན། གླང་ཆེན་གྱི་མཆུ་ལག་ཏུ་མཐོང་བ་གདོན་མི་ཟ། ཞིབ་ཏུ་སྨད་སོགས་ལ་བལྟ་ན་ཁྱི་ཡིན་ངེས། དགོངས་དག ཁྱོད་ཀྱི་དག་ཆ་ལ་བལྟ་ན། དབང་པོ་ལ་སྐྱོན་ཡོད་པར་མཐོང་བ་ལ་ཐེ་ཚོམ་མེད་པས་གཟབ་པར་གྱིས། ངའི་མིག་ལོ་ལ་དཔགས་པས་གསལ་ཐག་ཆོད་ཡོད་པར་ང་རང་གིས་དགའ་བ་སྒོམ་དགོས་ཀྱང་། དེ་ལས་མི་རྟག་པ་སྒོམ་པ་གལ་ཆེ།
འདི་སྔོན་དུ་ཡི་གེ་རིང་པོ་ཞིག་བྲིས་པ་སྣང་མེད་ཀྱིས་་མེད་པར་སོང་། བོད་ལ་ལོ་ངོ་བཞི་སྟོང་གོང་དུ་ཡི་གེ་དར་སྲོལ་ལ་དགའ་བསུ་ཞུ་འོས་པ་ཞིག་ཡིན། ངའི་སྐྱེ་ས་མར་ཡུལ་སྟེ། ལ་དྭགས་ཆེས་སྔོན་མ་བོད་ཀྱི་ཡུལ་ཡིན། ལ་དྭགས་རྒྱལ་པོ་དེ་བོད་ཀྱི་རྒྱལ་པོ་ཆེན་པོའི་བརྒྱུད་པ་ཡིན་པར་ལ་དྭགས་པ་དག་གིས་རྩི་བཀུར་བྱེད། འོན་ཀྱང་དིང་སང་རྒྱ་གར་སྤྱི་ཡོངས་ཀྱི་རྒྱལ་པོ་ཆེན་པོ་ཀུན་དང་འདྲ་བར་མི་མངས་ཀྱི་ཁྲིམས་ལུགས་ལ་བྱུས་གཏོགས་གང་ཡང་མེད།
སྨད་དགོས་པ་ཞིག་ནི། ཁ་ཅིག་གིས་ཁ་སྐད་དམ་ཕལ་སྐད་གཙོ་བོར་བྱས་ཏེ། བོད་ཀྱི་མཁས་པའི་ཡི་གེའི་དག་ཆ་མང་པོ་མེད་པར་གཏོང་མཁན་ལ་དྭགས་ན་ཡང་མང་པོ་ཡོད། དེ་བཞིན་ཁྱོདཀྱི་ཡུལ་དུ་ཡང་མང་ཐག་ཆོད་ཡོད་པ་མཐོང་འདི་ལ་དོགས་གཟོན་དགོས་པ་གལ་ཆེ་བར་མཐོང་ངོ་།
གོང་དུ་ཡོད་པའི་ཟང་ལེབ་དེ་བོད་རང་ནས་བཟོས་ཡོད་དང་རྒྱ་གར་རྒྱ་ནག་བལ་ཡུལ་སོགས་ནས་མཐོན་པ་ཡིན་སུས་ཀྱང་ཁ་མཚོན་བཅོས་མི་འཐུབ་ལ་ལོ་ངོ་༤༠༠༠གོང་གི་ཅ་དངོས་དེར་ཡོད་པའི་བོད་ཡིག་འདྲ་པོ་དེ་ཡང་བོད་ཡིག་དངོས་ཡིན་པ་བཤད་ཀ་དེ་ལྟར་ཡིན་ཚེ་བོད་ཀྱི་ལོ་རྒྱུས་རྣམས་རྫུན་མར་འགྲོ་བར་ངེས་
མཁས་དབང་དགེ་ཆོས་ཀྱིས། ཁོང་གིས་གུཔྟའི་དུས་ཀྱི་རྡོ་རིང་སྟེང་གི་ཡི་གེ་དེ་དག་མཐོང་མ་ཐག་མང་པོ་ཞིག་བཀླགས་ཐུབ་པ་དང་། ཁོང་དང་མཉམ་དུ་ཡོད་པའི་རྒྱ་གར་གྱི་པཎྜི་ཏ་ཚོས་ཁོང་ཚོས་བསླབ་ན་ཀློག་དཀའ་ན་ཁྱོད་ཀྱིས་མ་སླབས་པར་ཀློག་ཐུབ་པ་ངོ་མཚར་ཆེ་ཞེས་གསུང་ཚུལ་དང་། རྡོ་རིང་སྟེང་གི་ཡི་གེའི་དཔེ་རིས་ཀྱས་བྲིས་ཡོད་ཅིང་། ཉེ་ཆར་གོང་ས་མཆོག་གིས་ཀྱང་ཁོང་གིས་གུཔྟའི་དུས་ཀྱི་རྡོ་རིང་སྟེང་གི་ཡི་གེ་གཟིགས་ཚུལ་དང་མང་པོ་ཞིག་བཀླགས་ཐུབ་ཚུལ་གསུངས་འདུག་པས། ཐོན་མིའི་སྔོན་ནས་བོད་ཡིག་ཡོད་པའི་དབང་དུ་བཏང་ཡང་བོད་ཡིག་དང་རྒྱ་གར་ཡི་གེ་གཉིས་ལ་འབྲེལ་བ་ཞིག་ཡོད་པ་ནི་ངེས་གཏན་ཡིན་ཚོད་རེད།
་་་་་་་་་་་་་་་་ གསལ་པོ་ལྟོས་གདའ་ཟོང་ལེབ་ཀྱི་ངོས་སུ་་་་་གཡག་་་དང་་་་ར་་་བྱ་་་ཁྱི་་་སོགས་རེད་འདུག་བ་། བོད་ཡིག་དེ་དག་ནི་་་་ག་་་བ་་་མ་་་ཆ་་་མོ་་རྒན་་་སོགས་གསལ་པོ་འདུག ་་་་་་་་་་་་་་་་་
ཡི་གེ་མགོན་ཅན་དང་། གདོགས་ཅན། སྔོན་རྗེས་མང་པོ་ཡོད་མཁན་བོད་ཡིག་མ་གཏོགས་ཡུ་ལུང་གང་ལ་ཡང་མི་འདུག བོདཡིག་འདི་ཆེ་སྔ་བའི་ཡི་གེ་ཞིག་ཡིན་པར་ངེས་དགོས་ཀྱང་་་་་་་་་ བདེན་རྟགས་ལ་ད་དུང་ཁ་གསལ་དུ་ཞིབ་དཔྱོད་དགོས་འདུག
དེ་སྔོན་ངོ་དེབ་ནང་ལ། པ་ཀིས་ཏན་ལ་རྡོ་རྐོས་བོད་ཡིག་ལོ་བཞི་སྟོང་སོང་བའི་པར་ཅིག་ཀྱང་ཐོན་སོང་བ་དེ། ད་ལྟ་རྙེད་མ་སོང་བས་་་་་་
ཟངས་ལེབ་དེ་རྣམས་བོད་དུ་བཟོ་བསྐྲུན་བྱས་པ་ཡིན་ནམ་རྒྱ་གར་སོགས་ནས་དྲངས་པ་ཡིན་འཐད་ལྡན་གྱི་ཁུངས་མེད། གལ་ཏེ་སྐད་རིགས་གཞན་གྱི་དབྱངས་གསལ་ལ་མ་བལྟོས་པར་བོད་རང་དུ་བསྒྲུན་པའི་ཡི་གེ་ཡིན་ན་ཡང་། དིང་སང་རང་རེས་སྤྱོད་པའི་དབྱངས་གསལ་དང་མི་འདྲ་བ་ཡིན་དགོས། ཟངས་ལེབ་དེ་དག་ན་གསལ་བའི་ཡི་གེ་དེ་དག་གུཔྟཱ་རྒྱལ་བརྒྱུད་དག་གིས་བཀོལ་པ་དགེ་ཆོས་ཀྱིས་གསུངས་པར་མ་ཟད། རྡོ་ཡི་གླེགས་བུ་ལ་བྲིས་པའི་རྒྱ་གར་སྐད་ཡིན་པ་ཞིག་རྒྱ་གར་རྒྱལ་ས་ལྡི་ལིའི་འགྲེམ་སྟོན་ཁང་ན་བདག་གིས་དངོས་སུ་མཐོང་།
་
བོད་དུ་ཡི་གེ་ཡོད་པའི་ཁུངས་འཐད་ལྡན་ཡོད་ན་ཡང་། དབྱངས་གསལ་རྣམས་ཇི་ལྟར་ཡོད་པ་ད་ལྟའི་དུས་སུ་སུས་ཀྱང་བཤད་མི་ཤེས།
་
ཡི་གེ་ལ་ལྟོས་མེད་བྱས་པའི་རྐྱེན་གྱིས་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ། ཐོན་མིས་རྒྱ་གར་སྐད་ལ་སྦྱངས་ཏེ། གསལ་བྱེད་སུམ་ཅུ་དང་། དབྱངས་བཞིའི་གཏན་འབེབས་མཛད། དེ་དག་གི་ནང་ན། སུམ་ཅུ་པ་ཨ་ཡིག་དོན་ལ་དབྱངས་སུ་འགྲོ་ཡང་། གསལ་བྱེད་སུམ་ཅུ་གྲངས་ལོངས་དགོས་པའི་རྒྱུ་མཚན་གྱིས་གསལ་བྱེད་གྲས་སུ་བཞག་གོ །
བོད་སྐད་འདི་ལེགས་སྦྱར་ལས་ཕྱུག་པ་ཆགས་འདུག་ཀྱང་། བོད་ཡིག་འདི་ལེགས་སྦྱར་ལས་ཀླད་པ་ལྗང་བ་མི་འདུག་གམ། ལགས།
46 ལ་དྭགས་བློ་བཟང་འཇམ་དཔལ་་ལགས་ད་ཁྱོད་སྨྱོ་གི་འདུག་གམ། ད་ལྟ་རང་མཐོང་ནོར་ཤོར་འདུག་ཅེས་དགོངས་དག་ཞུས་ཚར་སོང་། ཡང་ག་རེ་བཤད་ཀྱི་ཡོད། ཁྱེད་ཚོའི་རྒྱལ་རྒྱུད་དེ་བོད་ཀྱི་རྒྱལ་རྒྱུད་ཡིན་ན་ཁྱོད་དེའི་ཞབས་འདྲེན་རེད་མི་འདུག་གམ། ཁྱོད་ཀྱིས་བོད་ཡིག་གི་ཁུངས་དེ་ཕྱི་ལོགས་ལ་གཏུག་འདོད་ཤིན་ཏུ་ཆེ་ན་ཡང་སྒྲུབ་བྱེད་མ་རེག་འུག་ཐུག་གི་འདུག་བས།
གུཔྟཱ་རྒྱལ་བརྒྱུད་དག་གིས་ཟངས་ལེབ་ངོས་སུ་ཡེ་འབྲི་བའི་སྲོལ་ཡོད་པ་ཙམ་གྱིས། ཟངས་ལེབ་ངོས་ཡི་གེ་བྲིས་ཚད་ཁོ་ཚོའི་ཡེ་གེ་ཡིན་དགོས་སམ། དེ་བཞིན་དེ་བཞིན་རྒྱ་གར་བས་རྡོ་ཡི་གླེགས་བུ་ལ་ཡི་གེ་འབྲི་བའི་སྲོལ་ཡོད་པ་ཙམ་གྱིས་རྡོ་གླེགས་ངོས་སུ་བྲིས་པའི་ཡི་གེ་ཡོད་ཚད་རྒྱ་གར་གྱི་ཡི་གེ་ཡིན་པ་མཚོན་ནུས་སམ།
ཁྱོད་ཀྱིས་བོད་ཡིག་དངོས་སུ་མཐོང་བཞིན་དུ་ད་དུང་དེའི་འདྲའི་ཞྭ་དཔེ་ལྷམ་འགེབས་དགོས་དོན་ཅི་ཡིན། ད་གང་ལྟར་ཁྱོད་འུ་ཐུག་ནས་དབྱངས་ཡིག་སྒང་ནས་འཇུ་ས་ཨི་རེག་བལྟ་ཡི་ཡོད་པ་རེད། དངོས་གནས་ལ་དྭགས་པ་རང་རེད། ཁྱོད་ཚོ་འདྲ་པོ་ནི་ང་ཚོ་བོད་པའི་དགྲ་བོ་རྒྱ་དམར་ལས་ཀྱང་སྡུག་འདུག་གྰ།
དབྱངས་ཡིག་དང་སྔོན་རྗེས་གང་ཡང་མེད་ལ་གོ་རྒྱུ་གང་ཡང་མེད་པའི་ཡིགགཟུག་འདྲ་པོ་དེ་ང་ཚོ་བོད་ཀ་ྱི་ཡི་གེ་རེད་ཟེར་བ་ཧམ་པ་ཆེ་བ་རེད་
49 རྫུན་པའི་ཕོ་ཉ་་ལགས་དངོས་གནས་ཁྱོད་ཧམ་པ་ཆེ་གི་ཡ། གལ་སྲིད་བོད་ཀྱི་ཡི་གེ་གསལ་བྱེད་སུམ་ཅུ་རྐྱང་པ་དག་མ་བྲིས་པ་ཞིག་འདུག་ན་ཁྱོད་ཀྱིས་དེ་ལ་དབྱངས་ཡིག་དང་སྔོན་རྗེས་གང་ཡང་མི་འདུག་འདི་བོད་ཡིག་མ་རེད་ལབ་རྒྱུ་ཡིན་ནམ། འོ་རེད་དེ་བརྗེད་སོང་ཁྱོད་ཀྱིས་ཡང་ལམ་སེང་རྒྱ་གར་མུ་སྟེགས་ལུང་ལ་ཕར་གཏུག་རྒྱུ་ཡིན་རྒྱུ་རེད། ཧ་ཧ་ཧ།
ཧིན་སྐ་དུ
་་་་་་་་་་་་་་་་་་་་་་་་
ཀར་ཏྰ། ནེ།
ཀརྨ། ཀོ།
ཀ་རན་། སེ།
བོད་སྐད་དུ།
་་་་་་་་་་་་་་་་་་་་་་
བྱེད་པོ་མིང་ཙམ།
ལ་དོན་ལ་ཉིད།
ཨི་ལྡན་ཀྱིས་གཅིག
སོགས་སུ་བཅོས་དགོས་འདུག
ཀ་རན་། སེ།
ལ།
ཨི་ལྡན་ཀྱིས་གཅིག
འདི།
བྱེད་སྒྲ་ཀྱིས་གཅིག
ལ་བཅོས།
རྣམ་དབྱེ་བདུན་ཚིག་ཕྲད་གཅིག་འཐུསམ་བཞུགས་སོ།། །།
༡༽ང་། ༼མིང་ཙམ་༽
༢༽ང་ ལ་ དྲིས་བྱུང་། ༼ལ་དོན་ལ་གཅིག་གིས་འཐུས་པར་བྱས།༽
༣༽ང་ ཀྱིས་ བྲིས་ཡིན། ༼བྱེད་སྒྲ་ཀྱིས་གཅིག་གིས་འཐུས་པ།༽
༤༽ང་ ལ་ ཕན་བྱུང་། ༼ལ་དོན་ལ་གཅིག་གིས་འཐུས་པར་བྱས།༽
༥༽ང་ ལས་ འབྱུང་བ་རེད། ༼འབྱུང་ཁུངས་ནས་ལས་གཉིས་ཀ༽
༦༽ང་ གི་ ལག་པ། ༼ཨི་ལྡན་གི་གཅིག་གིས་འཐུས་པ།༽
༧༽ང་ ལ་ ཡོད། ༼ལ་དོན་ལ་གཅིག་གིས་འཐུས་པར་བྱས།༽
དཔེར་ན།
༡ ང་ཁོང་༢ཀྱིས་བྲིས་བྱུང་། ང་༣ཀྱིས་ལན་བཏབ་པ་ལ། ཁོང་ཚོ་༤ལ་ཕན་ཐོགས། ང་༥ལས་བྱུང་བ་མ་ཡིན་པར། སུམ་རྟགས་༦གི་སྙིང་དོན་ཕྱུང་བ་འདི། སུམ་རྟགས་ནང་༧ལ་ཡོད་ཡོད་པ་མ་རེད་པེ། ལགས།། །།ལྟ་བུའོ།། །།
རྒན་ལ་དྭགས་པས་རྫུན་བཤད་བཞིན་འདུག་ག རྒན་ལ་དྭགས་པས་་་《ཟངས་ལེབ་དེ་དག་ན་གསལ་བའི་ཡི་གེ་དེ་དག་གུཔྟཱ་རྒྱལ་བརྒྱུད་དག་གིས་བཀོལ་པ་དགེ་ཆོས་ཀྱིས་གསུངས་པར་མ་ཟད།》་་་ཅེས་གསུངས་འདུག
ལན་་་ཟངས་ལེབ་དེ་དག་གི་གུཔྟཱ་རྒྱལ་རྒྱུད་དག་གིས་བཀོལ་པ་དགེ་ཆོས་ཀྱིས་ག་པ་གསུངས་འདུག་གམ། དགེ་ཆོས་ཀྱིས་ཟངས་ལེབ་དེ་དག་མཐོང་མྱངས་བ་ཨེ་རེད། ཟངས་ལེབ་དེ་དག་མཐོང་མ་མྱངས་ན་དེའི་སྟེང་གི་ཡེ་གེ་ཅི་ཡིན་ཤེས་དོན་མེད་པ་་་ཧཧཧ མྱི་རྒན་རྫུན་རྐྱལ་ཞིག་ཆགས་འོང་བཞིན་འདུག་ག
གཉིས་པ། བོད་ལ་ཡེ་གེ་མེད་ནས་ཐོན་མི་རྒྱ་གར་ལ་ཕྱིན་པ་མ་རེད། ཐོན་མིས་བོད་ཡིག་ལ་བཅོས་སྒྱུར་གཏོང་ཆེད་དུ་རྒྱ་གར་ལ་སློབ་སྦྱོང་ཕྱིན་པ་རེད། ཏུང་ཧོང་གི་ཡིག་རྙིང་དེ་དག་གི་ནང་དུ་དབྱངས་ལྔ་བེད་སྤྱོད་ནས་བྲིས་ཡོད། ལྷ་སའི་རྡོ་རིང་གི་ངོས་སུ་བོད་ཡིག་ནང་དུ་དབྱངས་ལྔ་བེད་སྤྱོད་ནས་བྲིས་ཡོད། ཐོན་མིས་བོད་ཡིག་ལེགས་བཅོས་བྱས་པ་མ་གཏོགས་གསར་བཟོས་བྱས་པ་ཁས་ལེན་གྱི་མིན་ནོ།
དོན་ལ་ད་རེས་ཐོན་པའི་རིག་དངོས་འདི་དག་དང་པོ་མ་རེད་ལ། སྔར་མངའ་རིས་རུ་ཐོག་ནས་ཐོན་པའི་བྲག་བརྐོས་ཡི་གེའང་ལོ་ངོ་སུམ་སྟོང་བརྒལ་བའི་ལོ་རྒྱུས་ཡོད་པར་མ་ཟད། ནང་དོན་ཡང་གསོ་བ་རིག་པ་རེད་ཅེས་ལོ་རབས་དགུ་བཅུའི་དུས་དཀྱིལ་གྱི་༼གངས་རྒྱན་མེ་ཏོག༽དུས་དེབ་ཅིག་ནང་ཐོན་མྱོང་།
ཚང་མས་མཁྱེན་གསལ་ལྟར། རྒྱ་གར་གྱི་ཆོས་ལུགས་འབྱུང་ཁུངས་གངས་རིན་པོ་ཆེ་ཡིན་པ་ནང་བཞིན་ཧིན་རྡུའི་དཔལ་ཡོན་ནམ་ལེགས་བྱང་ཡང་བོད་ནས་ཐུར་དུ་འབབ་པའི་གཙང་བོ་ཁག་བརྒྱུད་ནས་ཡོང་བ་ཡིན། རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡའི་དཔལ་ཡོན་ཡང་དེ་ག་རང་ཡིན་པས། བོད་རང་ནས་ཐོན་པའི་སྲིད་པ་བོན་དང་དེ་ནས་གཡང་དྲུང་བོན་དུ་འགྱུར་བའི་ཤེས་རིག་འདིས་འཛམ་གླིང་ནང་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པ་རེད། ཡིན་ནའང་། སྔར་ཆོས་ལུགས་ཕྱོགས་ཞེན་པ་ཚོས་བོད་ཀྱི་ཤེས་རིག་གམ་ལེགས་བྱང་ལོ་རྒྱུས་དམར་གསོད་བཏང་ཡོད་པས། ད་ནས་ཚང་མ་མཉམ་རུབ་ཀྱིས་བོད་འདི་རིག་དངོས་སྲུང་སྐྱོབ་ཀྱི་ཁོངས་སུ་འཇོག་ཨེ་ཐུབ་འབད་དགོས་པ་ནི་གསོན་ཐབས་ཡག་ཤོས་ཤིག་རེད། ཀ་ཀོར་མང་པོ་མི་ལབ་པར་དེ་ལུགས་གང་དགའ་ཇི་དྲག་ཐད་དགོངས་ཚུལ་མང་ཙམ་འདོན་པའི་རེ་བ་ཡོད།
མཁས་དབང་ནམ་མཁའ་ནོར་བུ་མཆོག་གིས་འདིའི་ཐད་སྐུ་ལས་བསྐྱོན་ཡོད་པ་ནི་མིག་དཔེ་ཡག་ཤོས་དེ་ཡིན། དེ་མིན་དཔལ་ནཱ་ལེན་ཊ་སོགས་ཤེས་རིག་ཅིག་གི་འཕེལ་རིམ་གྱི་ཡང་རྩེ་ཡིན་པས། ཐོག་མའི་འབྱུང་ཡུལ་དང་བར་གྱི་འཕེལ་འགྱུར་སོགས་ལ་ཕོག་ཐུག་མེད་པ་འདྲ། དེའང་ཚང་མས་མཁྱེན་གལ་ཆེ།
སྨན་མོ་མཚོ་་ལེགས། ང་སེམས་ཐང་ཐང་ཡིན། ངས་ལེགས་པར་བལྟས་མེད་པ་ལ་རང་སྐྱོན་ཡིན་པར་དགོངས་དག་ཅེས་བྲིས། ཟངས་ལེབ་དེ་རྣམས་བོད་རང་དུ་བཟོ་བསྐྲུན་བྱས་པ་ཡིན་ནམ་ཡུལ་གཞན་ནས་བོད་དུ་དྲངས་པ་ཡིན་བདག་གི་འཕྱང་མོ་ཉུག འདི་ཉིད་བོད་རང་དུ་བཟོ་བསྐྲུན་བྱས་པར་འཐད་ལྡན་གྱི་ཁུངས་སྐྱེལ་ཐུབ་ན་རང་རེ་བོད་རིགས་ཡོངས་རྫོགས་མི་དགའ་བ་སུ་ཡོད། དགའ་དགོས་སོ།
་
“ཁྱེད་ཚོའི་རྒྱལ་རྒྱུད་དེ་བོད་ཀྱི་རྒྱལ་རྒྱུད་ཡིན་ན་ཁྱོད་དེའི་ཞབས་འདྲེན་རེད་མི་འདུག་གམ།”འདི་ཉིད་འབྲེལ་མེད་ཀྱི་འཆལ་གཏམ་དུ་སྣང་། འདིའི་སྐོར་ཁུངས་དག་པར་ཤེས་འདོད་ན། བོད་ཀྱི་རྒྱལ་རབས་དག་ལ་ལྟོས།
་
“དངོས་གནས་ལ་དྭགས་པ་རང་རེད། ཁྱོད་ཚོ་འདྲ་པོ་ནི་ང་ཚོ་བོད་པའི་དགྲ་བོ་རྒྱ་དམར་ལས་ཀྱང་སྡུག་འདུག་གྰ།”
་
འདི་ལ་སོགས་པ་བཟོད་པ་སྒོམ་པའི་གྲོགས་སུ་ཤེས། ཁྱོད་ཀྱིས་དོན་མེད་དུ་སྡིག་གསོག་པ་ལ་སྙིང་རྗེ་སྐྱེ་དགོས་པར་མཐོང་ངོ་།
་
ལྷ་སྡེ་གནམ་ལོ་ཡག་ལེགས་ཀྱི་མཆན་ཡིག
་
“དོན་ལ་ད་རེས་ཐོན་པའི་རིག་དངོས་འདི་དག་དང་པོ་མ་རེད་ལ། སྔར་མངའ་རིས་རུ་ཐོག་ནས་ཐོན་པའི་བྲག་བརྐོས་ཡི་གེའང་ལོ་ངོ་སུམ་སྟོང་བརྒལ་བའི་ལོ་རྒྱུས་ཡོད་པར་མ་ཟད།” འདི་ལྟར་བཀོད་པ་ལ་ཤེས་འདོད་ཅིག་བྱུང་། མངའ་རིས་ཀྱི་བྲག་་བརྐོས་ཡི་གེ་དང་། ད་ལྟའི་ཟངས་ལེབ་ཀྱི་ཡི་གེ་དང་། རང་རེ་བོད་མིས་བཀོལ་སྤྱོད་བྱེད་པའི་ཡིག་གཟུགས་རང་དུ་འདུག་གམ།
