ཚེ་རིང་།
ཡལ་ག་མང་བའི་སྡོང་རྒན་དེ་ནི
ཆེས་སྤྱིར་བཏང་གི་ཤིང་སྡོང་ཞིག་ཡིན་ལ
སྟོན་མཇུག་རེ་རེ་སླེབས་དུས
རང་གི་ཤ་ལས་འཆད་པའི་བུ་ཕྲུག་ལྟ་བུའི
ལོ་མ་སེར་བོ་གྲངས་མེད་ཅིག
སྟོན་རླུང་གིས་འཁུར་འགྲོ
དེ་ནི་ཤིང་སྡོང་གི་ན་ཟུག་ཅིག་ཡིན་ལ
ཕྱིར་མངོན་མ་མྱོང་བའི་རེ་སྒུག་ཤིག་ཀྱང་ཡིན
བར་སྣང་གི་ཁམས་སུ་ལོ་མའི་ཚོགས
རླུང་བུས་ཁུར་ཞིང ཁུར་གྱིན་ཁུར་གྱིན
ཁ་ཅིག་ནི་འདམ་རྫབ་ཀྱི་ཁྲོད་དུ་ལྷུང་ནས་རུལ་ཞིང
ལ་ལ་མྱ་ངམ་གྱི་ཐང་དུ་ལྷུང་ནས་བསྐམས
དགུན་ཁའི་ཁ་ཆར་དང་བུ་ཡུག་གིས
ཤིང་སྡོང་གི་ཚེ་སྲོག་འཕྲོག་ལ་ཁད་བྱས་ཀྱང
སོས་ཀ་སླེབས་དུས
ཁོ་སླར་ཡང་སྔོན་ལྟར་འཛུམ་ཤིག་ཤིག་གིས་བཞད་བྱུང
འོན་ཀྱང སྡིག་རྩུབ་ཆེ་བའི་འཇིག་རྟེན་འདིས
ཁོ་ལ་སུན་གཙེར་དང་ཡིད་མུག་སྣ་ཚོགས་ཤིག་བྱིན་པས
ད་ལོ་དབྱར་ཁ
ལོ་མ་ལྗང་ཁུ་ཁ་ཤས་ལས་ཐོག་མི་འདུག
2014/08/15