གཅན་ཡུ་མོ།
དུས་རབས་གསར་བའི་སྐྱ་རེངས་ཤིག་གི་དལ་ལྷོད་མེད་པའི་བཞུར་རྒྱུན་མྱུར་བས།།
བརྩེ་སེམས་བརྒྱུས་པའི་དགུ་ཆུ་སྔོན་མོར་མེ་ཏོག་སེར་ཆེན་མིག་ཆུ་ཤོར་བཞིན།།
གཏན་འདུན་ཟབ་སའི་ལྗོན་ཤིང་སྐམ་པོས་སྙིང་གཏམ་བདུད་རྩི་ཡང་ཡང་འཐུང་ཤོར།།
ལྡེམ་ལྡེམ་གཡོ་བའི་དགའ་ཚལ་ཞིག་གི་དུས་འགྲོས་རླབས་ཀྱི་འགྱུ་བ་རྒོད་སོང་།།
དགུན་གསུམ་རླུང་གི་སྤུ་གྲི་རྣོ་བས་སྐྱིད་ཆུའི་མཛེས་སྡུག་དུམ་བུར་བཅད་དེ།།
གངས་ནས་བཞུར་བའི་ཆབ་རྒྱུན་རིང་མོར་ལོ་རྒྱུས་འགོད་པའི་དབང་ཆ་མི་འདུག །
ཁམ་བུའི་མེ་ཏོག་སྐྱེད་བསྲིང་བྱེད་པའི་ཤག་སྒྲའི་བླ་སྲོག་ཡང་ཡང་འཕྲོག་བཞིན།།
བདེ་སྐྱིད་ཀུན་གྱི་རྩ་བ་རྫོགས་པའི་དན་རྟགས་དམར་པོའི་གློག་ཞགས་འཁྱུག་སོང་།།
ལོ་ཟླའི་གོམ་འགྲོས་འགྱུར་བག་མེད་པར་བཙན་ཞགས་ཕྲ་མོའི་ལྟོང་ལས་ཤོར་བཞིན།།
དུང་ཟླ་འཛུམ་པའི་གསོལ་འདེབས་མཆོད་མེར་ཞེ་སྡང་མདའ་མོ་ཡང་ཡང་གཡུག་པ།།
ཐག་རིང་ཡུལ་ལ་གཏམ་རྒྱུད་ཁུར་བའི་ཁེར་རྐྱང་ཕོ་ཉའི་གསུང་ལས་ཐོས་པས།།
རེ་སྒུག་ཡུལ་གྱི་འོད་སྣང་རུམ་མཁན་སྐར་ཚོགས་མང་པོ་ས་ལ་འཐོར་སོང་།།
གྲང་རེག་ལྷག་པའི་བུ་ཡུག་འཚུབ་སར་སྐྱིད་པའི་མལ་ན་གཉིད་ས་མེད་ལ།།
གར་སྟབས་འགྱུ་བའི་ཆུ་འཛིན་ཀློང་ན་ཚེ་སྲོག་བུད་ཤིང་བཞིན་དུ་འཚིག་རུང་།།
དྲོད་རླབས་སྣང་བ་ཅི་ཡང་མེད་པར་བག་འཁུམས་ཉ་མོ་བཙོན་ལ་བཅུག་པས།།
འཇོ་སྒེག་ངོམ་པའི་ཁུ་བྱུག་གླུ་དང་མཛེས་སྡུག་རྩྭ་ཐང་ཁྲག་གིས་བརྫུས་སོང་།།
ཁུ་བྱུག་ཁྱོད་ཀྱི་ཕུགས་བསམ་ལྗང་ཁུ་གློག་ཞགས་འཁྱུག་སའི་ལྗོན་རྩ་ཞིག་ན།།
བདེན་ལུགས་ཁོ་ནའི་འཇིག་རྟེན་འཇལ་བའི་ལེ་དབར་སྟོང་ཕྲག་བརྒལ་རྒྱུ་ཟེར་བཞིན།།
བར་ཐག་བཅད་པའི་བདེན་ལུགས་ཁོ་ན་སྨོན་སེམས་ཡིད་ཀྱི་སྙིང་ཁར་བཞག་སྟེ།།