་
ཅོ་རི་ཉི་མ་ལེགས། ཁྱེད་ཀྱིས་རྫུན་གཏམ་དང་འཁྲུལ་གཏམ་གཉིས་ཀྱི་ཁྱད་པར་མཁྱེན་ནམ།
དགེ་ཆོས་ཀྱི་དེབ་དཀར་ལྷ་ས་སྤར་མ་ཤོག་གྲངས་སུམ་ཅུ་པའི་རྒྱབ་ན་འདི་ལྟར་བྲིས་ཏེ།
“ཤིན་ཏུ་ངོ་མཚར་བ་ནི། ཐུ་མི་དང་དུས་མཉམ་པའི་རྒྱལ་པོ་ཧརྵ་དང་། ཀུ་མཱ་ར་གུཔྟ་དང་། སཱུརྱ་བརྨན་སོགས་ཀྱི་དུས་སུ་བྱུང་བའི་ཟངས་ཀྱི་གླེགས་བུ་སོགས་པ་ད་ལྟའི་བར་རྒྱ་གར་གྱི་ཡུལ་སོ་སོར་ཡོད་པ་དག་ལ། ཡི་གེ་བཀོད་པ་རྣམས་བོད་ཡིག་དང་འདྲ་ཞིང་ཅུང་ཟད་རྒྱང་ནས་བལྟས་ཚེ་ལག་མི་མཁས་པ་ཞིག་གིས་བོད་ཡིག་བྲིས་སམ་སྙམ་པ་འཆར། ཡིག་འབྲུ་ཕལ་ཆེར་མ་བསླབ་ཀྱང་ཐོར་རེ་བ་ཞོག་ཀློགས་ཐུབ་པར་འདུག” ཅེས་སོ།
་
རང་རེས་བོད་ཡིག་བོད་རང་དུ་བཟོ་བསྐྲུན་ཁུངས་སྐྱེལ་ཐུབ་ན། ལྷ་སྡེ་གནམ་ལོ་ཡག་གིས་གསུངས་པ་ལྟར་བོད་ཀྱི་ཡིག་གཟུགས་རྒྱ་གར་དུ་འབེབས་ཡོད་པ་གདོན་མི་་ཟ་བར་འགྱུར།
་
འོན་ཀྱང་སྡེ་པ་ཕྱེད་དང་བརྒྱད་དང་དབྱངས་ཡིག་བཞི་བཅས་བཀོད་པ་ནི། རྒྱ་གར་གྱི་དབྱངས་གསལ་ལོ་ཉིས་སྟོང་ལྔ་བརྒྱ་སྔོན་དུ་པཱ་ཎི་ནིས་དིང་དུས་ཀྱི་ཨཕ་གན་ཀ་བུལ་དུ་གཏན་འབེབས་བྱས་པ་ལ་མ་བརྟེན་པར་བྱུང་མི་ཐུབ་པ་དེས་ན། མཁས་མཆོག་ཐོན་མིས་མཛད་པར་སེམས་ཤིང་། འདི་ལ་འཐད་ལྡན་གྱི་དགག་པ་ཡོད་ན་དགའ་བསུ་ཞུའོ།
རྒན་ལ་དྭགས་པ་ལགས། མ་གཞི་རྒྱ་གར་ནི་ཤེས་རིག་དར་འཕེལ་ཡོད་པའི་གནས་མཆོག་ཅིག་ཡིན་པར་མ་ཟད། དེང་སྐབས་ཧི་མ་ལ་ཡའི་བོད་རིག་པའི་བདག་པོའི་གྲས་ཀྱི་གཙོ་བོའང་ཡིན་པས། བོད་དང་རྒྱ་གར་བར་བྱུང་བའི་ཤེས་རིག་འགྲོ་འོངས་ཀྱི་ལོ་རྒྱུས་ནི་ཧ་ཅང་གི་གཏིང་ཟབ་པ་ཞིག་རེད། ཡིན་བའང་། རྒྱ་གར་གྱི་དཔལ་ཡོན་ནམ་ལེགས་བྱང་གི་འབྱུང་ཁུངས་ནི་བོད་ཡིན་པའང་གངས་རིན་པོ་ཆེ་དང་མཚོ་མ་ཕམ་གྱིས་ར་སྤྲོད་གནང་མེད་དམ། གང་ལྟར་བོད་འདི་ཉིད་ཀྱི་བསམ་བློའི་འཁྱེར་སོའི་འབྱུང་གཞི་ཡིན་པས། སྲུང་སྐྱོབ་ཀྱི་འོས་འགན་མེད་དམ།
རྒན་ལ་དྭགས་པ་མཆོག་ནི།
རྒྱལ་སྲས་ཞི་བ་ལྷས།
གང་གིས་གང་ཞིག་བཟློག་བྱ་སྟེ། །
བཟློག་པའང་རིགས་པ་མིན་ཞེ་ན། །
དེ་ལ་བརྟེན་ནས་སྡུག་བསྔལ་རྣམས། །
རྒྱུན་ཆད་འགྱུར་འདོད་མི་རིགས་མེད། །ཅེས་འི་དགོངས་པ་ལྷུར་ལེན་པ་ལ་རྗེས་སུ་ཡི་རང་ཞུ། །
གནམ་སྡེ་ལོ་ཡག་ལགས། མི་རིགས་དང་རིག་གཞུང་དོན་དུ་ཐུགས་ཁུར་གནང་པར་ཐུགས་རྗེ་ཆེ་ཞུ། །འོན་ཀྱང་ཉིད་ཀྱིས། ༼འགྲོ་བ་མིའི་རིགས་སྤྱི་ལ་ཡོད་མེད་ཐད་ང་ཚོས་ཅི་ཞིག་ལས་ཐུབ་མིན་དེ་གལ་ཆེན་རེད་མ་གཏོགས་ཡུལ་ལུང་བྱེ་བྲག་པ་ཞིག་གང་དུ་ཡོད་མེད་རྩོད་དོན་ཆེར་མི་འདུག་སྙམ།༽ཟེར་བ་ནི། རྒྱ་ནག་རྒྱལ་ཁབ་ཆེན་པོའི་དོན་བྱེད་ཐུབ་ན་གལ་ཆེན་རེད་མ་གཏོགས་བོད་ལུང་བ་བྱེ་བྲག་པ་ཞིག་ལ་རིག་གཞུང་་ཡོད་མེད་རྩོད་དོན་ཆེར་མི་འདུག ཟེར་བ་དང་གཅིག་མཚུངས་མིན་ནམ། རྩེད་མོ་ཞུ།
ཁྱེད་རང་ཚོའི་ག་རེ་ལབ་ཀྱི་ཡོད་མེད་ངས་ཧ་མི
གོ ཡིན་ནའང་། བོད་འདི་གནའ་རྫས་ཤིག་རེད། དེ་བས།
ལེགས་བཤད་ཅིག་ཏུ། ཙན་དན་གསེར་ལས་རིན་ཆེ་བ།
བླུན་པོས་སོལ་བར་བཏང་ལ་ལྟོས་ཞེས་པའི་རྗེས་སུ་མི་འགྲོ་བར་རེ་བ་ཡོད།
མི་འདི་ཚང་མ་གླེན་པ་རྐྱང་རྐྱང་རེད་འདུག
བཅའ་དངོས་རྙིང་པའི་ཚད་དེ་ཇི་ལྟར་ཐག་གཅོད་ཀྱི་ཡོད་མེད་ཨེ་ཤེས། མི་ཤེས་ན་ཁ་ཁ་བསྡད།
བཅའ་དངོས་རྙིང་པ་ནི་སི་C༡༤་ཞེས་པའི་རྫས་ཞིག་ལ་བརྟེན་ནས་ཐག་གཅོད་བེྱད་ཀྱི་ཡོད་ལ། རྒྱ་ནག་གི་ལག་རྩལ་ད་དུང་ཚད་ལྡན་མིན། དེ་ལས་ད་ཐེངས་ཀྱི་འདི་ཡང་དག་ཡིན་མིན་ད་རུང་དཔྱད་པར་བྱ་བ་ཡིན།
C༡༤་རྫས་དེས་བརྟག་དུས་ཟངས་ཀྱི་ལོ་ཚད་བརྟག་པ་རེད་དམ། ཡི་གེ་དེ་ལོ་ཚད་བརྟག་པ་རེད།
གལ་ཏེ་བཞི་སྟོང་གི་སྐད་ཆ་བཤད་ན་ཟངས་དེ་ལོ་བཞི་སྟོང་ཡིན་པའི་དབང་དུ་བཏང་ནའང་། དེའི་སྟེང་གི་ཡི་གེ་དེ་ལོ་བཞི་སྟོང་འགོར་བས་མ་ཁྱབ། དེ་ཙམ་ཡང་མི་ཤེས་པར་རང་དགར་དོན་མེད་དུ་འབ་ཀི་མ་འདུག
འདི་ལྟ་བུའི་བརྟག་དཔྱད་རྫུན་མའང་ད་བར་གང་མང་ཐོན་མྱོང་། དེ་བས་ད་དུང་འདི་སྒྲུབ་བྱེད་ཚད་ལྡན་ཆགས་མེད། འདིར་མི་ཁ་ཤས་ལྷ་སྒྲུང་ལ་མགོ་འཁོར་ནས་བསྡད་བཞག ལྷ་སྡེ་ལྟ་བུ། ཅོ་རི་ཟེར་བ་འདི་ཅི་ཡང་མི་ཤེས་མཁན་ཞིག་ཡིན།
དམན་མོ་མཚོ་ངས་བོདཡིག་གསལ་བྱེད་གསུམ་བཅུ་ཀྱང་པ་རྣམས་བོད་ཡིག་མ་རེད་བཤད་མེད་གསལ་བྱེད་ཀྱང་པ་ལ་དབྱང་དང་སྔོན་རྗེས་གང་ཡང་མེད་ཚེ་གོ་རྒྱུ་གང་མེད་པས་ཟང་ལེབ་དུ་ཡོད་པའི་ཡིག་གཟུག་ལ་གོ་རྒུ་གང་ཡང་མི་འདུག་ཟེར་བ་ཡིན་འགོ་ཚོད་ནས་ཀླད་པ་གཟོ་ཧ་གོ་བ་བྱེད་
ཐུབ་པ་ཤིན་ཏུ་བདེན། ལོ་བཅུ་བདུན་ཙམ་གྱི་སྔོན་ལ་ང་ལ་ཟངས་ཀྱི་གའུ་ཞིག་ཡོད། རྒྱ་ནག་གནའ་རྫས་རྟོག་ཞིབ་པས་མི་ལོ་ལྔ་སྟོང་སོང་བར་བཤད་སོང་། ང་བརྒྱད་ལོར་ས་འོག་སྦས་པ་ཞིག གྱ་གསུམ་ལོ་ལ་ས་འོག་ནས་བླངས་པ་རེད། མ་ཚད་གའུ་བཟོ་མཁན་སྒྲོལ་མ་སྐྱབས་རེད། ལོ་བརྒྱ་ཡང་སོང་མེད་པ་རེད། དེ་ནས་བཟུང་རྒྱ་ནག་གནའ་རྫས་རྟོག་ཞིབ་པས་གསར་རྙེད་བྱུང་ཟེར་དུས་གད་མོ་ཤོར་ཀི་འདུག ཡིན་ན་ཡང་གནའ་རྫས་རྟོག་ཞིབ་པས་རྫུན་དེས་ང་ལ་དངུལ་ལེགས་པོ་ཁུག་སོང་། ཧ ཧ
ཏུན་ཧོང་ཡིག་རྙིང་ནང་དུ་མིང་བྱང་ཙམ་ཡང་མ་གསལ་བའི་མི་བུ་ངོ་མཚར་ཅན། ཐོན་མི་སམ་སྦོ་ཊ་ཞེས་པ་དེས་བོད་ཡིག་གསར་བཟོ་བྱས་རབས། བན་དེ་ཚོས་རྒྱས་བཤད་ལུང་པ་གང་བྱས་ཡོད་པ་རེད། དེ་གཅིག་བྱས་ན་ཁྱེད་རང་ཚོ་སྤྱང་པོ་ཞེ་བོ་ཞིག་ཡིན་བསམ་གྱི་ཡོད་འགྲོ། དངོས་གནས་བྱས་ན་ཐོན་མི་སམ་སྦོ་ཊ་ཟེར་བའི་མི་དེས་དུས་རབས་བདུན་པར་བོད་ཡིག་གཞི་ནས་གསར་དུ་བཟོས་པར་འདོད་ན། རྒྱ་གར་གྱི་བན་དེའི་བཀའ་འགྱུར་བསྟན་འགྱུར་ཚང་མ་དུས་རབས་བདུན་པ་དང་བརྒྱད་པ། ལོ་ངོ་ཉིས་བརྒྱའི་རིང་ལ་བོད་སྐད་ཐོག་བསྒྱུར་བ་ཡིན་ཟེར་བའི་སྒྲུང་གཏམ་དེ་རྫུན་མར་འགྱུར་འགྲོ་བའི་ཉན་ཁ་ཤིན་ཏུ་ཆེན་པོ་འདུག ངས་སྔོན་མ་ཞིག་ནས་ཡོ་ལང་དེ་འདྲ་མང་པོ་འཁྲབ་རྒྱུར་ལོ་ངོ་ཉིས་བརྒྱ་གཅིག་པུས་རྩ་བ་ཉིད་ནས་འདང་གི་འདུག་ཟེར་ནས་ཞུས་ཡོད། ལོ་ངོ་ཉིས་བརྒྱ་ཡང་ཆ་ཚང་བ་ཞིག་ཡོད་མ་རེད། དོན་གྱི་གནད་པོ་ཆེ་ཐུག་ས་དེ་བཀའ་འགྱུར་བསྟན་འགྱུར་རྒྱ་གར་སྐད་ནས་བོད་སྐད་ཐོག་བསྒྱུར་རབས་བཤད་པའི་སྒྲུང་རིང་པོ་་འདི་ལ་ཐུག་པ་རེད། བོད་ཡིག་ག་དུས་བྱུང་བ་ཡིན་དང་མིན་གྱི་སྐོར་ལ་བན་དེ་ཚོར་སེམས་ཁྲལ་ཆེན་པོ་ཨ་ཡོད་ན། ངས་བལྟས་ན་དེ་ཅང་ཡོད་ས་མ་རེད། ཁོ་ཚོའི་སེམས་ཁྲལ་ཆེ་ཤོས་དེ་ནི། ལོ་ངོ་གཉིས་བརྒྱའི་རིང་ལ་བསྒྱུར་བར་གྲགས་པའི། བཀའ་འགྱུར་བསྟན་འགྱུར་ཡིན་པར་སྐད་པ་འདི་ཚོ་ཕལ་ཆེ་བ། བོན་པོ་ཚང་ལ་ཕར་ཤོར་འགྲོ་ས་རེད་བསམ་ནས་གཉིད་ཡག་པོ་ཁུག་ཐུབ་ཀྱི་མེད་པ་དེ་རེད། དཔེར་ན་འབུམ་བཞི་ནས་རྒྱུད་བཞི་དང་། ཁམས་ཆེན་ནས་ཡུམ་དུམ་བཞིན་ནོ། ད་ཤེས་སོང་ངམ།
སྦ་རྫར་ས་ཏོ་ཧུང། །
རྒན་ལ་དྭགས་པ་མཆོག
དམ་པ་དགེ་ཆོས་མཆོག་གིས་གུཔྟའི་རྒྱལ་བརྒྱད་དག་གི་སྐབས་སུ་ཟངས་ཀྱི་གླེགས་བུ་ཡི་ཐོག་ཏུ་བོད་ཡིག་ལྟ་བུ་བཀོད་པ་འདུག་གསུངས་ཀྱི་ཡོད་རེད་མ་གཏོགས་བོད་ནས་གསར་རྙེད་བྱུང་བའི་ཟངས་ལེབ་དེ་དག་གི་ཡི་གེ་བཀོལ་མཁན་གུཔྟའི་རྒྱལ་བརྒྱད་རེད་གསུངས་ཀྱི་ཡོད་མ་རེད། གོ་བ་ལེན་ཤེས་པ་གནང་རོགས།
ཁྱོད་ཀྱིས་་་
《ཟངས་ལེབ་དེ་དག་ན་གསལ་བའི་ཡི་གེ་དེ་དག་གུཔྟཱ་རྒྱལ་བརྒྱུད་དག་གིས་བཀོལ་པ་དགེ་ཆོས་ཀྱིས་གསུངས་པར་མ་ཟད།》་་་ཅེས་གསུངས་འདུག ཟངས་ལེབ་དེ་དག་ཅེས་དེ་སྒྲ་འཇུག་ས་གོང་དུ་བཀོད་པའི་གསར་རྙེད་བྱུང་བའི་ཟངས་ལེབ་དེ་དག་མིན་ནམ།
དགེ་ཆོས་ཀྱི་དེབ་དཀར་ལས་འདི་འདྲ་འདུག
《གང་ལྟར་ཡང་ཐུ་མི་རྒྱ་གར་ན་གུཔྟའི་རྒྱལ་བརྒྱུད་དག་གིས་སྲིད་སྐྱོང་པའི་སྐབས་སུ་བྱོན་པ་ཡིན་ཞིང་། ཤིན་ཏུ་ངོ་མཚར་བ་ནི། ཐུ་མི་དང་དུས་མཉམ་པའི་རྒྱ་གར་གྱི་རྒྱལ་པོ་ཧཪྵ་དང་། ཀུ་མཱ་ར་གུཔྷ་(གཞོན་ནུ་སྦས་པ་དང་།)སུརྱ་ཝརྨན་(ཉི་མའི་གོ་ཆ།)སོགས་ཀྱི་དུས་སུ་བྱུང་བའི་ཟངས་ཀྱི་གླེགས་བུ་ལ་སོགས་པ་ད་ལྟའི་བར་རྒྱ་གར་གྱི་ཡུལ་སོ་སོར་ཡོད་པ་དག་ལ། ཡི་གེ་བཀོད་པ་རྣམས་བོད་ཡིག་དང་ཧ་ཅང་འདྲ་ཆེ་ཞིང་༑ ཅུང་ཟད་རྒྱང་ནས་བལྟས་ཚེ་ལག་མི་མཁས་པ་ཞིག་གིས་བོད་ཡིག་བྲིས་སམ་སྙམ་པ་འཆར༑ ཡིག་འབྲུ་ཕལ་ཆེར་མ་བསླབ་ཀྱང་ཐོར་རེ་བ་ཞིག་ཀློག་ཐུབ་པར་འདུག དཔེ་མཚོན་ཙམ་བཀོད་ན། གཞོན་ནུ་སྦས་པའི་ཟངས་ཀྱི་གླེགས་བུ་ལ་འདི་ལྟར་སྣང་། ལྷ་ཆེན་པོ་ལ་ཕྱག་འཚལ་ལོ།།དཔལ་ཟླ་བ་སྦས་པའི་རྣམ་པར་རྒྱལ་པའི་རྒྱལ་སྲིད་ཀྱི་ལོ་བཅུ་པའི་སྨིན་དྲུག་གི་ཟླ་བ་ལ། དེས་ན་བོད་ཡིག་གང་ལ་དཔེར་བཅད་པའི་ཕྱི་མོ་དེ་ཡང་གུཔྟའི་ཡི་གེ་འདི་ཡིན་ནམ་སྙམ།》་་ཞེས་གསུངས་འདུག
༡་་་་དགེ་ཆོས་ཀྱིས་གུཔྟའི་རྒྱལ་རྒྱུད་དག་གིས་སྐབས་སུ་བྱུང་བའི་ཟངས་ཀྱི་གླེགས་བུ་ཡི་ཐོག་ཏུ་བཀོད་པའི་ཡི་གེ་དེ་དག་བོད་ཡིག་མ་རེད་ཅེས་ཐག་བཅད་ནས་གསུངས་མེད།
༢་་་དགེ་ཆོས་ཀྱིས་བོད་ཡིག་གུཔྟའི་ཡི་གེ་དཔེར་ལེན་ནས་བཟོས་པ་རེད་ཅེས་ཐག་བཅད་ནས་གསུངས་མེད།
༣་་་ཡི་གེའི་སྲོལ་འབྱེད་མཁན་ཡིན་ན་ཡི་གེ་ཐོག་མ་བཟོ་མཁན་ཡིན་མི་དགོས། ཆོས་ལུགས་ཀྱི་སྲོལ་འབྱེད་མཁན་ཡིན་ན་ཆོས་ལུགས་ཐོག་མ་འཆད་མཁན་ཡིན་མི་དགོས། ཀླུ་སྒྲུབ་དང་ཐོགས་མེད་གཉིས་སངས་ཆོས་ཀྱི་སྲོལ་འབྱེད་ཡིན་ཀྱང་སངས་ཆོས་ཐོག་མ་འཆད་མཁན་མིན།
རྒན་ལ་དྭགས་པ་མཆོག
དམ་པ་དགེ་ཆོས་མཆོག་གིས་གུཔྟའི་རྒྱལ་བརྒྱུད་དག་གི་སྐབས་སུ་ཟངས་ཀྱི་གླེགས་བུ་ཡི་ཐོག་ཏུ་བོད་ཡིག་ལྟ་བུ་བཀོད་པ་འདུག་གསུངས་ཀྱི་ཡོད་རེད་མ་གཏོགས་བོད་ནས་གསར་རྙེད་བྱུང་བའི་ཟངས་ལེབ་དེ་དག་གི་ཡི་གེ་བཀོལ་མཁན་གུཔྟའི་རྒྱལ་བརྒྱུད་དག་རེད་གསུངས་ཀྱི་ཡོད་མ་རེད། གོ་བ་ལེན་ཤེས་པ་གནང་རོགས།་་བཅོས་རོགས་བྱོས།
ཡེ་ཤུ་སྟོན་པའི་འཁྲུངས་སྐར་ཞུས་ན་ཞུས།།
ཁ་ཆེའི་ཞྭ་མོ་མགོ་ལ་གྱོན་ན་གྱོན།།
དམ་སྲི་དོལ་འདྲེའི་ལ་རྒྱ་བཟུང་ན་བཟུང་།།
xxxབོན་ལ་བདེན་ཁ་སྟེར་ན་སྟེར།།
བོད་མི་དོན་མེད་གསོན་བསྲེག་གཏོང་ན་བཏངས།།
ད་ནི་ཇུས་དོགས་མི་བྱ་ཐག་ཆོད་ཡིན།།
དྲང་བདེན་ཚིག་ལ་ཡིད་ཆེས་མེད་ཕྱིར་རོ།།
དཔལ་དགྱེས་པདྨ་ཆང་འཐུང་བྱེད་ནའང་བྱེད།
སྔགས་པ་ཟེར་ནས་རྒྱོ་རྐྱང་བྱེད་ནའང་བྱེད།
ཆོས་པ་ཟེར་ནས་ཆོས་རྫུན་འཁྲབ་ནའང་འཁྲབ།
དགེ་བྱེད་ཟེར་ནས་ཆགས་སྡང་སྨྲ་ནའང་སྨྲོས།
དབྱིན་ཡུལ་གླིང་དུ་ཟོག་བརྫུས་འཁྲབ་ནས་མི་མགོ་བསྐོར་ནས་འདུག
ལོ་ངོ་བཞི་སྟོང་གོང་ལ་ཀ་ཁ་ག་ང་སོགས་ཀྱི་བོད་ཀྱི་ཡི་གེ་ཡོད་ན་ཡི་གེ་དེ་བྲི་སྟངས་དང་། ཚིག་སྦྱོར་ལ་བེད་སྤྱོད་སྟངས་ཀྱི་བརྡ་སྤྲོད་ཅིག་མེད་མི་སྲིད་པ་རེད། ཡི་གེ་གསར་དུ་བཟོ་མཁན་དེས་ཡིག་གཟུགས་དང་། ཡི་གེ་བཀོལ་སྟངས་གཉིས་ཀ་བཟོས་ཡོད་པ་དངོས་སྟོབས་ཀྱི་རིགས་པས་བདེན་དཔང་བྱེད་ནུས་སོ།། ཡི་གེ་ཡོད་ན་དེ་ལུགས་གཉིས་ཀྱི་རྣམ་བཞག་སྟོན་ཆེད་དུ་བེད་སྤྱོད་དགོས་ན་དེ་བཀོལ་སྟངས་ཤིག་ངེས་པར་དུ་ཡོད་དགོས་སོ།། །།
་་་་་་་་་་་་་་་་་ རྒྱ་གར་གྱི་དཔལ་ཡོན་ནམ་ལེགས་བྱང་གི་འབྱུང་ཁུངས་ནི་བོད་ཡིན་པའང་གངས་རིན་པོ་ཆེ་དང་མཚོ་མ་ཕམ་གྱིས་ར་སྤྲོད་གནང་མེད་དམ། ་་་་་་་་་་་་་་་་་་
་་་་་་་་་་་་་་་་་་་ གལ་ཏེ་བཞི་སྟོང་གི་སྐད་ཆ་བཤད་ན་ཟངས་དེ་ལོ་བཞི་སྟོང་ཡིན་པའི་དབང་དུ་བཏང་ནའང་། དེའི་སྟེང་གི་ཡི་གེ་དེ་ལོ་བཞི་སྟོང་འགོར་བས་མ་ཁྱབ། དེ་ཙམ་ཡང་མི་ཤེས་པར་རང་དགར་དོན་མེད་དུ་འབ་ཀི་མ་འདུག ་་་་་་་་་་་་
ཐོན་མི་དྲིན་ཆེན་སྔོན་ལ་བོད་ཡིག་ཡོད་པར་ཤོག །
འོནད་ཀྱང་ཐོན་མིའི་མཚན་དེ་མེད་པར་མ་ཟོས་ཤིག །
