ལོ་ཙཱ་བ་དང་རྩོམ་པ་པོ་ཆུང་ཚེ་རིང་། Posted on 2016-08-012016-08-01 By བྱ་སྒྲོ་དཀར་པོ་ 8 Comments on ལོ་ཙཱ་བ་དང་རྩོམ་པ་པོ་ཆུང་ཚེ་རིང་། https://www.khabdha.org/wp-content/uploads/2016/08/16a17c2f-0fc9-4644-99cb-a616dcbce04b_hq.mp4 གློག་བརྙན་།, བཅར་འདྲི།
གང་ཟག་སྒེར་ལ་ཞུ་དགོས་གང་ཡང་མེད། འོན་ཀྱང་སྤྱིའི་ཆ་ནས་ཡིག་སྒྱུར་བ་ཙམ་ལས་ལོ་ཙཱ་བ་རང་ལྟ་ཐོབ་ཀྱི་ཨེ་ཡོད་སྙམ། དེ་ལྟར་ན་ལོ་ཙཱ་བ་མང་པོ་ཆགས་མི་ཡོང་ངམ། སྔོན་གྱི་སྐད་གཉིས་སྨྲ་བ་རྣམས་ལ་ལོ་ཙཱ་བ་སྟེ་དེའི་དོན་འཇིག་རྟེན་གྱི་མིག་ཅེས་ཐོགས་དགོས་དོན་ནི། ད་ལྟ་ནང་བཞིན་ཚིག་མཛོད་སོགས་མཐུན་རྐྱེན་གང་ཡང་མེད་པའི་སྐབས་ཐུགས་ཐོག་ནས་བཀའ་བསྟན་བོད་དུ་བསྒྱུར་ཏེ་མ་རིག་མུན་པ་སེལ་བའི་སྒྲོན་མེ་ཉག་ཅིག་ཏུ་གྱུར་སྟབས་ཀྱིས་རེད། དེང་སྐབས་ཡིག་སྒྱུར་བའམ། རྩོམ་སྒྱུར་བ་རྣམས་ལ་གཞི་རྩའི་ཤེས་ཡོན་རོབ་ཙམ་ཡོད་ན་ཚིག་བརྗོད་གོ་རིམ་བསྒྲིག་རྒྱུ་ཙམ་ལས་ཚིག་དོན་ཚང་མ་ཚིག་མཛོད་ནང་བྲིས་ཏེ་ཡོད་སྟབས་དཔེ་བཤུ་རྒྱུ་ཙམ་རེད་སྙམ།
ལོ་ཙ་བ་ཆུང་ཚེ་རིང་ནི་ལོ་ཙ་བ་ཞིག་གིས་མ་ཚད་ཞིབ་འཇུག་པ་ཚད་ལྡན་ཞིག་ཀྱང་རེད་འདོད། ཁོང་གི་བོད་དབྱིན་ལོ་ཙའི་སྤུས་ཚད་ལ་བདོ་མེད་ལ་ལྟ་བུ་རེད།
ཆུང་ཚེ་ལགས་ཀྱིས་ངོ་དེབ་སྟེང་ལ་བཤད་ནོར་ལྟ་བུའི་ཡིག་ཕྲན་ཞིག་བཀོད་རྗེས་ཁོང་གི་མཁྱེན་ཡོན་ལ་དོགས་པ་ཟ་བའི་མི་མང་ཙམ་བྱུང་སོང་། དེའི་ལན་དུ་ཁོང་གི་ངོ་སྤྲོད་བརྙན་འཕྲིན་འདི་བཞག་པ་ཧ་ཅང་ལན་པོ་འདུག ཧ་ཧ་ཧ