སྐམ་ལ་ཉེ་བའི་འབྲས་ལྡན་འཁྲི་ཤིང་ས་གཞི་སྣུམ་པོས་སྙིང་ལ་བརླན་སོང་།།
ལྡེམ་ལྡེམ་གར་གྱི་ཕུགས་བསམ་འཚོལ་སའི་བརྩེ་འདང་ཤེལ་གྱི་མཆོད་རྟེན་ཞིག་ལ།།
དྲང་བདེན་འོད་སྣང་མྱུར་མགྱོགས་བསྩལ་བའི་དད་སེམས་ཡིད་ཆེས་ཐལ་མོར་སྦྱར་ནས།།
བསིལ་འཇམ་ལྡིང་བའི་ཁ་རླུང་གཙང་མ་མུན་ནག་འཇིག་རྟེན་འདི་ལ་འཕྱར་དུས།།
སྤྲིན་དཀར་གསར་བས་ལྗང་མདོག་རྣམ་ཤེས་སླར་ཡང་གངས་རི་འདི་རུ་རུམ་ཆོག །
ཉི་ཟླའི་འོད་ལམ་ཡངས་པོར་འཚེར་སའི་འཇིག་རྟེན་ཁྱོད་ཀྱི་ཕ་ཡུལ་མ་ཡིན།།
དེང་རབས་ཅན་གྱི་མཛེས་སྡུག་མངོན་སའི་གླིང་ག་ཁྱོད་ཀྱི་གར་སྟེགས་མ་ཡིན།།
སྙིང་གཏམ་བདུད་རྩི་གཞན་ལ་མཆོད་སའི་ཁང་ཆུང་ཁྱོད་ཀྱི་ཁྱིམ་གཞི་མ་ཡིན།།
གཏན་འདུན་ཟབ་མོས་བརྐྱང་ཕྱག་འཚལ་ནས་མར་མེ་སྤར་སའི་མཆོད་རྟེན་བཞེངས་ཤོག །
བཀླགས་ཡོད། ཡག་གི་སེམས་བསམ་ཞིག་བྱུང་ཡང་། ཡང་ཅི་ཞིག་ཡག་མིན་མ་ཤེས་པས།
ཚིག་རྩལ་ཡག་པོ་འདུག་ཅེས་ཞུ་སྙིང་འདོད་སོང་།
གཅན་ཡུ་མོར་མཐེ་མོེ་སྒྲེངས་ཡོད།
གཅན་ཚོ་བུ་མོ་ག་དུས་རིག་ན་བདག་གི་ཟུར་མིག་ལྕགས་ཀྱུ་འཐེན་འཐེན།།
རྩོམ་རིགས་དྲ་བའི་སྐུད་ལམ་སྟེང་ནས་གཅན་ཚའི་བུ་མོ་ཁུ་བྱུག་གྲག་གྲག །
ནོར་གླིང་གྲོང་ཁའི་གསང་ལམ་སྟེང་ནས་གཅན་ཚའི་བུ་མོ་རྨ་བྱ་འགྲོ་འགྲོ།།
བདག་ཡིད་མ་ངེས་ནམ་མཁའི་ངོས་སུ་གཅན་ཚའི་བུ་མོ་སྐར་མ་ཤར་ཤར།།
ཨོ་ཨོ་་་་་ ད་མི་འབྲི་་་ བྲིས་ན་ཚར་མེད་རེད།
གྲོགས་མོ་ལགས་ཉིད་ཀྱི་སྙན་རྩོམ་ཀློག་པར་སླེབས་ཡོད།
མཚོ་མོ་ལགས། གཅན་ཡུ་མོ་ལགས་ཀྱི་སྙན་ངག་འདི་སྙན་པོ་ཞིག་དང་ཡིད་འགུལ་བ་ཞིག་ཡིན་དོན་ནི། ཚིག་རྩལ་ཡག་པ་ཙམ་ཞིག་གཏན་མིན་ཏེ། རྩོམ་ཡིག་འདི་ལས་མོ་རང་དང་ཆ་སྒྱུས་ཡོད་མེད་ཇི་ལྟར་ཡང་། སྙན་རྩོམ་འདི་ལས་མོ་རང་གི་འཚོ་བ་དང་ཚོར་བ་ལུས་ཡིན་སྙམ་པའི་གནད་དོན་གང་མང་ཞིག་ང་ཚོར་ངོ་སྤྲོད་བྱེད་ཅིང་། འཚོ་བ་དང་ཚོར་བ་དེ་ལྟ་བུ་ཞིག་ང་ཚོ་རང་སྟེང་ན་མངོན་པར་བྱེད་ཀྱིན་འདུག་པས་རེད་སྙམ།