ཀ་རྡོའི་བཤད་པ་ལེགས། ཐོན་མིའི་སྔོན་དུ་བོད་ཡིག་ཡོད་ངེས་ཀྱང་། ཐོན་མས་གསར་བཏོད་མཛད་པའི་བྱས་རྗེས་ལོ་རྒྱུས་ཀུན་ན་ཡོངས་སུ་གྲགས་པས་དྲིན་ལན་ལོག་མཇལ་ནམ་ཡང་བྱེད་མི་རིགས་སོ། ། ཐོན་མིའི་ལོ་རྒྱུས་དུས་རབས་བཅུ་གཉིས་པའི་སྐབས་ནས་བོད་ཀྱི་ལོ་རྒྱུས་ཀུན་ན་ཡོངས་སུ་གྲགས་པ་ཞིག་རེད། བོད་ཡིག་ཐོན་མས་བཟོས་པ་མིན་ཚུལ་གྱི་ཡི་གེ་ཞིབ་མོ་ད་བར་མེད། ཡོངས་གྲགས་ཀྱི་རྒྱུས་མེད་པར་བསུབ་ནས་ལོ་རྒྱུས་ཀྱི་ཆག་འཕྲོ་རེ་གཉིས་ལ་བཙན་མཐུད་ཀྱི་དཔྱད་པར་ས་ཆོད་དེ་ཙམ་མེད། །ཐོན་མས་བཟོས་པ་དེ་སུམ་རྟགས་ཀྱི་གཞུང་དང་ཡིག་གཟུགས་ལེགས་བཅོས་བཏང་བ་ཡིན་པ་འདྲ། དེ་ལ་གསར་བཏོད་བྱས་ཀྱང་མི་རུང་བ་མེད་དེ་འཛམ་གླིང་ལོ་རྒྱུས་ཀུན་ལ་དེ་ལྟར་གྲགས་པའི་ཕྱིར། དཔེར་ན། རྒྱ་ནག་གི་ཡིག་གཟུགས་གསར་བ་(简体字)དེ་གུང་ཁྲན་ཏང་གིས་རྒྱ་ཆེར་སྤེལ་བ་ཞིག་རེད། ཞིབ་མོ་བརྟགས་ན་སྔ་མོ་ནས་ཡོད་མོད། འཐུས་ཚང་བྱེད་མཁན་གུང་ཁྲན་ཡིན་པས་དེས་གསར་བཟོ་ཡིན་ཚུལ་གྱིས་དགག་པ་དང་བསྟོད་པ་མང་། དེ་བཞིན་ཀོ་རི་ཡའི་ཡི་གེ་སྤྱིར་རྒྱ་ནག་ཡི་གེ་རེད། ཡིག་གཟུགས་གསར་བ་དེ་བེད་སྤྱོད་བཏང་ནས་ལོ་བརྒྱ་ཕྲག་ལས་འགོར་མེད་ཀྱང་དེ་ལ་ཁོ་རང་ཚོས་ཡི་གེ་གསར་བར་འབོད། ཝེ་ལེའི་བོད་ཡིག་ལྟ་བུ་ཞིག་རེད། དེ་བཞིན་ཉི་ཧོང་གི་ཡིག་གཟུགས་གསར་བཏོན་བྱས་ནས་ཆེར་འགོར་མེད། དེའང་རྩ་བ་རྒྱ་ནག་གི་ཡི་གེ་རེད། ཐོན་མིས་བོད་ཡིག་གསར་བཏོད་ཀྱང་དེ་ལྟ་བུ་ཞིག་ཡིན་སྲིད་དོ། །ཏུན་ཧོང་གི་བོད་ཡིག་རང་ལའང་དག་ཆ་སྦྱོར་ཚུལ་གཅིག་འགྱུར་ཞིག་མེད་པ་དང་། ཡི་གེའི་སྒོས་མི་གཙང་ཞིང་། བཀོད་པ་མི་ལེགས་པས་ཤེས་ཡོན་ཅན་དང་། སྲིད་གཞུང་ཞིག་གིས་བདག་ཏུ་བཟུང་པའི་དཔེ་ཆ་རེད་སྙམ་པ་མི་འདུག་པས་དཔྱད་དགོས།
བདེན་བདེན་ཞིག་གསུངས་བྱུང་། ཐོན་མི་སམ་བྷོ་ཊ་བོན་པོ་རེད་བསམས་ཀྱི་ཡོད། མ་གཏོགས་ཤཀྱའི་ཆོས་ལུགས་པ་ཞིག་ཡིན་མདོག་མེད། བོད་ཆེན་པོའི་བློན་པོ་ཐམས་ཅད་མནའ་མས་ཁུར་ནས་བསླེབས་པའི་ཆོས་ལུགས་ལ་དད་པ་བྱས་མཁན་ཡིན་གྱི་མ་རེད་འདོད།
གོང་ལ་མཆན་པ་གཅིག་གིས་རྣམ་དཔྱོད་བཀོལ་བའི་སྐད་ཆ་བཤད་པ་དེ་བདེན་ཤས་ཆེ། ཟངས་ཀྱི་ལོ་ཚད་དང་དེའི་སྟེང་གི་ཡི་གེའི་ལོ་ཚད་མི་འདྲ་བ་ཡོང་སྲིད་པ་འཛམ་གླིང་འདིར་དཔེ་མཚོན་མང་པོ་ཡོད། དཔེ་ཆེན་པོ་ཞིག་ནི། སྔོན་མ་ཨེ་ཇིབ་ནས་ཡེ་ཤུའི་གསུང་རབ་རྙིང་པ་ཞིག་བརྙེད་པ་དང་། དེའི་ནང་ལ་ཡེ་ཤུ་མ་ཤི་ཀའི་ལོ་རྒྱུས་སྔར་གོ་མ་མྱོང་བ་མང་པོ་འཁོད། སྒྲུང་དེ་ཚོའི་ནང་བདེན་ཤས་ཆེ་བའི་གནས་ཚུལ་མང་པོ་ཡོད་པས་ཚན་རིག་པས་ཞིབ་འཇུག་བྱེད་མུས། དྭོགས་གཞི་གཙོ་བོ་དེ་འབྲི་ཡུལ་ཤོག་བུ་དེ་ལོ་གསུམ་སྟོང་གི་གོང་ལ་ཐོན་པ་རྫས་འགྱུར་དཔྱད་ཞིབ་ལས་ར་སྤྲོད་ཐུབ་པས། མི་མང་པོ་ཞིག་ལ་འདྲི་བ་བྱུང་ཡོད། ཤོག་བུའི་ལོ་ཚད་དང་རྩོམ་གྱི་ལོ་ཚད་གཅིག་པ་ཡིན་ཨེ་དགོས། འདི་ངོ་མ་འདྲི་བ་རེད།
ད་རང་ཅག་རྫུན་གཏམ་ལ་དུས་འཕྲོས་བརླག་ཏུ་མ་གཏོང་བར་དངོས་བྱུང་གནས་ཚུལ་འབྲི་བར་འདོད། དེ་ཡང་བོད་ཆོས་སྐད་དམ་བོད་རིག་གཞུང་སྐད་ངོ་སྤྲོད་བྱེད་པར་ས་སྐྱ་རྗེ་བཙུན་བསོད་ནམས་རྩེ་མོས།
་
ཚེག་བར་གཅིག་ན་ཡི་གེ་གྲངས།
དུ་ཡོད་དེ་དག་ཐམས་ཅད་ཀྱིས།
ཀུག་གྱེད་མཉམ་པར་ཐོབ་པ་ཡིན།
་
ཞེས་པ་ལྟར་ཡི་གེ་ཐམས་ཅད་ཀྱི་སྒྲ་ཟུར་ངེས་པར་ཐོབ་དགོས་པ། སྒྲ་ལ། སགརཨ། མྱུར་བར་ཡི་གེ་ཡོངས་རྫོགས་འབོད་དགོས། མགོ་ཅན་གསུམ་དང་། སྔོན་འཇུག་ལྔ་ཡོད་པའི་མིང་ཚིག་རྣམས་ཨིན་ཡིག་ཏུ་ཡི་གེ་ཇི་ཡོད་ཚང་མ་བྲི་བ་ན། སྔོན་འཇུག་དང་མགོ་ཅན་གཅིག་པར་འབྲི་དགོས། དེས་ན་སྔོན་འཇུག་དག་མིང་གཞིའི་སྒང་ལ་རྩིག་པ་སྟབས་མ་བདེ་བས། སྔོན་འཇུག་ཆགས། དེར་མ་ཟད་སྔོན་འཇུག་རྣམས་ཡི་གེ་རངས་པོ་ཡིན་པས། སློབ་མ་དག་ལ་མིང་ཚིག་དཔེར་ན། གཅིག་ ཅེས་འབོད་དུ་བཅུག་པ་ན། ག་ འབོད། དེ་ལྟར་མ་ཡིན་པར་ག་སྲོག་མེད་ཡིན་པས། ཅ་ཡིག་དང་བསྲེས་ཏེ། སྔོན་འཇུག་ག་དང་། མིང་གཞི་ཅ་གཉིས་ཀ་ལ་གི་གུ་ཐོབ་པར་བྱས་ཏེ། གཅིག་ཅེས་འབོད་དགོས། ང་ཕྲུག་གུའི་སྐབས་སུ་སྦལ་ཏི་ཞིག་གིས་བཞི་ཞེས་པར་རྗེ་བསོད་ནམས་རྩེ་མོས་གསུངས་པ་ལྟར་འབོད་པ་ཐོས་མྱོང་བ་ཡིན་པ་དང་། བདག་གིས་སློབ་ཚུལ་གྱི་གནས་ཚུལ་ཙམ་ལགས་སོ།
དུས་རབས་བརྒྱད་པ་དང་བདུན་པའི་གོང་ནས་ཡི་གེ་ཡོད་པའི་ལོ་རྒྱུས་དུས་རབས་བཅུ་པ་ནས་བཅུ་གཉིས་བར་གྱི་དཔེ་ཆའི་ནང་གསལ་ཡོད་ཀྱང་། བསྟན་པའི་ལ་རྒྱའི་དབང་གིས་ཡིད་ཆེས་མ་བྱས་པ་དང་། ནག་བསུབ་གཏོང་རྐྱང་བྱས་ཏེ་ལོ་སྟོང་ཕྲག་ཙམ་བསྐྱལ་ཐུབ་པ་བྱུང་ཡོད། དུས་རབས་ཉི་ཤུའི་སྨད་ནས་བཟུང་རང་རེའི་ལོ་རྒྱུས་དང་རིག་གནས་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱེད་མཁན་མང་པོས། བོད་ཡིག་ཐོན་མིས་བཟོས་མེད་པའི་དཔྱད་གཏམ་མང་པོ་སྤེལ་བའི་གསེང་ནས་བདེན་པའི་ངོ་གདོང་རང་དབང་མེད་པར་མངོན་པའི་ཚེ། དུས་དང་བསྟུན་པའི་སྐད་ཆ་དེའི་སྔོན་ལ་བོད་ཡིག་ཡོད་ཀྱང་ཆོས་སྲིད་ཀུན་ལ་བཀོལ་སྤྱོད་ཐུབ་པའི་ཡི་གེ་མེད་པས་ཐོན་མིས་ད་ལྟ་ང་ཚོས་བཀོལ་བཞིན་པའི་ཡི་གེ་གསར་གཏོད་མཛད་ཟེར། ལ་ལས་ཐོན་མིས་བོད་ཡིག་གསར་གཏོད་བྱས་མེད་ཀྱང་ལེགས་སྦྱར་ལ་དཔེ་བླངས་ནས་བརྡ་སྤྲོད་བརྩམས་པ་རེད་ཟེར། དེ་ལ་འང་གཞུང་བརྒྱད་ཡོད་ཀྱང་མང་པོ་ཞིག་བརླགས་སོང་བར་བཤད། ད་ལྟ་ས་འོག་ནས་ལོ་སྟོང་ཕྲག་མང་པོ་ཕྱིན་ཟིན་པའི་བོད་ཡིག་ཐོན་ཀྱང་རྒྱ་གར་པས་བྲིས་པ་ཡིན་པ་སྒྲུབ་ཁུལ་བྱེད་པ་དང་། རྒྱ་ནག་གི་ཚན་རིག་པ་ལ་ཡིད་བརྟན་མེད་རབས་སོགས་བཤད་ཀིན་འདུག ད་བདེན་དཔང་གསལ་པོ་ག་འདྲ་ཞིག་དགོས་སམ།
འདིར་དྲྭ་གྲོགས་མང་པོའི་དགོངས་པར་བོད་མི་ཚོ་རྒྱ་གར་དང་འབྲེལ་བ་བྱུང་བའི་དུས་མཚམས་དེ་ནི། དུས་རབས་བདུན་པའི་མན་ཆོད་ནས་ཡིན་ཤག་གནང་གི་འདུག་བ། དགོངས་ཚུལ་དེ་ཏག་ཏག་བསྡད་ཡོད་མ་རེད། བོན་གྱི་ལོ་རྒྱུས་ནང་སྟོན་པ་གཤེན་རབ་སྐུ་ཞི་བར་གཤེསགས་པའི་རྗེས་སུ། ཤིང་རྟའི་སྲོལ་འབྱེད་རྒྱལ་ཚབ་་་མུ་ཆོ་ལྡེམ་དྲུག་་་ཞུ་བ་ཞིག་ཕེབས་ནས། རྒྱལ་བ་གཤེན་རབ་མི་བོའི་བཀའ་ཡོངས་རྫོགས་མདོ་སྡེ་འབུམ་སྡེ་རྒྱུད་སྡེ་མཛོད་སྡེ་དང་གཞི་རུ་ཕྱེས་ནས་བཀའ་བསྡུ་གནང་བའི་སྐོར་བཀོད་ཡོད་པ་རེད། སྐབས་དེར་རྒྱལ་ཚབ་མུ་ཆོ་ལྡེམ་དྲུག་གི་སློབ་མའི་མཆོག་ཏུ་གྱུར་བ། མཛམ་གླིང་མཁས་པའི་རྒྱན་དྲུག་བྱ་བ་ཕེབས་ནས་ཁོང་རྣམས་ཀྱིས་རང་རང་གི་ཡུལ་དུ་བསྟན་པ་རྒྱ་ཆེར་སྤེལ་རབས་གསལ་ཡོད། མཛམ་གླིང་མཁས་པའི་རྒྱན་དྲུག་གི་ནང་དུ་རྒྱ་གར་ལ་མཁས་པ་་་ལྷ་བདག་སྔགས་གྲོལ་་་ཞུ་བ་ཞིག་ཕེབས་ཡོད་པ་རེད། དེ་བཞིན་རྒྱ་ནག་ལ་མཁས་པ་་་ལིག་ཏང་རྨང་པོ་་་ཞུ་ཞིག་ཀྱང་ཕེབས་ཡོད། གཡུང་དྲུང་བོན་གྱི་བསྟན་པ་འདིའི་གཞི་རྩ་ཐོག་མར་བཙུགས་དུས་ནས། དེའི་སྐབས་ཀྱི་འཛམ་གླིང་ཕྱོགས་ཡོངས་ལ་བསམ་བློ་གུ་ཡངས་བཏང་ནས་གལ་ཆེན་དོན་ཆེན་དུ་བརྩིས་ཏེ་ཚོགས་མི་བསྡུ་རུབ་གནང་བཞག དེ་འདྲ་ཡིན་དུས་གཡུང་དྲུང་བོན་གྱི་བསྟན་པའི་སྒོ་རུ་བཞུགས་པའི་རྒྱ་གར་གྱི་མཁས་པ་ལྷ་བདག་སྔགས་གྲོལ་ཞུ་དེས། རྒྱ་གར་གྱི་ཡུལ་དུ་བསྟན་པ་རྒྱ་ཆེར་སྤེལ་རབས་གསལ་འདུག་གོ རྒྱུ་མཚན་འདི་འདྲ་ལ་བརྟེན་ནས་བོན་པོ་ཚོ་རྒྱ་གར་དང་འབྲེལ་བ་བྱུང་སྟངས་དེ་ནི་ཤིན་ཏུ་ངོ་མཚར་ཆེ་བ་ཞིག་ལོས་ཡིན། །
འདི་ན་གནའ་རྫས་རྫུན་མ་དག་ཐེར་བྱས་འདུག
2014-12-26 ཁྲི་གཤོག་སྙེ་མའི་རྩོམ་སྟེགས། 赤雪尼玛诗词网站
༡ད་ལྟ་བརྫུན་བཟོ་མང་བས་འདི་གང་ནས་རྙེད་ཅིང་ད་ལྟ་གང་དུ་ཡོད་པ་བཅས་གནའ་རྫས་ངོ་མ་ཡིན་མིན་ལ་བརྟག་དགོས། ༢རྒྱ་མིས་འོལ་ཚོད་ཀྱིས་ལོ་ཚིགས་ཐག་གཅོད་པར་དགའ་སྟེ། ལོ་བརྒྱ་ཡས་མས་མ་གཏོགས་འགོར་མེད་པ་གསལ་ན་ལོ་སྟོང་ཕྲག་འགའི་ཡར་སྔོན་འདེད་པ་མང་། དཔེར་ན་སྔགས་གྲོང་ཆོག་དཔེ་ཆ་འབྲི་སྟངས་ད་ལྟ་ཡོད་པ་དག་ཀྱང་སྤྱི་ལོ་སྔོན་དུ་བཤད་པ་ལྟ་བུ། ༣ལ་ལས་ཆེད་དུ་བོད་མི་གནའ་རྫས་དང་རིག་དངོས་དག་ལོ་ཇེ་ཉུང་དུ་གཏོང་ཞིང་ལ་ལས་ཆེད་དུ་ཇེ་མང་དུ་གཏོང་། ༤རྒྱ་མི་འདི་ཧོང་ཀོང་བ་གནའ་རྫས་ལ་དགའ་བ་ཞིག་ཡིན་པས་ཚོང་གི་ཆེད་དུ་བསམ་བཞིན་དུ་བཤད་པ་ཡིན་མིནསོགས་བརྟག་རྒྱུ་མང་། ༥གལ་ཏེ་འདི་ངོ་མ་ཞིག་ཡིན་པའི་དབང་དུ་བཏང་ཡང་། ལོ་ཚིགས་དང་རི་མོ་དེ་ལ་དཔྱད་པ་མ་བཏང་བར་འོལ་ཚོད་བྱ་མི་རུང་།
文物的类别不同,要求采取不同的方法进行鉴定。在文物鉴定之前,必须对文物进行分类,以便根据不同类别的文物,采取不同的方法进行鉴定。分类亦需鉴定,对文物辨伪、断代、评定价值等鉴定,更需要分类。在文物藏品鉴定中,一般以质地分类,有利于排比、辨别。在文物史迹鉴定中,一般按性质分类,这样更适合采用不同方法鉴定该类文物中不同种类的文物。 文物鉴定的具体方法很多,基本方法可归纳为传统方法和现代科学方法。 传统鉴定方法是自古以来,人们在研究、鉴定文物中不断探索、总结、发展、再总结的科学成果。其基本内容是在对文物分类的基础上,对同类文物进行比较辨识和综合考察。 ①比较,没有比较就没有鉴别。在古代和现代,都采用比较的方法鉴别文物。以文物藏品为例,对真伪年代、价值未作出辨识的文物,鉴定时,需选取已知其真伪、年代的同类文物的标准器,并将两者对比,进行分析,找出未辨识文物与标准器物之间在形制、质地、花纹、工艺等方面的相同与相异之处,分析它们的矛盾与联系。经过系统地分析研究后,作出科学判断。 ②综合考察,通过对文物本身的调查,文献记载的考证,参考总结的鉴定同类文物的一般规律,对鉴定对象进行综合考察、分析、判断,以达到鉴定文物的目的。此法对鉴定文物史迹尤为适用。文物史迹一般形体大,内容多,涉及面广,采用综合分析的方法鉴定,会取得比较科学的鉴定结果。 运用传统方法鉴定文物,除上述基本方法外,还要根据鉴定的不同对象,采用不尽相同的具体方法,如对青铜器、瓷器、书画等的鉴定 (见青铜器鉴定、瓷器鉴定、书画鉴定 )都可说明这一点。之所以如此,是由不同种类文物的性质决定的。 现代科学技术鉴定方法,主要是运用现代科学技术对文物进行分析鉴定。有许多文物目前仍以运用传统鉴定方法为主。随着现代科学技术在文物鉴定领域的广泛应用,以及现代科学技术鉴定和传统方法鉴定的进一步相结合,文物鉴定将会出现新的局面。
ཟུར་མཆན།
༡རིག་དངོས་ཀྱི་ལོ་ཚིགས་མང་ཆེ་བ་འདྲ་འབྲེལ་གང་རུང་གིས་སྒོ་ནས་ཚོད་དཔག་རེད།
༢ལྟོས་དང་ཆུ་ཀོང་ནས་ཐོན་པའི་རིག་དངོས་དང་ཁ་རུབ་ནས་ཐོན་པའི་ལོ་ཚིགས་ཕྱི་གླིང་བ་དང་རྒྱ་ནག་པའི་ལོ་ཚིགས་མི་མཐུན་ལ་རྙེད་མ་ཐག་པའི་ལོ་ཚིགས་དང་ད་ལྟར་བཤད་པའི་ལོ་ཚིགས་ཀྱང་མི་མཐུན།དེ་ནི་གནད་དོན་ཞིག་རེད། དེའི་རྒྱབ་ན་ཡོད་པའི་གནད་དོན་ལ་འདང་མི་རྒྱག་ཀ་མེད་རེད།
༣ང་ཚོ་ལ་གནའ་རྫས་སྐོར་གྱི་རྒྱུན་ཤེས་རེའང་མེད་ན་མགོ་སྐོར་ཐེབས་སླ། འདི་ང་ཚོའི་གནའ་རྫས་ཚོང་བ་ཚོར་བསྟན་ན་དེ་ཚོས་ཅུང་ཤེས།
༤ང་ཚོ་བོད་ཀྱི་ལོ་རྒྱུས་ནི་བདེན་རེད། གནའ་དཔྱོད་རིག་པ་དང་ལོ་རྒྱུས་རིག་པ་གཉིས་ནི་འབྲེལ་ཐབས་མེད་པའི་རིག་པ་གཉིས་རེད།
༥མཚམས་ལ་ལར་གནའ་རྫས་རྟོག་དཔྱོད་པས་བདེན་དཔང་དེ་བརྫུན་དཔང་དུ་གྱུར་པའི་དཔེའང་མང་བོ་ཞིག་བྱུང་ཡོད།
༦རྒྱ་ནག་དང་ཏུང་ཧོང་གཏེར་ཡིག་བོད་ཀྱི་ཡིག་ཆ་གསུམ་མ་བགྲོས་གཅིག་ཏུ་མཐུན་པ་དེ་ལས་གཞན་པའི་ལོ་རྒྱུས་བདེན་པའི་དཔང་བོ་ག་ལ་དགོས།གལ་ཏེ་དགོས་ན་ལོ་སྟོང་ཕྲག་ལྷག་ལ་བུད་པའི་རྒན་མོ་ཞིག་འཚོལ་ན་མ་གཏོགས་ཐབས་མེད།
༧སྔོན་བྱོན་མཁས་པའི་ལོ་རྒྱུས་ལ་མ་བརྟེན་པར་རྒྱའི་ཡིག་ཚང་དང་ཏུང་ཧོང་གཏེར་ཡིག་ཁོ་ནས་བོད་ཀྱི་ལོ་རྒྱུས་བཤད་ཐབས་མེད། བོད་ཀྱི་ལོ་རྒྱུས་པ་དག་གཞུང་དྲང་ཡིན་པ་འདྲ་བ་གཞན་ན་མེད།དཔེར་ན་བོད་ཀྱི་ལོ་རྒྱུས་སུ་རྒྱལ་བོ་ལ་མཛེ་བྱུང་བའང་བྲིས་ཡོད་པ་དེས་གསལ་བོར་མཚོན་ཏེ་མི་རིགས་གཞན་ཞིག་ཡིན་ན་དེ་འགོག་པ་ནི་སྨོས་་མ་དགོས་པ་ཞིག་ཡིན།
༨དཔེར་ན་ཧོར་ཅིན་གུར་མི་ཉག་རྒྱལ་བོའི་བཙུན་མོས་སྒོང་བ་བཙུར་ནས་བསད་པ་སོག་པོས་ད་བར་དུ་བཀབ་པ་ལྟ་བུ་རེད། རྒྱ་ནག་གི་ལོ་རྒྱུས་རིག་པར་ཡང་རྒྱལ་ཁ་ཐོབ་པ་དག་གི་ལོ་རྒྱུས་ལེགས་པ་ལས་ཕམ་ཁ་མྱང་བ་དག་འདྲེ་རུ་བསྒྲུབས་པ་གནའ་དེང་ཐབས་ཅད་འདྲ་བ་ལྟར་རོ།།
༩དབྱངས་གོ་ཆས།མི་གཉིས་ཀྱིས་ཁོག་སྟོད་ཤ་རྗེན་དུ་བུད་འདུག་ཅིང་འོག་ན་གླང་ཆེན་འདྲ་བའི་གཟུགས་ཡོད་པ་འདི་མཐོ་སྒང་བོད་པའི་ཡུལ་སྲོལ་ཁོར་ཡུག་དང་འཚམ་པོ་མི་འདུག གསུངས་པ་ལེགས།
༡༠ལྟོས་དང་གཅེར་བུའི་ཚུལ་དེ་བོད་ཀྱི་ཁོར་ཡུག་ལ་གཏན་ནས་མི་འཚམ་པ་ཞིག་སྟེ། དེ་བོད་པ་ཞིག་གིས་མཐོང་མ་ཐག་ཏུ་དོགས་པ་མི་ཟའམ།