ཆུང་ཚེ་རིང་ལ་འགྲེལ་བརྗོད་རྒྱབ་ནས་མི་ཕན་པར་། ཐོག་མར་ཁོང་གིས་ད་བར་རྩོམ་ཡིག་བྲིས་པ་དང་། ཡིག་བསྒྱུར་གནང་བ་ཁག་ལ་ལེགས་པར་གཟིགས་ནས་བརྩམས་ཆོས་ལེགས་ཉེས་ལ་གླེང་སློང་བྱས་ན་རང་གཞན་ཡོངས་ལ་ཕན་ཐོགས་ཆེ་སྙམ། ངས་ད་བར་ཁོང་གིས་བརྩམས་ཆོས་ཕལ་ཆེ་བ་བཀླགས་པ་དང་། ངོ་ཐུག་གིས་གླེང་མོལ་མང་དག་ཞུ་རྒྱུ་བྱུང་བ་བརྒྱུད་ཁོང་ལ་གུས་བཀུར་ཆེན་པོ་ཞུ་བཞིན་ཡོད།
བྱས་ཙང་། སྔོན་ཆད་གྲོད་པ་ཚོས་ཁག་པོ་ཡོད་པ། དཔེ་ཆ་ཡང་སྒྱུར་ཁག་པོ་ཡོད་པ་རེད། དེང་སང་གྲོད་པ་རླངས་ཤུགས་འཚོད་སྣོད་ནང་བཙོས་ན་ཚོས་སླ་པོ་ཡོད། རྒན་འཁོགས་ཚོས་ཀྱང་ལས་སླ་པོ་བྱས་ཏེ་མཆོད་ཆོག། དེ་བཞིན་རྩོམ་སྒྱུར་ཡང་ཚིག་མཛོད་ལ་བལྟས་ན་ལས་སླ་པོ་ཡོད། གཞི་རྩའི་དབྱིན་བོད་གཉིས་སམ་སྐད་ཡིག་གཉིས་ཀྱི་ཤེས་ཚད་ལེགས་ཙམ་ཡོད་ན་དཀའ་ངལ་དེ་ཙམ་མེད་པ་དངོས་ཡོད་ཀྱི་གནས་ཚུལ་རེད།
༑ བརྩམ་རྒྱུ་ལས་བསྒྱུར་རྒྱུ་དཀའ་བའི་གནས་ཚུལ་འདི་ལོ་ཙའི་ལས་ལ་ཞུགས་མ་མྱོངས་པ་དག་གིས་ཇི་ལྟར་ཤེས། ཁོང་ཚོར་གང་དྲན་དྲན་སྨྲ་རུ་ཆུགས། སྐུ་ཞབས་ལོ་ཙ་བ་ཆུང་ཚེ་ལྟ་བུས་མུ་མཐུད་ནས་རིག་གནས་ནང་འདེྲན་ལ་ཤུགས་བརྒྱག་རྒྱུ་ནི་བོད་མི་རིགས་ཀྱི་ཕྱིར་དུ་ཁ་ཚ་དགོས་གཏུག་རེད། ཧ་ཅང་གལ་ཆེ། འོན་ཀྱང་བླང་དོར་འཇུག་ལྡོག་ལའང་ནོར་མི་རུང་སྟེ། སྤྱི་སྐད་གཏོར་བྱེད་ཀྱི་འབར་རྫས་ལྟ་བུའི་སློབ་དེབ་དག་གི་རྒྱབ་རྩར་ནམ་ཡང་ལང་མི་འོས། མ་རེད་དམ།
ངས་ མདང་ ཕྱིན་པ་ཡིན། ངས་ དེ་རིང་ འགྲོ་བགྱིད་ ཡོད། ངས་ སང་ཉིན་ འགྲོ་བགྱི་ ཡིན། ་ ཞེས་ཡིག་ཐོག་དགོས་འདུག་ཀྱང་། ་ ང་ མདང་ ཕྱིན་པ་ཡིན། ང་ དེ་རིང་ འགྲོ་བགྱིད་ ཡོད། ང་ སང་ཉིན་ འགྲོ་བགྱི་ ཡིན། ་ ངག་ཐོག་ཏུ་བབ་ས་འདི་རང་རེད་དོ།།
