ཤེར་དོན། དེབ་འཕྲིན། ཞེས་པ་ལས་བཤུས་ཏེ་འདིར་བཀོད།
རྒྱ་བོད་སྐད་གཉིས་ལ་བྱང་ཆུབ་པའི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་བློ་བཟང་ཆོས་འཕགས་སམ་སློབ་དཔོན་ཆེན་མོ་ཧྥ་ཙུན་བྱ་བ་ཁོང་ནི་སྤྱི་ལོ་༡༩༠༢ ལོར་ཧྲིན་ཀྲོའུ་སྟེ་དེང་གི་ཧོ་པེ་ཞིང་ཆེན་ཧྲིན་ཞན་ཞེས་པའི་ཁོངས་གཏོགས་ཀྱི་ཆར་འཁྲུངས་ཤིང་། ༡༩༢༠ ལོར་རྒྱ་ནག་རི་བོ་རྩེ་ལྔར་རབ་ཏུ་བྱུང་། ༡༩༢༤ལོར་བུའུ་ཁྲང་ནང་བསྟན་སློབ་གླིང་ནས་མཐར་ཕྱིན་ནས་བོད་ཡིག་འཛིན་གྲྭར་ཞུགས། ༡༩༢༥ ལོར་ཁྲོང་ཆཱེན་སོགས་བརྒྱུད་ནས་ཁམས་དར་རྩེ་མདོར་བྱོན། ༡༩༢༧ལོའི་དཔྱིད་ཀར་དཀར་མཛེས་དྲེལ་དཀར་དགོན་དུ་ཕེབས་ནས་ལོ་དུ་མར་སློབ་གཉེར་གནང་། ༡༩༣༠ལོར་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་།
ཕྱིས་སུ་རྒྱ་བོད་སྐད་གཉིས་ཀྱི་གཞུང་ལ་ཤིན་ཏུ་མཁས་པར་གྱུར་བས་ནང་བསྟན་གྱི་གཞུང་མང་པོ་བོད་སྐད་དང་རྒྱ་ནག་སྐད་དུ་ཕར་ཚུར་བསྒྱུར་བས་“དེང་དུས་ཀྱི་ཞན་ཙང”ཞེས་སྐད་གྲགས་ཆེན་པོ་བྱུང་། ཁོང་གིས་དགེ་བའི་བཤེས་གཉེན་ཆེན་པོ་སྟོང་དཔོན་པ་ངག་དབང་བརྩོན་འགྲུས་སོགས་ཀྱིས་ཡང་ཡང་བསྐུལ་བ་ལྟར་《ཆོས་མངོན་པ་ཡེ་ཤེས་ལ་འཇུག་པ་》དང་《ཆོས་མངོན་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་མོ》ཞེས་བྱ་བའི་བསྟན་བཅོས་ཆེན་པོ་འདི་གཉིས་གཙོས་པའི་ཆོས་གཞུང་དང་དམངས་གཙོ་རིང་ལུགས་གསར་བ་དང་སྤྱི་ཚོགས་འཕེལ་འགྱུར་གྱི་ལོ་རྒྱུས་སྐོར་དེབ་ཉིས་བརྒྱ་ལ་ཉེ་བ་རྒྱ་ནག་སྐད་ལས་བོད་སྐད་དུ་བསྒྱུར་བ་དང་།
ཡང་《བྱང་ཆུབ་ལམ་རིམ་ཆེན་མོ》དང་《སྔགས་རིམ་ཆེན་མོ》《མངོན་རྟོགས་རྒྱན》《ཚད་མ་རྣམ་འགྲེལ》《མཛོད་འགྲེལ་མངོན་པའི་རྒྱན》སོགས་གཞུང་དང་འགྲེལ་བ།ད་རུང་རྗེ་ཙོང་ཁ་བ་དང་ཇོ་བོ་རྗེའི་རྣམ་ཐར་སོགས་མང་པོ་བོད་སྐད་ནས་རྒྱ་ནག་སྐད་དུ་བསྒྱུར་ཡོད།
《བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ》《菩提道次第广论》(བོད་རྒྱ་ཤན་སྦྱར་མ)(པོད1-3)རྗེ་ཙོང་ཁ་བས་མཛད། ལོ་ཙཱ་བ་བློ་བཟང་ཆོས་འཕགས་ཀྱིས་རྒྱ་སྐད་དུ་བསྒྱུར།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2012ལོ།
《ཆོས་མངོན་པ་ཡེ་ཤེས་ལ་འཇུག་པ་》དང་《ཆོས་མངོན་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་མོ》
འདི་གཉིས་རྩད་ཆེ་བས་དིང་སང་མིག་སྣང་དུ་ཡོད་དམ། ཤཱཀྱ་དགེ་སྦྱོང་ཆེན་པོ་མཆོག་གི་བཀའ་ལྟར་ན། བོད་དུ་སྤར་རྐོ་བར་སླེབས་པའི་ལོ་རྒྱུས་ཤིག་ཞལ་སྔ་ནས་༡༩༦༤ཙམ་ཐོས་ཀྱང་བོད་དུ་ཟིང་ཆ་བྱུང་བས་བརླག་སྟོར་དུ་ཕྱིན་འདུག་བསམས། བསྟན་བཅོས་འདི་གཉིས་སྐོར་ལ་གསུངས་གྲོགས།
་་་་་་་་་་་་་་་་ ༡༩༣༠ལོར་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་།
ཕྱིས་སུ་རྒྱ་བོད་སྐད་གཉིས་ཀྱི་གཞུང་ལ་ཤིན་ཏུ་མཁས་པར་གྱུར་་་་་་་་་་་་་་་་་་
ངས་ བོ་རིགས་ རྒྱ་སྐད་ ཡག་པ་ ཤེས་མཁན་ཅི་ག ཡིན་ན་ མའོ་ཙེཏུང་གི་ རྐྱུབ་གཡོག་ ཡིན་པས་ཁྱབ་ བསམས་ཀྱང་་་་་་་་་་
ཡེ་ཤེས་ལ་འཇུག་པ་དང་བྱེ་བཤད་གཉིས་ཉེ་སྔོན་བོད་ནས་དཔར་བསྐྲུན་གནང་འདུག དཔེ་དེབ་བཅུ་འདུག།
བྱ་མདོ་སྐལ་རྒྱམ་མཆོག་གིས་གནས་ཚུལ་བཟང་པོ་སྤེལ་བར་བཀའ་དྲིན་ཆེ། བོད་ཀྱི་ཆོས་མངོན་པར་གཟིགས་པ་པོ་རྣམས་ཀྱིས་འདི་དག་ལ་གཟིགས་རྟོག་གལ་ཆེ། བྱེ་བྲག་སྨྲ་བ་ཞེས་པའི་སྔོན་དུ། ཆོས་མངོན་པ་པ་ཞེས་བཀོད། དེའི་རྗེས་ཆོས་མངོན་པ་ལ་སྦྱོང་བ་པོ་དག་གིས་བྱེ་བྲག་ཏུ་བཤད་ཆེན་པོ་ལ་ལྟ་རྟོག་ཆེ་བས། ཆོས་མངོན་པ་པ་ཞེས་པའི་ཚབ་ཏུ་བྲེ་བྲག་ཏུ་སྨྲ་བ་ཞེས་མིང་ཆགས་པར་མངོན། དབུ་མའི་བསྟན་བཅོས་རྣམས་སུ་ཆོས་མངོན་པ་ན་རེ། ཞེས་བྱེ་བྲག་སྨྲ་བའི་གྲུབ་མཐའ་དང་མཐུན་པར་གླེང་བ་ཡིན་པར་སེམས་སོ།
རྒལ་ལ་དྭགས་པ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ། །བྱེ་བྲག་བཤད་མཛོད་ཀྱི་མ་ཕྱི་ལོ་ཙཱ་བ་ཆོས་འཔགས་ཀྱི་ལག་བྲིས་དངོས་དབུ་མེད་པར་བསྐྲུན་འདུག