——————————————————
འཕྲིན་སྟེགས་ཀྱི་སྦྲེལ་གནས། Ningma7170
སྐད་འཕྲིན་གྱི་སྦྲེལ་གནས། sailing5888
རྩོམ་བསྐུར་ཡུལ། 2362302020@qq.com
——————————————————
དངོས་རྫས་དེ་རིགས་ང་ཚོ་བོད་ཀྱི་ལོ་རྒྱུས་ལ་མཚོན་ན་ཧ་ཅང་གལ་ཆེན་པོ་ཡིན་པ་རེད། གནའ་རྫས་དེ་ཚོ་དངོས་གནས་ས་འོག་ནས་བརྙེད་བཞག་པ་དེ་འདྲ་ཡིན་ན། རྒྱ་མའི་ཚན་རིག་པ་གཅིག་པུ་མ་ཡིན་པར། ཨ་རི་དང་དབྱིན་ཇི། ཇར་མན་དང་ཉི་ཧོང་སོགས་ཀྱི་ཚན་རིག་པ་ཚོ་ལའང་བརྟག་དཔྱད་བྱེད་དུ་ཅུག་དགོས་པ་རེད། དེ་ནས་བདེན་དོན་ཚད་མར་གྲུབ་ན་རྒྱལ་རྔ་ཕྱོགས་ཡོངས་ལ་ཅིས་མི་སྒྲོག བོད་ཀྱི་སློབ་གསོ་ད་བར་རྫུན་ཁྲིད་བྱས་ཚད་ལ་གནོང་འགྱོད་ཞུམས་པའི་སེམས་ཀྱིས་ཐོལ་བཤགས་རབ་ཏུ་ཕུལ་ནས། སླད་ཕྱིན་དེ་ལྟར་མི་བྱེད་རྒྱུ་དང་། བོད་གངས་ཅན་གྱི་གཅེས་ཕྲུག་ཚོ་ལ་ལོག་པའི་ལམ་སྟོན་རྩ་འགག་དུ་བཏང་ནས། དངོས་ཐོག་བདེན་འཚོལ་གྱི་སློབ་གསོའི་ཉི་མ་གཞོན་ནུ་བོད་མཐོ་སྒང་མེ་ཏོག་གི་ཕ་ཡུལ་དུ་མྱུར་བར་འཆར་བའི་རེ་བ་ཆེའོ། །
སྤྱིར་ན་དེ་འདྲ་ཐོན་ན་དགའ་བསུ་ཞུ་མི་ཞུའི་སྐད་ཆ་ཤིག་གང་དུ་ཡོད། ལོ་རྒྱུས་ལ་འགྱུར་བ་ཐེབས་པ་རེད། དེ་ལས་ཡག་ཅིག་ཅི་ཡོད། ཡིན་ན་ཡང་། སྤྱིར་ན་ངས་གོང་དུ་དྲི་བ་ཁ་ཤས་བཏོན་ཡོད། གསར་དུ་རྙེད་པའི་གནའ་རྫས་དེ་ཚོ་དེང་སང་གང་དུ་ཡོད་པ་རེད། དེ་གལ་ཆེན་རེད། དེ་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་གནའ་རྫས་གནའ་ཤུལ་གྲགས་ཅན་གསར་རྙེད་གསན་ཚུལ་འཁོད་པའི་དེབ་རིགས་དང་དྲ་བ་གང་དུ་ཐོན་པ་རེད། མི་སུ་དང་སུས་ཐག་གཅད་པ་དང་མི་སུ་དང་སུས་རྒྱབ་གནོན་བྱས་་རེད། དེ་ཚོ་རྨང་གཞིའི་དྲི་བ་རེད། དེ་མ་ཡིན་པར་ག་ཤེད་ཅིག་ནས་ག་གེ་མོ་ཞིག་ཐོན་སོང་ཟེར་བའི་སྐད་ཆ་དེ་འདྲ་འུར་མང་པོ་བརྒྱབ་མྱོང་བ་རེད་མོད་ཕུགས་དེད་དུས་འཇའ་དེངས་པ་བཞིན་འགྱུར་འགྲོ་བ་ཐེངས་མང་པོ་བྱུང་སོང་།
རྒྱན་དྲུག་མཆོག་གཉིས་སམ། སློབ་དཔོན་ཀླུ་སྒྲུབ་སྔོན་ལ། རྒྱ་གར་ནང་ལ་ཆེག་ཆེན་པའི་དགེ་འདུན་ལྔ་བརྒྱ་སོགས་བྱུང་ཡོད་པ་དེ་དག་སྐོར་ནང་པས་ངེས་པར་དུ་ཤེས་དགོས་པ་མང་ངོ་།། །།
ཐོན་མིའི་སྔོན་དུ་བོད་ཡིག་ཡོད་མེད་དང་། ཀླུ་སྒྲུབ་སྔོན་དུ་ཐེག་ཆེན་ཡོད་མེད་དྭོགས་པ་གཉིས་ལ་ཆ་འདྲ་བ་ཡོད་དམ། མེད། ལགས།
ཅ་དངོས་འདི་ཚོའི་སྟེང་དུ་དོད་པའི་ཡིག་གཟུགས་དེ་ཚོ་མི་ལོ་བཞི་སྟོང་གི་བོད་ཡིག་ཡིན་པ་དེ་བདེན་པར་ར་འཕྲོད་སོང་ན་འགྲམ་ལྕགས་ཕོག་ས་དེ་བོད་ཀྱི་ཡིག་གཟུགས་རྒྱ་གར་ཡི་གེར་དཔེ་བལྟས་ནས་བཟོས་ཟེར་མཁན་ཚོ་མ་རེད། དེ་ལས་ལྡོག་སྟེ་ཞང་ཞུང་སྨར་ཡིག་དང་སྟག་གཟིགས་སྤུངས་ཡིག་ཟེར་བ་ཞེད་པོ་ཞིག་ཡོད་མཁན་ཚོའི་རྐུབ་ལ་རྡོག་རྒྱག་ཐེབས་པ་རེད། གང་གི་ཕྱིར་ཞེ་ན་ཡིག་གཟུགས་འདི་ཚོ་རྒྱ་གར་གུབྟའི་ཡིག་གཟུགས་དང་འདྲ་ཆེ་བའི་ཐོག་ཏུ་ད་ལྟའི་ཧིན་དྷིའི་ཡི་གེ་དང་འདྲ་བ་ཡང་མཆིས་པས་བོད་ཡིག་དང་རྒྱ་གར་གྱི་ཡིག་གཟུགས་འབྲེལ་བའི་ཕུགས་ཐག་ཇེ་རིང་དུ་བཏང་བ་རེད།
ཅོ་རི་ཉི་མ།་མཆོག
ཁྱེད་ཡི་བེའི་འགྲོས་ལ་འབད་པ་ཅན་ཞིག་ལགས་པས། དཔེ་ཆ་བོད་ཀྱི་མཁས་པ་དག་གིས་བྲིས་པ་དག་ལྗགས་ཀློབ་མཛད་དེ།
དངོས་མ་ལ་ངོ་མ་འབྲི་བ་དང་། དགོངས་ལ་དགོང་། གྲོགས་ལ་རོགས་འབྲི་བ་སོགས་སྤང་ཐུབ་ན། སྔོན་གྱི་མེས་པོའི་སྙིང་པོས་ཁྱེད་ལ་གྲོགས་བྱེད་པ་ངེས་སོ།
ལ་དྭགས་པ་ལགས་ སྤྱི་ཚོགས་ཀྱི་དངོས་པོ་ཚང་མ་རིམ་བཞིན་ཡར་རྒྱས་འགྲོ་དགོས་པ་ལས་ཐོག་མ་ཉིད་ནས་སྤུས་དག་ཞིག་དང་ཕྱིན་ཆད་བཟོ་བཅོས་རྩ་བ་ནས་བྱེད་མི་དགོས་པ་ཞིག་ག་ལ་ཡོད། དེ་འདྲ་ཞིག་འཛིན་མཁན་ཡོད་ན་བླུན་པོའི་རང་གཟུགས་མངོན་ཡོང་གི་ཡོད་པ་གསལ་པོ་རེད། དུས་ཀྱི་འཕེལ་རིམ་དང་ཡར་རྒྱས་ཡོད་པ་ཧ་གོ་མཁན་ཞིག་ཡིན་ན་དེ་འདྲ་ལབ་མི་སྲིད། གཞན་ཞིག་ལ་སྔར་བོན་ལུགས་སུ་ཡིག་གེ་དབྱངས་དང་འདོགས་ཅན་མེད་པ་མང་པོ་འབྲི་སྲོལ་འདུག། ད་ལྟ་ཡང་དེ་བཞིན་རེད། དཔེན་ན་་་ར་་ཙ་་་ཡ་་་ག་་་མ་་་ཨ་་་ས་་ཧ་་་སོགས་མང་པོ་འབྲི་སྲོལ་འདུག། ལྷ་སྲུང་གི་ས་བོན་བྲིས་ནས་སྲུང་བ་ཡི་ཚུལ་དུ་སྒོ་དང་ལུས་ལ་འདོགས་སྲོལ་འདུག། ད་ག་རེ་བལ་ན་འདྲ་མ་ལབ་ན་འདྲ་ལོ་བཞི་སྟོང་སྔོན་དུ་བོད་ལ་ཡི་གེ་ཡོད་པ་རྒྱ་ནག་གི་ར་སྤྲོད་བྱས་ཟིན་པ་རེད། ངས་དྲི་བ་ཞིག་ཡོད་་་ལ་དྭགས་པ་་་ཚོའི་ལོ་ཤས་སྔོན་བོད་ཡིག་བེད་སྤྱོད་མི་བྱེད་པར་་་ལ་དྭགས་ཡི་གེ་ཟེར་བ་ཞིག་གསར་བཟོ་བྱེད་རྩིས་བྱས་ཅང་མཐར་ཁུང་མ་འཆོལ་བར་བོད་ཡིག་ལ་ཚུལ་མགོ་འདོག་བྱེད་དགོས་པ་བྱུང་བ་རེད་ཟེར་ནས་སྤྱི་ཚོགས་ནང་རླུང་ལྟར་ཁྱབ་བཞིན་འདུག་། བདེན་པ་རེད་བས་། ཧཧཧཧཧཧ
ད་ལྟའི་ཡི་གེ་འདི་ཞང་ཞུང་སྨར་ཆུང་དངོས་རེད་འདུག་ཁྱེད་ཚོ་སྨར་ཆུང་ཤེས་མཁན་མེད་ན་སྨར་ཆུང་ཡི་གེ་རགས་ཐབས་བྱོས། དེ་ནས་ཧ་གོ་ཡོང་ཟོང་ལེབ་ཀྱི་ངོས་སུ་ཡོད་པའི་་་་མ་་་ཆ་་་མོ་་་སྨར་ཆུང་རེད་འདུག། དེས་མ་ཚད་ཡིག་བར་ཚག་དང་མཐར་་ཤད་་ཡང་བྲིས་འདུག། རྒྱ་དང་རྒྱ་གར་་བར་པོ་སོགས་སུ་གང་གི་ཡི་གེ་ལ་་བར་ཚག་་དང་མཇུག་་་ཤད་་བྲི་སྲོལ་མེད། དེ་ནི་བོག་ཡིག་གཅིག་པུ་ལ་ཡོད། ལ་དྭགས་ལ་་་སོགས་མི་འགའ་ཞིག་གི་ཨུ་ཚུག་མཐར་སྐྱེལ་ནས་རྒྱ་གར་ཡི་གེ་ལ་སྒྲུབ་ཐབས་བྱེད་ཀྱི་འདུག། རྒྱ་རག་ཡིག་རིག་ནང་མགོ་་་ཚག་་མཇུག་་ཤད་་ཡོད་པ་ཞིག་ད་ཁྱེར་ཤོག་དགའ། གང་ལྟ་ང་ཚོ་བོད་གངས་ཅན་ལྗོངས་སུ་དུས་ཚོད་ཆེས་སྔ་བ་ཞིག་ནས་ཡིག་གེ་ཡོད་པ་རྒྱ་གཞུང་གི་ཚུལ་སྒྲུབ་ཡོང་དུས་ངོ་མ་དགའ་དགོས་པ་ཞིག་རེད་ཡ། ཉེ་ཆར་མཚོ་སྔོན་ཞིང་ཆེན་རྫོང་རི་གནའ་ཤུལ་ནས་ཕོར་པ་ཞིག་རྙེད་འདུག། དེ་མི་ལོ་ལྔ་སྟོང་ཡར་སྔོན་ནས་བོད་ཀྱི་བཅའ་དངོས་རེད་འདུག་ཞེས་ཚན་རིག་གི་བདེན་དཔང་བྱས་འདུག། ཕོར་པའི་ངོས་སུ་བོད་ལྭ་གྱོན་ནས་སྐོར་བྲོ་འཁྲབ་པའི་རི་མོ་ཡང་འདུག་ཟེར། ད་ང་ཚོ་བོད་པ་ཚང་རིག་གཞུང་གི་དུས་ཡུན་ཇེ་རིང་ནས་ཇེ་རིང་འགྲོ་བ་འདི་ངོ་མ་དགའ་འོས་པ་ཞིག་རེད། དེང་དུས་ཚན་རིག་པས་བོད་པ་ཚང་ལ་ངོ་མ་རོགས་ཆེ་པོ་བྱས་སོང་ཐུགས་རྗེ་ཆེ་ཞུ་ཡ་ཡིན།
སྤོབས་མཐའ་སོགས། ཉོན་ཨ། བོན་པོ་ཚོས་བཤད་པའི་ལོ་རྒྱུས་གཞིར་བཞག་ཚེ་ད་ལྟའི་བོད་ཡིག་གི་ཕྱི་མོ་ཞང་ཡིག་ལ་དཔེ་བླངས་རབས་བཤད་པ་ལས་ལོ་ངོ་བཞི་སྟོང་སྔོན་དུ་བོད་ཡིག་མེད་པར་འགྲོ་ཚུལ་ཡོད་པ་མ་རེེད། རྒྱུ་མཚན་ནི་བོན་གྱི་ཡིག་ཚང་ལྟར་ན་ཞང་ཞུང་སྨར་ཆེ་ཆུང་རྣམས་མི་ལོ་ཆིག་ཁྲི་བརྒྱད་སྟོང་སྐབས་ནས་སྐུ་མ་འཇིག་གསུང་མ་འགག་པར་ཡོད་རབས་བཤད་ཡོད། ད་ལྟ་བར་སྟོན་པ་གཤེན་རབ་མི་ཡུལ་དུ་འཁྲུངས་ནས་མི་ལོ་ཆིག་ཁྲི་བརྒྱད་སྟོང་ལྷག་ཕྱིན་ཞིང་ཁོང་ལ་སྲས་བརྒྱད་ཡོད་པའི་ནང་ནས་ཡིག་ལྷ་འཕྲུལ་ཆུང་ཟེར་བ་ཞང་བོད་ཡིག་གཟུགས་སྒྱུ་རྩལ་གྱི་བཀའ་བབ་སློབ་མ་རུ་གྲགས། ཨ་རོགས། སྤོབས་མཐའ། ངས་ཁྱོད་ལ་ལུང་བསྟན་ཞིག་བཤད། ད་དུང་གཞན་ལ་བཤད་མི་ཉན། བསྐལ་བ་རྟ་ཡི་ལོ་ཞིག་ལ་རྒྱ་གར་གྱི་སྐད་ཡིག་སོགས་ཀྱང་མཐར་གཏུག་ན་ཞང་ཞུང་སྐད་ཡིག་ལ་ཐུག་པའི་ཡོངས་ཁྱབ་དྲིལ་བསྒྲགས་བྱ་སྲིད། དཔེར་ན། ལོ་བཅོ་ལྔ་ཉི་ཤུའི་གོང་དུ་བན་དེའི་མཁས་པ་མང་ཆེ་བས་ཞང་ཞུང་ཡི་གེ་ཟེར་བ་བོན་པོས་རྟོག་བཏགས་ཙམ་ལས་དོན་ལ་མེད་པར་ཁས་བླངས་པ་རེད། དེང་སང་༧གོང་ས་ཏཱ་ལའི་བླ་མས་ཀྱང་ཞང་ཡིག་ནི་ལོ་ངོ་བཞི་སྟོང་གི་ཡིག་རིགས་རྙིང་གྲས་ཞིག་དང་བོད་ཡིག་ཞང་ཡིག་ལ་དཔེར་བླངས་སྲིད་ཚུལ་གྱི་གསུངས་ཞིག་ཀྱང་ཐོས། དུས་ཚོད་བྱུང་ན་ཨ་རིའི་བོད་ཀྱི་རླུང་འཕྲིན་ཁང་གི་དྲ་རྒྱར་ལྟོས། ཡང་ཅིག་བཤད་ན། ཞང་ཞུང་སྐད་ཡིག་གི་ཁོངས་སུ་སྐད་རིགས་ཆེན་པོ་བཞི་ཡོད་པའི་ནང་ནས་གཅིག་ནི་སམ་ཊྲི་ཏའི་སྐད་ཡིན་པ་གནའ་རབས་བོན་གྱི་ཡིག་ཚང་དུ་གསལ་བས་ནམ་ཞིག་རྒྱ་གར་གྱི་སྐད་ཡིག་ཀྱང་ཞང་ཞུང་ལ་ཐུག་པའི་དྲིལ་བསྒྲགས་གནང་སྲིད་པའང་ངས་ཁྱོད་ལ་གདམས་པའི་ལུང་བསྟན་གྱི་ཟུར་ཞིག་ཡིན། ད་དུང་གཅིག་བཤད་ན། བན་ཕྱོགས་ནས་བྲིས་པའི་བོད་ཀྱི་ལོ་རྒྱུས་མང་ཆེ་བར་སྒང་བ་བོད་ཀྱི་མི་རིགས་ཐོག་མར་སྤྲེལ་སྲིན་ལས་བྱུང་རབས་དང་། ལོ་ངོ་ཉིས་སྟོང་ལྔ་བརྒྱའི་གོང་དུ་བོད་ཡུལ་ཆུས་བཀང་བ་ལས་རྐང་གཉིས་འགྲོ་བ་མི་རྡོག་གཅིག་ཀྱང་མེད་པའི་ལོ་རྒྱུས་ཡོངས་རྫོགས་སྐྱག་རྫུན་ཡིན་པ་ཚན་རིག་པས་ཕྱི་གསལ་ནང་གསལ་བྱས་སོང་། དེ་ནི་བན་ཕྱོགས་ཀྱི་མཁས་པ་ང་ཡིན་ཁྱོད་ཡིན་ཟེར་བ་ཁག་ཅིག་གིས་ཤོག་ཧྲུལ་ཁྲོད་བོད་ཀྱི་སྣོད་བཅུད་ལ་བཞག་པའི་ཁས་ལེན་ནམ་དམ་བཅའི་ཕུང་ཚོགས་རྡུལ་བཞིན་བརླགས་པ་རེད། ད་ནི་བོད་ཀྱི་ཤེས་རིག་གི་འབྱུང་རྩའང་རྒྱ་གར་དང་རྒྱ་ནག་ལ་གཏུག་ཅི་ཐུབ་ཀྱིས་ཁྱོད་ཚོ་ང་ཚོའི་དགེ་རྒན་ང་ཚོ་ཁྱོད་ཚོའི་སློབ་མ་ཡིན་ཞེས་ངོ་དགའི་སྤྲེལ་ཀླད་ཀྱི་གཏམ་ཚོགས་མི་རིང་བར་འཇིག་ལ་ཉེའོ། །བོད་ཀྱི་ཤེས་རིག་རྒྱལ་ལོ། བོད་ཀྱི་མཁས་པ་རྒྱལ་ལོ། །
༼དངོས་མ་ལ་ངོ་མ་འབྲི་བ་དང་། དགོངས་ལ་དགོང་། གྲོགས་ལ་རོགས་འབྲི་བ་སོགས་སྤང་ཐུབ་ན། སྔོན་གྱི་མེས་པོའི་སྙིང་པོས་ཁྱེད་ལ་གྲོགས་བྱེད་པ་ངེས་སོ།༽
དངོས་མ་ལ་ངོ་མ་་་་་་་་དངོས་དང་ངོ་མ་གཉིས་དོན་མཚུངས་གང་བྲིས་ཀྱང་འགྲིག དེ་བོད་ཀྱི་སྐད་ཀྱི་ནང་དུའང་བེད་སྤྱོད་ལ་ཡིག་སྐད་དུའང་དེ་ལྟར་བརྗེས་ཏེ་བྲིས་ཡོད།
དགོངས་ལ་དགོང་ཞེས་བྲིས་ན་ནོར་བ་ཡིན་་་་་དགོངས་ཞེས་པ་ཐུགས་ལ་དགོངས་པ་དང་་་་་དགོང་ཞེས་པ་ནི་དུས་ཀྱི་དགོང་སྟེ་སྔ་དྲོ་ཕྱི་དྲོའི་ཕྱི་དྲོ་ལ་བཤད། ཁྱེད་ཀྱིས་ཨུ་ཚུགས་ཇི་ལྟར་བྱས་ཀྱང་སུ་ཞིག་གིས་ཀྱང་ངོས་ལེན་བྱེད་མི་སྲིད།
གྲོགས་ལ་རོགས་ཞེས་བྲིས་པ་མང་ལ་མ་ཟད་གྲོགས་དང་རོགས་གཉིས་ཕན་ཚུན་བརྗེས་ཏེ་བྲིས་པའང་ཡོད། དཔེར་ན། ང་ཡི་དགའ་རོགས་དང། ང་ཡི་མཛའ་གྲོགས། ང་ཡི་བརྩེ་གྲོགས། དེ་བཞིན་མང། ཡང་ཡང་གཏམ་ལ་སྙན་རྒྱུ་མེད་ཟེར་བ
བཞིན་ཇི་ལྟར་ཨུ་ནན་བྱས་ཀྱང་དེར་གྲུབ་འབྲས་ཐོན་མི་སྲིད། འོན་ཀྱང་ལ་དྭགས་སོགས་ཡུལ་ཁུག་དེ་ཚོར་བསླབ་བཤད་བྱས་ན་གཅིག་བྱས་ན་གྲུབ་འབྲས་ཐོན་སྲིད།
ལྡོང་གསེར་མིག་གིས་བཤད་བཤད་པའི་སྔ་མར་འདི་འདྲ་ཞིག་བྲིས་འདུག། ༼བོད་ཀྱི་ཤེས་རིག་རྒྱལ་ལོ། བོད་ཀྱི་མཁས་པ་རྒྱལ་ལོ།༽ ཧ་ཧ་ཧ།
བོད་ཀྱི་མཁས་བ་ཚོ་ནོར་ཡོད་པའི་ཡོད་རབས་ལུང་པ་གང་བྲིས་མཐར་(བོད་ཀྱི་མཁས་བ་རྒྱལ་ལོ་ཟེར)།ཧ་ཧ་ཧ། དེ་ལས། བོན་གྱི་མཁས་བ་རྒྱལ་ལོ་ཟེར་ན་ག་འདྲ་འདུག། ཧ་ཧ་ཧ།
༼ལོ་ངོ་ཉིས་སྟོང་ལྔ་བརྒྱའི་གོང་དུ་བོད་ཡུལ་ཆུས་བཀང་བ་ལས་རྐང་གཉིས་འགྲོ་བ་མི་རྡོག་གཅིག་ཀྱང་མེད་པའི་ལོ་རྒྱུས་ཡོངས་རྫོགས་སྐྱག་རྫུན་ཡིན་པ་ཚན་རིག་པས་ཕྱི་གསལ་ནང་གསལ་བྱས་སོང་།༽
ཨ་ལ་ལ་ལ་ལ་ངོ་མ་སྙན་བྱུང་ཨ་རོགས་བཀའ་དྲིན་ཆེ། སྐྱེས་ཕ་བཟང་གི་བུ། །
ཉེ་རབས་ལོ་རྒྱུས་ཀྱི་སྟེང་ལ་བོན་པོའི་མཁས་པ་ཡིན་ཟེར་མཁན་ཁ་ཤས་ཀྱིས་ནོར་འཁྲུལ་ཆེན་པོ་ཁ་ཤས་བྱས་འདུག དེ་ནི་ཞང་བོད་ཟེར་ནས་ལོགས་སུ་ཤུགས་ཆེན་པོས་དབྱེ་བ་དང་། ཕྱོགས་གཅིག་ནས་བོད་ཀྱི་ཤེས་རིག་གི་འབྱུང་ཁུངས་ཞང་ཞུང་ནས་ཡིན་ཚུལ་བསྒྲགས་པ། ཕྱོགས་གཅིག་ནས་བོད་ཀྱི་རིག་གནས་ཐམས་ཅད་ཀྱི་འབྱུང་ཁུངས་བོད་རང་ནས་ཡིན་ཞེས་བསྒྲགས་པ་སོགས་ནི་ནང་འགལ་ཤ་སྟག་ཏུ་གྱུར་ནས་ར་སྤུའི་འུར་རྡོ་རང་གི་མགོ་ལ་འཁོར་བའི་སྐད་ཆ་མང་པོ་བཤད་འདུག
སྤོབས་པའི་གསུང་དེ་ངའི་སེམས་ནང་ན་ཡོད་པའི་སྐད་ཆ་ཞིག་ཡིན། བོན་པོ་ཚོས་ནང་ཆོས་བོད་རང་གི་མ་ཡིན། རོང་པའི་རེད་ཟེར། བོད་རང་གི་དེ་བོན་ནོ་ཟེར། ཡང་བོན་བོད་ནས་མིན་པར་ཞང་ཞང་ཡིན་ཅིག་ནས་ཡིན་ཟེར་ངེད་ཅག་གི་མགོ་མགལ་མེའི་འཁོར་ལོ་ལྟ་བུ་བསྐོར་བར་བྱས་སོ།།