གང་ཟག་སྒེར་ལ་ཞུ་དགོས་གང་ཡང་མེད། འོན་ཀྱང་སྤྱིའི་ཆ་ནས་ཡིག་སྒྱུར་བ་ཙམ་ལས་ལོ་ཙཱ་བ་རང་ལྟ་ཐོབ་ཀྱི་ཨེ་ཡོད་སྙམ། དེ་ལྟར་ན་ལོ་ཙཱ་བ་མང་པོ་ཆགས་མི་ཡོང་ངམ། སྔོན་གྱི་སྐད་གཉིས་སྨྲ་བ་རྣམས་ལ་ལོ་ཙཱ་བ་སྟེ་དེའི་དོན་འཇིག་རྟེན་གྱི་མིག་ཅེས་ཐོགས་དགོས་དོན་ནི། ད་ལྟ་ནང་བཞིན་ཚིག་མཛོད་སོགས་མཐུན་རྐྱེན་གང་ཡང་མེད་པའི་སྐབས་ཐུགས་ཐོག་ནས་བཀའ་བསྟན་བོད་དུ་བསྒྱུར་ཏེ་མ་རིག་མུན་པ་སེལ་བའི་སྒྲོན་མེ་ཉག་ཅིག་ཏུ་གྱུར་སྟབས་ཀྱིས་རེད། དེང་སྐབས་ཡིག་སྒྱུར་བའམ། རྩོམ་སྒྱུར་བ་རྣམས་ལ་གཞི་རྩའི་ཤེས་ཡོན་རོབ་ཙམ་ཡོད་ན་ཚིག་བརྗོད་གོ་རིམ་བསྒྲིག་རྒྱུ་ཙམ་ལས་ཚིག་དོན་ཚང་མ་ཚིག་མཛོད་ནང་བྲིས་ཏེ་ཡོད་སྟབས་དཔེ་བཤུ་རྒྱུ་ཙམ་རེད་སྙམ།
ལོ་ཙ་བ་ཆུང་ཚེ་རིང་ནི་ལོ་ཙ་བ་ཞིག་གིས་མ་ཚད་ཞིབ་འཇུག་པ་ཚད་ལྡན་ཞིག་ཀྱང་རེད་འདོད།
ཁོང་གི་བོད་དབྱིན་ལོ་ཙའི་སྤུས་ཚད་ལ་བདོ་མེད་ལ་ལྟ་བུ་རེད།
ཆུང་ཚེ་ལགས་ཀྱིས་ངོ་དེབ་སྟེང་ལ་བཤད་ནོར་ལྟ་བུའི་ཡིག་ཕྲན་ཞིག་བཀོད་རྗེས་ཁོང་གི་མཁྱེན་ཡོན་ལ་དོགས་པ་ཟ་བའི་མི་མང་ཙམ་བྱུང་སོང་། དེའི་ལན་དུ་ཁོང་གི་ངོ་སྤྲོད་བརྙན་འཕྲིན་འདི་བཞག་པ་ཧ་ཅང་ལན་པོ་འདུག ཧ་ཧ་ཧ
ཆུང་ཚེ་རིང་ལ་འགྲེལ་བརྗོད་རྒྱབ་ནས་མི་ཕན་པར་། ཐོག་མར་ཁོང་གིས་ད་བར་རྩོམ་ཡིག་བྲིས་པ་དང་། ཡིག་བསྒྱུར་གནང་བ་ཁག་ལ་ལེགས་པར་གཟིགས་ནས་བརྩམས་ཆོས་ལེགས་ཉེས་ལ་གླེང་སློང་བྱས་ན་རང་གཞན་ཡོངས་ལ་ཕན་ཐོགས་ཆེ་སྙམ། ངས་ད་བར་ཁོང་གིས་བརྩམས་ཆོས་ཕལ་ཆེ་བ་བཀླགས་པ་དང་། ངོ་ཐུག་གིས་གླེང་མོལ་མང་དག་ཞུ་རྒྱུ་བྱུང་བ་བརྒྱུད་ཁོང་ལ་གུས་བཀུར་ཆེན་པོ་ཞུ་བཞིན་ཡོད།