བསྡུ་རུབ་དང་པར་བསྐྲུན་གནང་མཁན་ཨ་ལག་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་རེད། ཁོང་གིས་འདི་ཉིད་བསྡུ་བའི་ཆེད་སྐུ་ངལ་དང་འགྲོ་གྲོན། དཀའ་ལས་རྒྱ་ཆེན་པོ་ཞིག་གནང་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག དེབ་དེ་ཕྲན་གྱིས་མཇལ་མྱོང་། སྤུས་ཚད་ལེགས་པོ། དེབ་རེའི་ཚད་ཕལ་ཆེར་དུང་དཀར་ཚིག་མཛོད་ཙམ་འདུག ནང་གི་ཡིག་གཟུགས་ཆེ་བ། ལྟ་བདེ་བ་འདུག །
མང་ཐོས་ལུང་རྟོགས་ཀྱི་དཔལ་དང་ལྡན་པ་དྲི་མེད་ལྷག་བསམ་མཆོག་ལ་ཨ་རི་པ་སོགས་ཀྱི་ལུགས་ལྟར་སྔ་དྲོ་བདེ་ལེགས། ངའི་ཁྱིམ་མཚེས་ལ་རྒྱ་ནག་པ་ཞིག་ཡོད། དེས་རྒྱ་སྐད་དུ། ས་སངས་ཧོ། ཞེས་པར་ལེགས་སྦྱར་སྐད་དུ། ཨ་རུ་ཎཱ་ཤུ་བྷ། རྒྱ་སྐད་མིང་ཚིག་རེ་ལ་ལེགས་སྦྱར་མིང་ཚིག་བརྗེ་རྒྱ་བྱས་པ་ཡིན།
་
རིག་པ་རིག་པས་བརྗེ་བའམ།
ཡང་ན་རིག་པ་ནོར་གྱིས་བླུ།
་
ཞེས་པ་རྒྱ་གར་ནས་བོད་ལ་འོངས་པའི་བཤད་སྲོལ་ཞིག་ཡིན་པ་འདྲ།
ཡེ་ཤེས་ལ་འཇུག་པ་དང་། དེའི་འགྲེལ་པ་བྱེ་བྲག་བཤད་མཛོད་ཆེན་པོ་ཨ་ལག་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མའི་༷ཞབས་ཀྱིས་ཐུགས་ཁུར་ཆེན་པོས་སྤར་མཛད་པར་རྗེས་སུ་ཡི་རངས། ཨ་ལག་རིན་པོ་ཆེས་བཀའ་བསྟན་དཔེ་བསྡུར་མ་ཡང་སྤར་བསྐྲུན་ལ་བླ་ན་མེད་པའི་ཐུགས་འགན་བཞེས་པ་ཡིན་འདུག ཚ་བའི་དགུང་སངས་ཨ་རི་གྲོང་ཁྱེར་ནེཝ་ཡོརྐ་ན་བཞུགས་ཡོད་ཚེ། ཁོང་སྐུ་མདུན་ལ་མཇལ་ཐུབ་པའི་རེ་འདུན་ཞུ། གོང་གསལ་ཡེ་ཤེས་ལ་འཇུག་པ་དང་། དེའི་འགྲེལ་པ་བྱེ་བྲག་བཤད་མཛོད་ཆེན་པོ་རྒྱ་ཡིག་ཏུ་སྤར་བསྐྲུན་བླུ་གཡོན་ཞུ་ས་ཡོད་ན་འདི་ཀར་སློབ་གྲའི་དཔེ་མཛོད་དུ་བླུ་གཡོན་ཞུ་བསྐུལ་ཞུ་ངེས། ཨ་རི་ཀོ་ལམ་བི་ཡ་བོད་ཀྱི་བོད་ཀྱི་དཔེ་ཆ་རྣམས་ཀྱི་གཉེར་པ་གཅོད་པ་ཐར་ཡིན། ཁོང་གླུ་གཞས་ཀྱི་འཆར་གཞི་རྩོམ་པ་ཞིག་ཡིན་པ་སྔོན་ཨ་མདོར་ཁོང་མིང་མི་ཤེས་པ་མེད་པ་ལྟ་བུ་ཡིན་ཟེར་བ་ཐོས། བདག་ཨ་རིའི་ནེཝ་ཡོརྐ་ལ་སླེབས་དུས་ཁོང་ལ་དྲི་བ་བྱས་གོང་གསལ་དཔེ་ཆ་རྣམས་མཇལ་ཐུབ་ངེས་དང་། བོད་སྐད་ནས། བཀའམ་བསྟན་བསྟན་བཅོས་དེ་རྣམས་ཝཱ་རཱ་ཎ་སཱིའི་ཆོས་འཁོར་གནས་ན་ཡོད་པའི་བོད་ཀྱི་སློབ་གྲྭ་ཆེན་མོ་ནས་ལེགས་སྦྱར་སྐྱར་གསོ་དང་། རྒྱ་གར་རྒྱལ་ཁབ་སྐད་ཧིནྡཱིར་སྒྱུར་ཐུབ་པའི་རེ་འདུན་ཞུའོ།