བོད་ཀྱི་ཤེས་རིག་གི་ཞང་ཞུང་ནས་བྱུང་བ་དངོས་བདེན་རེད། འོན་ཀྱང་ཞང་ཞུང་གི་རྒྱལ་རབས་འཐོར་ཞིག་ཕྱིན་ནས་བོད་ལ་ཐིམས་ཏེ་གཉིས་མེད་གྱུར་ནས་ལོ་སྟོང་ཕྲག་ལྷག་ཕྱིན་པ་དང་། དེའི་རིང་ལ་གནའ་བོའི་ས་ཤུལ་རྡོ་ཤུལ་ཚང་མ་རྩ་མེད་བཏང་ཞིང་ཐ་ན་མིང་ཡན་ཆད་བསྒྱུར་ཏེ། ཞང་ཞུང་་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཤེས་རིག་རྣམས་བོད་རང་གི་ས་སྐྱེས་རྡོ་སྐྱེས་ལྟ་བུར་གྱུར་པ་རེད།
གསེར་མིག་ལགས། ད་ནི་གཤེན་སྒྲུང་དང་ཞང་སྒྲུང་གིས་མི་མགོ་སྐོར་བའི་དུས་རབས་ཡོལ་ཟིན་པ་རེད། ལོ་རབས་བརྒྱ་ཕྲག་ཉི་ཤུ་པའི་མཇུག་ཏུ་གཤེན་སྒྲུང་དང་ཞང་སྒྲུང་ལ་ཡིད་ཆེས་མཁན་ཁ་ཤས་བྱུང་བ་རེད། ང་ཡང་དེའི་ནང་གི་གཅིག་ཡིན། འོན་ཀྱང་ལོ་རབས་བརྒྱ་ཕྲག་ཉེར་གཅིག་པ་ཚེས་ཚུན་ཆོད་ནས་གཤེན་སྒྲུང་དང་ཞང་སྒྲུང་གིས་གོ་གནས་ཤོར་མགོ་ཚུགས་པ་རེད། གང་གིས་ཕྱིར་ཞེ་ན་དངོས་པོ་སྟོབས་ཞུགས་ཀྱི་དཔང་རྟགས་བསྟན་མི་ཐུབ་པས་རེད།
སྤོབས་པ་མཐའ་ཡས་ལགས། །
བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་མཆོག། བོད་བཙན་པོའི་རྒྱལ་རབས་ཀྱི་གསེར་ཁྲིར་མངའ་གསོལ་ཞུ་མཁན་ནི།
བོན་ཤེས་པ་ཅན་བཅུ་གཉིས་ཅེས་བྱ་བའི་བོད་ཀྱི་བོན་པོ་ཚོ་ཡིན་རབས་ལོ་རྒྱུས་ཁག་ནང་གསལ་ཡོད་པ་རེད།
དེ་འདྲ་ཡིན་དུས་འོ་ཅག་གི་བོད་བཙན་པོའི་རྒྱལ་ཁབ་ཐོག་མར་བཙུགས་མཁན་གྱི་མེས་པོ་རྣམས་ནི།
བོན་ཤེས་པ་ཅན་བཅུ་གཉིས་རེད་དོ།
བོན་ཤེས་པ་ཅན་བཅུ་གཉིས་ཀྱིས་བོད་རང་གི་རིག་པའི་གནས་བཅུ་གཉིས་མཁྱེན་གྱི་ཡོད་པ་ཡང་གསལ་འདུག
དེ་འདྲ་ཡིན་དུས་ཞང་ཞུང་ནས་རྒྱུ་འབྲས་བདེན་པའི་བོན་མ་བསྒྱུར་བའི་སྔོན་ནས།
བོད་ཡུལ་དུ་བོན་གྱི་རིག་པའི་གནས་བཅུ་གཉིས་སྔོན་ནས་ཡོད་བསྡད་པ་ཞིག་རེད། །
དེ་རྗེས་བོད་རྒྱལ་ཐོག་མ་གཉའ་བཙན་པོ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཚར་བའི་རྗེས་སུ།
ཞང་ཞུང་ནས་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས་ནས་རྒྱུ་འབྲས་བདེན་པའི་བོན་བསྒྱུར་རབས་གསལ་ཡོད་པ་རེད། །
གོ་རིམ་དང་འགྲོ་སྟངས་མེད་པ་མ་རེད་དོ།
ཞང་ཞུང་སྟོབས་དང་འབྱོར་བ་ཆེ་དུས་བོད་ལ་ཞང་ཞུང་གིས་བསྲུང་སྐྱོབས་ཡག་པོ་གནང་འདུག ཡུལ་གྲུ་གཞན་སུ་དང་གང་གིས་ཀྱང་བོད་ལ་ལག་པས་འཆང་ཕོད་ཡོད་མ་རེད། དཔེར་ན་སྲོང་བཙན་སྒམ་པོ་ལ་དམག་རོགས་དགོས་དུས་ཞང་ཞུང་གིས་དམག་དཔུང་གཏོང་ཀྱང་གནང་འདུག། སྔོན་ཆད་བསྐལ་པ་བཟང་དུས་ཞང་ཞུང་དང་བོད་གཉིས་གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་དུ་ཆོས་དང་རིག་གནས་གཅིག་གྱུར་བྱས་ནས་བཞུགས་པའི་ལོ་རྒྱུས་རིང་པོ་ཡོད་པ་རེད་དོ། དེང་སང་ལོ་རྒྱུས་མཁན་པོ་དེ་ཚོས་ཚོད་ཚོད་མཚམས་མཚམས་ལ་འཁྱོག་བཤད་མང་པོ་གནང་གི་འདུག་པས། དངོས་གནས་བྱས་ན་དེ་ཚོ་ལ་གསལ་བཤད་ཡག་པོ་གནང་དགོས་ས་རེད།
མྱི་དཀར་ལགས། ཞང་བོད་ཟེར་ན་གང་རེད།
དུས་རབས་བརྒྱད་པའི་ཡར་སྔོན་དུ་བོད་ལ་ཡི་གེ་ཡོད་མེད་ཀྱི་སྐད་ཆ་འདི་ལ་ལོ་ཉི་ཤུ་སུམ་ཅུའི་ནང་བཤད་སྟངས་འགྱུར་བ་ཆེན་པོ་བྱུང་འདུག དང་པོ་ཡི་གེ་མཐའ་གཅིག་ཏུ་མེད་ཅེས་བླ་རྒན་རྣམ་པས་གསུངས་པར་མིག་བཙུམ་ནས་ཡིད་ཆེས་བྱས། བར་དེར་དེའི་གོང་ཡི་གེ་ཡོད་ཀྱང་འཐུས་སྒོ་ཚང་བ་ཞིག་མེད་པས། ལུགས་གཉིས་ལ་བཀོལ་རུང་བ་ཞིག་མེད་ཟེར། ཐ་མ་ཐོན་མིས་ཡི་གེ་བཟོས་པའི་གཏམ་རྒྱུད་རྣམས་ཀྱི་ཁུངས་མ་རྙེད་དུས་གཞོན་སྐྱེས་ཞིབ་འཇུག་པ་ཕལ་ཆེ་བས་ཡི་གེ་ཡོད་པར་ཁས་འཆེས་འདུག ལོ་རྒྱུས་བཤད་སྟངས་ལ་འགྱུར་བ་འདི་འདྲ་ཕྱིན་པ་འདི་ལས་ང་ཚོ་བོད་ལ་གཟུར་གནས་ཀྱི་མི་བུ་ཇེ་མང་ནས་ཇེ་མང་དུ་འཕེལ་བཞིན་པ་མཚོན་ཐུབ་བོ། །
་་་་་་་་་་་་་་་་་་་་ ད་ལྟ་བར་སྟོན་པ་གཤེན་རབ་མི་ཡུལ་དུ་འཁྲུངས་ནས་མི་ལོ་ཆིག་ཁྲི་བརྒྱད་སྟོང་ལྷག་ཕྱིན་ཞིང་ཁོང་ལ་སྲས་བརྒྱད་ཡོད་པའི་ནང་ནས་ཡིག་ལྷ་འཕྲུལ་ཆུང་ཟེར་བ་ཞང་བོད་ཡིག་གཟུགས་སྒྱུ་རྩལ་གྱི་བཀའ་བབ་སློབ་མ་རུ་གྲགས། ་་་་་་་་་་་་་་་་
ཞེས་དང་།
་་་་་་་་་་་་་་་་་་ ཡང་ཅིག་བཤད་ན། ཞང་ཞུང་སྐད་ཡིག་གི་ཁོངས་སུ་སྐད་རིགས་ཆེན་པོ་བཞི་ཡོད་པའི་ནང་ནས་གཅིག་ནི་སམ་ཊྲི་ཏའི་སྐད་ཡིན་པ་གནའ་རབས་བོན་གྱི་ཡིག་ཚང་དུ་གསལ་བས་ནམ་ཞིག་རྒྱ་གར་གྱི་སྐད་ཡིག་ཀྱང་ཞང་ཞུང་ལ་ཐུག་པའི་དྲིལ་བསྒྲགས་གནང་སྲིད་པའང་ངས་ཁྱོད་ལ་གདམས་པའི་ལུང་བསྟན་གྱི་ཟུར་ཞིག་ཡིན། ་་་་་་་་་་་་་་་་་་་་་་
ཟེར་བ་འདི་ག་བདེན་ན། ང་ཡང་དུས་དེ་ནས་བོན་ཆོས་བྱེད། དེ་མིན་ན་བོན་ཆོས་རྐུན་ཆོས་སུ་བསྒྲག་པ་དེ་གྲགས་ཆེ་རུ་འགྲོ་རྒྱུ་ཙམ་ལས་མ་འདས་སོ།།
གཉའ་ཁྲི་བཙན་པོ་ནས་འུ་དུམ་བཙན་པོའི་བར་བོད་རྣམས་ཀྱི་མཚན་ཞང་ཞུང་སྐད་ཐོག་ནས་གསོལ་འདུག།
བོད་དང་ཞང་ཞུང་གཉིས་ཤེས་རིག་ཅིག་གྱུར་ཡིན་པ་དེ་ནས་རྟོགས་ཐུབ། དེང་སང་ཚན་རིག་དང་ཆོས་ལུགས་
ཀྱི་ཕྱོགས་ཞེན་མེད་པའི་མཁས་པ་དག་གི། ཐོན་མིའི་ཡར་སྔོན་ལ་བོད་ཡིག་མེད་ཟེར་བ་དེ་རྫུན་ཁུང་གཏོར་ནས་
བདེན་དཔང་བྱས་འདུག། ད་ཆོས་ལུགས་ཕྱོགས་ཞེན་གྱི་ནད་དུག་འགོས་པའི་མི་དག་གི་རྒྱ་བཤད་སྟོང་བཤད་ག་
ཚོད་བྱས་ཅང་ཕན་འབྲས་མེད་པའི་གནས་སུ་ལྷུང་ཚར་བ་རེད། ཐོན་མི་ཟེར་བའི་སྒྲུང་རྩམ་ཞིག་གི་བོད་ཡུལ་
ཀླ་ཀློ་ལ་བསྒྱུར་ཡང་བདེན་པ་ལ་ནུབ་པ་མེད་རྫུན་ལ་ཕུག་མེད་ཟེར་བ་ལྟར། དེང་དུས་ཀྱི་ཚན་རིག་རིན་པོ་ཆེ་འདིས་
གསལ་སྟོན་བྱས་སོང་ཡ། མ་གཞི་གཡེར་པོ་ཆེ་ཐོན་མི་ཟེར་བ་འདི་གཞུང་འབྲེལ་ཐོག་རྒྱ་གར་ལ་སོང་ཡང་རྒྱ་གར་ལོ་
རྒྱུས་ནང་མ་འཁོད། བོད་ཡིག་གསར་བཏོད་བྱས་ཀྱང་བཙན་པོའི་རྡོ་རིང་ཐོག་དུ་མ་འཁོད། རྒྱ་བཟའ་ལེན་སྐབ་
གྲོས་མགོ་འདོན་མཁན་ཡིན་ཟེར་ཡང་རྒྱ་ནག་ལོ་རྒྱུས་ནང་དུ་མ་འཁོད། ཁྱི་སྡར་ལི་རྔ་མ་འབོ་འབོ་ཅན། སྐྱོན་མེད་
ན་རྔ་མ་འབོ་དོན་མེད་ཟེར་བ་ལྟར་རེད་འདུག་བ།
ཁ་བའི་ཡུལ་གྱར་བ།་ལགས་ཀྱིས་མཆན་བཏབ་པ།
གཉའ་ཁྲི་བཙན་པོ་ནས་འུ་དུམ་བཙན་པོའི་བར་བོད་རྒྱལ་རྣམས་ཀྱི་མཚན་ཞང་ཞུང་སྐད་ཐོག་ནས་གསོལ་འདུག།
བོད་དང་ཞང་ཞུང་གཉིས་ཤེས་རིག་ཅིག་གྱུར་ཡིན་པ་དེ་ནས་རྟོགས་ཐུབ། དེང་སང་ཚན་རིག་དང་ཆོས་ལུགས་
ཀྱི་ཕྱོགས་ཞེན་མེད་པའི་མཁས་པ་དག་གི། ཐོན་མིའི་ཡར་སྔོན་ལ་བོད་ཡིག་མེད་ཟེར་བ་དེ་རྫུན་ཁུང་གཏོར་ནས་
བདེན་དཔང་བྱས་འདུག། ད་ཆོས་ལུགས་ཕྱོགས་ཞེན་གྱི་ནད་དུག་འགོས་པའི་མི་དག་གི་རྒྱ་བཤད་སྟོང་བཤད་ག་
ཚོད་བྱས་ཅང་ཕན་འབྲས་མེད་པའི་གནས་སུ་ལྷུང་ཚར་བ་རེད། ཐོན་མི་ཟེར་བའི་སྒྲུང་རྩམ་ཞིག་གི་བོད་ཡུལ་
ཀླ་ཀློ་ལ་བསྒྱུར་ཡང་བདེན་པ་ལ་ནུབ་པ་མེད་རྫུན་ལ་ཕུག་མེད་ཟེར་བ་ལྟར། དེང་དུས་ཀྱི་ཚན་རིག་རིན་པོ་ཆེ་འདིས་
གསལ་སྟོན་བྱས་སོང་ཡ། མ་གཞི་གཡེར་པོ་ཆེ་ཐོན་མི་ཟེར་བ་འདི་གཞུང་འབྲེལ་ཐོག་རྒྱ་གར་ལ་སོང་ཡང་རྒྱ་གར་ལོ་
རྒྱུས་ནང་མ་འཁོད། བོད་ཡིག་གསར་བཏོད་བྱས་ཀྱང་བཙན་པོའི་རྡོ་རིང་ཐོག་དུ་མ་འཁོད། རྒྱ་བཟའ་ལེན་སྐབ་
གྲོས་མགོ་འདོན་མཁན་ཡིན་ཟེར་ཡང་རྒྱ་ནག་ལོ་རྒྱུས་ནང་དུ་མ་འཁོད། ཁྱི་སྡར་ལི་རྔ་མ་འབོ་འབོ་ཅན། སྐྱོན་མེད་
ན་རྔ་མ་འབོ་དོན་མེད་ཟེར་བ་ལྟར་རེད་འདུག་བ།
ཐོན་མི་མིའི་ལོ་རྒྱུས་ནང་ལ་མེད་ན། བློན་པོ་མགར་ཡང་མེད་དགོས། དེས་ན་བོན་ལུགས་ལ་སྲོང་བཙན་ཡང་མ་འཁྲུངས་པ་འདོད་དགོས་པས་ཤིན་ཏུ་ཐལ་ལོ།།
དྲྭ་གྲོགས་ཚོ་ཕལ་མོ་ཆེས་ནོར་པ་ཆེན་པོ་ཐེབས་འདུག གྲུབ་མཐའི་ཆགས་སྡང་དེ་དོར་ནས་སོ་སོའི་གྲུབ་མཐའ་གང་ཡིན་ཀྱང་ཉམས་ལེན་ཅུང་ཟད་ཅིག་བྱེད་རྒྱུ་ཅིས་ཀྱང་མཁྱེན། དེ་མིན་རང་གི་གྲུབ་མཐའ་ལ་ཆགས་ན་དེའི་དབང་གིས་ངན་སོང་ལ་ལྟུང་བར་ངེས་སོ། ཆགས་སྡང་གི་དུག་དེ་འཐུང་རྒྱུ་སྤངས་ནས་བྱམས་སྙིང་རྗེའི་བདུད་རྩི་འཐུང་བར་འཚལ་ལོ།།
དེ་ག་ལ་ཡིན་བཙན་པོའི་དུས་ཀྱི་མེད་ཐབས་མེད་པའི་བློན་པོ་བཞི་ཡི་ནང་དུ་རྡོ་རིང་ངོས་སུ་མ་འཁོད་
ཐོན་མི་ཅིག་པུ་རེད་འདུག། རྒྱ་དཀར་ནག་གང་གི་ལོ་རྒྱུས་ངན་དེ་བས་འཁོད་མི་འདུག།
ཐོན་མིའི་ཡིག་གཟུགས་ཐོག་མ་དེ་ཁྱུང་པོ་གཡུ་ཁྲི་ཟེར་བ་དེ་ཡིན་ལབ་འདུག། ད་སྐབ་ཁྱུང་ཡུལ་དུ་བྲིས་ཀྱི་
རྒྱལ་པོ་ཁྱུང་པོའི་གཡུ་ཁྲི་ཟེར་ནས་ཁྱུང་པོ་ཁོག་ཁོ་ན་ལས་ཡུལ་གཞན་ལ་ཡིག་གཟུགས་དེ་འབྲི་མཁན་ཧ་
ལམ་མེད། དེ་ཐོན་མིའི་ཡིག་གཟུགས་ཡིན་ན་ཐོན་མིའི་གཡུ་ཁྲི་ཞེས་མི་ལབ་པ་ཁྱུང་པོའི་གཡུ་ཁྲི་ཞེས་ལབ་
དགོས་དོན་མི་འདུག་བ།
ཁར་ཉིན་ལ་དྭགས་པས་་་ཟོང་ལེབ་ངོས་ཀྱི་ཡིག་གེ་དག་གུ་པྟའི་ཡི་གེ་རེད་འདུག་ཟེར། ལ་དྭགས་་་གུ་པྟའི་ཡིག་
གེ་ལ་་་རབ་ཚག་་་མཇུག་ཤད་་ཡོད་པ་ཞིག་ཡོད་ན་མ་གཏོགས་རྒྱ་གར་གུ་པྟའི་ཡི་གེ་ལ་བར་ཚག་མཇུག་ཤད་
ཡོད་པ་ཞིག་ལར་ནས་མི་འདུག། ད་རུང་ཟོང་ལེབ་ངོས་ཀྱི་རི་མོ་རྒྱ་གར་ཚ་བའི་ཡུལ་གྱི་གླང་ཆེན་མ་གཏོགས་
བོད་གྲང་བའི་ཡུལ་གྱི་གཡ་མི་འདུག་ཟེར། ཟོང་ལེབ་ངོས་སུ་མགོ་ལ་རྭ་ཅོ་ཡོད་པའི་རི་མོ་ཞིག་འདུག། ད་ཡིན་ན་
རྒྱ་གར་ཚ་བའི་ཡུལ་ལ་གླང་ཆེན་སྤྱི་བོ་ལ་རྭ་གཉིས་ཡོད་པ་ཞིག་ཡོད་ཡིན་ས་རེད།
སྲོང་བཙན་བཙན་པོས། ཟངས་ལེབ་སྒང་ལ་ངའི་དབོན་སྲས་ལྡེ་ཞེས་བྱ་བའི་ནང་ཆོས་འདི་སྤེལ་བར་་ལུང་བསྟན་བཞག་ནས། ལྡེ་གསུམ་པས་དེ་། ང་རང་ཡིན་སྙམ་ནས་གཙུག་ལག་ཁང་བཞེངས་ཀྱང་། ལྡེ་དེ་ནི་ལྡེ་ལྔ་པ། ཁྲི་སྲོང་ལྡེ་བཙན་ལུང་བསྟན་པ་གསུངས་པ་ཅིག་ཀྱང་ཡོད་སྙམ་ལགས།
དུས་རབས་བདུན་པའི་ཡར་སྔོན་བོད་ཡིག་མེད་རབས་དང་ལོ་ངོ་གསུམ་སྟོང་ཡར་སྔོན་བོད་ལ་འགྲོ་བ་མི་མེད་རབས་དང། དེ་ནས་སྤྲེལ་བྲག་ལས་བོད་མི་བྱུང་རབས་དང། ནང་ཆོས་བོད་ལ་མ་སླེབས་པའི་ཡར་སྔོན་བོད་འདི་ཀླ་ཀློའི་ཡུལ་དང་མི་རྣམས་ཀླ་ཀློ་རེད་ཅེས་བཤད་པ་རེད་དེང་སང་དེ་ཚོར་འགྱུར་བ་ཆེན་པོ་བྱུང་ཞག་ཡིན་ནའང་དེ་ཚོ་ནི་རང་རང་གི་དད་ཡུལ་བླ་མ་ཆོས་རྨོངས་དེ་ཚོས་བཤད་ཙང་རྗེས་རབས་པ་ཚོས་ནོར་བ་མ་རེད། སྔ་རབས་པ་རྨོངས་དད་པ་ཕྱོགས་ཞེན་པ་ཚོས་ལོ་རྒྱུས་ལ་འཁྱོག་བཤད་བྱས་པའི་ལེ་ལན་རེད། ད་དེ་ཚོ་གཡུག་ཞོག་ང་ཚོ་ན་གཞོན་མི་རིགས་ཀྱི་ཞེན་ཁོག་ཅན་ཚོས་རྨོངས་དད་པའི་སྐད་ཆ་ལ་ཡིད་མ་ཆེས་པར་དངོས་ཡོད་ཚན་རིག་གིས་དཔྱད་འབྲས་དེ་ཚོར་ཡིད་ཆེས་དང་བདེན་ཁ་གཏེར་ནས་བོད་གསར་འཛུགས་སྐྲུན་བྱེད་དགོས། རྨོངས་ཞེན་པ་འདི་ཚོས་བོད་འདི་ཀླ་ཀློར་བསྒྱུར་ཡོད། རྨོངས་ཞེན་པ་འདི་ཚོས་བོད་འདི་མུན་གླིང་དུ་བསྒྱུར་ཡོད་འདི་ཚོས་ང་ཚོ་མུན་མཐར་བསྐྲད་ཡོད་ད་ནི་མགོ་བོ་འཁོར་མི་ཉན། མིས་ཅི་ཟེར་ལ་ཉན་འཇོག་མི་བྱེད་རོགས། འཛམ་གླིང་མི་མང་ཅི་བགྱིད་ལ་བལྟ་རོགས། རང་གི་མི་རིགས་དང་རང་གི་རིག་གཞུང་བདག་པོ་བརྒྱབ་རོགས་གཞན་གྱི་རིག་གནས་ལ་སྤྲེལ་ངོམ་མི་བྱེད་རོགས།
སྤྲེལ་རྒན་དང་། བྲག་སྲིན་གྱི་ལོ་རྒྱུས་ནི། ཤིན་ཏུ་ལེགས། དེ་ངོམས་དགོསཔ་ལས་། ངོ་ཚ་མི་དགོས། སྲོང་བཙན་མ་འཁྲུངས་སྔོན་ལ། ལྷ་སའི་དབུས་དཀྱིལ་དེ་ཆུ་ཡིན་པ་ཀུན་གྱིས་ཤེས།
འདིར་མཁས་མང་གི་བགྲོ་གླེང་ཡོད་པར་ལྟ་ལོང་མ་བྱུང་བ་ཕངས་། ངས་ངས་ཟངས་་ལེབ་རི་མོ་དག་ལ་མིག་ལྟས་ཞིབ་པར་མ་བྱས་པར་དགོངས་དག་བྲིས་ཟིན་ཏོ།
རང་རེ་ཡོངས་ལ་གྲགས་པའི་ཡི་གེའི་དག་ཆ་སྤུས་དག་པོ་དེ་ལ་བདག་པོ་རྒྱབ་དགོས། སྔར་བོད་ཀྱི་མཁས་པ་རྣམ་དཔྱོད་ཅན་རྣམས་ཀྱིས་བྲིས་པའི་དག་ཆ་མེད་པར་འགྲོ་བ་ལ་བློ་ལྡན་སུ་ཡིན་ཡང་དེ་ལ་ལྟོས་མེད་མི་བྱེད། ལེ་ལོ་ཅན་རྣམས་ཀྱིས་མཁས་པས་བྲིས་པའི་ཡི་གེ་ལ་མ་བལྟས་པར་རང་རང་སོ་སོའི་ཁ་ནས་གང་འཐོན་པ་དེ་འབྲི་བ་ལ་སྔོན་དུས་ནས་ཀྱང་ཡོད་པ་ཞིག་ཏུ་མཐོང་། ད་ལྟའི་མཆན་བུ་དག་ན་ཡང་། ཁ་སྐད་བཙན་པས་ཟངས་ལེབ་ལ་ཟོང་ལེབ་ཟེར་བྲིས་པ་དག་མི་ཉུང་བ་ཞིག་འདུག དེ་བཞིན་བོད་ཁ་སྐད་མང་ཆེ་བ་ན་ཨ་ཡིག་ཨེ་ཡིག་དང་། ཨེ་ཡིག་ཏུ་འབྲི་བ་ཤིན་ཏུ་མང་། འདི་འདྲ་དིང་དུས་ཙམ་མ་ཡིན་པར་སྔོན་དུས་བྲིས་པའི་ཡི་གེ་དག་ན་ཡང་མཐོང་། དཔེར་ན། སྒྲོན་མ་ལ་སྒྲོན་མེ་དང་། ལེགས་ལ་ལགས་ཞེས་པ་མངོན་སུམ་ཚད་མས་གྲུབ།