ཧཧཧཧཧཧ་་་དེང་ལོ་ཙཱ་བའི་ལས་ཀ་དེ་དཔེ་བཤུ་ཙམ་རེད་ཟེར་་ཧཧཧཧཧ་་་གྲོད་པ་མིས་བཟའ་དུས་སླ་མདོག་ཅེས་པ་ལྟར་རེད།
བྱས་ཙང་། སྔོན་ཆད་གྲོད་པ་ཚོས་ཁག་པོ་ཡོད་པ། དཔེ་ཆ་ཡང་སྒྱུར་ཁག་པོ་ཡོད་པ་རེད། དེང་སང་གྲོད་པ་རླངས་ཤུགས་འཚོད་སྣོད་ནང་བཙོས་ན་ཚོས་སླ་པོ་ཡོད། རྒན་འཁོགས་ཚོས་ཀྱང་ལས་སླ་པོ་བྱས་ཏེ་མཆོད་ཆོག། དེ་བཞིན་རྩོམ་སྒྱུར་ཡང་ཚིག་མཛོད་ལ་བལྟས་ན་ལས་སླ་པོ་ཡོད། གཞི་རྩའི་དབྱིན་བོད་གཉིས་སམ་སྐད་ཡིག་གཉིས་ཀྱི་ཤེས་ཚད་ལེགས་ཙམ་ཡོད་ན་དཀའ་ངལ་དེ་ཙམ་མེད་པ་དངོས་ཡོད་ཀྱི་གནས་ཚུལ་རེད།
༑ བརྩམ་རྒྱུ་ལས་བསྒྱུར་རྒྱུ་དཀའ་བའི་གནས་ཚུལ་འདི་ལོ་ཙའི་ལས་ལ་ཞུགས་མ་མྱོངས་པ་དག་གིས་ཇི་ལྟར་ཤེས། ཁོང་ཚོར་གང་དྲན་དྲན་སྨྲ་རུ་ཆུགས། སྐུ་ཞབས་ལོ་ཙ་བ་ཆུང་ཚེ་ལྟ་བུས་མུ་མཐུད་ནས་རིག་གནས་ནང་འདེྲན་ལ་ཤུགས་བརྒྱག་རྒྱུ་ནི་བོད་མི་རིགས་ཀྱི་ཕྱིར་དུ་ཁ་ཚ་དགོས་གཏུག་རེད། ཧ་ཅང་གལ་ཆེ།
འོན་ཀྱང་བླང་དོར་འཇུག་ལྡོག་ལའང་ནོར་མི་རུང་སྟེ། སྤྱི་སྐད་གཏོར་བྱེད་ཀྱི་འབར་རྫས་ལྟ་བུའི་སློབ་དེབ་དག་གི་རྒྱབ་རྩར་ནམ་ཡང་ལང་མི་འོས། མ་རེད་དམ།
ངས་ མདང་ ཕྱིན་པ་ཡིན།
ངས་ དེ་རིང་ འགྲོ་བགྱིད་ ཡོད།
ངས་ སང་ཉིན་ འགྲོ་བགྱི་ ཡིན།
་
ཞེས་ཡིག་ཐོག་དགོས་འདུག་ཀྱང་།
་
ང་ མདང་ ཕྱིན་པ་ཡིན།
ང་ དེ་རིང་ འགྲོ་བགྱིད་ ཡོད།
ང་ སང་ཉིན་ འགྲོ་བགྱི་ ཡིན།
་
ངག་ཐོག་ཏུ་བབ་ས་འདི་རང་རེད་དོ།།