་་་་་་་་་་་་་་་ བོད་སྐད་ནས། བཀའམ་བསྟན་བསྟན་བཅོས་དེ་རྣམས་ཝཱ་རཱ་ཎ་སཱིའི་ཆོས་འཁོར་གནས་ན་ཡོད་པའི་བོད་ཀྱི་སློབ་གྲྭ་ཆེན་མོ་ནས་ལེགས་སྦྱར་སྐྱར་གསོ་དང་། རྒྱ་གར་རྒྱལ་ཁབ་སྐད་ཧིནྡཱིར་སྒྱུར་ཐུབ་པའི་རེ་འདུན་ཞུའོ། ་་་་་་་་་་་་་་་་་་
རྒན་ལ་དྭགས་པ་མཆོག་ལ་སླར་ཡང་ཞུ་རྒྱུ། ལོ་ཙཱ་བ་ཆོས་འཕགས་ཀྱི་བོད་ཡིག་གི་ཆུ་ཚད་ཁོའི་རྒྱ་ཡིག་ལས་ལེགས་པ་མཐོང་། རྒྱ་ཡིག་ལ་ཚིག་བསྒྱུར་བྱས་པ་མང་། བརྗོད་དེ་ཙམ་བདེ་བ་ཡང་མིན། རྒྱ་ཡིག་ལོ་བཅུ་གྲངས་དང་། བོད་ཡིག་ལོ་སུམ་བཅུ་ཙམ་ལ་སྦྱང་ཡོད་པས་བོད་སྐད་ལ་མཁས་ཀྱང་ཆོག་མཆི། བྱེ་བྲག་བཤད་མཛོད་ཆེན་མོ་ནི། བོད་རབ་བྱུང་༡༦་པའི་ཤིངབྱི་ལོ་༡༩༤༥་ནས་ས་གླང་ལོ་༡༩༥༩་། ལོ་ལྔའི་བར་ལེགས་པར་བསྒྱུར་འདུག ཨ་རི་ཀོ་ལམ་བི་ཡ་སློབ་གྲྭ་ལ་ཡི་གེ་ཡོད་རྒྱུ་རེད་སྙམ།རྒྱ་ཡིག་ཡོད་ཙམ་ལས་རྒྱ་ནག་ལ་འདིའི་འཆད་ཉན་དེ་ཙམ་དར་མི་འདུག །བཀའ་འགྱུར་ལས་ཁོལ་བཏོན་གྱི་བར་ཡོད་པ་རེ་གཉིས་ཙམ་རེད། རྒྱ་ནག་གི་བཀའ་འགྱུར་བཞུགས་ན་དེའི་ནང་ཡོད། རྒྱ་ནག་བཀའ་འགྱུར་ལ་ཏཱ་ཙིང་ཅིང་大藏经 ་ཟེར། ཏཱ་ནི་ཆེན་པོ་དང་། ཙིང་། གསོག་ཉར། གཏེར། མཛོད་སོགས་ལ་གོ ཅིང་ཞེས་པ་དཔེ་ཆ། མདོ། གཙུག་ལག་ཐམས་ཅད་ལ་འཇུག དེས་ན་དཔེ་མཆེན་མོའི་ནང་དུ་རྒྱལ་བའི་བཀའ་ཙམ་མ་ཡིན་པར། བསྟན་བཅོས། དེ་ལའང་རྒྱ་དཀར་ནག་གཉིས་ཀས་མཛད་པའི་བསྟན་བཅོས། མ་ནིའི་ཆོས་ལུགས་ཚུན་ཆད་འདུས་ཡོད། དེ་ལས་བཙལ་ན་རྙེད་སྲིད། ཁོལ་བཏོན་བྱས་ན་པར་ཡོད་མེདཕྲན་གྱིས་འདྲི་རྩད་བྱས་ཏེ་ཞུས་ཆོག
དྲི་མེད་ལྷག་བསམ་མཆོག་ལ། ཡང་སྐྱར་ཞུ་འཕྲིན་འདི་གསལ་བར་བྱེད་དགོས་པར་མཐོང་།
ཡེ་ཤེ་ལ་འཇུག་པ་དང་། དེའི་འགྲེལ་པ་བྱེ་བྲག་བཤད་མཛོད་ཆེན་པོ་སྤར་བསྐྲུན་དཔེ་ཆ་བླུ་གཡོན་ཞུ་སའི་ཁ་བྱང་བོད་ཡིག་གམ་རྒྱ་ཡིག་ཏུ་བྲིས་ཡོད་ན་ཁ་བྱང་དེ་བསྐུར་གྲོགས་མཛོད་འདི་ཀར་སློབ་གྲའི་དཔེ་མཛོད་དུ་བླུ་གཡོན་ཞུ་བསྐུལ་ཞུ་ངེས།