མ་དག་རྒྱུན་འབྱམས་སུ་སོང་བ་ན། སྐད་གྲགས་ཡིན་པའི་དག་ཡིག་རྩོམ་པ་པོ་རྣམས་ཀྱིས་ཀྱང་ཐག་མ་ཆོད་པར་གང་ཡང་རུང་གསུང་དགོས་བྱུང་། དཔེར་ན། བསྟན་དར་ལྷ་རམས་པས། འཕྲེང་བ་ཕྲེང་བ་གང་ཡང་རུང་། སྐད་ཅིག་སྐ་ཅིག་གང་ཡང་རུང་། བདག་ནི་དང་པོ་དེ་དག་དག་པ་དང་། ཕྱི་མ་དེ་དག་མ་དག་པར་རང་བཟོ་བྱས་པ་མ་ཡིན་པར་བོད་ཀྱི་མཁས་པའི་རྗེས་སུ་འབྲངས་ནས་འདོད་དོ།
སྔར་དུས་ཡི་གེ་སྔོན་འཇུག་རྗེས་འཇུག་རྣམས་ཀྱང་འབོད་པས་ཡི་གེ་དག་པོ་བྱུང་། སྦལ་ཏིས་མི་ལ་མྱི་ཟེར་བ་བཞིན་མདོ་སྨད་དུ་ཡང་མྱི་ཞེས་འདོན་པར་མངོན། འོན་ཀྱང་བྲིས་མ་འགའ་རེ་མ་གཏོགས་སྤར་མའི་གླེགས་བམ་ཞིག་ན་མི་ཞེས་ཚང་མས་འདོད་པ་དེ་འདྲའི་རིགས་ལ་མ་དག་པའོ་ཞེས་སུས་ཀྱང་མི་ཟེར། འཐད་ལྡན་གྱི་དགག་པ་དང་། ཞུས་དག་མཛད་པ་ལ་དགའ་བསུ་ཞུ་འོས་སོ།
སྤོབས་མཐའ། ཁ་ནང་དུ་འཁོར་ཏེ་བསམ་བློ་ཐོངས། དྲང་མོར་བཤད་ན། སྔར་ཡོད་བན་དེའི་བླ་དཔོན་དབང་ཤུགས་ཅན་དག་གིས་བསམ་བཞིན་གཤེན་སྒྲུང་དང་ཞང་སྒྲུང་གི་གོ་ས་བཙན་གྱིས་འཕྲོག་སྟེ་ཤཀཱ་སྒྲུང་དང་རྒྱ་སྒྲུང་གིས་བོད་ཀྱི་སྣོད་བཅུད་ཀྱི་མཁའ་དབུགས་གཙང་མ་དེ་གླིང་སྒྲུང་དུ་བཟོས་པ་རེད། ལོ་རབས་ཉེར་གཅིག་པའི་ནང་དུ་གོ་གནས་ཤོར་འགོ་ཚུགས་པ་དེ་འདྲ་རྩ་བ་ནས་མིན་པ་ཤེས་པ་གྱིས། ཁྱོད་ཀྱང་སྨྱུག་འཛིན་པ་དང་རྣ་བ་ཀྲོང་གིས་འགྱིངས་པའི་དགེ་བཤེས་ཀྱི་མཚན་གནས་ཅན་ཞིག་རེད། ལྟོས་དང་། དེང་སང་འཛམ་གླིང་འདིའི་སྒང་བོད་ཀྱི་རིག་གནས་ཀྱི་གཏམ་གླེང་དང་ཞིབ་འཇུག་པའི་ཁྲོད་དུ་གནའ་རབས་བོན་མཛོད་དུ་ཉར་བའི་བདེན་དོན་ཁག་ལ་དངོས་པོ་སྟོབས་ཤུགས་ཀྱི་ཚད་མས་དཔྱད་བརྡར་གནང་མཁན་ག་ཚོད་འདུག དཔེར་ན། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་མཁས་དབང་ཁྲོད་བོན་པོའི་དཔེ་གཞུང་ཁག་ལ་གདེངས་འཇོག་ཆེན་པོའི་སྒོ་ནས་གཞིར་བཟུང་སྟེ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་འཆད་མཁན་ག་ཚོད་འདུག གཤེན་ཞང་གཉིས་ཀྱི་གོ་གནས་ཤོར་འགོ་ཚུགས་པ་རེད་དམ། ཡང་ན་རང་མགོ་བཀྱག་ན་ཐོ་བས་མི་བརྡུང་བ་དང་རང་སྐད་སྒྲོག་ན་མགོ་བོ་མི་གཅོད་པའི་དུས་རབས་འདིར་བོན་གྱི་རྒྱལ་ཁའི་རླུང་རྟ་ཡར་ལ་འཕུར་བ་རེད། མ་གཞི་ཞང་ཞུང་མ་གླེང་བར་བོད་ཀྱི་ལོ་རྒྱུས་གཙང་མ་ཞིག་འཆད་ཐབས་ཡོད་པ་མ་རེད། འོ་རེད། མཆན་འབྲི་མཁན་སུ་ཡིན་མ་དྲན། གོང་གི་མཆན་དག་ལ་མིག་བཤེར་སྐབས་འདི་འདྲ་ཞིག་ཞོར་དུ་བཤད་དགོས་བསམ་བྱུང་། ཞང་ཞུང་དང་བོད་བཙན་པོའི་རྒྱལ་རབས་གཉིས་སྔར་སོ་སོ་ཡིན་པ་བཤད་དགོས། ཡིན་ན་ཡང་དུས་རབས་བདུན་པའི་སྐབས་སུ་བོད་བཙན་པོས་ཞང་ཞུང་དབང་དུ་བསྡུས་ཤིང་། ཞང་ཞུང་རྒྱལ་རབས་ལ་བཞི་ཤད་བྲིས་ནས་ཞང་བོད་གཉིས་ཀྱི་ཤེས་རིག་ཕན་ཚུན་ཆུ་དང་འོ་མའི་ཚུལ་དུ་བཟོས། དེས་ན་ད་ལྟའི་བོད་ཀྱི་ཤེས་རིག་གི་ཆུ་ཀླུང་ཐོག་མར་ཞང་ཞུང་ཏི་སེའི་ཕང་བ་ལས་བཞུར་སྟེ་ཡར་ཀླུང་སོག་ཁའི་ཆུ་མིག་ལ་འབྲེལ་བ་རེད། མདོར་ན་བོན་པོ་ཚོས་བོད་ཀྱི་རིག་གནས་ཀྱི་འགོ་ཁུངས་ཞང་ཞུང་ལ་ཐུག་པ་དང་དེ་ནས་བོད་གངས་ཅན་ལྗོངས་ལ་དར་བ་རེད་ཅེས་ཡོངས་སུ་གྲགས་པའི་གཏམ་ཡིན་པས་ར་སྤུའི་འུར་རྡོ་རང་མགོར་ཕོག་པའི་སྐྱོན་གང་ཡང་མེད་པར་ཤེས་པ་གྱིས། །
ཀརྡོ་གཉེར་་་ལགས་སྲོང་བཙན་ཡར་སྔོན་དུ་ལྷ་ས་ཆུ་ཡི་ཁེངས་ཡོད་ཟེར་བའི་རྫུན་ཁུངས་
དེ་གོང་ས་བཅུ་གསུམ་པའི་དུས་ནས་གཏོར་ཚར་བ་རེད། བཅུ་གསུམ་པའི་དུས་ལྷ་
ས་སྐྱིད་ཆུ་ལ་ཆུ་གློག་བཟོ་སྐབས་དུར་ཁོང་ནས་མི་རུས་ཞིག་རྙེད་ནས། དེ་་་ཡོ་རུབ་་་
མི་རུས་རྟགས་དཔྱད་ཁང་ནས་་་ཨ་ཤེ་ན་ཐ་་ཞེས་པས་ལོ་སུམ་སྟོང་ཡར་སྔོན་གྱི་མི་རུས་
ཡིན་པར་བདེན་དཔང་བྱས་ནས་་་སྤྱི་ལོའི་སྔོན་གྱི་་༡༡༥་ཡས་མས་ནས་བོད་མི་སྤྲེའུ་ནས་བྱུང་
བའི་ལོ་རྒྱུས་ཕྱིར་ཕུད་གཏོང་ཚར་བ་རེད།
ཀརྡོ་གཉེར་ལགས།
བོད་མི་སྤྲེལ་བྱུང་ཚུལ་བཤད་ན་སྤྲེལ་རྒན་དང་གཉའ་ཁྲི་བཙན་པོའི་བར་ལོ་་་༥༠་་དུས་ཡུན་ཙམ་ལས་
འགྲོ་ཡི་མེད། གཉའ་ཁྲི་བོད་རྒྱལ་བཀོད་མཁན་བོན་ཤེས་པ་ཅན་བཅུ་གཉིས་རེད། ལོ་༥༠་་ཡས་མས་
ནང་སྤྲེལ་འུ་མི་ལ་འགྱུར་བས་མ་ཚད་སྡེ་ཚན་མི་འདྲ་བ་བཅུ་གཉིས་ལ་མཁས་པའི་མཁས་པ་ཆེ་པོ་བྱུང་
ཚར་རབ་བཤད་ན་་་་་ཧཧཧཧཧཧཧ
ཚན་རིག་རིན་པོ་ཆེ་འདིས་བདེན་དཔང་བྱས་ནས་བོད་མི་སྤྲེལ་ལས་བྱུང་ནས་མི་ལོ་་༢༡༠༠་་ཙམ་ལས་འགྲོ་ཡི་
མེད་ཟེར་བ་འདི་དང་གཅིག། སྲོང་བཙན་སྔོན་དུ་བོད་ལ་ཡི་གེ་མེད་ཟེར་བ་འདི་དང་གཉིས། སྤུ་ལྡེ་གུང་རྒྱལ་
ཡར་སྔོན་དུ་བོད་ལ་བཟོ་ལས་མེད་ཟེར་བའི་ལོ་རྒྱུས་སོགས་རིམ་བཞིན་གཙང་སེལ་བཟོས་སོང་བ་།
ཕ་སྤྲེལ་རྒན་དང་། མ་བྲག་སྲིན་ནི། བོདམིའི་རིགས་རྒྱུད་སྤེལ་མཁན་ཨ་དམ་དམ་དང་། ཨེ་ཝ་གཉིས་རེད། ཁོང་རྣམ་གཉིས་ནི། མི་ལི་ས་ཡ་༦༠དྲུག་ཅུ་ཡས་མས་ལ་བྱུང་ཚོད་རེད། ཐེག་ཆེན་བྱང་སེམས་ཀྱི་རིགས་བརྒྱུད་ནི། སྤྱན་རས་གཟིགས་ཀྱིས་རྣམ་སྤྲུལ་སཽང་བཙན་ཁོང་། དུས་རབས་སམ། བརྒྱ་ཕྲག་བདུན་པའི་ནང་ལ་གངས་ཅན་གྱི་མཚོ་བྲི་ནས། ར་མོ་ཆེ་སོགས་བཞེངས་པ་དུས་མཚུངས་སུ་འདུག་པས། ལུང་བསྟན་དང་ཡང་མཐུན་ནོ།།
བགྲོ་གླེང་འདི་ལ་ཞུགས་པའི་མཁས་པའི་དབང་པོ་རྣམས་ལ་གླུ་ཞིག་ཕུལ།
བོད་ཆེན་པོའི་ལོ་རྒྱུས་གངས་རིའི་སྟེང་།
བོད་མཁས་པའི་རྣམ་དཔྱོད་སེང་གེ་འགྱིང་།
མགོའི་གཡུ་རལ་ངོམ་ན་སྐྱིད་པོ་རེད།
དཔོན་སྲོང་བཙན་ཕེབས་ན་ཇེ་སྐྱིད་རེད།
བོད་ཆེན་པོའི་ལོ་རྒྱུས་ཐང་ཆེན་དུ།
བོད་མཁས་པའི་རྣམ་དཔྱོད་རྟ་ཕོ་རྒྱུག
རྒྱུག་མགྱོགས་དར་ལེན་ན་སྐྱིད་པོ་རེད།
བུ་དཔའ་རྒོད་ཕེསབ་ན་ཇེ་སྐྱིད་རེད།
བོད་ཆེན་པོའི་ལོ་རྒྱུས་ལྗོན་པའི་སྟེང་།
བོད་མཁས་པའི་རྣམ་དཔྱོད་ཁུ་བྱུག་གྲག
གསུང་དྲུག་འགྱུར་ཐོས་ན་སྐྱིད་པོ་རེད།
ཕོ་མཁས་པ་ཕེབས་ན་ཇེ་སྐྱིད་རེད།
མི་སྤྲེའུ་་ནས་བྱུང་བ་ཚན་རིག་དང་མཐུན། མཚོ་བྲི་ནས་ལྷ་ཁང་བཞེངས་པ་རྒྱལ་རབས་དང་མཐུན་འདུག
བྲག་སྲིན་མོ་ཟེར་བ་དེ་མི་རེད་དམ་དུད་འགྲོ་རེད། ལྷ་རེད་དམ་འདྲེ། དངོས་ཡོད་རེད་དམ་དངོས་མེད། དེང་སང་མཐོང་ཡ་ཡོད་དམ་མེད། བྲག་སྲིན་མོ་ཟེར་བ་ཤིག་ཡོད་ན་བྲག་སྲིན་པོ་ཟེར་བའི་ཕོ་ཞིག་ཀྱང་ཡོད་མདོག་ཁ་པོ་རེད་བ། བྲག་སྲིན་ཕོ་མོ་གཉིས་ཡོད་དམ་མེད ལན་་་རྒྱབ་མཁན་ཀརྡོ་ཡིན་ད། ཀརྡོ་ཁྱོད་ཀྱིས་ལན་མ་ཕོག་ན་ཟིང་ཆ་རྒྱབ་མ་འོང་ཨ
་་་་་་་་་་་་་་་་་་་་་་་་་ བྲག་སྲིན་ཕོ་མོ་གཉིས་ཡོད་དམ་མེད ལན་་་རྒྱབ་མཁན་ཀརྡོ་ཡིན་ད། ཀརྡོ་ཁྱོད་ཀྱིས་ལན་མ་ཕོག་ན་ཟིང་ཆ་རྒྱབ་མ་འོང་ཨ ་་་་་་་་་་་་་་་་་་ཟེར། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ།། །།
ང་ལ་ལན་མེད་དོ།། །།
དགའ་བར་གྱིས་ཤིགུ། །།
ཀརྡོ་གཉེར་ལགས།
ཚན་རིག་པས་་་་སྤྲ་་ནས་མི་བྱུང་ཞེས་བཤད་པ་ལས་སྤྲེལ་འུ་ནས་མི་བྱུང་ཟེར་བ་གོ་མ་མྱོན། དེང་སང་ཚན་རིག་པས་མི་
ཡི་འབྱུང་ཁུངས་སྤྲེལ་རེད་ལབ་ཀྱི་འདུག་བས། སྤྲེལ་འུ་བྱང་ཆུབ་སེམས་དེ་ལོ་ས་ཡ་གོང་གི་ལོ་རྒྱུས་ཡོད་པ་ཞིག་གང་
དེབ་ཐེར་གང་དུ་གསལ་འདུག། ཡང་ན་ཁྱེད་ཀྱི་གསར་དུ་སྣོན་ཁ་་བྱས་པ་ཡིན།
དུས་རབས་བཅུ་གཉིས་པའི་ནང་དུ་བྱོན་པའི་མཁས་པ་ཆེན་པོ་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་བོན་ལ་ཞིབ་འཇུག་གནང་ཞིང་འཁྱར་བོན།་བརྡོལ་བོན། བསྒྱུར་བོན་གསུམ་དུ་དབྱེ་ཞིབ་གནང་འདུག བོན་དེ་བོད་རང་གི་ཕ མེས་ཀྱི་རིག་གནས་ཡིན་ཟེར་བ་དེ་བརྡོལ་བོན་དེ་ཡིན་ཆོག་པ་འདུག འཁྱར་བོན་དང་བསྒྱུར་བོན་གཉིས་པོའི་འབྱུང་ཁུངས་བོད་རང་ལས་མ་ཡིན་པ་གསལ་པོ་རེད། དེང་སང་བརྡོལ་བོན་དེ་ཉམས་ཚར་བ་ལྟ་བུར་སྣང་། དེ་རིགས་ནི་དམར་མཆོད་གཏོང་སྲོལ་སོགས་ཚུད་པའི་གདོད་མའི་དད་མོས་ཡིད་ཆེས་དང་དེའི་ལག་ལེན་གྱི་གྲས་རེད།
འདིར་མི་ཁག་ཅིག་ལ་བོད་ཀྱི་ལོ་རྒྱུས་ཇེ་རིང་ནས་ཇེ་རིང་དུ་བསྒྲུབ་དུས་སྙིང་རླུང་སྟོད་ལ་འཕྱུར
དགོས་དོན་གང་ཡིན་ནམ། ཡང་ན་མི་དེ་རིགས་བོད་ཀྱི་ལོ་རྒྱུས་མཐའ་དག་རྒྱ་དཀར་ནག་ལ་བསྟུག་འདོད་པ་ཡིན་ནམ། ཡང་ན་མི་དེའི་རིགས་བོད་ཀྱི་ལོ་རྒྱུས་འཆད་ན་རིག་གནས་གསར་བརྗེ་ནས་བཤད་འདོད་པ་ཡིན་ནམ། ཨ་ཁ་ཁ་ཚོགས་མ་བསགས་པའི་མི་དེའི་རིགས་མཐོང་དུས་སྙིང་མ་རྗེ། ད་ལྟ་འདི་ན་ང་ཚོས་བོན་གྱི་ལོ་རྒྱུས་བཤད་ཀྱི་མེད། འདི་ན་ང་ཚོས་བོན་ཡིག་བཤད་ཀྱི་མེད། ང་ཚོས་བོད་ཀྱི་ལོ་རྒྱུས་དང་བོད་ཡིག་གི་ལོ་རྒྱུས་ཇེ་རིང་ནས་ཇེ་རིང་དུ་འགྲོ་བཞིན་པ་དང་དེ་འདྲའི་གནས་ཚུལ་གོ་བར་དགའ་བའི་གླུ་ལེན་སྐྱིད་པའི་བྲོ་འཁྲབ་སྟེ་་་་་་བཀྲ་ཤིས་པའི་སྒྲ་བླའི་ཀི་ཀི་བསྭོ་བསྭོའི་ཐལ་སྒྲ་སྒྲོགས་དུས་་་་མི་དེའི་རིགས་ཀྱི་སེམས་ལ་་་་ལྟས་ངན་འུག་སྒྲ་སྒྲོགས་པ་ལྟར་གྱི་སྙིང་རླུང་སྟོད་ལ་འཕྱུར་དགོས་པའི་གནད་དོན་གང་ཞིག་ཆགས་པ་ཡིན་ནམ། མ་གཞི་ནས་མཆན་བུ་བ་དེ་རིགས་བོད་ཀྱི་ལོ་རྒྱུས་བསྒྲུབ་འདོད་མ་ཡིན་ཅིང་་་་་བོན་མེད་པར་བྱེད་འདོད་པའི་ཆེད་དུ་བྲིས་པ་ཞིག་ཡིན་པ་ནི། ག་དུས་བོན་སྒྲ་གོ་དུས་དེ་དུས་མི་དེའི་རིགས་ཀྱི་ལྟས་ངན་འུག་སྐད་སྒྲོགས་ཡོང་སྟངས་ཀྱིས་ཤེས་ངེས། ད་ར་སྤུ་ལས་བཟོས་པའི་འུར་རྡོ
དེ་ར་མགོ་རང་ལ་བརྒྱབ་ཡོང་གི་ཡོད་ས་རེད་སྐད་ངན་འདོན་སྟངས་ལ་ལྟས་ན། ད་དུང་རིམ་གྱིས་རིམ་གྱིས་བོད་ཀྱི་ལོ་རྒྱུས་ཇེ་རིང་ནས་ཇེ་རིང་དུ་བསྒྲུབ་པའི་བདེན་པའི་འོད་སྣང་གསར་པ་ཚེས་ཡོང་རྒྱུ་རེད་་་་་་དེ་དུས་སྙིང་ལ་ཕན་པའི
སྨན་བཅོས་གྲྭ་སྒྲིག་བྱེད་ན་མ་གཏོགས་སྙིང་གས་ཡོང་མ་གཟབ་ན།
དུས་རྒྱུན་འཇིགས་རྟེན་སྤྱི་འགྲོའི་ལུགས་ལ། ནམ་ཡང་རྫུན་ཤོད་མི་ཉན། གལ་སྲིད་རྫུན་བཤད་པ་ཡིན་ན། རྫུན་དེའི་རྗེས་ཀྱི་སྐད་ཆ་ཚང་མ་རྫུན་རྐྱང་རྐྱང་ཤོད་དགོས་པར་གྱུར་བ་རེད་ཟེར་ནས་ཤོད་སྲོལ་ཡོད་པ་རེད། །
ད་དགོངས་པ་ཡག་པོ་བཞེས། ལོ་ངོ་ཉིས་སྟོང་ལྔ་བརྒྱའི་གོང་དུ་བོད་ཡུལ་ཆུས་གང་ནས་མི་རྡོག་གཅིག་ཀྱང་མེད་ཟེར་ནས།
རྫུན་རྒན་རྫུན་འཕྲེང་ཀུན་གྱི་གཏེ་བོ་གནམ་ས་གཉིས་ཀྱི་བར་དུ་མི་ཤོངས་བ་ཞིག་ཁྱེད་ཚོས་བཤད་ཚར་བ་རེད་ད། །
ད་རྫུན་དེའི་རྗེས་ཀྱི་སྐད་ཆ་ཚང་མ་རྫུན་གྱི་འཁོར་ལོ་ཨ་འཁོར་ཡང་འཁོར་རྐྱང་རྐྱང་ཡིན་པ། གོང་དུ་སྨྲས་པའི་འཇིགས་རྟེན་སྤྱི་འགྲོའི་ལུགས་དེས་འཛམ་གླིང་ཀུན་ལ་ངོ་སྤྲོད་ཡང་དག་པར་བྱས་ཚར་བ་རེད་དོ། །
འཇིགས་རྟེན་སྤྱི་འགྲོའི་ལུགས་ནས་ཁྱེད་ཚོ་གཡིབ་ས་དུས་ནམ་ཡང་རྙེད་མི་ཡོང་ད་ཨ་རོགས་ཚོ། །
རྫུན་བཤད་སོང་ཨེ། རྫུན་ཟེར་བ་ཞིག་ཡོད་ན་ཁྱོད་ཚོས་རྫུན་བཤད་པ་ཙམ་ཞིག་སུས་བཤད་མྱོང་། སྟོན་པ་གཤེན་རབ་ཟེར་བ་གར་སྐྱེས་གར་ཤི་ཡང་མ་གོ་བ། ནམ་སྐྱེས་ནམ་ཤི་ཡང་མ་ཤེས་པ་ཞིག་གི་རྗེས་སུ་འབྲངས་ནས། རྫུན་ལ་བློ་གཏོད། རྫུན་ལ་ཡིད་ཆེས། རྫུན་ལ་ཁུངས་བཅོལ། རྫུན་གྱི་སྟེང་དུ་རྫུན་གྱི་རྣམ་བཞག་བརྩེགས་ནས་བསྡད་ཡོད་མཁན་དེ་ཁྱོད་ཚོ་ལས་ལྷག་ཅིག་སུ་ཡོད། རང་གི་ངོ་ལ་གཡག་ཡོད་པ་མི་ཤེས་པར་མིའི་གདོང་ལ་ཤིག་འབྱར་བ་མཐོང་ཟེར་བའི་དཔེ་དེ་ཏག་ཏག་ཁྱེད་ཚོ་ལ་འགྲིགས་བསྡད་འདུག
