རྒྱང་མིག
ཁྱེད་རང་མཐོང་ཐེངས་རེར
ངའི་ཡིད་སེམས་དྲག་ཏུ་གཡོ་ཞིང་
དྲན་གདུང་དང་སྐྱོ་སྣང་གི་རླུང་འཚུབ་ལྡང་
ཁྱེད་ནི་དགུན་དུས་ཚུར་བསུ་བའི་ཕོ་ཉ་དང་
ཡོད་ཚད་འཁྱག་རོམ་གྱིས་སྡོམ་པའི་སྔོན་བརྡར་གྲུབ
ད་དུང་ཁྱེད་ནི
ཉམས་དགའ་བའི་དབྱར་མཇུག་བསྡུ་མཁན
ས་གཞི་ཧྲིལ་པོ་མྱ་ངམ་ཐང་འདྲར་བསྐྲུན་མཁན
སྲོག་ལྡན་ཕལ་ཆེ་བར་སྐྱོ་སྣང་སྦྱིན་མཁན་བཅས་རེད
ཡིན་ན་ཡང་
སྙིང་གི་ཚུལ་ལྟར་ཡོད་པའི་ཁྱེད་ཀྱི་དབྱིབས་གཟུགས་དེར
སྐྱེས་ཕོ་མོ་ཐམས་ཅད་དབྱེར་མེད་དུ་དགའ
ལྷད་མེད་བརྩེ་དུང་གི་མཚོན་རིས་སུ་གྲུབ
ཡོད་ཚད་ཀྱི་ཡོད་ཚད་མཚོན་བྱེད་ཀྱང་བྱེད