རྒྱུ་མཚན་ནི་སྙན་རྩོམ་འདི་ལས་ང་ཚོ་དང་ཆེས་ཁ་ཐག་ཉེ་ཞིང་ཆ་ཡོད་དུ་གྱུར་པའི་འཚོ་བའི་གནད་དོན་ཁ་ཤས་ལ། ཧ་ཅང་གི་ཚོར་བ་དང་བཅས་སྟེ་གསལ་རྗོད་བྱེད་ཀྱིན་འདུག་པས་རེད་ལ། བྱེད་སྟངས་འདི་ཡང་དཔེར་ན། “དྲོད་རླབས་སྣང་བ་ཅི་ཡང་མེད་པར་བག་འཁུམས་ཉ་མོ་བཙོན་ལ་བཅུག་པས།།”ཞེས་པ་ལྟ་བུ་ཧ་ཅང་སྟབས་བདེ་ཞིང་གསོན་ཉམ་ལྡན་པའི་འཆར་སྣང་ཁོ་ནས་འགྲེལ་འདུག་པས་རེད་འདུག གང་ལྟར་སྙམ་རྩོམ་འདི་བཀླགས་ཀྱིན་བཀླགས་ཀྱིན་གཅན་ཚའི་བུ་མོ་མིག་ལམ་དུ་འཆར་ཡོང་བ་འདྲ་ཞིག་རེད་འདུག་ལ། སེམས་ཀྱི་ཚོར་བ་ཕལ་ཆེར་ཡང་དོ་མཉམ་དུ་འཕར་འགྲོ་གིན་འདུག་པ་འདི་རེད།
མཚོ་མོ་ལགས། གཅན་ཡུ་མོ་ལགས་ཀྱི་སྙན་ངག་འདི་སྙན་པོ་ཞིག་དང་ཡིད་འགུལ་བ་ཞིག་ཡིན་དོན་ནི། ཚིག་རྩལ་ཡག་པ་ཙམ་ཞིག་གཏན་མིན་ཏེ། མོ་རང་དང་ཆ་སྒྱུས་ཡོད་མེད་ཇི་ལྟར་ཡང་། སྙན་རྩོམ་འདི་ལས་མོ་རང་གི་འཚོ་བ་དང་ཚོར་བ་ལུས་ཡིན་སྙམ་པའི་གནད་དོན་གང་མང་ཞིག་ང་ཚོར་ངོ་སྤྲོད་བྱེད་ཅིང་། འཚོ་བ་དང་ཚོར་བ་དེ་ལྟ་བུ་ཞིག་ང་ཚོ་རང་སྟེང་ན་མངོན་པར་བྱེད་ཐུབ་ཀྱིན་འདུག་པས་རེད་སྙམ།
རྒྱུ་མཚན་ནི་སྙན་རྩོམ་འདི་ལས་ང་ཚོ་དང་ཆེས་ཁ་ཐག་ཉེ་ཞིང་ཆ་ཡོད་དུ་གྱུར་པའི། འཚོ་བའི་གནད་དོན་ཁ་ཤས་ལ་ཧ་ཅང་གི་ཚོར་བ་དང་བཅས་སྟེ་གསལ་རྗོད་བྱེད་ཀྱིན་འདུག་པས་རེད་ལ། བྱེད་སྟངས་འདི་ཡང་དཔེར་ན། “དྲོད་རླབས་སྣང་བ་ཅི་ཡང་མེད་པར་བག་འཁུམས་ཉ་མོ་བཙོན་ལ་བཅུག་པས།།”ཞེས་པ་ལྟ་བུ་ཧ་ཅང་སྟབས་བདེ་ཞིང་གསོན་ཉམ་ལྡན་པའི་འཆར་སྣང་ཁོ་ནས་འགྲེལ་འདུག་པས་རེད་འདུག གང་ལྟར་སྙམ་རྩོམ་འདི་བཀླགས་ཀྱིན་བཀླགས་ཀྱིན་གཅན་ཚའི་བུ་མོ་མིག་ལམ་དུ་འཆར་ཡོང་བ་འདྲ་ཞིག་རེད་འདུག་ལ། བཀླགས་ཀྱིན་བཀླགས་ཀྱིན་ང་ཚོའི་ཚོར་བ་མོའི་སེམས་པ་དོ་མཉམ་དུ་འཕོས་འགྲོ་གིན་འདུག་པ་འདི་རེད།