སྤྱིར་བོད་ཀྱི་གནའ་བོའི་ཤེས་རིག་གི་ལོ་རྒྱུས་བཤད་དགོས་ན། བོན་ནི་དུས་རིམ་སྲིད་པ་བོན་དང་གཡང་དྲུང་བོན་བརྒྱུད་ཡོད་ཅིང་། སྲིད་པ་བོན་ནི་ཕལ་ཆེར་ཤཱ་མཎ་ཆོས་ལུགས་ཀྱི་འབྱུང་ཁུངས་སུ་བལྟ་ཆོག་པར་སྣང་། ཡིན་ནའང་། ཡུལ་ལུང་མི་འདྲ་བ་རེ་རེར་ཡུལ་ལུང་དང་བསྟུན་པའི་ཆོ་ག་མ་འདྲ་བའང་འདུག དད་མོས་གཙོ་བོ་ནི་རང་བྱུང་ཁམས་ཆེན་པོ་ལྷ་རུ་བཀུར་བ། ཆོ་ག་གཙོ་བོ་ནི་གཤིན་པོ་དུར་འདེབས་པ། མོ་རྒྱག་པ་དང་ལྷ་འབེབས་པ། ར་ལུག་དམར་མཆོད་གཏོང་བ་སོགས་རེད། ཨ་མདོ་ཁྲི་ཀའི་ཡུལ་ལྷའི་ལྷ་ཁང་དུ་ཉུང་མཐར་གུང་ཁྲན་ཏང་སླེབས་རག་བར་དུ་དམར་མཆོད་གཏོང་སྲོལ་འདུག་པ་ནི་བན་བོན་སུ་ཡིན་ཡང་དམར་མཆོད་རྨེག་མེད་གཏོང་ཐུབ་མེད་པ་མཚོན་གྱི་ཡོད་པ་ནི་ཞོར་འཕྲོས་ཙམ་ཡིན།
གཡང་དྲུང་བོན་ནི་སྲིད་པ་བོན་རྨང་གཞིར་བཟུང་ནས་དར་སྤེལ་བཏང་བ་ཞིག་རེད་ལ། སྟོན་པ་གཤེན་རབ་མཆོག་གིས་བོན་གྱི་སྒོ་བཞི་མཛོད་ལྔ་། ཐེག་པ་རིམ་དགུ་སོགས་གསར་བཏོད་མཛད་ནས་གཞུང་ལུགས་ཅན་གྱི་ཆོས་ལུགས་ཤིག་ལ་འཕོ་བསྐྱོད་བྱས་ཡོད་པར་མ་ཟད། ར་ལུག་དམར་མཆོད་ཀྱི་ཚབ་ཏུ་གཏོར་མ་ལས་པའི་སྲོལ་བཏོད་པས། འདིའང་བན་བོན་སྤྱིའི་རྒྱུན་འཛིན་གནང་ཡོད་པ་ཚང་མས་ཤེས་གསལ་རེད། བོད་ཁ་གཡག་དྲུག་ལའང་སྲིད་པ་བོན་ནམ་བརྡོལ་བོན་གྱི་སྟེང་དུ་ཞང་ཞུང་ནས་འཁྱར་ནས་སླེབས་པ་དང་བསྒྱུར་ནས་སླེབས་པར་ད་གཟོད་བརྡོལ་བོན། འཁྱར་བོན། བསྒྱུར་བོན་ཞེས་འབོད་ཀྱིན་པར་སྣང་། གྲི་གུམ་བཙན་པོས་བོན་ཆོས་བསྣུབས་ཟེར་བ་དེའང་ཧ་ལམ་འཁྱར་བོན་དང་བསྒྱུར་བོན་གྱིས་བརྡོལ་བོན་གྱི་ཚབ་བྱེད་དུ་མ་བཅུག་པར་ཐུག་ཡོད་པ་འདྲ། གང་ལྟར་བློན་པོ་དང་གཏུབ་རེས་ཀྱིས་གྲོངས་པ་རེད། ཕོ་རྒོད་ཕན་ཚུན་བར་གྱི་གཏུབ་རེས་སམ་གྲི་འཛུག་རེ་འདིའང་དེང་གི་བར་འབྲོག་ཁུལ་ཁག་ཏུ་མཐོང་རྒྱུ་ཡོད་པ་ལྟར་རེད། འོན་ཀྱང་། སྐུ་དྲག་ཁྱིམ་རྒྱུད་ལ་སྐབས་དེ་ཤེད་ནས་གཡོ་སྒྱུའི་སྦྱོར་བར་བྱང་ཆ་འདུག དཔེར་ན། གྲི་གུམ་བཙན་པོའི་བཙུན་མོས་དུག་སྦྱོར་ལ་མཁས་པའི་མི་ལྐོག་ཏུ་གླས་ནས་ལོ་ངམ་ཁྱི་ལ་དགའ་བོ་ཡོད་པའི་སེམས་ཁམས་བེད་སྤྱོད་ཀྱིས་ཁྱིའི་སྤུ་སྟེང་ལ་དུག་གཏོར་ནས་བཏང་བས། ལོ་ངམ་གྱིས་ཁྱི་ལ་བྱིལ་བྱིལ་གནང་བར་བརྟེན་ནས་གྲོངས་པ་ལྟར་རེད། འདི་ནས་དོན་དག་ཁ་ཤས་མཐོང་བའི་ཁྲོད་དུ་མྱུལ་ཞིབ་རིག་པ་དང་སྨན་སྦྱོར། འཐབ་རྩོད་བཅས་ལ་བྱང་ཆ་འདུག་པ་དེ་རེད།
མཐའ་བསྡོམས། ༡ སྲིད་པ་བོན་ནས་གཡང་དྲུང་བོན་གྱི་འཕེལ་རིམ་ནི་བོད་ཀྱི་ཤེས་རིག་གི་རྩ་བ་དང་རྨང་གདན་ཡིན། ཞང་ཞུང་སྙན་བརྒྱུད་ཆེན་མོ་དང་ཆོ་ག་མང་པོ་ཞིག་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱིས་ཀྱང་བརྒྱུད་འཛིན་གནང་ཡོད།
༢ དམར་མཆོད་ནི་བན་བོན་གཉིས་ཀྱིས་རྨེག་མེད་དུ་གཏོང་ཐུབ་མེད་པའམ། ལྷག་པར་ཡུལ་ལྷ་གཞིས་བདག་གིས་གྲོགས་དན་བྱེད་པར་ཡིད་ཆེས་ཡོད་པའི་ཁྲམ་པ་རྐུན་མ་དང་ཇག་པ་སོགས་ཀྱིས་ལྷོད་མི་འདུག འདིའི་སྐོར་ལ་སྒྲུང་མང་པོ་ཡོད་པ་རེད།
༣ བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱིས་བོད་ཀྱི་ཤེས་རིག་ལ་ཟུངས་ཁྲག་གི་ནུས་པ་ཐོན་ཡོད་པ་དང་། ལྷག་པར་དུ་སངས་རྒྱས་རང་ལའང་བསྲེག་བཅད་བརྡར་གསུམ་བྱེད་ཆོག་པའི་ལམ་སྟོན་གནང་ཡོད།
ཤཀྱ་ཐུབ་པ་ལ་འཁྲུང་འདས་ལོ་ཚིག་མི་འདྲ་བ་བཅུ་བདུན་ཡས་མས་འདུག། སྟོན་པ་གཤེན་རབ་ལ་དེ་འདྲེ་མེད།
བན་དེའི་རྫོགས་ཆེན་དང་གསང་སྔགས་མཛད་བཅུ་སོགས་ཤཀྱ་འདས་ལོ་སྟོང་ཅིག་སོང་རྗེས་དེ་དག་གི་ཕུག་ལྷ་ཡུལ་ཀླུ་
ཡུལ་ལ་བཏུག་ནས་འཇིག་རྟེན་འདིར་མཛུག་མོ་བཙུགས་ས་ཞིག་རགས་མེད་པ་འདི་རེད། “རྗེ་རེད་མདའ་བས།
གང་ནས་བླངས་པའི་ཁུངས་ཀྱང་མི་སྣང་ན། འཕྱོན་མའི་བུ་བཞིན་འདི་ལ་སུས་ཡིད་རྟོན། ཞེས་གསུངས་པ་དེ་
རྫོགས་ཆེན་དང་གསང་སྔགས་མཛད་བཅུ་སོགས་གཞན་ནོར་རྐུས་པ་དེ་དག་ཐོག་ཏུ་འཕངས་ཡོད། ཧཧཧཧཧཧཧཧ
རྫུན་ཤོད་མི་ཉན།
གལ་སྲིད་རྫུན་བཤད་པ་ཡིན་ན།
རྫུན་དེའི་རྗེས་ནས་སྐད་ཆ་བཤད་ཚད་རྫུན་རྐྱང་རྐྱང་ཤོད་དགོས་པར་འགྱུར་འགྲོ །
ལོ་ངོ་ཉིས་སྟོང་ལྔ་བརྒྱའི་གོང་དུ་བོད་ཡུལ་ཆུས་གང་ནས་མི་རྡོག་གཅིག་ཀྱང་མེད་ཨེ། ཧཧཧ་
དེ་རེད། ཡང་རང་ངོའི་གཡག་མི་མཐོང་བར་གཞན་ངོའི་ཤིག་མཐོང་མཁན་ཞིག་སླེབས་བྱུང་། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་འདས་ལོའི་ཐད་ལ་འདོད་ཚུལ་ཅུང་ཟད་རེ་མི་མཐུན་པ་ཡོད། ཁར་སང་བྱུང་བའི་གནས་ཚུལ་ཞིག་ཡིན་ན་ཡང་བཤད་ཚུལ་ཚང་མ་མཐུན་པ་ཞིག་མེད་པས་དེ་ཙམ་ལ་ཧ་ལས་དོན་མེད། མི་ལོ་ཁྲི་ཕྲག་གི་སྔ་གཞུག་ནོར་བ་དེ་འདྲ་མེད་པས་གཤེན་སྒྲུང་དང་བསྡུར་རྒྱུ་མེད། ཆུང་ས་ནས་ཤིང་སྡོང་འདིའི་འོག་ལ་སྐྱེས་པ་རེད་ཟེར་ནས་བསྟན་རྒྱུ་ཡོད་པས་གཤེན་སྒྲུང་དང་བསྡུར་ཐབས་མེད། མི་ལོ་བརྒྱད་བརྒྱའི་གོང་ལ་ཁ་ཆེ་པན་ཆེན་བོད་དུ་ཕེབས་ནས་སྟོན་པའི་འདས་ལོ་བརྩིས། དེ་ལ་འབྲི་གུང་པ་སོགས་སྐབས་དེ་དུས་ཀྱི་བོད་ཀྱི་མཁས་པ་ཚོས་གདེངས་འཇོག་མོས་མཐུན་བྱས། དེ་དང་དེང་སང་ཉན་ཐོས་སྡེ་བའི་བརྩི་སྲོལ་ཞེས་པ་དེ་ཚང་མ་ཆུ་ལ་ཆུ་བཞག་དང་ལོ་གཅིག་གི་ཁྱད་པར་ཡང་མེད་པར་ཧྲིལ་གྱིས་མཐུན་པ་བྱུང་ཡོད། ངོ་མཚར་རེ་ཆེ་བསམ་པ་འདུག
དེ་ན་ཁྱོད་ཚོའི་སྟོན་པ་གཤེན་རབ་ཀྱི་འདས་ལོ་ངོ་མ་དེ་ཁྱེད་རང་གི་འདོད་པ་བཞིན་གསུངས་དང་། ང་ཚོས་འགྲིགས་མིན་བརྟག་དཔྱད་ཅིག་བྱེད།
རང་གི་ངོ་ལ་གཡག་ཡོད་པ་མི་ཤེས་པར་མིའི་གདོང་ལ་ཤིག་འབྱར་བ་མཐོང་།
འདི་འདྲ་ཞིག་སྦལ་ཏིའི་ཁ་སྐད་དུ། རང་གི་དཔྲལ་བར་ (ཚིག་གང་ཡིན་མི་དྲན་)འགྲུལ་བ་མ་མཐོང་། གཞན་གྱི་དཔྲལ་བར་ཤིག་འགྲུལ་བ་མཐོང་། ཟེར་སྲོལ་འདུག
དེས་ན་དངོས་པའི་གནས་ཚུལ་ལྟར་ན། རང་གི་དཔྲལ་བར་སྦུར་པ་འགྲུལ་བ་མ་མཐོང་། གཞན་གྱི་དཔྲལ་བར་ཤིག་འགྲུལ་བ་མཐོང་། དེ་འདྲ་འབྱུང་སྲིད་དོ།
སྤུན་ནང་འཁྲུགས་ཤོར་དུས་ཁྲེལ་མེད་རྒྱལ། ཞེས་པའི་གཏམ་དཔེ་དེ་ཅིས་མི་བདེན། གོང་དུ་སྤོབས་མཐས་མཆན་དེ་ཚོ་དཔའ་བོས་གཡུལ་ལས་བཟློག་པའི་ཤེས་རབ་གྱི་རལ་གྲི་ནམ་མཁར་ཕྱར་བ་འདྲ་ཞིག་བྱུང་བས་ཡིད་དང་བས་མངོན་པར་བསྟོད་དོ། བསླབ་བྱ་གཅིག་ཡོད། ཁྱི་ཟུག་ཟུག་འདྲ་དེ་མཚམས་བཞོག་ནས་རང་རང་སོ་སོ་ལྟ་གྲུབ་གང་ལ་ཡིད་ཆེད་ཡོད་པ་དེ་གཞན་ལ་ཕྲག་དོག་དང་འགྲན་སེམས་མེད་པར་ཉམས་ལེན་གནང་དང་དེས་ཁེ་བཟང་ཆེ་ཡོང།
ཆོས་ལུགས་ཀྱི་ཞེན་ཁོག་ཡ་ཆུང་ཁོག་ནས་མ་ཆུད་པར་བོད་ཀྱི་ལོ་རྒྱུས་སྟེང་ཡར་བསྐོར་མར་བསྐོར་བྱེད་པ་ནི་ཅོལ་ཆུང་རང་རེད། ཞང་ཞུང་དང་བོད། ཡར་ཀླུང་ཚོ་བ། སིམ་པ་སོགས་གང་ཡིན་ཡང་སྐབས་དེ་དུས་ནི་རྒྱལ་ཁབ་ཅིག་གི་ངོ་བོར་ཡོད་པ་མ་རེད། ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་སོགས་ཀྱི་ལོ་རྒྱུས་འཁོད་པའི་དེབ་ཡག་ཤོས་༼ ཏི་སིའི་འོད་སྣང་༽ རེད། དེ་རུ་གསལ་བ་ལྟར་ན་བྱ་རུ་ཅན་རྣམས་ནི་ཡུལ་དཔོན་དཔའ་བོ་རེ་ཡིན་པ་ཙམ་ལས་གཉའ་ཁྲི་ནས་བརྒྱུད་པའི་བཙན་པོ་རིམ་བྱོན་ལྟ་བུ་ཞིག་ལྟ་ཅི། ཡུམ་བརྟན་དང་འོད་སྲུང་ལྟ་བུ་ཞིག་ཀྱང་མིན། དུས་ཕྱིས་ལུག་མི་ཀྱ་ཟེར་བའི་ཞང་ཞུང་གི་ཡུལ་དཔོན་དེ་ནི་སྟོབས་འབྱོར་དབང་ཐང་ཅུང་རྒྱས་པ་ཞིག་ཡིན་ཡང་། འཁོར་བསྒྱུར་སྲོང་བཙན་མི་ཡི་རྗེ་བོ་མཆོག་གིས་ཐབས་དང་ཤེས་རབ། ཞི་དྲག་ཟུང་འབྲེལ་གྱིས་དབང་དུ་བསྡུས་ཤིང་། དེ་ནས་བཟུང་ད་ལྟའི་ཡིག་མཁན་རྣམས་ཀྱི་སེམས་ལ་ཆུད་དཀའ་བའི་བོད་ཅེས་པའི་གཅིག་གྱུར་གྱི་སྲིད་པ་འདི་བྱུང་བ་རེད་དོ། དེ་མ་གཏོགས་གཉའ་ཁྲིའི་གོང་དུ་ཞང་ཞུང་ཡང་རྒྱལ་ཁབ་ཅིག་དང་བོད་ཀྱང་རྒྱལ་ཁབ་ཅིག་ཡིན་པའི་གནས་སྟངས་གང་ཡང་ཡོད་པ་མ་རེད། གལ་སྲིད་ཡོད་པ་ཡིན་ན། ཞང་ཞུང་ཟེར་བའང་རྒྱལ་ཁབ་བཅུའམ་བཅོ་བརྒྱད་ཡིན་དགོས་ཏེ། བྱ་རུ་ཅན་གྱི་རྒྱལ་པོ་རེ་རེར་རྒྱལ་ཁབ་རེ་རེ་ཡོད་དགོས་པ་མ་ཡིན་ནམ།
87 ཁ་བའི་ཡུལ་གྱར་བ།་ལགས་ཀྱིས་མཆན་བཏབ་པ།:
December 28th, 2014 at 10:33 AM
ལ་དྭགས་པ་ལགས་ སྤྱི་ཚོགས་ཀྱི་དངོས་པོ་ཚང་མ་རིམ་བཞིན་ཡར་རྒྱས་འགྲོ་དགོས་པ་ལས་ཐོག་མ་ཉིད་ནས་སྤུས་དག་ཞིག་དང་ཕྱིན་ཆད་བཟོ་བཅོས་རྩ་བ་ནས་བྱེད་མི་དགོས་པ་ཞིག་ག་ལ་ཡོད། དེ་འདྲ་ཞིག་འཛིན་མཁན་ཡོད་ན་བླུན་པོའི་རང་གཟུགས་མངོན་ཡོང་གི་ཡོད་པ་གསལ་པོ་རེད། དུས་ཀྱི་འཕེལ་རིམ་དང་ཡར་རྒྱས་ཡོད་པ་ཧ་གོ་མཁན་ཞིག་ཡིན་ན་དེ་འདྲ་ལབ་མི་སྲིད། གཞན་ཞིག་ལ་སྔར་བོན་ལུགས་སུ་ཡིག་གེ་དབྱངས་དང་འདོགས་ཅན་མེད་པ་མང་པོ་འབྲི་སྲོལ་འདུག། ད་ལྟ་ཡང་དེ་བཞིན་རེད། དཔེན་ན་་་ར་་ཙ་་་ཡ་་་ག་་་མ་་་ཨ་་་ས་་ཧ་་་སོགས་མང་པོ་འབྲི་སྲོལ་འདུག། ལྷ་སྲུང་གི་ས་བོན་བྲིས་ནས་སྲུང་བ་ཡི་ཚུལ་དུ་སྒོ་དང་ལུས་ལ་འདོགས་སྲོལ་འདུག། ད་ག་རེ་བལ་ན་འདྲ་མ་ལབ་ན་འདྲ་ལོ་བཞི་སྟོང་སྔོན་དུ་བོད་ལ་ཡི་གེ་ཡོད་པ་རྒྱ་ནག་གི་ར་སྤྲོད་བྱས་ཟིན་པ་རེད། ངས་དྲི་བ་ཞིག་ཡོད་་་ལ་དྭགས་པ་་་ཚོའི་ལོ་ཤས་སྔོན་བོད་ཡིག་བེད་སྤྱོད་མི་བྱེད་པར་་་ལ་དྭགས་ཡི་གེ་ཟེར་བ་ཞིག་གསར་བཟོ་བྱེད་རྩིས་བྱས་ཅང་མཐར་ཁུང་མ་འཆོལ་བར་བོད་ཡིག་ལ་ཚུལ་མགོ་འདོག་བྱེད་དགོས་པ་བྱུང་བ་རེད་ཟེར་ནས་སྤྱི་ཚོགས་ནང་རླུང་ལྟར་ཁྱབ་བཞིན་འདུག་། བདེན་པ་རེད་བས་། ཧཧཧཧཧཧ
འདི་ལ་ལན་བརྗོད་པར་བྱ་སྟེ། གོང་སྨོས་རྣམས་བདེན། ལོ་ངོ་་བཞི་སྔོན་དུ་བོད་ལ་ཡི་གེ་ཡོད་པར་ཁུངས་སྐྱེལ་ཐུབ་ན་དགའ་བསུ་སྔོན་ནས་བཤད་ཟིན་ལ་ད་ལྟར་ཡང་དེ་རང་ཡིན། བོད་ཡིག་དེ་ལ་ཡར་བོད་ཡིག་ཕུན་སུམ་ཚོགས་པར་བྱེད་པ་སྔོན་གྱི་བོད་ཀྱི་རྣམ་དཔྱོད་དང་བརྩོན་འགྲུས་ལྡན་པའི་མི་བོ་རྣམས་ཀྱི་དཀའ་ངལ་བྱས་པར་མ་ཟད་དེ་རྣམས་ཀྱི་གྲོགས་སུ་ལི་ཡུལ་དང་། རྒྱ་ནག་དང་། རྒྱ་གར་སོགས་ཀྱི་མཁས་པ་བོད་ལ་བྱོན་ནས། བོད་སྐད་སྦྱངས། ཕྱི་རྒྱལ་གྱི་མཁས་པ་དང་། དཀྱུས་པ་དག་གིས་བོད་སྐད་ཤེས་པར་བརྩོན་པས་བོད་མི་རྣམས་ལ་ཕྱི་རྒྱལ་གྱི་རིག་གཞུང་ཤེས་པ་ལ་དཀའ་ངལ་ཆེར་མེད་པར་སྤྲོ་བ་འཕེལ། འཇིག་རྟེན་སྤྱི་ཡོངས་ཕྱུགས་དང་། ཡུལ་འགའ་རེར་མིའི་དམར་མཆོད་ཡོད་པ་ལྟར་དུ། བོད་ཡུལ་དུ་ཡང་ཕྱུགས་ཀྱི་དམར་མཆོད་དར་ཡོད་པ་དེ། རྣམ་དཔྱོད་ཅན་བན་བོན་གཉིས་ཀས་འགོག་པར་མཛད། བོན་དང་བནྡེའི་ལུགས་ཀྱི་རིག་གཞུང་མང་པོ་འདྲ་བར་མཆིས། བན་བོན་གཉིས་ཀའི་གྲྭ་ཆས་ཀྱང་འདྲ་བར་མཐོང་བར་མ་ཟད་བོན་གྱི་གྲྭ་པ་མང་པོ་བོན་གྱི་གྲྭ་པ་མང་པོ་བནྡེའི་སྲོལ་འཛིན་པའི་གདན་ས་ཁག་ཏུ་སློབ་སྦྱོང་དཔེ་ཆ་གཟིགས་པར་ཕེབས། ང་ལས་ལོ་ཁ་ཤས་གཞོན་ཀྱང་། ད་ལྟ་སྐུ་གཤེགས་ཟིན། དང་པོ་མགོ་འཛུགས་སུ་ཁོང་སོགས་བོད་རིགས་ཁ་ཤས་ལ་ལེགས་སྦྱར་སྐད་བདག་གིས་ངོ་སྤྲོད་ཞུས། ཁོང་གིས་བཤད་ཚོད་ལ་བོན་གྱི་སྟོན་པ་ཁྱབ་ཆེ་བ་དང་། སྟོན་པ་ཤཱཀྱ་ཐུབ་པ་ཡང་དེའི་ཡན་ལག་ལྟ་བུ་ཡིན་པས་གུས་བཀུར་དང་སྐྱབས་གནས་ཞུ་འོས་པར་བཤད།
་་་
ངས་དྲི་བ་ཞིག་ཡོད་་་ལ་དྭགས་པ་་་ཚོའི་ལོ་ཤས་སྔོན་བོད་ཡིག་བེད་སྤྱོད་མི་བྱེད་པར་་་ལ་དྭགས་ཡི་གེ་ཟེར་བ་ཞིག་གསར་བཟོ་བྱེད་རྩིས་བྱས་ཅང་མཐར་ཁུང་མ་འཆོལ་བར་བོད་ཡིག་ལ་ཚུལ་མགོ་འདོག་བྱེད་དགོས་པ་བྱུང་བ་རེད་ཟེར་ནས་སྤྱི་ཚོགས་ནང་རླུང་ལྟར་ཁྱབ་བཞིན་འདུག་།
་་་
འདི་ཉིད་སྐོར་ལ་ཁ་བའི་ཡུལ་གྱར་པ་ཁྱེད་ལ་འཆལ་གཏམ་ཞིག་གོ་ཐོས་བྱུང་འདུག དེ་ལྟར་བྱེད་པོ་དག་སྦལ་ཏིའི་མུ་སུལ་མན་རང་གི་ཁ་སྐད་ལ་བོད་སྐད་རྒྱབ་པ་པོ། ད་ལྟ་པ་ཀི་སྟན་གྱི་ནང་དུ་ཡོད་པ་དག་ཡིན། དེ་དག་གི་འབད་པས་སྦལ་ཏིའི་ཡུལ་དུ་བོད་ཡིག་དར་བར་སྨོན་ནོ།
ལགས་སོ་ལ་དྭགས་པ་་་གསལ་བཤད་གནང་བ་ཐུགས་རྗེ་ཆེ་ཞུ།