པར་སྐྲུན་དང་། སྤར་བསྐྲུན།
དཔེ་ཆ་བླུ་གཡོན་དང་། དཔེ་ཆ་བླུ་ཡོན།
རྒན་ལ་དྭགས་པ་མཆོག་ལ་སྐྱར་ཞུ།
རིག་པ་རིག་པས་བརྗེ་བའམ།
ཡང་ན་རིག་པ་ནོར་གྱིས་བླུ། ཞེས་པ་དེ་གཞུང་གང་ནས་བྱུང་། ཕྲན་གྱིས་མཐོང་བ་ནི། གཉགས་ཛྙཱ་ན་ཀུ་མཱ་རས་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་གདམས་ངག་ཞུ་བར་གསོལ་བ་བཏབ་ཚེ། ལན་གནང་བར་འདི་འདྲ་འདུག པདྨ་བཀའ་ཐང་ལེའུ་་གྱ་གསུམ་པར།ཡང་ན་རིག་དང་རིག་པ་བརྗེ་བར་བྱ༔ ཡང་ན་རིག་པ་མི་ཕངས་ནོར་གྱིས་བླུ༔ ཡང་ན་རིག་པ་བུ་ལ་སྦྱིན་པར་བྱ༔ ཞེས་གསུངས་ཡོད་པ་དྲན། ཡང་དྲི་བ་ཞིག་ནི། ༼རེམ་༽༼རིམ་པ༽གཉིས་པ་འབྲེལ་བ་ཡོད་དམ། ཕྲན་གྱིས་མཐོང་བའི་ཡིག་རྙིང་འགའ་ཞིག་ཏུ། རེམ་ལ་གྱིས། རིམ་པར་གྱིས། ཞེས་པ་ཁྱད་མེད་བྱས་ཏེ་སྤྱོད་ཡོད་པ་མཇལ།
བྱེ་བྲག་བཤད་མཛོད། ཀྲུང་གོའི་བོད་རིག་པ་དཔེ་བསྐྲུན་ཁང་གིས་༢༠༡༡་ལོ་པར་བསྐྲུན་བྱས་པ་རེད། དེ་ལ་འབྲེལ་བ་བྱས་ཀྱང་ལན་ཡོང་དཀའ་བ་ཕྲན་ལ་རྒྱུས་ཡོད། མགྱོགས་ཤོས་ནི། རྒན་ལགས་ཀྱི་གྲོགས་པོ་ཨ་ལག་གཟན་དཀར་རིན་པོ་ཆེ་ལ་འབྲེལ་བ་གནང་ན་ཁོང་ལྷག་བསམ་བླ་ན་མེད་པས་མཐུན་རྐྱེན་མྱུར་དུ་སྒྲུབ་ངེས་པའོ། །
http://www.tibetology.ac.cn ཀྲུང་གོའི་བོད་རིག་པའི་དྲ་གནས་འདི་ལྟར་ལེགས། །
ཀརྡོ་གཉེར་ཕྱག་པ་་མཆོག་གིས་ཞུས་དག་མཛད་པ་དང་། དྲི་མེད་ལྷག་བསམ་མཆོག་གིས་ལན་བྲིས་མཛད་པར་བཀའ་དྲིན་ཆེ། ་རིག་པ་སོགས་ཀྱི་ཚིག་དེ་ག་ན་ཡོད་མི་དྲན། རེམ་པ་དེ་ལ་དྭགས་ཕལ་སྐད་དུ་སྟོབས་ཤུགས་གཉིས་ལས་མང་བ་བཀོལ་བར་དྲན། མི་འདི་ལོ་ཆེན་མོ་ཡིན་ཡང་ད་རུང་རེམ་པ་འདུག ཟེར་བ་ལྟ་བུ་ལགས་སོ།
བྱེ་བྲག་མཛོད་དགེ་སློང་ཆོས་འཕགས་ཀྱིས་ལོ་ཙ་མཛད་པ་འདི་མཇལ་བྱུང་། དེ་མ་ཡིག་ལ་གློག་པར་བརྒྱབ་ནས་དཔེ་སྐྲུན་བྱས་པ་དང་། མ་ཡིག་འཁྱུག་ཡིག་ཡིན་སྟབས། གློག་དཀའ་མོ་འདུག