སྙན་རྩོམ་འདི་ལས་ང་ཚོའི་མྱོང་ཐུབ་པ་ནི་ཁོར་ཡུག་ཅིག་གིས་གཙེས་པའི་རྨ་ཁ་དག་སེམས་ཀྱི་ཟབ་ས་ནས་ཟགས་པས། དགུ་ཆུའི་འགོ་ཁུངས་ནས་ཆས་པའི་རྒོད་པོའི་ཚོགས་ཀྱི་རྒྱང་བཞུད་ཀྱི་གཤོག་རླབས་དེ་མཐོང་ཐུབ་ལ། རིན་ཐང་གིས་བཞེངས་པས་མིང་བྱང་ཅིག་དང་། མིང་བྱང་དེའི་བརླན་པའི་དྲན་གདུང་གི་མིག་མཆི་ཞིག་ཀྱང་སྐྱོ་གདུང་གི་ཟབ་སར་ལྷུང་བ་མཐོང་ཐུབ། རེད་དེ་ལྟོང་ལས་ཤོར་བའི་མདའ་མོ་ལ་ཕྱིར་ལ་སླེབས་པའི་རེ་བ་མེད་ནའང་། དམིགས་འབེན་དངོས་མ་ཞིག་དང་སེམས་འདུན་དག་མ་ཞིག་གི་དཀྱིལ་ཐིག་ལ་ཕོག་པའི་སེམས་ངལ་དག་ཀྱང་སྙན་རྩོམ་འདིས་རུམ་ཁོངས་ན་དོར་མི་འདུག་པས། འདི་ནི་ནམ་རྒྱུན་ཁ་བརྡའི་དྲ་བ་ལས་མཐོང་བའི་ཆགས་རྩོམ་དེ་དག་དང་མི་འདྲ་བར། གནས་བབ་ཅིག་གི་འགན་འཁྲི་ལ་ཁ་གཏད་དུ་ལངས་ཡོད་ལ། ཚིག་འབྲུ་རེ་རེའི་ལྗིད་ཤུགས་ན་མི་རིགས་ཤིག་གི་སེམས་ཚོར་གྱི་འདུ་ཤེས་ཀྱིས་ཟིན་ཡོད་སྟབས། འདི་དགུ་ཆུ་སྔོན་མོའི་ངང་རྒྱུད་ལ་བརྒྱུས་པའི་དཀར་གྱི་ཟེགས་མ་དེ་ཡིན་ལ། འདི་ནི་སེམས་པའི་ཕྱི་ནང་གཉིས་ཀར་སིམ་པའི་ཚོར་བ་དེ་ཡིན་འདུག
ལོ་མ་དང་ཡུ་མོ།
བལྟས་ན་སེར་ཐིག་ལྷུང་བའི་ལོ་མ་ཟད་པོ་ཞིག ཉན་ན་ཤག་སྒྲས་གཟིར་བའི་ལོ་མ་རྩུབ་པོ་ཞིག
རེག་ན་འཇམ་ཤ་སྟེར་བའི་ལོ་མ་རློན་པ་ཞིག མདོར་ན་དགུན་གྱི་གཏམ་རྒྱུད་ཁུར་བའི་ལོ་མ་ཞིག
སྟོན་ལོ་སེར་བོ་ཁུར་བའི། ཡུ་མོ་ཤེའུ་ཐིག་ཅན་པོ།
འདར་འདུར་གོམ་པའི་བར་ན། སུ་ལ་འཁྲེང་ཞེན་བོར་ཡོད།
ཚོར་ཤུགས་ཀྱི་ཉམས་གང་ཡང་མེད་མོད་ཚིག་སྦྱོར་ཡག་པོ་འདུག་་་་་་་་་་