་་་་་་་་་་་་་་ ད་ལྟ་ཡང་དེ་བཞིན་རེད། དཔེན་ན་་་ར་་ཙ་་་ཡ་་་ག་་་མ་་་ཨ་་་ས་་ཧ་་་སོགས་མང་པོ་འབྲི་སྲོལ་འདུག། ལྷ་སྲུང་གི་ས་བོན་བྲིས་ནས་སྲུང་བ་ཡི་ཚུལ་དུ་སྒོ་དང་ལུས་ལ་འདོགས་སྲོལ་འདུག། ད་ག་རེ་བལ་ན་འདྲ་མ་ལབ་ན་འདྲ་ལོ་བཞི་སྟོང་སྔོན་དུ་བོད་ལ་ཡི་གེ་ཡོད་པ་རྒྱ་ནག་གི་ར་སྤྲོད་བྱས་ཟིན་པ་རེད། ་་་་་་་་་ཟེར།
དྲ་འབུ་འདི་ཚོས་ལོ་བཞི་སྟོང་གོང་བོད་ལ་ཡི་གེ་མེད་པར་ཨུ་ཚུགས་ཀྱིས་སྒྲུབ་པ་དང་། ད་རེས་ཀྱི་ཟང་ལེབ་འདི་ཚོ་རྒྱ་གར་གྱིས་ཡིན་སྲིད་པ་དང་། རྒྱ་ནག་གི་ཚན་རིག་པས་རྟག་པར་ནོར་འཁྲུལ་བཟོས་རབས་སོགས་ཨུ་ཚུགས་ཀྱི་གླེང་སྟངས་ལ་བལྟས་ན། མི་འདི་ཚོ་དམྱལ་བ་གཉའ་ལྟག་ལ་བཞག་ན་ཡང་ཁས་མི་ལེན་མཁན་འདྲ་བོ་མཐོང་སོང་། སྤོབས་མཐའ་ལགས། རྙིང་རྒྱུད་དུ་གསལ་བའི་སྟོན་པ་བཅོམ་ལྡན་འདས་མ་བྱོན་པའི་གོང་ནས་ཕེབས་པའི་རྫོགས་ཆེན་གྱི་སྟོན་པ་བཅུ་གཉིས་པོ་སུ་དང་སུ་རེད། སྟོན་པ་དེ་ཚོའི་འཁྲུངས་འདས་ཀྱི་ས་ཚིགས་དང་། ལོ་ཚིགས་ཤིག་གསུངས་རོགས་གནང་།
མྱི་དཀར་ལགས། བསྟན་པ་གཅིག་ལ་སྟོན་པ་གཅིག་ཁོ་ན་ཡོད་པ་དེ་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་ལྡན་པ་རྒྱལ་བ་ཤཱཀྱ་ཐུབ་པ་འདི་ཉིད་ཁོ་ན་རེད། རྫོགས་ཆེན་སྟོན་པ་བཅུ་གཉིས་སུ་ཡིན་ངས་མི་ཤེས། ཤེས་དགོས་པའི་ངེས་པ་ཡང་མེད། རྫོགས་ཆེན་པ་ཁ་ཤས་རེ་ལ་མཚོན་ན་གལ་ཆེན་པོ་ཡིན་སྲིད་ན་མ་གཏོགས་ནང་པ་སངས་རྒྱས་པ་སྤྱི་ཁྱོན་ཡོངས་ན་མཚོན་ན་གལ་ཆེན་པོ་གང་ཡང་མིན། རྫོགས་ཆེན་སྟོན་པ་བཅུ་གཉིས་ཟེར་བ་དེ་འདྲ་ནང་པ་སངས་རྒྱས་པ་བརྒྱ་ཆ་གཅིག་ལས་ཉུང་བ་ཞིག་གིས་མ་གཏོགས་གོ་ཡང་མྱོང་ཡོད་རྒྱུ་མ་རེད། ནང་པ་སངས་རྒྱས་པ་རང་གི་ལུགས་ལ་འདས་པའི་སངས་རྒྱས་གྲངས་མེད་པ་བྱོན་ཡོད་པས་དེ་དག་ཚང་མའི་འཁྲུངས་འདས་ལོ་ཚིགས་དང་ས་གནས་འཚོལ་ག་ལ་ནུས། ཡིན་ན་ཡང་བསྟན་པ་གཅིག་ལ་སྟོན་པ་གཅིག་ཡོད་པ་དེ་ག་ཚོད་གསལ་གསལ་ཞིག་མ་ཤེས་ན་རང་རང་གི་བསྟན་པ་དེ་ཁུངས་མེད་དུ་འགྱུར་འགྲོ་བའི་ཉེན་ཁ་ཡོད་པ་རེད།
མདོ་སྡེ་སྐལ་བཟང་ནང་ལ། འདས་པའི་སངས་རྒྱས་གསུམ་དང་། ད་ལྟ་བའི་གཅིག མ་འོངས་པའི་འཚང་རྒྱ་འགྱུར་གྱི་སངས་རྒྱས་དགུ་བརྒྱ་དགུ་བཅུ་གོ་ལྔའི་ལུང་བསྟན་གསལ་གསལ་ཐིང་ཐིང་ཡོད་པ་མཇལ་ཐུབ་པར་གྱིས་ཤིག་ཀྱེ།།
འདི་སྤོབས་མཐའ་ལ་བསྩལ་བའི་གདམས་པ་རེད་འདུག
མདོ་སྡེ་སྐལ་བཟང་ནང་ལ། འདས་པའི་སངས་རྒྱས་གསུམ་དང་། ད་ལྟ་བའི་གཅིག མ་འོངས་པའི་འཚང་རྒྱ་འགྱུར་གྱི་སངས་རྒྱས་དགུ་བརྒྱ་དགུ་བཅུ་གོ་ལྔའི་ལུང་བསྟན་གསལ་གསལ་ཐིང་ཐིང་ཡོད་པ་མཇལ་ཐུབ་པར་གྱིས་ཤིག་ཀྱེ།།
བཀུར་འོས་དཔལ་ལྡན་ཁ་བརྡ་ཚང་ལགས། །
སྐྱབས་སུ་མཆི། ཐུགས་རྗེས་གཟིགས། བརྩེ་བས་མི་འདོར་བ་མཁྱེན།
བཙན་བྱོལ་ནང་གི་བོད་ཀྱི་བུད་མེད་ཅིག་གིས་བརྩམས་པའི་རྩོམ་ཡིག་ངོ་མཚར་ཅན་འདིའི་མཆན་སྒོ་འབྱེད་རོགས་གནོངས། །
http://www.khabdha.org/?p=30013#more-30013
་་་་་་་་་་་་་་་ མི་ལོ་བརྒྱད་བརྒྱའི་གོང་ལ་ཁ་ཆེ་པན་ཆེན་བོད་དུ་ཕེབས་ནས་སྟོན་པའི་འདས་ལོ་བརྩིས། དེ་ལ་འབྲི་གུང་པ་སོགས་སྐབས་དེ་དུས་ཀྱི་བོད་ཀྱི་མཁས་པ་ཚོས་གདེངས་འཇོག་མོས་མཐུན་བྱས། དེ་དང་དེང་སང་ཉན་ཐོས་སྡེ་བའི་བརྩི་སྲོལ་ཞེས་པ་དེ་ཚང་མ་ཆུ་ལ་ཆུ་བཞག་དང་ལོ་གཅིག་གི་ཁྱད་པར་ཡང་མེད་པར་ཧྲིལ་གྱིས་མཐུན་པ་བྱུང་ཡོད། ངོ་མཚར་རེ་ཆེ་བསམ་པ་འདུག ་་་་་་་་་་་་་
བོད་སྐད་ནི་མ་རེད་འདུག། བོན་སྐད་ནི་ཡིན་ཚོད་མི་འདུག། ད་འདི་ཡི་གེ་ཡིན་ཟེར་བ་ལས། པ་ཏྲའི་རིགས་ཤིག་ཡིན་ཟེར་བའམ། བོད་བོན་གཉིས་ཀ་མིན་པའི་རྩ་སྟོང་དུ་ཕྱིན་པའི་མྱི་རིགས་ཤིག་གི་ཤུལ་ལུས་ཡིན་ཟེར་ན་རྩོད་ཤོར་མེད་པར་བན་བོན་ཟེར་ན་འདྲ་བོད་བོན་ཟེར་ན་འདྲ། གཉིས་ཀ་འཆམ་མཐུན་ལ་གནས་སོ།
དེ་མིན་ཟིང་འཁྲུག་དང་གདོན་མི་སྲེས་འདྲེས་ཀྱི་གོ་ཆོག་ཆེན་པོ་མེད་ས་ན། སྐད་ཡིག་གཉིས་ཀྱི་བར་ལ་དེ་འདྲ་ཚོད་དཔག་གི་གནས་ལ་ལྷུང་དགོས་བ་ཞིག་གམ་ཡིད་ཚོད་ཀྱི་སྒྲ་ཞིག་ལ་གོ་བ་མེད་བཞིན་དུ་གོ་རྒྱུ་ཡོད་མདོག་གིས་ངའི་ཡིན་དང་ཁྱོའི་ཡིན་གྱི་རྩོད་པ་དོན་མེད་ཞིག་བྱས་ན་དགེ་བ་ཆུང་ངོ་།
བན་ཆོས་ནང་ན་སྔགས་ཡིག་མང་གི། བོན་ཆོས་ནང་ན་སྔགས་ཡིག་མང་གི། སྔགས་ཡིག་ཡོད་དགོས་དོན་དང་། སྔགས་ཡིག་ཟེར་བ་དེ་ཅི་ཞིག་ཡིན་པའི་ཡིན་ངོ་ཤེས་ན། དེ་ནས་ཁུང་གཙང་མ་ཞིག་དང་། བརྫུན་རྣར་འགྲོ་ཞིག་བཤད་ཀི་ཡོད་མེད་ཤེས་སོ།
སྟོན་པ་སངས་རྒྱས་གཤེན་རབ་མི་བོས་བོད་ཡུལ་དུ་གསུངས་པའི་གཡུང་དྲུང་གི་བོན་ལ་རྡོལ་བོན་དང༌། འཁྱར་བོན། བསྒྱུར་བོན་སོགས་ཀྱི་རྣམ་དབྱེ་གང་ཡང་མེད་ཅིང་དེ་དག་གི་བརྒྱུད་པ་འཛིན་པའི་བོན་གྱི་མཁས་པ་དང་གྲུབ་ཐོབ་སོགས་ཀྱི་མཚན་གྱི་ཟུར་ཙམ་ཡང་བོན་ལུགས་མདོ་སྔགས་རྫོགས་གསུམ་དང་། ཁུངས་ཐུབ་ཀྱི་རྒྱལ་རབས་ལོ་རྒྱུས། དེ་བཞིན་རྒྱུན་འཁྱེར་སྐུ་རིམ་འདོན་ཆོག་སོགས་གང་ནས་ཀྱང་མི་གསལ་བས་དེས་ན་བཤད་ཡམ་འདི་དག་ནི་ཡེ་ཤེས་མཚོ་རྒྱལ་དང་། ཐུའུ་བཀྭན། འབྲི་གུང་འཇིག་རྟེན་པ་སོགས་ཀྱིས་བྱུང་རྒྱལ་དུ་བཏགས་པའི་གཏམ་ཡིན་པ་ཤེས་དགོས། དེ་ཙམ་མོ། །
བན་ཆོས་ནང་གི་སྔགས་ཡིག་རྣམས་ནི་ལེགས་སྦྱར་སྐད་དང། བོན་ཆོས་ནང་གི་སྔགས་ཡིག་ནི་ཞང་སྐད་ཡིན་་་་དེས་ན་གང་གིས་ཤེས། བན་བོན་སྨན་ཡིག་ནང་གི་སྔགས་ཡིག་རྣམས་ཞང་སྐད་ཡོད་པ་དེ་ཡིས་ཤེས།
ད་ཐེན་གི་གསར་འགྱུར་འདི་དྲང་བདེན་དང་གནས་ལུགས་ལ་དགའ་བའི་མི་དག་ལ་གོ་རྟོགས་གསར་པ་ཞིག་རགས་ཡོད་སྲིད། ཕྱོགས་ཞེན་དང་འཐེན་འཁྱེར་གྱི་ལམ་ནས་རྒྱ་གར་བའི་རྗེས་རྒྱུག་བྱེད་མཁན་དག་གི་སེམས་ལ་ན་ཟུགས་ཞིག་གཏོང་ཡོད་ཚོད་རེད། མདོར་ན་སྔོན་འདས་ཕྱོགསལྷུང་ཅན་འགའ་ཞིག་རྒྱ་གར་བའི་རྗེས་རྒྱུག་བྱས་ནས་རང་རང་གི་ཕ་མིན་ཡང་མིན་རྣམ་ཀླ་ཀློ་ལ་བསྒྱུར་གང་ཐུབ་བྱས་པའི་སྒྲུང་རིང་དག་ཚང་མ་རྫུན་རྐུབ་རྡོལ་སོང་བ་རེད། ཐོན་མི་ཟེར་བ་དེ་ད་ནམ་མཁའི་མེ་ཏོག་དང་རི་སྦལ་གྱི་སྤུ་བཞིན་ཡིན་པ་ཧ་གོ་བར་གྱིས།
རྩོམ་ཡིག་འདི་དང་འབྲེལ་བའི་མཆན་གྲངས་༡༤༧་ལོན་འདུག ངས་ནི་འདི་བར་ཁྱེད་རྣམ་པའི་སྟོན་པ་དང་བླ་མ་སོགས་ཀྱི་མཚན་ནས་དྲངས་ཏེ་སྐྱོན་བརྗོད་པ་སོགས་གང་ཡང་བྱས་མེད་དོ། ཁྱེད་ཚོ་ནི་ང་རྒྱལ་ཏོག་ཙམ་ལངས་སོང་ན། ཁྱི་སྨྱོན་པས་སོ་རྒྱག་པ་ཇི་བཞིན་རྒྱུ་མཚན་ཡོད་རུང་མེད་རུང་སེམས་ལ་དྲན་ཚད་ཚང་མ་གླེང་ཡོང་གི་འདུག བྱེད་སྟངས་འདི་རིགས་ནི་རྫུན་གྱི་ཤིང་རྟའི་འཁོར་ལོ་སྤོབས་པ་ཆེན་པོས་ངང་ནས་མི་ལོ་༡༣༠༠་རིང་ལ་བསྐོར་ཉེས་དམིགས་ཡིན་ཐག་ཆོད་རེད། །
གོང་གི་མཆན་དེ་བཅོས་བསྒྱུར་བྱས་ཡོད།
རྩོམ་ཡིག་འདི་དང་འབྲེལ་བའི་མཆན་གྲངས་༡༤༧་ལོན་འདུག ངས་ནི་འདི་བར་ཁྱེད་རྣམ་པའི་སྟོན་པ་དང་བླ་མ་སོགས་ཀྱི་མཚན་ནས་དྲངས་ཏེ་སྐྱོན་བརྗོད་པ་སོགས་གང་ཡང་བྱས་མེད་དོ། ཁྱེད་ཚོ་ནི་ང་རྒྱལ་ཏོག་ཙམ་ལངས་སོང་ན། ཁྱི་སྨྱོན་པས་སོ་རྒྱག་པ་ཇི་བཞིན་རྒྱུ་མཚན་ཡོད་རུང་མེད་རུང་སེམས་ལ་དྲན་ཚད་ཚང་མ་གླེང་ཡོང་གི་འདུག བྱེད་སྟངས་འདི་རིགས་ནི་རྫུན་གྱི་ཟོ་ཆུན་འཁོར་ལོ་མི་ལོ་༡༣༠༠་རིང་ལ་སྤོབས་པ་ཆེན་པོ་མཐའ་ཡས་པའི་ངང་ནས་བསྐོར་འཐེན་བྱས་བྱས་པའི་ཉེས་དམིགས་ཡིན་ཐག་ཆོད་རེད། །
༈ བོད་གངས་ཅན་གྱི་ལྗོངས་འདིར་སློབ་དཔོན་པདྨ་སཾ་བྷ་ཝའི་བཀའ་དྲིན་གྱིས་བསྟན་པ་འཛིན་པའི་སྐྱེས་བུ་མང་དུ་བྱོན། གྲུབ་པ་བརྙེས་པའི་སྐྱེས་བུ་རྣམས་ནི་འཕགས་ཡུལ་གྱི་རིག་འཛིན་རྣམས་དང་ཁྱད་པར་ཅི་ཡང་མེད་པར་བྱུང༌། མཁས་པའི་ཁྱུ་མཆོག་དཔག་ཏུ་མེད་ཀྱང་རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་སོགས་དང་མཁྱེན་རབ་དང་ཕྲིན་ལས་དངོས་སུ་མཉམ་པ་སུ་ཡང་མེད། ཕྱི་དུས་སུ་ཀུན་མཁྱེན་བསམ་ཡས་པ་འདི་ཚུལ་ཁྲིམས་ཀྱི་བསླབ་པ་དང་བློ་སྦྱོང་གི་ཉམས་བཞེས་ཇོ་བོ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་གོང་མ་རྣམས་དང་མཉམ། སྐུ་ཚེ་དབེན་པར་གནས་ཤིང་བླ་མའི་གདམས་ངག་བསྒོམ་པ་དང༌། དང་པོ་བླ་མ་བསྟེན་ཚུལ་སོགས་རྗེ་བཙུན་མི་ལ་དང་འདྲ། ཐོས་བསམ་གྱི་མཐའ་རྒྱ་བཅད། འཇིགས་མེད་ཀྱི་སྤོབས་པ་རྙེད། འཆད་རྩོད་རྩོམ་པ་ལ་རང་དབང་འབྱོར་པ་ཆོས་རྗེ་ས་པཎ་དང་རྗེ་བཙུན་ཙོང་ཁ་པ་སོགས་དང་འདྲ། །སྒྲུབ་པ་མཐའ་རུ་ཕྱིན་ནས་གདོད་ནས་ཟད་སར་ཕྱིན་པ་ལྕེ་བཙུན་ཆེན་པོ་དང་མེ་ལོང་རྡོ་རྗེ་སོགས་དང་མཉམ། སྣང་སྲིད་ཟིལ་གྱིས་མནན་དམ་ཅན་བྲན་དུ་བཀོལ་བ་གནུབས་ཀྱི་རིག་འཛིན་རྣམས་དང་འདྲ། ཐེག་རྩེའི་གྲུབ་མཐའ་འཛིན་ཞིང་བློས་བྱས་ཀྱིས་ལྟ་གྲུབ་ཟིལ་གྱིས་མནན་པ་རོང་ཟོམ་ཆེན་པོ་དང་འདྲ། སྙན་བརྒྱུད་ཀྱི་གདམས་པ་མང་ཞིང་བརྒྱུན་འཛིན་ཀྱི་བུ་སློབ་སྐྱོང་བ་ས་ཆེན་དང་མར་པ་སོགས་དང་མཚུངས། ཐ་སྙད་རིགས་པའི་གནས་ལ་མཁས་ཤིང་དཔྱངས་ཅན་མགྲིན་པར་རོལ་པ་སྔོན་གྱི་ལོ་ཙཱ་བ་རྣམས་དང་མཚུངས། མན་ངག་གི་ཡི་གེ་ལ་བྱིན་རླབས་ཀྱི་སྤྲིན་ཕུང་འཁྲིགས་པ་སྤྲུལ་པའི་གཏེར་ཆེན་རྣམས་ཀྱི་ཟབ་ཆོས་དང་མཉམ། བྱང་ཆུབ་ཀྱི་སེམས་འབྱོང་ཞིང་འབྲེལ་ཚད་དོན་དང་ལྡན་པ་དགེ་བཤེས་སྟོན་པ་དང་མཉམ་མེད་དྭགས་པོ་སོགས་དང་འདྲ་ལ། བོད་ཀྱི་མཁས་པ་གཞན་རྣམས་འཕགས་ཡུལ་གྱི་ལེགས་བཤད་ལ་ཁོག་ཕུབ་ཀྱང་རང་གི་ཤེས་རབ་ཀྱིས་གང་དྲན་རྩལ་བཤད་མཛད་པ་ལུང་རིགས་དང་མི་མཐུན་པ་ཅུང་ཟད་རེ་ཡོད། ཁྱད་པར་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལ་བོད་ཀྱི་རིགས་རྒོད་ཀྱིས་སྒྲུབ་པ་དང༌། བོད་སྔ་མའི་ཟེར་སྒྲོས་ལ་ཕྱི་མས་ཡིན་རློམ་གྱི་དགག་སྒྲུབ་ཤིན་ཏུ་མང༌། ཀུན་མཁྱེན་གྱིས་ཐོག་མཐའ་བར་གསུམ་རྒྱན་དྲུག་མཆོག་གཉིས་ཀྱི་ལམ་སྲོལ་དང་མི་འགལ་བར་བཤད། བོད་ཀྱི་གྲུབ་ཐོབ་གཞན་རྣམས་ལ་སྙན་བརྒྱུད་ཀྱི་གདམས་པ་འགའ་ཞིག་ལས་མི་བཞུགས་ཤིང་བརྒྱུད་འཛིན་རྣམས་ཀྱང་མན་ངག་ཕྱོགས་རེ་ལ་སྒོམ་སྒྲུབ་མཛད། རྒྱལ་བ་ཀློང་ཆེན་པ་ལ་ཟབ་བརྒྱུད་ཀྱི་གདམས་པ་དཔག་ཏུ་མེད། དེ་ཡང་རིག་འཛིན་གྲུབ་ཐོབ་རྣམས་ལས་བརྒྱུད་་པདང༌། དཔའ་བོ་དང་མཁའ་འགྲོ་ལས་བརྒྱུད་པ་དང༌། སློབ་དཔོན་པདྨ་ལས་དངོས་སུ་གསན་པ་སོགས་མན་ངག་གི་སྣ་ཁ་མང་བས་བརྒྱུད་འཛིན་རྣམས་ཀྱང་རང་རང་གི་མོས་པ་གང་ཡོད་ལ་བརྩོན་པས་དངོས་གྲུབ་སོ་སོ་ལ་དབང༌། མཁས་གྲུབ་གཞན་གྱིས་མན་ངག་ཕྱོགས་རེ་ཁ་ཚང་བར་བསྟན་ཀྱང་བསྟན་པ་ཡོངས་རྫོགས་ཀྱི་ཉམས་ལེན་མེད་ཀུན་མཁྱེན་བླ་མས་བསྟན་པ་ཡོངས་རྫོགས་སུ་བཤད། སྤྱིར་མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པར་བྱ་སྤྱོད་ཡན་ཆད་ཀྱི་མན་ངག་དང༌། ཁྱད་པར་རྫོགས་ཆེན་གྱི་རྒྱུད་སྡེ་མན་ངག་བཅས་པ་ཡོངས་རྫོགས་བསྟན་པས་འོད་གསལ་སྙིང་པོའི་ཤིང་རྟ་དངོས་ཡིན། སྐལ་ལྡན་གྱི་གང་ཟག་འགའ་ཞིག་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཞིང་རྟོགས་པའི་ཕ་ཕོག་གནང་བ་སོགས་མདོར་ན་གངས་ཅན་གྱི་མཁས་གྲུབ་ཐམས་ཅད་ཀྱི་ཡོན་ཏན་གཅིག་ཏུ་སྡོམ་པ་ལྟ་བུ་ཞིག་རྒྱལ་བ་ཀློང་ཆེན་པ་ལ་མངའ་འདུག་སྙམ། གཟུ་བོར་བརྟགས་ན་ནི་འདི་དག་སྒྲོ་སྐུར་མེད་པར་སྨྲས་ཡོད། བསྒོམས་ཏེ་ཉམས་རྟོགས་སྐྱེས་པ་དེ། །མན་ངག་ཀུན་གྱི་ཐུན་མོང་ཡིན། །མ་སྒོམ་ཉམས་རྟོགས་སྐྱེས་པ་ལ། །ངོ་མཚར་གནས་སུ་ཅིས་མི་འཛིན། །ཧ་ཧ།།
བན་བོན་ནམ་བོད་རིགས་ཡོངས་ཀྱི་ཐུན་མོང་དུ་གྱུར་པའི་བོད་ཡིག་འདིའི་སྲོལ་གཏོད་མཁན་བཀའ་དྲིན་ཅན་གྱི་ཐོན་མི་སམ་བྷོ་ཊ་ལ་དྲིན་ལན་ལོག་མཇལ་གྱི་སྐབས་འཚོལ་རིང་ལུགས་དེ་ཚོ་སྙིང་རྗེ། ཤ་ཚ། དེ་ཚོ་ལ་རི་བོང་གི་རྭ་དང་རུས་སྦལ་གྱི་སྤུ་ལས་ལྷག་པ་ཞིག་རྩིས་འཇོག་སུས་བྱས་ཐུབ། ངས་ནི་བྱས་མི་ཐུབ་ཐག་ཆོད་ཡིན།